DKR-KABUM-05-CA-027: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
(One intermediate revision by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=བུམ་པའི་རྒྱ་ཅན་ལས། རྟ་མགྲིན་དམ་སྲི་ཟིལ་གནོན་གྱི་སྒྲུབ་ཐབས་དང་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་དགྱེས་པའི་སྣང་བ།
|fulltitletib=བུམ་པའི་རྒྱ་ཅན་ལས། རྟ་མགྲིན་དམ་སྲི་ཟིལ་གནོན་གྱི་སྒྲུབ་ཐབས་དང་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་དགྱེས་པའི་སྣང་བ།
|fulltitle=bum pa'i rgya can las/ rta mgrin dam sri zil gnon gyi sgrub thabs dang dbang gi cho ga bklag chog tu bkod pa dbang chen dgyes pa'i snang ba
|fulltitle=bum pa'i rgya can las/ rta mgrin dam sri zil gnon gyi sgrub thabs dang dbang gi cho ga bklag chog tu bkod pa dbang chen dgyes pa'i snang ba
|citation=[[Khyentse, Dilgo]]. ''Bum pa'i rgya can las rta mgrin dam sri zil gnon gyi sgrub thabs dang dbang gi cho ga bklag chog tu bkod pa dbang chen dgyes pa'i snang ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 5: . Delhi: Shechen Publications, 1994.
|citation=[[Khyentse, Dilgo]]. ''Bum pa'i rgya can las rta mgrin dam sri zil gnon gyi sgrub thabs dang dbang gi cho ga bklag chog tu bkod pa dbang chen dgyes pa'i snang ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 5: 182-186. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
Line 11: Line 12:
|sourcerevealer=Dalai Lama, 5th
|sourcerevealer=Dalai Lama, 5th
|sourcerevealertib=ངག་དབང་བློ་བཟང་རྒྱ་མཚོ་
|sourcerevealertib=ངག་དབང་བློ་བཟང་རྒྱ་མཚོ་
|tibgenre=Sadhanas - Evocation Ritual - sgrub thabs
|tibgenre=Activity Manual - las byang, Empowerment Ritual - dbang chog - dbang skur, Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|dkroutline=Three
|dkroutline=Three
|deity=rta mgrin
|cycle=bum pa'i rgya can
|cycle=bum pa'i rgya can
|cycletib=བུམ་པའི་རྒྱ་ཅན་
|cycletib=བུམ་པའི་རྒྱ་ཅན་
Line 23: Line 25:
|volyigtib=ཅ་
|volyigtib=ཅ་
|totalvolumes=25
|totalvolumes=25
|textnuminvol=027
|pagenumbers=182-186
|totalpages=9
|beginfolioline=1a
|beginfolioline=1a
|textnuminvol=027
|endfolioline=5a6
|totalfolios=5
|multivolumework=No
|rectonotes=rta mgrin
|versonotes=dag snang rgya can
|colophontib=།གདོད་ནས་འགྱུརྃ་མེདྃ་བདེ་ཆེན་ཡེ་ཤེས་དབྱིངས། །བདེ་བར་ངལ་འཚོ་ཐེགྃ་མཆོྃག་ལམ་བསྟནྃ་པས། །སྙིང་པོ་རྟ་མཆོག་རོལ་པའིྃ་སྒྲུབ་ཐབས་དང༌། །སྨིན་བྱེད་རྒྱལྃ་མཚྃན་སྲིད་ཞིའི་བླ་ན་འཕགས། །བུམ་པའི་རྒྱ་ཅན་ལས། རྟ་མགྲིན་དམ་སྲི་ཟིལ་གནོན་གྱི་སྒྲུབ་ཐབས་དང་དབང་གི་ལེའུ་ཚན་ནོ།།
|colophonwylie=/gdod nas 'gyura~M meda~M bde chen ye shes dbyings/_/bde bar ngal 'tsho thega~M mcho~Mg lam bstana~M pas/_/snying po rta mchog rol pa'i~M sgrub thabs dang*/_/smin byed rgyala~M mtsha~Mn srid zhi'i bla na 'phags/_/bum pa'i rgya can las/_rta mgrin dam sri zil gnon gyi sgrub thabs dang dbang gi le'u tshan no//
|pdflink=File:DKR-KABUM-05-CA-027.pdf
|pdflink=File:DKR-KABUM-05-CA-027.pdf
}}
}}

Latest revision as of 08:02, 1 June 2024

Wylie title bum pa'i rgya can las/ rta mgrin dam sri zil gnon gyi sgrub thabs dang dbang gi cho ga bklag chog tu bkod pa dbang chen dgyes pa'i snang ba DKR-KABUM-05-CA-027.pdf
Location dil mgo mkhyen brtse bka' 'bum
Volume 5, Text 27, Pages 182-186 (Folios 1a to 5a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Bum pa'i rgya can las rta mgrin dam sri zil gnon gyi sgrub thabs dang dbang gi cho ga bklag chog tu bkod pa dbang chen dgyes pa'i snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 182-186. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle བུམ་པའི་རྒྱ་ཅན་ (bum pa'i rgya can)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity rta mgrin
Colophon

།གདོད་ནས་འགྱུརྃ་མེདྃ་བདེ་ཆེན་ཡེ་ཤེས་དབྱིངས། །བདེ་བར་ངལ་འཚོ་ཐེགྃ་མཆོྃག་ལམ་བསྟནྃ་པས། །སྙིང་པོ་རྟ་མཆོག་རོལ་པའིྃ་སྒྲུབ་ཐབས་དང༌། །སྨིན་བྱེད་རྒྱལྃ་མཚྃན་སྲིད་ཞིའི་བླ་ན་འཕགས། །བུམ་པའི་རྒྱ་ཅན་ལས། རྟ་མགྲིན་དམ་སྲི་ཟིལ་གནོན་གྱི་སྒྲུབ་ཐབས་དང་དབང་གི་ལེའུ་ཚན་ནོ།།

/gdod nas 'gyura~M meda~M bde chen ye shes dbyings/_/bde bar ngal 'tsho thega~M mcho~Mg lam bstana~M pas/_/snying po rta mchog rol pa'i~M sgrub thabs dang*/_/smin byed rgyala~M mtsha~Mn srid zhi'i bla na 'phags/_/bum pa'i rgya can las/_rta mgrin dam sri zil gnon gyi sgrub thabs dang dbang gi le'u tshan no//

[edit]
༄༅། བུམ་པའི་རྒྱ་ཅན་ལས། རྟ་མགྲིན་དམ་སྲི་ཟིལ་གནོན་གྱི་སྒྲུབ་ཐབས་དང་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་དགྱེས་པའི་སྣང་བ་ཞེས་བྱ་བ་བཞུགས་སོ།།


༄༅། བདེ་ཆེན་སྙིང་རྗེས་བཞེངས་པའི་མཚན་དཔེ་ནི། །ཐུན་མཚམས་སྤྲིན་པའི་མདངས་ཀྱི་ཡེ་ཤེས་ཉིད། །ནག་ཕྱོགས་མུན་པའི་གཤེད་གྱུར་ཧེ་རུ་ཀར། །བཏུད་ནས་དེ་སྒྲུབ་པདྨའི་དགའ་ཚལ་སྤེལ། །དཔལ་རྟ་མགྲིན་དམ་སྲི་ཟིལ་གནོན་ཉམས་སུ་ལེན་པ་ལ། སྒྲུབ་ཐབས་དང༌། དབང་གི་རིམ་པའོ། །དང་པོ་ནི། རུང་བའི་གནས་སུ་གཞུང་མཐུན་རྟེན་གྱི་སྤྱན་སྔར་བསྙེན་སྒྲུབ་དཀྱུས་མ་ལ་སྨན་གཏོར་རཀྟ། ཉེར་སྤྱོད་ཀྱི་མཆོད་པ། དཀར་བགེགས་དང་ཚོགས་གཏོར་ཙམ་བཤམས། བདེ་བའི་སྟན་ལ་འཁོད་པས་སྐྱབས་སེམས་ནས་བརྩམས་མཆོད་པ་བྱིན་རླབས། རྟེན་གཞལ་ཡས་ཁང་དང་གདན་བསྐྱེད་པའི་ཚིག །གན་རྐྱལ་ཁ་སྦུབ་བརྩེགས་པའི་གདན་སྟེང་དུ་ཞེས་པའི་བར། ཁྲོ་བོ་སྤྱི་ཡི་ལས་བྱང་རྡོ་རྗེ་ནོར་བུའི་ཕྲེང་བ་ལྟར། སྐབས་ཐོབ་ཀྱི་ཁ་བསྒྱུར་དགོས་རིགས་བྱས་ལ་བཏང་མཐར། སྒོས་ཆོས་ལྷ་བསྐྱེད་པ་ནི། རྒྱུ་ཡི་ཧྲཱིཿདམར་གདན་སྟེང་བབས་པ་ལས། །རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་དྲུག་པ། །གཡས་ལྗང་གཡོན་དཀར་དབུས་དམར་ཁྲོ་ཞིང་གཏུམ། །སྨ་ར་སྨིན་མ་དབུ་སྐྲ་དམར་སེར་དབུས། །རྟ་མགོ་ལྗང་ཞུར་རྔོག་དམར་སྒྲ་དབྱངས་སྒྲོགས། །གཡས་གསུམ་རྡོ་རྗེ་པདྨ་རལ་གྲི་འཛིན། །གཡོན་གསུམ་འཁོར་ལོ་བེ་ཅོན་ཞགས་པ་བསྣམས། །ཁྱུང་གཤོག་ལ་སོགས་དཔལ་དང་དུར་ཁྲོད་ཆས། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་བཞུགས། །ཡུམ་ཆེན་པདྨ་གར་དབང་སྐུ་མདོག་སྔོ། །པདྨ་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད། །སྤྱི་བོར་བྱ་ཁྱུང་ནག་པོ་འཕུར་ཞིང་ལྡིང༌། །ཐུགས་ཀར་གསང་བདག་མཐིང་ནག་རྡོར་དྲིལ་འཛིན། །ཤར་རྩིབས་ཕྱག་རྡོར་མཐིང་ཁ་རྡོ་རྗེ་འཛིན། །ལྷོ་རྩིབས་གཤིན་རྗེ་སེར་པོ་གཡས་བེ་ཅོན། །ནུབ་རྩིབས་སྟོབས་ཆེན་ནག་པོ་གཡས་རྡོ་རྗེ། །གསུམ་ཀ་གཡོན་པ་ཐུགས་ཀར་སྡིགས་མཛུབ་མཛད། །བྱང་རྩིབས་འཁྱིལ་པ་ལྗང་ཞུ་རྒྱ་གྲམ་དྲིལ། །སྒོ་བཞིར་སྒོ་མ་ཁྲོ་མོ་ཕྱོགས་མདོག་ཅན། །གཡས་པ་རང་རྟགས་གཡོན་པ་པདྨ་བསྣམས། །ཀུན་ཀྱང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །སོ་སོའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །ཞེས་པའི་བར་སྤྱན་འདྲེན་ནས་བཟླས་དམིགས་བར་ཁྲོ་བོ་སྤྱིའི་ཕྲིན་ལས་ཀྱི་ཆིངས་ལྟར་ལ། བསྙེན་པ་ནི། ཨོཾ་ཧྲཱིཿཁྲོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཙཎྜ་མ་ཧཱ་རོ་ཥ་ཎ་ཡ་མཱནྟ་ཏ་ཀ་མ་ཧཱ་བཱ་ལ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ༔ ཞེས་བཟླ་ཞིང༌། ཚོགས་མཆོད་སོགས་ཆོ་གའི་རྗེས་རྣམས་ཀྱང་ཁྲོ་བོ་སྤྱིའི་རྗེས་རིམ་ལྟར་བྱའོ། །གཉིས་པ་དབང་གི་རིམ་པ་ལ་གོང་སྨོས་སྒྲུབ་རྫས་རྣམས་ཀྱི་སྟེང་དུ། འདི་ལ་དམིགས་བསལ་དགོས་པ་སྒྲུབ་རྟེན་གྱི་མདུན་དུ་དཀྱིལ་འཁོར་གཞུང་མཐུན་བཀྲམ་པའི་སྟེང༌། རྣམ་རྒྱལ་བུམ་པ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། ཤར་དུ་རྡོར་དྲིལ་བསྣོལ་མ་དང་ལྷ་ཙཀ་ཡོངས་རྫོགས། གསང་ཐོད། རིག་ཙཀ་བཅས་འདུ་བྱས་ལ། ཉེར་སྤྱོད་ཀྱི་མཆོད་པས་བསྐོར། སྐྱབས་སེམས་ནས་བརྩམས་བཟླས་པའི་བར་ལས་བྱང་གི་གཞུང་བསྲང༌། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་ཚོགས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། །རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞེས་དམིགས་ལ་རྩ་སྔགས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར། ལས་བུམ་དུ་བདུད་རྩི་འཁྱིལ་བ་སྐད་ཅིག་གིས་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅི་ནུས་བཟླས་མཐར་རིག་པའི་མེ་ཏོག་དོར་བས་བདག་འཇུག་བླང༌། སྤྲོ་ན་ཚོགས་མཆོད་སྤྱི་ཆིངས་ལྟར་བསྟབ་པའི་རྗེས་བར་བྱ། དེ་ནས་སློབ་མ་ཁྲུས་བྱས་ཏེ་ནང་དུ་འཁོད་པས། བགེགས་གཏོར་བཏང་ཞིང༌། སྲུང་འཁོར་བསྒོམ་ལ་ཐུན་མོང་གི་མཚམས་སྦྱོར་ཅི་རིགས་སྔོན་དུ་འགྲོ་བས། དེ་ལ་འདིར་ཕྱོགས་དུས་བདེ་གཤེགས་རྒྱལ་བ་རབ་འབྱམས་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད་ཁྲག་འཐུང་ཆེ་བའི་ཆེ་མཆོག་གི་སྐུར་བཞེངས་པ་དཔལ་ཧེ་རུ་ཀཿདབང་ཆེན་རྟ་མཆོག་རྒྱལ་པོ་ཉིད་སྙིགས་དུས་འདིར་བསྟེན་པར་བྱ་བའི་ལྷག་པའི་ལྷ་གཅིག་པུར་བསྔགས་ཏེ་རྡོ་རྗེའི་གསུང་ལས། དབང་ཆེན་ཁྲོ་བོའི་རྒྱལ་པོ་མཆོག༔ ཡི་དམ་ཀུན་གྱི་མཐར་ཐུག་ཡིན༔ ཞི་དང་རྒྱས་དང་དབང་དང་དགུག༔ དབྱེ་བསྐྲད་སྲུང་བཟློག་བསད་པ་སོགས༔ ཐུན་མོང་ལས་ཀུན་འབད་མེད་འགྲུབ༔ ཁྱད་པར་ལྷ་སྲིན་སྡེ་བརྒྱད་དང་༔ དྲེགས་པ་ཅན་རྣམས་ཟིལ་གྱིས་གནོན༔ གདུག་པའི་ཀླུ་དང་རྒྱལ་པོ་སོགས༔ སྐད་ཅིག་ཙམ་གྱིས་ཐལ་བར་རློག༔ མཐར་ཐུག་མཆོག་གི་དངོས་གྲུབ་ནི༔ པདྨ་དབང་ཆེན་ཚེ་འདིར་ཐོབ༔ དེ་ལྟར་བདེ་གཤེགས་ཐམས་ཅད་ཀྱི༔ མཐུ་དང་ནུས་པ་གཅིག་དྲིལ་བ༔ དྲག་སྔགས་གདུག་ཅན་སྲེག་པའི་མེ༔ རྣོ་དབལ་ལས་ཀྱི་སྤུ་གྲི་ཆེ༔ དྲེགས་པ་གནད་དབབ་མཚོན་ཆའི་ངར༔ གདུག་བྱེད་ཁྲག་ཏུ་སྐྱུག་པའི་རྒྱུད༔ འཇིག་རྟེན་གསུམ་ན་རྙེད་དཀའ་བ༔ ཡིད་བཞིན་ནོར་བུ་ལྟ་བུའོ༔ ཞེས་བསྔགས་པ་བརྗོད་པ་འདི་ཉིད་ལ་བཀའ་གཏེར་དག་སྣང་གི་བབས་སོ་མཐའ་ཀླས་པ་ཡོད་པ་ལས། སྐབས་སུ་བབས་པ་འདི་ནི་མ་ཧཱ་གུ་རུ་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝའི་ཐུགས་ཀྱི་སྲས་གཅིག་མངའ་བདག་ཆོས་ཀྱི་རྒྱལ་པོ་ཚངས་པ་ལྷ་ཡི་མེ་ཏོག་སངས་རྒྱས་མ་ཆགས་པདྨ་ཅན་དུ་སངས་རྒྱས་པའི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཀྱི་ཐིག་ལེ་ཟ་ཧོར་གྱི་གདུང་ལས་གངས་ཅན་བསྟན་འགྲོ་སྐྱོབ་པའི་མགོན་དུ་བཞེངས་པ་རྡོ་རྗེ་ཐོགས་མེད་རྩལ་ཆེན་པོར་དག་པ་རབ་འབྱམས་ཡེ་ཤེས་ཀྱི་གཟིགས་སྣང་ལས་བྱོན་པའི་རྒྱ་ཅན་ཉི་ཤུ་རྩ་ལྔའི་ཆོས་སྡེ་ལས་འདོད་འབྱུང་བུམ་པའི་རྒྱ་ཅན་རྟ་མགྲིན་དམ་སྲི་ཟིལ་གནོན་གྱི་དབང་གིས་སྨིན་པར་བྱེད་པ་སྐབས་སུ་བབས་པ་སྟེ། དེ་ལ་སློབ་དཔོན་གྱི་བགྱི་འོས་རྣམས་གྲུབ་ནས་སློབ་མའི་བྱ་བ་ལ་སྔོན་འགྲོ་ཕྱི་ནང་གི་འཇུག་པའི་དོན་དུ་མཎྜལ་ཕུལ། ཀུན་གཟིགས་མཆོག་གི་རྡོ་རྗེའི་གསུང་དབང་དང་སྒྲུབ་ཕྲིན་གྱི་ལག་ལེན་ནོར་བུའི་ཕྲེང་བ་ལས་ལྷ་དབང་སྒོས་ཆོས་ཙམ་མ་གཏོགས་རིག་འཛིན་ཞལ་ལུང་སོར་གནས་ཞེས་གསུང་པ་ལྟར་ལ། ལྷ་དབང་ནི། ཧྲཱིཿ །རྟ་མཆོག་རོལ་པ་པདྨ་ཁྲོས་པའི་རྒྱལ། །མཐུ་སྟོབས་སྐུ་ཡི་གཟི་བྱིན་འབར་བ་ཡིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྒྱལ་བསེན་འབྱུང་པོ་འདུལ་བའི་དབང་ཐོབ་ཤོག །ཨོཾ་ཧྱ་གྲཱྀ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོཾ། མཐིང་ནག་མེ་ཡི་གཤོག་པ་རྡོ་རྗེའི་མཆུ། །སྤྲུལ་པའི་བྱ་ཁྱུང་རྒྱལ་པོའི་མཐུ་རྩལ་གྱིས། །སྐལ་ལྡན་རིགས་ཀྱིས་བུ་ལ་དབང་བསྐུར་བས། །ཀླུ་གཉན་ས་བདག་འདུལ་བའི་དབང་ཐོབ་ཤོག །ཁྲོཾ་ག་རུ་ཨ་བྷི་ཥིཉྩ་ཧཱུྃ། །རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །གསང་བདག་ལག་ན་རྡོ་རྗེ་འབར་བའི་གཟི། །སྐལ་ལྡན་རིགས་ཀྱི་དབང་བསྐུར་བས། །དྲི་ཟའི་ཚོགས་རྣམས་འདུལ་བའི་དབང་ཐོབ་ཤོག །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་བྷི་ཥིཉྩ་ཧཱུྃ། །དུས་ཀྱི་དགྲ་བོ་ཁྲོས་པའི་དཔའ་བོ་ཆེ། །འཇམ་དཔལ་གཤིན་རྗེ་གཤེད་པོའི་མཐུ་རྩལ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གྲུལ་བུམ་ཚོགས་རྣམས་འདུལ་བའི་དབང་ཐོབ་ཤོག །ཨོཾ་ཡ་མཱནྟ་ཀ་ཨ་བྷི་ཥིཉྩ་ཧཱུྃ། །གཞན་གྱིས་མི་ཐུབ་ཤུགས་འཆང་ཆེན་པོ་ཅན། །ཁྲོ་རྒྱལ་སྟོབས་པོ་ཆེ་ཡི་དྲག་ཤུལ་གྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཀླུ་དབང་ཚོགས་རྣམས་འདུལ་བའི་དབང་ཐོབ་ཤོག །ཨོཾ་མ་ཧཱ་བ་ལ་ཨ་བྷི་ཥིཉྩ་ཧཱུྃ། །མ་རུང་བགེགས་ཀྱི་ཚོགས་རྣམས་མ་ལུས་པ། །མཐར་སྐྲོད་ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གནོད་སྦྱིན་ཚོགས་རྣམས་འདུལ་བའི་དབང་ཐོབ་ཤོག །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཨ་བྷི་ཥིཉྩ་ཧཱུྃ། །གཏུམ་དྲག་གཟུགས་ཅན་དཀར་སེར་དམར་ལྗང་མདོག །སྒོ་སྐྱོང་ཁྲོ་མོ་རྣམ་བཞིའི་ཕྱག་རྒྱ་ཡིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཚད་མེད་རྣམ་བཞིས་འགྲོ་དོན་བྱེད་པར་ཤོག །ཛཿཧཱུྃ་བཾ་ཧོཿ ཨ་བྷི་ཥིཉྩ་ཧཱུྃ། །དབང་ཆེན་རྟ་མཆོག་རོལ་པའི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར་བས་བདེ་གཤེགས་ཐམས་ཅད་ཀྱི་གསུང་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུང་དང་ཐུགས་ཀྱི་དབང་བསྐུར་ནས་བརྩམས། གསང་དབང༌། ཤེར་དབང༌། ཚིག་དབང༌། དམ་ཚིག་ཁས་བླངས། ལུས་འབུལ། དགེ་བསྔོ་བཅས་ཞི་ཁྲོ་རྣམ་རོལ་ལྟར་ལ། གསང་ཤེར་དབང་ལ་སྐབས་ཐོབ་ཁ་བསྒྱུར། ལས་བྱང་གི་རྗེས་རིམ་རྣམས་བཀའ་བརྒྱད་རིག་འཛིན་ཞལ་ལུང་གི་ཁྲོ་བོ་སྤྱིའི་ལས་བྱང་ལྟར་བྱས་པས་གྲུབ་བོ། །གདོད་ནས་འགྱུརྃ་མེདྃ་བདེ་ཆེན་ཡེ་ཤེས་དབྱིངས། །བདེ་བར་ངལ་འཚོ་ཐེགྃ་མཆོྃག་ལམ་བསྟནྃ་པས། །སྙིང་པོ་རྟ་མཆོག་རོལ་པའིྃ་སྒྲུབ་ཐབས་དང༌། །སྨིན་བྱེད་རྒྱལྃ་མཚྃན་སྲིད་ཞིའི་བླ་ན་འཕགས། །བུམ་པའི་རྒྱ་ཅན་ལས། རྟ་མགྲིན་དམ་སྲི་ཟིལ་གནོན་གྱི་སྒྲུབ་ཐབས་དང་དབང་གི་ལེའུ་ཚན་ནོ།། །།
[edit]

@#/__bum pa'i rgya can las/_rta mgrin dam sri zil gnon gyi sgrub thabs dang dbang gi cho ga bklag chog tu bkod pa dbang chen dgyes pa'i snang ba zhes bya ba bzhugs so//


@#/_bde chen snying rjes bzhengs pa'i mtshan dpe ni/_/thun mtshams sprin pa'i mdangs kyi ye shes nyid/_/nag phyogs mun pa'i gshed gyur he ru kar/_/btud nas de sgrub pad+ma'i dga' tshal spel/_/dpal rta mgrin dam sri zil gnon nyams su len pa la/_sgrub thabs dang*/_dbang gi rim pa'o/__/dang po ni/_rung ba'i gnas su gzhung mthun rten gyi spyan sngar bsnyen sgrub dkyus ma la sman gtor rak+ta/_nyer spyod kyi mchod pa/_dkar bgegs dang tshogs gtor tsam bshams/_bde ba'i stan la 'khod pas skyabs sems nas brtsams mchod pa byin rlabs/_rten gzhal yas khang dang gdan bskyed pa'i tshig_/gan rkyal kha sbub brtsegs pa'i gdan steng du zhes pa'i bar/_khro bo spyi yi las byang rdo rje nor bu'i phreng ba ltar/_skabs thob kyi kha bsgyur dgos rigs byas la btang mthar/_sgos chos lha bskyed pa ni/_rgyu yi hrIHdmar gdan steng babs pa las/_/rta mgrin dmar po zhal gsum phyag drug pa/_/g.yas ljang g.yon dkar dbus dmar khro zhing gtum/_/sma ra smin ma dbu skra dmar ser dbus/_/rta mgo ljang zhur rngog dmar sgra dbyangs sgrogs/_/g.yas gsum rdo rje pad+ma ral gri 'dzin/_/g.yon gsum 'khor lo be con zhags pa bsnams/_/khyung gshog la sogs dpal dang dur khrod chas/_/zhabs bzhi g.yas bskum g.yon brkyang tshul gyis bzhugs/_/yum chen pad+ma gar dbang sku mdog sngo/_/pad+ma thod khrag 'dzin pas yab la 'khyud/_/spyi bor bya khyung nag po 'phur zhing lding*/_/thugs kar gsang bdag mthing nag rdor dril 'dzin/_/shar rtsibs phyag rdor mthing kha rdo rje 'dzin/_/lho rtsibs gshin rje ser po g.yas be con/_/nub rtsibs stobs chen nag po g.yas rdo rje/_/gsum ka g.yon pa thugs kar sdigs mdzub mdzad/_/byang rtsibs 'khyil pa ljang zhu rgya gram dril/_/sgo bzhir sgo ma khro mo phyogs mdog can/_/g.yas pa rang rtags g.yon pa pad+ma bsnams/_/kun kyang dur khrod chas kyis rnam par brgyan/_/ye shes me dpung 'bar ba'i klong na bzhugs/_/so so'i gnas gsum yig 'bru gsum gyis mtshan/_/de las 'od 'phros ye shes spyan drangs gyur/_/zhes pa'i bar spyan 'dren nas bzlas dmigs bar khro bo spyi'i phrin las kyi chings ltar la/_bsnyen pa ni/_oM hrIHkhroM badz+ra kro d+ha h+ya gr-I wa hu lu hu lu tsaN+Da ma hA ro Sha Na ya mAn+ta ta ka ma hA bA la a mr-i ta kuN+Da li hU~M phaT:_zhes bzla zhing*/_tshogs mchod sogs cho ga'i rjes rnams kyang khro bo spyi'i rjes rim ltar bya'o/__/gnyis pa dbang gi rim pa la gong smos sgrub rdzas rnams kyi steng du/_'di la dmigs bsal dgos pa sgrub rten gyi mdun du dkyil 'khor gzhung mthun bkram pa'i steng*/_rnam rgyal bum pa/_lhor dbu rgyan/_nub tu rdo rje/_byang du dril bu/_shar du rdor dril bsnol ma dang lha tsaka yongs rdzogs/_gsang thod/_rig tsaka bcas 'du byas la/_nyer spyod kyi mchod pas bskor/_skyabs sems nas brtsams bzlas pa'i bar las byang gi gzhung bsrang*/_bum pa rang byung gi gzhal yas khang du lha tshogs dwangs pa'i mtsho la gza' skar shar ba ltar skad cig gis gsal bar gyur/_/rang srog sngags kyi 'od zer gzungs thag la/_/'khril te bum pa'i lha tshogs thugs kar zhugs/_/de dag sku las byang sems bdud rtsi'i rgyun/_/babs pas bum chur gnyis med ro gcig gyur/_/zhes dmigs la rtsa sngags bzlas mthar/_oM AHhU~M gis mchod yon phul bas bum lha 'od du zhu nas bum chu dang dbyer med du gyur/_las bum du bdud rtsi 'khyil ba skad cig gis gsal ba'i sku las bdud rtsi'i rgyun babs pas bum pa gang bar gyur par bsam la/_oM badz+ra a mr-i ta kuN+Da li ha na ha na hU~M phaT/_ci nus bzlas mthar rig pa'i me tog dor bas bdag 'jug blang*/_spro na tshogs mchod spyi chings ltar bstab pa'i rjes bar bya/_de nas slob ma khrus byas te nang du 'khod pas/_bgegs gtor btang zhing*/_srung 'khor bsgom la thun mong gi mtshams sbyor ci rigs sngon du 'gro bas/_de la 'dir phyogs dus bde gshegs rgyal ba rab 'byams kyi gsung mi zad pa rgyan gyi 'khor lo nyid khrag 'thung che ba'i che mchog gi skur bzhengs pa dpal he ru kaHdbang chen rta mchog rgyal po nyid snyigs dus 'dir bsten par bya ba'i lhag pa'i lha gcig pur bsngags te rdo rje'i gsung las/_dbang chen khro bo'i rgyal po mchog:_yi dam kun gyi mthar thug yin:_zhi dang rgyas dang dbang dang dgug:_dbye bskrad srung bzlog bsad pa sogs:_thun mong las kun 'bad med 'grub:_khyad par lha srin sde brgyad dang :_dregs pa can rnams zil gyis gnon:_gdug pa'i klu dang rgyal po sogs:_skad cig tsam gyis thal bar rlog:_mthar thug mchog gi dngos grub ni:_pad+ma dbang chen tshe 'dir thob:_de ltar bde gshegs thams cad kyi:_mthu dang nus pa gcig dril ba:_drag sngags gdug can sreg pa'i me:_rno dbal las kyi spu gri che:_dregs pa gnad dbab mtshon cha'i ngar:_gdug byed khrag tu skyug pa'i rgyud:_'jig rten gsum na rnyed dka' ba:_yid bzhin nor bu lta bu'o:_zhes bsngags pa brjod pa 'di nyid la bka' gter dag snang gi babs so mtha' klas pa yod pa las/_skabs su babs pa 'di ni ma hA gu ru rdo rje'i bla ma pad+ma saM b+ha wa'i thugs kyi sras gcig mnga' bdag chos kyi rgyal po tshangs pa lha yi me tog sangs rgyas ma chags pad+ma can du sangs rgyas pa'i phrin las mi zad rgyan gyi 'khor lo'i ye shes kyi thig le za hor gyi gdung las gangs can bstan 'gro skyob pa'i mgon du bzhengs pa rdo rje thogs med rtsal chen por dag pa rab 'byams ye shes kyi gzigs snang las byon pa'i rgya can nyi shu rtsa lnga'i chos sde las 'dod 'byung bum pa'i rgya can rta mgrin dam sri zil gnon gyi dbang gis smin par byed pa skabs su babs pa ste/_de la slob dpon gyi bgyi 'os rnams grub nas slob ma'i bya ba la sngon 'gro phyi nang gi 'jug pa'i don du maN+Dal phul/_kun gzigs mchog gi rdo rje'i gsung dbang dang sgrub phrin gyi lag len nor bu'i phreng ba las lha dbang sgos chos tsam ma gtogs rig 'dzin zhal lung sor gnas zhes gsung pa ltar la/_lha dbang ni/_hrIH_/rta mchog rol pa pad+ma khros pa'i rgyal/_/mthu stobs sku yi gzi byin 'bar ba yis/_/skal ldan rigs kyi bu la dbang bskur bas/_/rgyal bsen 'byung po 'dul ba'i dbang thob shog_/oM h+ya gr-I wa a b+hi Shiny+tsa hU~M/_khroM/_mthing nag me yi gshog pa rdo rje'i mchu/_/sprul pa'i bya khyung rgyal po'i mthu rtsal gyis/_/skal ldan rigs kyis bu la dbang bskur bas/_/klu gnyan sa bdag 'dul ba'i dbang thob shog_/khroM ga ru a b+hi Shiny+tsa hU~M/_/rgyal ba kun gyi mthu stobs gcig bsdus pa/_/gsang bdag lag na rdo rje 'bar ba'i gzi/_/skal ldan rigs kyi dbang bskur bas/_/dri za'i tshogs rnams 'dul ba'i dbang thob shog_/oM tsaN+Da ma hA ro Sha Na a b+hi Shiny+tsa hU~M/_/dus kyi dgra bo khros pa'i dpa' bo che/_/'jam dpal gshin rje gshed po'i mthu rtsal gyis/_/skal ldan rigs kyi bu la dbang bskur bas/_/grul bum tshogs rnams 'dul ba'i dbang thob shog_/oM ya mAn+ta ka a b+hi Shiny+tsa hU~M/_/gzhan gyis mi thub shugs 'chang chen po can/_/khro rgyal stobs po che yi drag shul gyis/_/skal ldan rigs kyi bu la dbang bskur bas/_/klu dbang tshogs rnams 'dul ba'i dbang thob shog_/oM ma hA ba la a b+hi Shiny+tsa hU~M/_/ma rung bgegs kyi tshogs rnams ma lus pa/_/mthar skrod khro bo bdud rtsi 'khyil pa yis/_/skal ldan rigs kyi bu la dbang bskur bas/_/gnod sbyin tshogs rnams 'dul ba'i dbang thob shog_/oM a mr-i ta kuN+Da li a b+hi Shiny+tsa hU~M/_/gtum drag gzugs can dkar ser dmar ljang mdog_/sgo skyong khro mo rnam bzhi'i phyag rgya yis/_/skal ldan rigs kyi bu la dbang bskur bas/_/tshad med rnam bzhis 'gro don byed par shog_/dzaHhU~M baM hoH_a b+hi Shiny+tsa hU~M/_/dbang chen rta mchog rol pa'i lha tshogs rnams kyis dbang bskur bas bde gshegs thams cad kyi gsung yongs su rdzogs pa'i dbang dam pa thob par gyur cig_/gsung dang thugs kyi dbang bskur nas brtsams/_gsang dbang*/_sher dbang*/_tshig dbang*/_dam tshig khas blangs/_lus 'bul/_dge bsngo bcas zhi khro rnam rol ltar la/_gsang sher dbang la skabs thob kha bsgyur/_las byang gi rjes rim rnams bka' brgyad rig 'dzin zhal lung gi khro bo spyi'i las byang ltar byas pas grub bo/__/gdod nas 'gyura~M meda~M bde chen ye shes dbyings/_/bde bar ngal 'tsho thega~M mcho~Mg lam bstana~M pas/_/snying po rta mchog rol pa'i~M sgrub thabs dang*/_/smin byed rgyala~M mtsha~Mn srid zhi'i bla na 'phags/_/bum pa'i rgya can las/_rta mgrin dam sri zil gnon gyi sgrub thabs dang dbang gi le'u tshan no//__//

Footnotes

Other Information