DKR-KABUM-17-TSA-013: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=རང་བྱུང་པདྨའི་སྙིང་ཐིག་ལས། ཕྲིན་ལས་འབྲིང་པོ་དངོས་གྲུབ་ཀུན་འབྱུང་། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: . Delhi: Shechen Publications, 1994. | |fulltitle=rang byung pad+ma'i snying thig las/ phrin las 'bring po dngos grub kun 'byung | ||
|citation=[[Khyentse, Dilgo]]. ''Rang byung pad+ma'i snying thig las phrin las 'bring po dngos grub kun 'byung''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: 44-52. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |tibgenre=Activity Manual - las byang, Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|cycle=rang byung pad+ma snying thig | |cycle=rang byung pad+ma snying thig | ||
|cycletib=རང་བྱུང་པདྨ་སྙིང་ཐིག་ | |cycletib=རང་བྱུང་པདྨ་སྙིང་ཐིག་ | ||
| | |language=Tibetan | ||
|volumenumber=017 | |volumenumber=017 | ||
|volnumtib=༡༧ | |volnumtib=༡༧ | ||
|volyigtib=ཙ་ | |volyigtib=ཙ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=013 | |||
|pagenumbers=44-52 | |||
|totalpages=18 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=9b6 | ||
|totalfolios=9 | |||
|multivolumework=No | |||
|rectonotes=las 'bring | |||
|versonotes=rang byung pad+ma snying thig | |versonotes=rang byung pad+ma snying thig | ||
| | |colophontib=།ཞེས་པའང་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་པ་པདྨ་བཀྲ་ཤིས་ནས་བསྐུལ་བའི་རྐྱེན་གྱིས་སྒྲུབ་ཆེན་གྱི་བསྙེན་ཐུན་སོགས་ལ་ཉེར་མཁོར་མཐོང་ནས་མཚོ་སྐྱེས་རྒྱལ་བ་དགྱེས་པའི་འབངས་པདྨ་གར་དབང་མདོ་སྔགས་གླིང་པས་རྡོ་རྗེའི་གནས་མཆོག་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་མདུན་ལྷ་ཀླུ་ཀུན་ཏུ་དགའ་བའི་ནེའུ་གསེང་དུ་རས་དཀར་གྱི་ལྡིང་གུར་འོག་ནས་སུག་བྲིས་བགྱིས་པ། ཡི་གེ་གཉིས་པའི་གྲོགས་ཀྱང་བསྐུལ་བ་པོས་མཛད་པས་འབྲེལ་ཚད་རིག་འཛིན་རྣམ་བཞིའི་ལམ་མཆོག་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །དགེའོ། | ||
|colophonwylie=/zhes pa'ang e waM chos kyi sgar chen gyi byang 'dren pa pad+ma bkra shis nas bskul ba'i rkyen gyis sgrub chen gyi bsnyen thun sogs la nyer mkhor mthong nas mtsho skyes rgyal ba dgyes pa'i 'bangs pad+ma gar dbang mdo sngags gling pas rdo rje'i gnas mchog stag tshang seng ge bsam grub kyi mdun lha klu kun tu dga' ba'i ne'u gseng du ras dkar gyi lding gur 'og nas sug bris bgyis pa/_yi ge gnyis pa'i grogs kyang bskul ba pos mdzad pas 'brel tshad rig 'dzin rnam bzhi'i lam mchog mthar phyin pa'i rgyur gyur cig__/dge'o/ | |||
|pdflink=File:DKR-KABUM-17-TSA-013.pdf | |pdflink=File:DKR-KABUM-17-TSA-013.pdf | ||
}} | }} | ||
Line 38: | Line 39: | ||
<onlyinclude> | <onlyinclude> | ||
{{TibP|༄༅། རང་བྱུང་པདྨའི་སྙིང་ཐིག་ལས། ཕྲིན་ལས་འབྲིང་པོ་དངོས་གྲུབ་ཀུན་འབྱུང་བཞུགས་སོ།། | {{TibP|༄༅། རང་བྱུང་པདྨའི་སྙིང་ཐིག་ལས། ཕྲིན་ལས་འབྲིང་པོ་དངོས་གྲུབ་ཀུན་འབྱུང་བཞུགས་སོ།། | ||
<br> | |||
༄༅། ན་མོ་གུ་རུ། རང་བྱུང་སྐུ་ལྔའི་ཁྱབ་བདག་ཀུན་ཏུ་འཆང༌། །རབ་འབྱམས་རྩ་གསུམ་སྤྲོ་བསྡུའི་སྤྱི་མེས་ཆེ། །ཡིད་མཁའི་ངོས་སུ་འདུ་འབྲལ་མེད་པ་ལ། །བཏུད་ནས་ལས་བྱང་འབྲིང་པོ་འདི་ལྟར་དབྱེ། །འདི་ལ་གསུམ། སྔོན་འགྲོའི་ཐོག་མ་སྐྱབས་འགྲོ་ནི། ན་མོ༔ བླ་མ་སངས་རྒྱས་རིན་པོ་ཆེ༔ སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་སྐུ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ལ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་ནི། ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མེད་སྣང་འཁོར་བའི་ཆོས་ལ་ཞེན༔ སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར༔ བྱང་ཆུབ་སྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ། གསུམ་པ་ཡན་ལག་བརྒྱད་པ་ནི། བླ་མ་རྩ་གསུམ་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཀུན་བཟང་སྒྱུ་འཕྲུལ་དྲྭ་བས་མཆོད༔ སྡིག་ལྟུང་ཉེས་པར་བྱས་ཀུན་བཤགས༔ རྣམ་གྲོལ་དགེ་ལ་རྗེས་ཡི་རང༔ ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ ཀུན་ཀྱང་བླ་མའི་གནས་ཐོབ་ཤོག༔ ལན་གསུམ། བཞི་པ་བཀའ་བསྒོ་བ་ནི། ཧྲཱིཿ ང་ནི་དབང་ཆེན་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཡིན༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཆོས་ཉིད་སྐྱེ་མེད་དབྱིངས་སུ་སོང༔ ཧཱུྃ་བཞིའི་སྔགས་བརྗོད། ལྔ་པ་སྲུང་འཁོར་ནི། ཧྲཱིཿ དཔལ་གྱི་ཐུགས་ལས་ཡེ་ཤེས་འོད༔ མཚོན་ཆ་རྣམ་ལྔའི་སྤྲིན་དུ་སྤྲོས༔ ཕྱོགས་མཚམས་སྟེང་འོག་སྲུང་བའི་གུར༔ གཞོམ་གཞིག་བྲལ་བར་ལྷུན་གྱིས་གྲུབ༔ ཛྙཱ་ན་བཛྲ་རཀྵ་བྷྲཱུྃ༔ དྲུག་པ་བྱིན་འབེབས་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་རང་བྱུང་ཀུན་ཁྱབ་བརྡལ་བ་ཆེ༔ སྐུ་དང་ཡེ་ཤེས་མི་ཟད་རྒྱན་གྱི་སྤྲིན༔ གདོད་ནས་འདུ་འབྲལ་མེད་པའི་ཀློང་ནས་བཞེངས༔ འགགས་མེད་ཐུགས་རྗེའི་རྩལ་གྱིས་བྱིན་ཕོབ་ཅིག༔ དབང་དང་བྱིན་རླབས་དངོས་གྲུབ་མྱུར་དུ་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་དབྱིངས་སུ་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་བསྩལ་ནས༔ གཉིས་མེད་ཀློང་ཡངས་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་མཎྜ་ལ་ཨ་བེ་ཤ་ཡ་ཨ་ཨཿ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུན་པ་མཆོད་པ་བྱིན་བརླབ་ནི། ཧཱུྃ་ཧྲཱིཿ སྣང་སྲིད་ཀུན་བཟང་རོལ་པའི་ཞིང༔ རྡོ་རྗེའི་བདེ་བ་ཆེན་པོའི་དལ༔ ཟག་མེད་མཆོད་པའི་སྤྲིན་ཆེན་པོ༔ རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ༔ ཨོཾ་ཛྙཱ་ན་སརྦ་པཱུ་ཛ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ས་མ་ཡ་ཨཱཿཧཱུྃ༔ ལན་གསུམ། གཉིས་པ་དངོས་གཞིའི་ལས་རིམ་ལ། ཐོག་མར་རྟེན་བསྐྱེད་པ་ནི། ཧཱུྃ༔ ཆོས་སྐུ་སྟོང་ཉིད་རྡོ་རྗེ་སེམས༔ དབྱིངས་དང་མཉམ་པའི་སྙིང་རྗེ་ལས༔ ཟུང་འཇུག་སེམས་ཀྱི་ཡི་གེ་ཧྲཱིཿ དཀྱིལ་འཁོར་འབྱུང་བའི་གནས་སུ་ཤར༔ རྡོ་རྗེ་ཕུང་པོ་རང་བྱུང་གྲོང༔ ངོ་མཚར་གཞལ་ཡས་བློ་ལས་འདས༔ ཕོ་བྲང་དབུས་ཀྱི་ལྟེ་བ་རུ༔ པདྨ་ཉི་ཟླའི་དཀྱིལ་འཁོར་བཀྲ༔ ས་བོན་བབ་པ་ཡོངས་གྱུར་ལས༔ དབང་ཆེན་པདྨ་ཧེ་རུ་ཀ༔ དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གྲི་གུག་གཡོན་ཐོད་པ༔ ཞབས་གཉིས་དོར་སྟབས་ཕག་མོ་སྦྱོར༔ རང་ལུས་ཛ་ལནྡྷ་ར་རུ༔ ཆོས་སྐུ་པདྨ་ཀུན་ཏུ་འཆང༔ བདེ་ཆེན་ཕྱག་རྒྱ་དཀར་དམར་མདངས༔ ཕྱག་གཉིས་བདེ་སྟོང་རྡོ་རྗེ་དྲིལ༔ བསྣོལ་བས་དབྱིངས་ཕྱུག་མཚོ་རྒྱལ་འཁྱུད༔ གཅེར་བུ་བརྟུལ་ཞུགས་གྲུབ་པའི་གཟུགས༔ པད་ཟླ་རྒྱས་པའི་སྟེང་ན་རོལ༔ དབང་ཆེན་ཁྲོ་རྒྱལ་ཧེ་རུ་ཀའི༔ སྙིང་དབུས་ཙིཏྟའི་གུར་ཁང་དུ༔ ཁྱབ་བདག་རྡོ་རྗེ་ཐོད་ཕྲེང་རྩལ༔ དམར་སྨུག་ཁྲོ་འཛུམ་རུས་པས་བརྒྱན༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས༔ ཕུང་ཁམས་ཞི་ཁྲོའི་ཚོམ་བུར་ཤར༔ དབྱིངས་ཕྱུག་དཀར་མོ་གཉིས་མེད་སྦྱོར༔ རྟ་མགྲིན་སྤྱི་བོར་གཤིན་རྗེ་སེར༔ མགྲིན་པར་པདྨ་དབང་ཆེན་དམར༔ ཐུགས་ཀར་ཡང་དག་སྐུ་མདོག་མཐིང༔ ལྟེ་བར་ཆེ་མཆོག་བདུད་རྩི་ལྗང༔ གསང་གནས་ཀཱི་ལ་ཡ་མཐིང་ནག༔ ལྟེ་འོག་ཨེ་ཀློང་རལ་གཅིག་སྨུག༔ ནོར་བུར་དྲེགས་པ་ཀུན་འདུལ་ནག༔ སྣམས་སུ་སྟོབས་ལྡན་དྲག་སྔགས་སྔོ༔ འབར་བ་ཁྲག་འཐུང་རྒྱུད་སྡེ་དྲུག༔ སྒྲུབ་པ་བཀའ་བརྒྱད་ལྷ་རུ་ཤར༔ ཕྱི་ལྟར་རྩ་བ་གསུམ་པོ་ཡང༔ ནང་དུ་གཉུག་མའི་རྡོ་རྗེ་གསུམ༔ ངེས་དོན་བདེ་གསལ་མི་རྟོག་པའི༔ དཀྱིལ་འཁོར་གཅིག་གི་རང་བཞིན་ལ༔ རང་བྱུང་རང་ཤར་འདུ་འབྲལ་མེད༔ གདོད་ནས་མ་བཅོས་ལྷུན་གྱིས་གྲུབ༔ གཉིས་པ་སྤྱན་དྲངས་པ་ནི། ཌཱ་དྲིལ་དབྱངས་དང་སྤོས་རོལ་བཅས་ཏེ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་དུ་བྱོན་པ་ལ། ཀྱེ་ཀྱེ༔ བླ་མ་ཨོ་རྒྱན་རིན་པོ་ཆེ༔ ཁྱེད་ནི་སངས་རྒྱས་ཀུན་དང་མཉམ༔ མཁྱེན་བརྩེ་ཡེ་ཤེས་བསམ་མི་ཁྱབ༔ ནུས་པས་མཁའ་མཉམ་འགྲོ་བ་འདུལ༔ བརྒྱུད་གསུམ་རིག་འཛིན་བླ་མ་དང༔ ཡི་དམ་ཞི་ཁྲོའི་ཁྱབ་བདག་ཆེ༔ གནས་གསུམ་མཁའ་འགྲོའི་གཙོ་བོ་སྟེ༔ ཆོས་སྐྱོང་སྡེ་བརྒྱད་བྲན་དུ་བཀོལ༔ ཕྱོགས་དུས་སྐྱབས་གནས་མ་ལུས་པ༔ ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ༔ བདག་ཅག་སྙིགས་མའི་འགྲོ་བ་ལ༔ དམིགས་མེད་ཐུགས་རྗེས་བརྩེར་དགོངས་ནས༔ ཇི་ལྟར་སྔོན་གྱི་ཞལ་བཞེས་བཞིན༔ བྱིན་རླབས་རྟགས་མཚན་དངོས་སུ་སྟོན༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཉམས་དང་རྟོགས་པའི་ཡེ་ཤེས་སྐྱེད༔ རྗེ་བཙུན་ཁྱེད་དང་མཉམ་པར་མཛོད༔ ཅེས་བསྐུལ་ཏེ་གསོལ་འདེབས་རྡོ་རྗེའི་ཚིག་བདུན་གྱིས་གསོལ་བ་ཡང་ཡང་བཏབ་པས། སྤྱི་བོའི་བླ་མའི་གནས་བཞི་ལས་བྱུང་བའི་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པ་བཞིའི་དབང་དང་དངོས་གྲུབ་བསྩལ་ཞིང་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཟླ་བ་བསྙེན་པ་དང༌། གསུམ་པ་དམ་ཡེ་གཉིས་མེད་བཞུགས་གསོལ་ནི། ཧྲཱིཿ ཡེ་ཤེས་རང་སྣང་ལྷ་ཚོགས་རྣམས༔ བདག་དང་གཉིས་མེད་བརྟན་པར་བཞུགས༔ སྐུ་གསུང་ཐུགས་ཀྱི་བྱིན་རློབས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་བརྡ་ཕྱག་ནི། ཧྲཱིཿ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གདོད་ནས་རང་དང་གཉིས་མེད་ཀྱང༔ ཀུན་རྫོབ་དད་དང་གདུང་བའི་བློས༔ གུས་པའི་ཚུལ་གྱིས་ཕྱག་བགྱིའོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ལྔ་པ་ཕྱི་ནང་གསང་བ་བླ་མེད་ཀྱི་མཆོད་པ་ནི། ཧྲཱིཿ ཀུན་བཟང་སྒྱུ་འཕྲུལ་དྲྭ་བ་ཡི༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཆེན་པོ༔ བླ་མ་རྩ་གསུམ་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་དང༔ བྱིན་རླབས་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ ཧྲཱིཿ དབང་དྲག་རོལ་པ་དཔལ་གྱི་ཞིང༔ ཉམས་པ་བསྒྲལ་བའི་ཚོགས་ཁང་འདིར༔ དུར་ཁྲོད་དྲག་པོའི་ཉེར་སྤྱོད་ཀུན༔ རྩ་གསུམ་ལྷ་ལ་གུས་འབུལ་ན༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ དབང་དྲག་བརྟུལ་ཞུགས་མཐར་ཕྱིན་ཏེ༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་ཨཱཿཧཱུྃ༔ ཧྲཱིཿ རང་བྱུང་གདོད་ནས་རྣམ་པར་དག༔ དམ་རྫས་རྩ་བརྒྱད་ཡན་ལག་སྟོང༔ རྨད་དུ་བྱུང་བའི་མཆོད་པ་འབུལ༔ དངོས་གྲུབ་ཆེན་པོ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ བརྒྱུད་མཆོད་ནི། སྣང་མཐའ་སྤྱན་གཟིགས་རིག་མཆོག་ལྔ། །རིགས་གསུམ་ཞི་ཁྲོ་ཐོད་ཕྲེང་ལྔ། །མཚོ་སྐྱེས་རྗེ་འབངས་གྲོགས་གསུམ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །རྡོ་རྗེ་གཟི་བརྗིད་མ་ཏིའི་མཚན། །དྲིན་ཆེན་བླ་མ་རྟ་ཕག་གཙོ། །སྒྲུབ་སྡེ་བརྒྱད་དང་མཁའ་འགྲོ་ལྔ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །མ་མགོན་གཏེར་སྲུང་སྣང་སྲིད་ཀུན། །རྩ་གསུམ་བླ་མའི་དཀྱིལ་འཁོར་ལྷར། །ཡོངས་གྲུབ་ཆེན་པོའི་མོས་གུས་ཀྱིས། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་གིས་དངོས་གྲུབ་བླང༌། ཧྲཱིཿ པདྨ་བྷཉྫ་ལྕང་ལོ་ཅན༔ རྒྱུད་དྲུག་བསྒྲལ་བའི་རཀྟས་བཀང༔ རྡོ་རྗེ་ཆགས་པའི་དམ་རྫས་འབུལ༔ དུག་ལྔ་ཡེ་ཤེས་ཀློང་དག་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱིཿ སྣོད་བཅུད་ཡོངས་རྫོགས་བ་ལིཾ་ཏ༔ བཟའ་བཅའ་བདའ་དགུའི་རི་གླིང་བཀོད༔ དབང་པོ་དྲུག་ལ་དགྱེས་བསྐྱེད་པས༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱིཿ རྡོ་རྗེ་པདྨ་མཉམ་སྦྱོར་བའི༔ བདེ་སྟོང་རོལ་པའི་ཆོ་འཕྲུལ་ལས༔ ཉོན་མོངས་དུག་ལྔ་དབྱིངས་སུ་སྒྲོལ༔ བླ་ན་མེད་པའི་མཆོད་པས་མཆོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་གི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་ཏ་ན་ག་ཎ་པཱུ་ཛ་ཧོཿ ཧྲཱིཿ གདོད་ནས་རྣམ་དག་བརྡལ་བ་ཆེ༔ འཁོར་གསུམ་རྟོག་ཚོགས་དབྱིངས་སུ་ཞི༔ མཆོད་བྱ་མཆོད་བྱེད་ལས་འདས་པ༔ བླ་ན་མེད་པའི་གསང་བས་མཆོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ དྲུག་པ་བསྟོད་པ་ནི། ཧྲཱིཿ ཆོས་དབྱིངས་ཟག་མེད་དགོངས་པ་མཁའ་ལྟར་ཁྱབ༔ ཡེ་ཤེས་སྒྱུ་འཕྲུལ་བཀོད་པ་བསམ་མི་ཁྱབ༔ སྲིད་ཞིའི་རྒུད་སེལ་བདེ་ཆེན་མཆོག་སྩོལ་མཛད༔ རང་བྱུང་སངས་རྒྱས་རྡོ་རྗེའི་བླ་མར་བསྟོད༔ བདེ་བ་ཆེན་པོའི་ངོ་མཚར་རོལ་པ་ལས༔ ཞི་ཁྲོ་རབ་འབྱམས་བཀོད་པ་ཅིར་ཡང་སྣང༔ གསང་བ་མི་ཟད་རྒྱན་གྱི་ཆོ་འཕྲུལ་ཆེ༔ རབ་འབྱམས་ཡི་དམ་ལྷ་ཚོགས་ཀུན་ལ་བསྟོད༔ ཆོས་ཉིད་དབྱིངས་ཀྱི་མཁའ་ལས་མ་འདས་པར༔ འགག་མེད་སྒྱུ་འཕྲུལ་ཕྲིན་ལས་རྣམ་བཞིའི་བདག༔ གསང་མཆོག་རྡོ་རྗེ་བཀོད་པའི་རྣམ་འགྱུར་ཅན༔ འབུམ་ཕྲག་མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་བསྟོད༔ ཡེ་ཤེས་ཆེན་པོའི་དབྱིངས་སུ་རོ་གཅིག་ཀྱང༔ གང་འདུལ་དེར་སྣང་རྣམ་རོལ་ཅིར་ཡང་སྟོན༔ རྩ་གསུམ་འདུས་པ་བླ་མའི་དཀྱིལ་འཁོར་ལ༔ མི་ཕྱེད་དད་པའི་བློ་ཡིས་ཕྱག་འཚལ་བསྟོད༔ བདུན་པ་ཡི་དམ་ལྟར་བཟླས་པ་ཉེ་བསྙེན་གྱི་སྤྱི་བྱེ་བྲག་གཉིས་ལས། དང་པོ་ནི། བདག་ཉིད་དབང་ཆེན་ཧེ་རུ་ཀ༔ ཡེ་ཤེས་སེམས་དཔའ་ཐོད་ཕྲེང་གི༔ ཐུགས་དབུས་པདྨ་ཉི་ཟླའི་སྟེང༔ ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ སྣོད་བཅུད་གདོད་ནས་རྣམ་དག་པ༔ པདྨ་དབང་གི་ཞིང་དུ་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ བྱེ་བྲག་གི་བཟླས་པ་ནི། བླ་མའི་རྡོ་རྗེའི་སྐུའི་གནས་ལྔར་བཞུགས་པའི་ལྷ་ཚོགས་ཀྱི་ཐུགས་སྲོག་ལས་བྱུང་བའི་འོད་ཟེར་སྤྲོ་བསྡུས་ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་ལྔ་སྒྲུབ་པར་མོས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཡ་མཱནྟ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་ཡ་གྲཱྀ་ཝ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་མ་ཡོ་ཀི་ནི་ཀྲོ་དྷཱི་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཙཎྜ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀྲོ་དྷ་མ་ཧཱ་བཱ་ལ་སརྦ་སིདྡྷི་ཧཱུྃ་ཕཊ༔ བསྡུ་ན་ཧཱུྃ་འབའ་ཞིག་བཟླས་ཀྱང་རུང༌། བརྒྱད་པ་མཁའ་འགྲོ་ལྟར་སྒྲུབ་པའི་བཟླས་པ་ནི། མཁའ་འགྲོའི་ཐུགས་ཀར་དགའ་འཁྱིལ་དབུས༔ བཾ་དང་ཧ་རི་ནི་ས་གསལ༔ དབང་ཆེན་ཐུགས་ཀའི་ཧྲཱིཿའོད་ཀྱིས༔ བསྐུལ་བས་བཾ་ལས་སྔགས་ཕྲེང་སྤྲོས༔ ཡབ་ཡུམ་ཞལ་བརྒྱུད་འགལ་མེ་ལྟར༔ འཁོར་བས་རིགས་ལྔའི་ཌཱ་ཀི་ནིས༔ ལས་བཞིའི་ཕྲིན་ལས་སྒྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་བཾ་ཧ་རི་ནི་ས་སརྦ་ཀརྨ་སིདྡྷི་ཧཱུྃ་ཨཱཿ བཟླས་པའམ་རྡོ་རྗེའི་བཟླས་པས། ཨ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ བཟླས་ཀྱང་རུང༌། ཆོས་སྐྱོང་གི་སྒྲུབ་པ་ཆེན་པོ་ནི། རྟ་མགྲིན་གྱི་ཐུགས་ཀའི་འོད་ཀྱིས་གསང་གནས་ཀྱི་ཆོས་སྐྱོང་རྣམས་ལ་རེག་པས་སྔོན་གྱི་དམ་བཅའ་བསྐུལ་ཏེ་ཕྲིན་ལས་སྒྲུབ་པར་མོས་ལ། ཤཱ་ས་ན་བཟླའོ། །གསུམ་པ་རྗེས་རིམ་ལ། དང་པོ་ཚོགས་མཆོད་ནི། ཞིང་ངམ་གཅན་གཟན་གྱི་པགས་པར་ཐབས་ཤེས་དམ་ཚིག་གི་རྫས་གཙང་ལ་དག་པར་འདུ་བྱས་ཏེ་ཆུ་ཆང་ནང་གསུམ་གྱིས་བྲན། དང་པོ་བྱིན་བརླབ་ནི། ཧྲཱིཿ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ རྃ་ཡྃ་ཁྃ་འཕྲོས་བསྲེགས་གཏོར་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་རིགས་མཆོག་ལྔའི༔ རྟོག་འདུལ་དམ་ཚིག་རྫས་སུ་གྱུར༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ། ལན་གསུམ། གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ་ཧྲཱིཿ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ རྒྱན་དང་ཅོད་པན་པུ་རུ་རུ༔ རྡོ་རྗེའི་གླུ་བྲོ་ལམས་སེ་ལམ༔ ཡེ་ཤེས་དགོངས་ཉམས་ཏ་ལ་ལ༔ ངོ་མཚར་རྟགས་དང་མཚན་མ་བཅས༔ དམ་ཚིག་ཚོགས་ཀྱི་གནས་འདིར་གཤེགས༔ རྣལ་འབྱོར་ཉམས་རྟོགས་རིག་རྩལ་སྤོར༔ བར་ཆད་བདུད་བགེགས་དབྱིངས་སུ་སྒྲོལ༔ མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བས༔ དགྱེས་པའི་ཚུལ་དུ་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་སརྦ་ས་མ་ཡ་ཛཿཛཿཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཨེ་ཨ་རལླི་ཧོཿ གསུམ་པ་མཆོད་པ་ནི། ཧཱུྃ་ཧྲཱིཿ སྣོད་བཅུད་དབྱིངས་ཀྱི་བྷནྡྷ་རུ༔ ཕུང་ཁམས་རྩ་རླུང་འོད་གསལ་བཅུད༔ བཟའ་བཅའ་བཏུང་བའི་བརྡས་མཚོན་ཏེ༔ བླ་མ་རྩ་གསུམ་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་ཤྲཱི་དྷརྨ་པཱ་ལ་ག་ཎ་ཙཀྲ་པཱུ་ཛ་ས་མ་ཡ་ཧོཿ བཞི་པ་བཤགས་པ་ནི། ཧཱུྃ་ཧྲཱིཿ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ དམ་རྫས་ཚོགས་ཀྱིས་མཆོད་པ་ཡིས༔ སྐུ་གསུང་ཐུགས་ཀྱི་ཉམས་ཆག་བཤགས༔ གཉིས་མེད་མཉམ་པར་བསྐང་གྱུར་ཅིག༔ ས་མ་ཡ་ཤུདྡྷེ་ཨཿ ཡིག་བརྒྱ་བརྗོད། ལྔ་པ་བསྒྲལ་བསྟབ་ནི། ཨེ་ནྲྀ་ཏྲི་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ དབང་ཆེན་པདྨ་ཧེ་རུ་ཀས༔ ཉམས་པའི་དགྲ་བགེགས་བཀུག་ཅིང་བསྟིམ༔ ཡེ་ཤེས་དབྱིངས་བསྒྲལ་ཤ་ཁྲག་རུས༔ རྩ་གསུམ་ལྷ་ལ་བསྟབ་བོ་བཞེས༔ སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ༔ མ་ཧཱ་མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧིཿ དྲུག་པ་ཚོགས་ལ་རོལ་པ་ནི། ཕྱི་ནང་གསང་བའི་ཚོགས་རྣལ་འབྱོར་གྱི་ནུས་པ་དང་བསྟུན་ཏེ་རོལ། བདུན་པ་ལྷག་མ་ནི། ཨོཾ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿས་བྱིན་བརླབ་སྟེ། ཧྲཱིཿ པདྨ་དབང་གི་བཀའ་ཉན་པ༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཀུན༔ ཡེ་ཤེས་བདུད་རྩིའི་ལྷག་མ་འདི༔ བཞེས་ལ་ལས་ཀུན་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིཿ བརྒྱད་པ་ཐུགས་དམ་བསྐུལ་བ་ནི། ཧྲཱིཿ ཆོས་དབྱིངས་བདེ་བ་ཆེན་པོ་ནས༔ འགག་མེད་ཐུགས་རྗེའི་རོལ་པ་ནི༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་སྐུ༔ རྩ་གསུམ་ལྷ་ཚོགས་དབྱིངས་ནས་བཞེངས༔ བདག་རྟོག་གཉིས་འཛིན་འཁྲུལ་པ་ཡི༔ སྡུག་བསྔལ་རྒྱུ་འབྲས་སྤྱོད་པའི་ཚེ༔ སྣང་གྲགས་ཡེ་ཤེས་སྣང་བ་ཡི༔ གོ་འཕང་མཆོག་ལ་དབུགས་འབྱིན་མཛོད༔ དགུ་པ་ཆད་ཐོ་ནི། ཧཱུྃ་ཧྲཱིཿ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ སྐུ་གསུམ་སྟོན་འཁོར་ཕུན་སུམ་ཚོགས་པ་ཡིས༔ རྒྱུད་ལུང་མན་ངག་གསང་བའི་རྒྱ་བཀྲོལ་ཚེ༔ རིག་རྩལ་བཀའ་གཏེར་རྒྱུད་གསུམ་སྲུང་མ་ཡིས༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཤྲཱི་དྷརྨ་པཱ་ལ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧིཿ བཅུ་པ་བརྟན་མ་མཆོད་པ་ནི། ཧྲཱིཿ ཕྱི་ནང་གཞན་གསུམ་རྟེན་འབྲེལ་དུས་སྦྱོར་ཁམས༔ གནས་དག་བདུད་སྨན་གནོད་སྦྱིན་ཌཱ་ཀི་མས༔ འཕོ་མེད་ཞུ་བདེའི་བཤལ་ཆུ་འདི་བཞེས་ལ༔ གཞི་གྲོལ་གཏན་སྲིད་ཟིན་པའི་ལས་མཛོད་ཅིག༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧིཿ བཅུ་གཅིག་པ་རྟ་བྲོ་ནི། ཧྲཱིཿ དབང་ཆེན་པདྨ་ཧེ་རུ་ཀ༔ མ་མོ་མཁའ་འགྲོའི་འཁོར་དང་བཅས༔ དཔལ་གྱི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་རིགས་མནན་པའི་ལས་མཛོད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན༔ ཚོགས་མཆོད་འདི་རྒྱུན་གྱི་རྣལ་འབྱོར་ལ་མ་སྦྱར་ཀྱང་རུང་ངོ༌། །བཅུ་གཉིས་པ་མཆོད་བསྟོད་ནི། ཧྲཱིཿ ཀུན་བཟང་སྒྱུ་འཕྲུལ་དྲྭ་བ་ཡི༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཆེན་པོ༔ བླ་མ་རྩ་གསུམ་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་དང༔ བྱིན་རླབས་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ བྱིན་རླབས་རྩ་བ་རིག་འཛིན་བླ་མ་དང༔ དངོས་གྲུབ་ཆར་འབེབས་ཡི་དམ་ཞི་དང་ཁྲོ༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། བཅུ་གསུམ་པ་དངོས་གྲུབ་བླང་བ་ནི། ཧྲཱིཿ བདེ་བ་ཆེན་པོ་འོད་མི་འགྱུར་བའི་ཞིང༔ བཀོད་པ་ཚད་མེད་རྩ་གསུམ་ལྷ་ཚོགས་བཅས༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་རྩལ་བསྐྱེད་ལ༔ དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ རྩ་གསུམ་ཀུན་འདུས་དོན་གྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ དོན་གཉིས་ལྷུན་གྲུབ་མི་སློབ་རྡོ་རྗེའི་སར༔ སྨིན་གྲོལ་ཡོངས་རྫོགས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ བཅུ་བཞི་པ་ནོངས་བཤགས་ནི། ཧོཿ བདག་ཅག་མི་ཤེས་རྨོངས་པ་ཡིས༔ གཟུང་འཛིན་འཁྲུལ་པའི་ལས་བསགས་ཏེ༔ འགལ་འཁྲུལ་ནོངས་པ་ཅི་མཆིས་པ༔ རྩ་གསུམ་ལྷ་ཚོགས་སྤྱན་སྔར་བཤགས༔ ཡི་གེ་བརྒྱ་པ་ལན་གསུམ་བཟླ། བཅོ་ལྔ་པ་བསྡུ་ལྡང་ནི། ཚོགས་མགྲོན་ཡེ་ཤེས་པ་བརྟན་བཞུགས་དང་དམ་ཚིག་པའི་དཀྱིལ་འཁོར། སྣང་སྟོང་གཉིས་མེད་དཀྱིལ་འཁོར་ལྷ༔ དྭངས་མའི་འཇའ་ལྟར་དབྱིངས་སུ་ཡལ༔ ལྷུན་གྲུབ་ཐུགས་རྗེའི་རོལ་པ་ལས༔ ཕྲིན་ལས་གང་འདུལ་དེ་ལྟར་སྣང༔ བཅུ་དྲུག་པ་བསྔོ་སྨོན་ཤིས་བརྗོད་ནི། ཨེ་མ་ཧོཿ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀུན༔ རྩེ་གཅིག་བསྒོམ་བཟླས་ལ་སོགས་པའི༔ དུས་གསུམ་དགེ་བའི་དངོས་པོ་ཀུན༔ མི་གནས་མྱ་ངན་འདས་པར་བསྔོ༔ ལེགས་སྤྱད་འབྲས་བུ་དུས་འདི་རུ༔ སྨིན་ནས་གུ་རུས་རྗེས་སུ་བཟུང༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ བྱང་ཆུབ་མཆོག་གི་སྐལ་ལྡན་ཤོག༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་འགྲུབ་པའི༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་ཤིས་བརྗོད་ཀྱི་མཚམས་སྦྱར་ནས་ཚོགས་གཉིས་སྤེལ་བའི་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པའང་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་པ་པདྨ་བཀྲ་ཤིས་ནས་བསྐུལ་བའི་རྐྱེན་གྱིས་སྒྲུབ་ཆེན་གྱི་བསྙེན་ཐུན་སོགས་ལ་ཉེར་མཁོར་མཐོང་ནས་མཚོ་སྐྱེས་རྒྱལ་བ་དགྱེས་པའི་འབངས་པདྨ་གར་དབང་མདོ་སྔགས་གླིང་པས་རྡོ་རྗེའི་གནས་མཆོག་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་མདུན་ལྷ་ཀླུ་ཀུན་ཏུ་དགའ་བའི་ནེའུ་གསེང་དུ་རས་དཀར་གྱི་ལྡིང་གུར་འོག་ནས་སུག་བྲིས་བགྱིས་པ། ཡི་གེ་གཉིས་པའི་གྲོགས་ཀྱང་བསྐུལ་བ་པོས་མཛད་པས་འབྲེལ་ཚད་རིག་འཛིན་རྣམ་བཞིའི་ལམ་མཆོག་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །དགེའོ། །།}} | ༄༅། ན་མོ་གུ་རུ། རང་བྱུང་སྐུ་ལྔའི་ཁྱབ་བདག་ཀུན་ཏུ་འཆང༌། །རབ་འབྱམས་རྩ་གསུམ་སྤྲོ་བསྡུའི་སྤྱི་མེས་ཆེ། །ཡིད་མཁའི་ངོས་སུ་འདུ་འབྲལ་མེད་པ་ལ། །བཏུད་ནས་ལས་བྱང་འབྲིང་པོ་འདི་ལྟར་དབྱེ། །འདི་ལ་གསུམ། སྔོན་འགྲོའི་ཐོག་མ་སྐྱབས་འགྲོ་ནི། ན་མོ༔ བླ་མ་སངས་རྒྱས་རིན་པོ་ཆེ༔ སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་སྐུ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ལ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་ནི། ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མེད་སྣང་འཁོར་བའི་ཆོས་ལ་ཞེན༔ སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར༔ བྱང་ཆུབ་སྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ། གསུམ་པ་ཡན་ལག་བརྒྱད་པ་ནི། བླ་མ་རྩ་གསུམ་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཀུན་བཟང་སྒྱུ་འཕྲུལ་དྲྭ་བས་མཆོད༔ སྡིག་ལྟུང་ཉེས་པར་བྱས་ཀུན་བཤགས༔ རྣམ་གྲོལ་དགེ་ལ་རྗེས་ཡི་རང༔ ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ ཀུན་ཀྱང་བླ་མའི་གནས་ཐོབ་ཤོག༔ ལན་གསུམ། བཞི་པ་བཀའ་བསྒོ་བ་ནི། ཧྲཱིཿ ང་ནི་དབང་ཆེན་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཡིན༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཆོས་ཉིད་སྐྱེ་མེད་དབྱིངས་སུ་སོང༔ ཧཱུྃ་བཞིའི་སྔགས་བརྗོད། ལྔ་པ་སྲུང་འཁོར་ནི། ཧྲཱིཿ དཔལ་གྱི་ཐུགས་ལས་ཡེ་ཤེས་འོད༔ མཚོན་ཆ་རྣམ་ལྔའི་སྤྲིན་དུ་སྤྲོས༔ ཕྱོགས་མཚམས་སྟེང་འོག་སྲུང་བའི་གུར༔ གཞོམ་གཞིག་བྲལ་བར་ལྷུན་གྱིས་གྲུབ༔ ཛྙཱ་ན་བཛྲ་རཀྵ་བྷྲཱུྃ༔ དྲུག་པ་བྱིན་འབེབས་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་རང་བྱུང་ཀུན་ཁྱབ་བརྡལ་བ་ཆེ༔ སྐུ་དང་ཡེ་ཤེས་མི་ཟད་རྒྱན་གྱི་སྤྲིན༔ གདོད་ནས་འདུ་འབྲལ་མེད་པའི་ཀློང་ནས་བཞེངས༔ འགགས་མེད་ཐུགས་རྗེའི་རྩལ་གྱིས་བྱིན་ཕོབ་ཅིག༔ དབང་དང་བྱིན་རླབས་དངོས་གྲུབ་མྱུར་དུ་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་དབྱིངས་སུ་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་བསྩལ་ནས༔ གཉིས་མེད་ཀློང་ཡངས་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་མཎྜ་ལ་ཨ་བེ་ཤ་ཡ་ཨ་ཨཿ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུན་པ་མཆོད་པ་བྱིན་བརླབ་ནི། ཧཱུྃ་ཧྲཱིཿ སྣང་སྲིད་ཀུན་བཟང་རོལ་པའི་ཞིང༔ རྡོ་རྗེའི་བདེ་བ་ཆེན་པོའི་དལ༔ ཟག་མེད་མཆོད་པའི་སྤྲིན་ཆེན་པོ༔ རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ༔ ཨོཾ་ཛྙཱ་ན་སརྦ་པཱུ་ཛ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ས་མ་ཡ་ཨཱཿཧཱུྃ༔ ལན་གསུམ། གཉིས་པ་དངོས་གཞིའི་ལས་རིམ་ལ། ཐོག་མར་རྟེན་བསྐྱེད་པ་ནི། ཧཱུྃ༔ ཆོས་སྐུ་སྟོང་ཉིད་རྡོ་རྗེ་སེམས༔ དབྱིངས་དང་མཉམ་པའི་སྙིང་རྗེ་ལས༔ ཟུང་འཇུག་སེམས་ཀྱི་ཡི་གེ་ཧྲཱིཿ དཀྱིལ་འཁོར་འབྱུང་བའི་གནས་སུ་ཤར༔ རྡོ་རྗེ་ཕུང་པོ་རང་བྱུང་གྲོང༔ ངོ་མཚར་གཞལ་ཡས་བློ་ལས་འདས༔ ཕོ་བྲང་དབུས་ཀྱི་ལྟེ་བ་རུ༔ པདྨ་ཉི་ཟླའི་དཀྱིལ་འཁོར་བཀྲ༔ ས་བོན་བབ་པ་ཡོངས་གྱུར་ལས༔ དབང་ཆེན་པདྨ་ཧེ་རུ་ཀ༔ དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གྲི་གུག་གཡོན་ཐོད་པ༔ ཞབས་གཉིས་དོར་སྟབས་ཕག་མོ་སྦྱོར༔ རང་ལུས་ཛ་ལནྡྷ་ར་རུ༔ ཆོས་སྐུ་པདྨ་ཀུན་ཏུ་འཆང༔ བདེ་ཆེན་ཕྱག་རྒྱ་དཀར་དམར་མདངས༔ ཕྱག་གཉིས་བདེ་སྟོང་རྡོ་རྗེ་དྲིལ༔ བསྣོལ་བས་དབྱིངས་ཕྱུག་མཚོ་རྒྱལ་འཁྱུད༔ གཅེར་བུ་བརྟུལ་ཞུགས་གྲུབ་པའི་གཟུགས༔ པད་ཟླ་རྒྱས་པའི་སྟེང་ན་རོལ༔ དབང་ཆེན་ཁྲོ་རྒྱལ་ཧེ་རུ་ཀའི༔ སྙིང་དབུས་ཙིཏྟའི་གུར་ཁང་དུ༔ ཁྱབ་བདག་རྡོ་རྗེ་ཐོད་ཕྲེང་རྩལ༔ དམར་སྨུག་ཁྲོ་འཛུམ་རུས་པས་བརྒྱན༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས༔ ཕུང་ཁམས་ཞི་ཁྲོའི་ཚོམ་བུར་ཤར༔ དབྱིངས་ཕྱུག་དཀར་མོ་གཉིས་མེད་སྦྱོར༔ རྟ་མགྲིན་སྤྱི་བོར་གཤིན་རྗེ་སེར༔ མགྲིན་པར་པདྨ་དབང་ཆེན་དམར༔ ཐུགས་ཀར་ཡང་དག་སྐུ་མདོག་མཐིང༔ ལྟེ་བར་ཆེ་མཆོག་བདུད་རྩི་ལྗང༔ གསང་གནས་ཀཱི་ལ་ཡ་མཐིང་ནག༔ ལྟེ་འོག་ཨེ་ཀློང་རལ་གཅིག་སྨུག༔ ནོར་བུར་དྲེགས་པ་ཀུན་འདུལ་ནག༔ སྣམས་སུ་སྟོབས་ལྡན་དྲག་སྔགས་སྔོ༔ འབར་བ་ཁྲག་འཐུང་རྒྱུད་སྡེ་དྲུག༔ སྒྲུབ་པ་བཀའ་བརྒྱད་ལྷ་རུ་ཤར༔ ཕྱི་ལྟར་རྩ་བ་གསུམ་པོ་ཡང༔ ནང་དུ་གཉུག་མའི་རྡོ་རྗེ་གསུམ༔ ངེས་དོན་བདེ་གསལ་མི་རྟོག་པའི༔ དཀྱིལ་འཁོར་གཅིག་གི་རང་བཞིན་ལ༔ རང་བྱུང་རང་ཤར་འདུ་འབྲལ་མེད༔ གདོད་ནས་མ་བཅོས་ལྷུན་གྱིས་གྲུབ༔ གཉིས་པ་སྤྱན་དྲངས་པ་ནི། ཌཱ་དྲིལ་དབྱངས་དང་སྤོས་རོལ་བཅས་ཏེ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་དུ་བྱོན་པ་ལ། ཀྱེ་ཀྱེ༔ བླ་མ་ཨོ་རྒྱན་རིན་པོ་ཆེ༔ ཁྱེད་ནི་སངས་རྒྱས་ཀུན་དང་མཉམ༔ མཁྱེན་བརྩེ་ཡེ་ཤེས་བསམ་མི་ཁྱབ༔ ནུས་པས་མཁའ་མཉམ་འགྲོ་བ་འདུལ༔ བརྒྱུད་གསུམ་རིག་འཛིན་བླ་མ་དང༔ ཡི་དམ་ཞི་ཁྲོའི་ཁྱབ་བདག་ཆེ༔ གནས་གསུམ་མཁའ་འགྲོའི་གཙོ་བོ་སྟེ༔ ཆོས་སྐྱོང་སྡེ་བརྒྱད་བྲན་དུ་བཀོལ༔ ཕྱོགས་དུས་སྐྱབས་གནས་མ་ལུས་པ༔ ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ༔ བདག་ཅག་སྙིགས་མའི་འགྲོ་བ་ལ༔ དམིགས་མེད་ཐུགས་རྗེས་བརྩེར་དགོངས་ནས༔ ཇི་ལྟར་སྔོན་གྱི་ཞལ་བཞེས་བཞིན༔ བྱིན་རླབས་རྟགས་མཚན་དངོས་སུ་སྟོན༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཉམས་དང་རྟོགས་པའི་ཡེ་ཤེས་སྐྱེད༔ རྗེ་བཙུན་ཁྱེད་དང་མཉམ་པར་མཛོད༔ ཅེས་བསྐུལ་ཏེ་གསོལ་འདེབས་རྡོ་རྗེའི་ཚིག་བདུན་གྱིས་གསོལ་བ་ཡང་ཡང་བཏབ་པས། སྤྱི་བོའི་བླ་མའི་གནས་བཞི་ལས་བྱུང་བའི་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པ་བཞིའི་དབང་དང་དངོས་གྲུབ་བསྩལ་ཞིང་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཟླ་བ་བསྙེན་པ་དང༌། གསུམ་པ་དམ་ཡེ་གཉིས་མེད་བཞུགས་གསོལ་ནི། ཧྲཱིཿ ཡེ་ཤེས་རང་སྣང་ལྷ་ཚོགས་རྣམས༔ བདག་དང་གཉིས་མེད་བརྟན་པར་བཞུགས༔ སྐུ་གསུང་ཐུགས་ཀྱི་བྱིན་རློབས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་བརྡ་ཕྱག་ནི། ཧྲཱིཿ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གདོད་ནས་རང་དང་གཉིས་མེད་ཀྱང༔ ཀུན་རྫོབ་དད་དང་གདུང་བའི་བློས༔ གུས་པའི་ཚུལ་གྱིས་ཕྱག་བགྱིའོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ལྔ་པ་ཕྱི་ནང་གསང་བ་བླ་མེད་ཀྱི་མཆོད་པ་ནི། ཧྲཱིཿ ཀུན་བཟང་སྒྱུ་འཕྲུལ་དྲྭ་བ་ཡི༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཆེན་པོ༔ བླ་མ་རྩ་གསུམ་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་དང༔ བྱིན་རླབས་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ ཧྲཱིཿ དབང་དྲག་རོལ་པ་དཔལ་གྱི་ཞིང༔ ཉམས་པ་བསྒྲལ་བའི་ཚོགས་ཁང་འདིར༔ དུར་ཁྲོད་དྲག་པོའི་ཉེར་སྤྱོད་ཀུན༔ རྩ་གསུམ་ལྷ་ལ་གུས་འབུལ་ན༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ དབང་དྲག་བརྟུལ་ཞུགས་མཐར་ཕྱིན་ཏེ༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་ཨཱཿཧཱུྃ༔ ཧྲཱིཿ རང་བྱུང་གདོད་ནས་རྣམ་པར་དག༔ དམ་རྫས་རྩ་བརྒྱད་ཡན་ལག་སྟོང༔ རྨད་དུ་བྱུང་བའི་མཆོད་པ་འབུལ༔ དངོས་གྲུབ་ཆེན་པོ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ བརྒྱུད་མཆོད་ནི། སྣང་མཐའ་སྤྱན་གཟིགས་རིག་མཆོག་ལྔ། །རིགས་གསུམ་ཞི་ཁྲོ་ཐོད་ཕྲེང་ལྔ། །མཚོ་སྐྱེས་རྗེ་འབངས་གྲོགས་གསུམ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །རྡོ་རྗེ་གཟི་བརྗིད་མ་ཏིའི་མཚན། །དྲིན་ཆེན་བླ་མ་རྟ་ཕག་གཙོ། །སྒྲུབ་སྡེ་བརྒྱད་དང་མཁའ་འགྲོ་ལྔ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །མ་མགོན་གཏེར་སྲུང་སྣང་སྲིད་ཀུན། །རྩ་གསུམ་བླ་མའི་དཀྱིལ་འཁོར་ལྷར། །ཡོངས་གྲུབ་ཆེན་པོའི་མོས་གུས་ཀྱིས། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་གིས་དངོས་གྲུབ་བླང༌། ཧྲཱིཿ པདྨ་བྷཉྫ་ལྕང་ལོ་ཅན༔ རྒྱུད་དྲུག་བསྒྲལ་བའི་རཀྟས་བཀང༔ རྡོ་རྗེ་ཆགས་པའི་དམ་རྫས་འབུལ༔ དུག་ལྔ་ཡེ་ཤེས་ཀློང་དག་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱིཿ སྣོད་བཅུད་ཡོངས་རྫོགས་བ་ལིཾ་ཏ༔ བཟའ་བཅའ་བདའ་དགུའི་རི་གླིང་བཀོད༔ དབང་པོ་དྲུག་ལ་དགྱེས་བསྐྱེད་པས༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱིཿ རྡོ་རྗེ་པདྨ་མཉམ་སྦྱོར་བའི༔ བདེ་སྟོང་རོལ་པའི་ཆོ་འཕྲུལ་ལས༔ ཉོན་མོངས་དུག་ལྔ་དབྱིངས་སུ་སྒྲོལ༔ བླ་ན་མེད་པའི་མཆོད་པས་མཆོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་གི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་ཏ་ན་ག་ཎ་པཱུ་ཛ་ཧོཿ ཧྲཱིཿ གདོད་ནས་རྣམ་དག་བརྡལ་བ་ཆེ༔ འཁོར་གསུམ་རྟོག་ཚོགས་དབྱིངས་སུ་ཞི༔ མཆོད་བྱ་མཆོད་བྱེད་ལས་འདས་པ༔ བླ་ན་མེད་པའི་གསང་བས་མཆོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ དྲུག་པ་བསྟོད་པ་ནི། ཧྲཱིཿ ཆོས་དབྱིངས་ཟག་མེད་དགོངས་པ་མཁའ་ལྟར་ཁྱབ༔ ཡེ་ཤེས་སྒྱུ་འཕྲུལ་བཀོད་པ་བསམ་མི་ཁྱབ༔ སྲིད་ཞིའི་རྒུད་སེལ་བདེ་ཆེན་མཆོག་སྩོལ་མཛད༔ རང་བྱུང་སངས་རྒྱས་རྡོ་རྗེའི་བླ་མར་བསྟོད༔ བདེ་བ་ཆེན་པོའི་ངོ་མཚར་རོལ་པ་ལས༔ ཞི་ཁྲོ་རབ་འབྱམས་བཀོད་པ་ཅིར་ཡང་སྣང༔ གསང་བ་མི་ཟད་རྒྱན་གྱི་ཆོ་འཕྲུལ་ཆེ༔ རབ་འབྱམས་ཡི་དམ་ལྷ་ཚོགས་ཀུན་ལ་བསྟོད༔ ཆོས་ཉིད་དབྱིངས་ཀྱི་མཁའ་ལས་མ་འདས་པར༔ འགག་མེད་སྒྱུ་འཕྲུལ་ཕྲིན་ལས་རྣམ་བཞིའི་བདག༔ གསང་མཆོག་རྡོ་རྗེ་བཀོད་པའི་རྣམ་འགྱུར་ཅན༔ འབུམ་ཕྲག་མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་བསྟོད༔ ཡེ་ཤེས་ཆེན་པོའི་དབྱིངས་སུ་རོ་གཅིག་ཀྱང༔ གང་འདུལ་དེར་སྣང་རྣམ་རོལ་ཅིར་ཡང་སྟོན༔ རྩ་གསུམ་འདུས་པ་བླ་མའི་དཀྱིལ་འཁོར་ལ༔ མི་ཕྱེད་དད་པའི་བློ་ཡིས་ཕྱག་འཚལ་བསྟོད༔ བདུན་པ་ཡི་དམ་ལྟར་བཟླས་པ་ཉེ་བསྙེན་གྱི་སྤྱི་བྱེ་བྲག་གཉིས་ལས། དང་པོ་ནི། བདག་ཉིད་དབང་ཆེན་ཧེ་རུ་ཀ༔ ཡེ་ཤེས་སེམས་དཔའ་ཐོད་ཕྲེང་གི༔ ཐུགས་དབུས་པདྨ་ཉི་ཟླའི་སྟེང༔ ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ སྣོད་བཅུད་གདོད་ནས་རྣམ་དག་པ༔ པདྨ་དབང་གི་ཞིང་དུ་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ བྱེ་བྲག་གི་བཟླས་པ་ནི། བླ་མའི་རྡོ་རྗེའི་སྐུའི་གནས་ལྔར་བཞུགས་པའི་ལྷ་ཚོགས་ཀྱི་ཐུགས་སྲོག་ལས་བྱུང་བའི་འོད་ཟེར་སྤྲོ་བསྡུས་ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་ལྔ་སྒྲུབ་པར་མོས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཡ་མཱནྟ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་ཡ་གྲཱྀ་ཝ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་མ་ཡོ་ཀི་ནི་ཀྲོ་དྷཱི་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཙཎྜ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀྲོ་དྷ་མ་ཧཱ་བཱ་ལ་སརྦ་སིདྡྷི་ཧཱུྃ་ཕཊ༔ བསྡུ་ན་ཧཱུྃ་འབའ་ཞིག་བཟླས་ཀྱང་རུང༌། བརྒྱད་པ་མཁའ་འགྲོ་ལྟར་སྒྲུབ་པའི་བཟླས་པ་ནི། མཁའ་འགྲོའི་ཐུགས་ཀར་དགའ་འཁྱིལ་དབུས༔ བཾ་དང་ཧ་རི་ནི་ས་གསལ༔ དབང་ཆེན་ཐུགས་ཀའི་ཧྲཱིཿའོད་ཀྱིས༔ བསྐུལ་བས་བཾ་ལས་སྔགས་ཕྲེང་སྤྲོས༔ ཡབ་ཡུམ་ཞལ་བརྒྱུད་འགལ་མེ་ལྟར༔ འཁོར་བས་རིགས་ལྔའི་ཌཱ་ཀི་ནིས༔ ལས་བཞིའི་ཕྲིན་ལས་སྒྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་བཾ་ཧ་རི་ནི་ས་སརྦ་ཀརྨ་སིདྡྷི་ཧཱུྃ་ཨཱཿ བཟླས་པའམ་རྡོ་རྗེའི་བཟླས་པས། ཨ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ བཟླས་ཀྱང་རུང༌། ཆོས་སྐྱོང་གི་སྒྲུབ་པ་ཆེན་པོ་ནི། རྟ་མགྲིན་གྱི་ཐུགས་ཀའི་འོད་ཀྱིས་གསང་གནས་ཀྱི་ཆོས་སྐྱོང་རྣམས་ལ་རེག་པས་སྔོན་གྱི་དམ་བཅའ་བསྐུལ་ཏེ་ཕྲིན་ལས་སྒྲུབ་པར་མོས་ལ། ཤཱ་ས་ན་བཟླའོ། །གསུམ་པ་རྗེས་རིམ་ལ། དང་པོ་ཚོགས་མཆོད་ནི། ཞིང་ངམ་གཅན་གཟན་གྱི་པགས་པར་ཐབས་ཤེས་དམ་ཚིག་གི་རྫས་གཙང་ལ་དག་པར་འདུ་བྱས་ཏེ་ཆུ་ཆང་ནང་གསུམ་གྱིས་བྲན། དང་པོ་བྱིན་བརླབ་ནི། ཧྲཱིཿ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ རྃ་ཡྃ་ཁྃ་འཕྲོས་བསྲེགས་གཏོར་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་རིགས་མཆོག་ལྔའི༔ རྟོག་འདུལ་དམ་ཚིག་རྫས་སུ་གྱུར༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ། ལན་གསུམ། གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ་ཧྲཱིཿ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ རྒྱན་དང་ཅོད་པན་པུ་རུ་རུ༔ རྡོ་རྗེའི་གླུ་བྲོ་ལམས་སེ་ལམ༔ ཡེ་ཤེས་དགོངས་ཉམས་ཏ་ལ་ལ༔ ངོ་མཚར་རྟགས་དང་མཚན་མ་བཅས༔ དམ་ཚིག་ཚོགས་ཀྱི་གནས་འདིར་གཤེགས༔ རྣལ་འབྱོར་ཉམས་རྟོགས་རིག་རྩལ་སྤོར༔ བར་ཆད་བདུད་བགེགས་དབྱིངས་སུ་སྒྲོལ༔ མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བས༔ དགྱེས་པའི་ཚུལ་དུ་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་སརྦ་ས་མ་ཡ་ཛཿཛཿཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཨེ་ཨ་རལླི་ཧོཿ གསུམ་པ་མཆོད་པ་ནི། ཧཱུྃ་ཧྲཱིཿ སྣོད་བཅུད་དབྱིངས་ཀྱི་བྷནྡྷ་རུ༔ ཕུང་ཁམས་རྩ་རླུང་འོད་གསལ་བཅུད༔ བཟའ་བཅའ་བཏུང་བའི་བརྡས་མཚོན་ཏེ༔ བླ་མ་རྩ་གསུམ་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་ཤྲཱི་དྷརྨ་པཱ་ལ་ག་ཎ་ཙཀྲ་པཱུ་ཛ་ས་མ་ཡ་ཧོཿ བཞི་པ་བཤགས་པ་ནི། ཧཱུྃ་ཧྲཱིཿ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ དམ་རྫས་ཚོགས་ཀྱིས་མཆོད་པ་ཡིས༔ སྐུ་གསུང་ཐུགས་ཀྱི་ཉམས་ཆག་བཤགས༔ གཉིས་མེད་མཉམ་པར་བསྐང་གྱུར་ཅིག༔ ས་མ་ཡ་ཤུདྡྷེ་ཨཿ ཡིག་བརྒྱ་བརྗོད། ལྔ་པ་བསྒྲལ་བསྟབ་ནི། ཨེ་ནྲྀ་ཏྲི་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ དབང་ཆེན་པདྨ་ཧེ་རུ་ཀས༔ ཉམས་པའི་དགྲ་བགེགས་བཀུག་ཅིང་བསྟིམ༔ ཡེ་ཤེས་དབྱིངས་བསྒྲལ་ཤ་ཁྲག་རུས༔ རྩ་གསུམ་ལྷ་ལ་བསྟབ་བོ་བཞེས༔ སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ༔ མ་ཧཱ་མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧིཿ དྲུག་པ་ཚོགས་ལ་རོལ་པ་ནི། ཕྱི་ནང་གསང་བའི་ཚོགས་རྣལ་འབྱོར་གྱི་ནུས་པ་དང་བསྟུན་ཏེ་རོལ། བདུན་པ་ལྷག་མ་ནི། ཨོཾ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿས་བྱིན་བརླབ་སྟེ། ཧྲཱིཿ པདྨ་དབང་གི་བཀའ་ཉན་པ༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཀུན༔ ཡེ་ཤེས་བདུད་རྩིའི་ལྷག་མ་འདི༔ བཞེས་ལ་ལས་ཀུན་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིཿ བརྒྱད་པ་ཐུགས་དམ་བསྐུལ་བ་ནི། ཧྲཱིཿ ཆོས་དབྱིངས་བདེ་བ་ཆེན་པོ་ནས༔ འགག་མེད་ཐུགས་རྗེའི་རོལ་པ་ནི༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་སྐུ༔ རྩ་གསུམ་ལྷ་ཚོགས་དབྱིངས་ནས་བཞེངས༔ བདག་རྟོག་གཉིས་འཛིན་འཁྲུལ་པ་ཡི༔ སྡུག་བསྔལ་རྒྱུ་འབྲས་སྤྱོད་པའི་ཚེ༔ སྣང་གྲགས་ཡེ་ཤེས་སྣང་བ་ཡི༔ གོ་འཕང་མཆོག་ལ་དབུགས་འབྱིན་མཛོད༔ དགུ་པ་ཆད་ཐོ་ནི། ཧཱུྃ་ཧྲཱིཿ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ སྐུ་གསུམ་སྟོན་འཁོར་ཕུན་སུམ་ཚོགས་པ་ཡིས༔ རྒྱུད་ལུང་མན་ངག་གསང་བའི་རྒྱ་བཀྲོལ་ཚེ༔ རིག་རྩལ་བཀའ་གཏེར་རྒྱུད་གསུམ་སྲུང་མ་ཡིས༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཤྲཱི་དྷརྨ་པཱ་ལ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧིཿ བཅུ་པ་བརྟན་མ་མཆོད་པ་ནི། ཧྲཱིཿ ཕྱི་ནང་གཞན་གསུམ་རྟེན་འབྲེལ་དུས་སྦྱོར་ཁམས༔ གནས་དག་བདུད་སྨན་གནོད་སྦྱིན་ཌཱ་ཀི་མས༔ འཕོ་མེད་ཞུ་བདེའི་བཤལ་ཆུ་འདི་བཞེས་ལ༔ གཞི་གྲོལ་གཏན་སྲིད་ཟིན་པའི་ལས་མཛོད་ཅིག༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧིཿ བཅུ་གཅིག་པ་རྟ་བྲོ་ནི། ཧྲཱིཿ དབང་ཆེན་པདྨ་ཧེ་རུ་ཀ༔ མ་མོ་མཁའ་འགྲོའི་འཁོར་དང་བཅས༔ དཔལ་གྱི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་རིགས་མནན་པའི་ལས་མཛོད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན༔ ཚོགས་མཆོད་འདི་རྒྱུན་གྱི་རྣལ་འབྱོར་ལ་མ་སྦྱར་ཀྱང་རུང་ངོ༌། །བཅུ་གཉིས་པ་མཆོད་བསྟོད་ནི། ཧྲཱིཿ ཀུན་བཟང་སྒྱུ་འཕྲུལ་དྲྭ་བ་ཡི༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཆེན་པོ༔ བླ་མ་རྩ་གསུམ་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་དང༔ བྱིན་རླབས་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ བྱིན་རླབས་རྩ་བ་རིག་འཛིན་བླ་མ་དང༔ དངོས་གྲུབ་ཆར་འབེབས་ཡི་དམ་ཞི་དང་ཁྲོ༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། བཅུ་གསུམ་པ་དངོས་གྲུབ་བླང་བ་ནི། ཧྲཱིཿ བདེ་བ་ཆེན་པོ་འོད་མི་འགྱུར་བའི་ཞིང༔ བཀོད་པ་ཚད་མེད་རྩ་གསུམ་ལྷ་ཚོགས་བཅས༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་རྩལ་བསྐྱེད་ལ༔ དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ རྩ་གསུམ་ཀུན་འདུས་དོན་གྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ དོན་གཉིས་ལྷུན་གྲུབ་མི་སློབ་རྡོ་རྗེའི་སར༔ སྨིན་གྲོལ་ཡོངས་རྫོགས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ བཅུ་བཞི་པ་ནོངས་བཤགས་ནི། ཧོཿ བདག་ཅག་མི་ཤེས་རྨོངས་པ་ཡིས༔ གཟུང་འཛིན་འཁྲུལ་པའི་ལས་བསགས་ཏེ༔ འགལ་འཁྲུལ་ནོངས་པ་ཅི་མཆིས་པ༔ རྩ་གསུམ་ལྷ་ཚོགས་སྤྱན་སྔར་བཤགས༔ ཡི་གེ་བརྒྱ་པ་ལན་གསུམ་བཟླ། བཅོ་ལྔ་པ་བསྡུ་ལྡང་ནི། ཚོགས་མགྲོན་ཡེ་ཤེས་པ་བརྟན་བཞུགས་དང་དམ་ཚིག་པའི་དཀྱིལ་འཁོར། སྣང་སྟོང་གཉིས་མེད་དཀྱིལ་འཁོར་ལྷ༔ དྭངས་མའི་འཇའ་ལྟར་དབྱིངས་སུ་ཡལ༔ ལྷུན་གྲུབ་ཐུགས་རྗེའི་རོལ་པ་ལས༔ ཕྲིན་ལས་གང་འདུལ་དེ་ལྟར་སྣང༔ བཅུ་དྲུག་པ་བསྔོ་སྨོན་ཤིས་བརྗོད་ནི། ཨེ་མ་ཧོཿ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀུན༔ རྩེ་གཅིག་བསྒོམ་བཟླས་ལ་སོགས་པའི༔ དུས་གསུམ་དགེ་བའི་དངོས་པོ་ཀུན༔ མི་གནས་མྱ་ངན་འདས་པར་བསྔོ༔ ལེགས་སྤྱད་འབྲས་བུ་དུས་འདི་རུ༔ སྨིན་ནས་གུ་རུས་རྗེས་སུ་བཟུང༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ བྱང་ཆུབ་མཆོག་གི་སྐལ་ལྡན་ཤོག༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་འགྲུབ་པའི༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་ཤིས་བརྗོད་ཀྱི་མཚམས་སྦྱར་ནས་ཚོགས་གཉིས་སྤེལ་བའི་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པའང་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་པ་པདྨ་བཀྲ་ཤིས་ནས་བསྐུལ་བའི་རྐྱེན་གྱིས་སྒྲུབ་ཆེན་གྱི་བསྙེན་ཐུན་སོགས་ལ་ཉེར་མཁོར་མཐོང་ནས་མཚོ་སྐྱེས་རྒྱལ་བ་དགྱེས་པའི་འབངས་པདྨ་གར་དབང་མདོ་སྔགས་གླིང་པས་རྡོ་རྗེའི་གནས་མཆོག་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་མདུན་ལྷ་ཀླུ་ཀུན་ཏུ་དགའ་བའི་ནེའུ་གསེང་དུ་རས་དཀར་གྱི་ལྡིང་གུར་འོག་ནས་སུག་བྲིས་བགྱིས་པ། ཡི་གེ་གཉིས་པའི་གྲོགས་ཀྱང་བསྐུལ་བ་པོས་མཛད་པས་འབྲེལ་ཚད་རིག་འཛིན་རྣམ་བཞིའི་ལམ་མཆོག་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །དགེའོ། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:10, 1 June 2024
Wylie title | rang byung pad+ma'i snying thig las/ phrin las 'bring po dngos grub kun 'byung | |
---|---|---|
Location | dil mgo mkhyen brtse bka' 'bum Volume 17, Text 13, Pages 44-52 (Folios 1a to 9b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Rang byung pad+ma'i snying thig las phrin las 'bring po dngos grub kun 'byung. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 44-52. Delhi: Shechen Publications, 1994. | |
Genre | Activity Manual - las byang · Sadhanas - Evocation Ritual - sgrub thabs | |
Cycle | རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig) | |
Colophon |
།ཞེས་པའང་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་པ་པདྨ་བཀྲ་ཤིས་ནས་བསྐུལ་བའི་རྐྱེན་གྱིས་སྒྲུབ་ཆེན་གྱི་བསྙེན་ཐུན་སོགས་ལ་ཉེར་མཁོར་མཐོང་ནས་མཚོ་སྐྱེས་རྒྱལ་བ་དགྱེས་པའི་འབངས་པདྨ་གར་དབང་མདོ་སྔགས་གླིང་པས་རྡོ་རྗེའི་གནས་མཆོག་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་མདུན་ལྷ་ཀླུ་ཀུན་ཏུ་དགའ་བའི་ནེའུ་གསེང་དུ་རས་དཀར་གྱི་ལྡིང་གུར་འོག་ནས་སུག་བྲིས་བགྱིས་པ། ཡི་གེ་གཉིས་པའི་གྲོགས་ཀྱང་བསྐུལ་བ་པོས་མཛད་པས་འབྲེལ་ཚད་རིག་འཛིན་རྣམ་བཞིའི་ལམ་མཆོག་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །དགེའོ། | |
/zhes pa'ang e waM chos kyi sgar chen gyi byang 'dren pa pad+ma bkra shis nas bskul ba'i rkyen gyis sgrub chen gyi bsnyen thun sogs la nyer mkhor mthong nas mtsho skyes rgyal ba dgyes pa'i 'bangs pad+ma gar dbang mdo sngags gling pas rdo rje'i gnas mchog stag tshang seng ge bsam grub kyi mdun lha klu kun tu dga' ba'i ne'u gseng du ras dkar gyi lding gur 'og nas sug bris bgyis pa/_yi ge gnyis pa'i grogs kyang bskul ba pos mdzad pas 'brel tshad rig 'dzin rnam bzhi'i lam mchog mthar phyin pa'i rgyur gyur cig__/dge'o/ |