DKR-KABUM-10-THA-038: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། རྟ་མགྲིན་ཁམས་གསུམ་རོལ་པའི་རྒྱུན་ཁྱེར་དབང་ཆེན་ཐུགས་ཐིག། | |||
|fulltitle=dpal chen bka' 'dus rgya mtsho las/ rta mgrin khams gsum rol pa'i rgyun khyer dbang chen thugs thig | |||
|citation=[[Khyentse, Dilgo]]. ''Dpal chen bka' 'dus rgya mtsho las rta mgrin khams gsum rol pa'i rgyun khyer dbang chen thugs thig''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 189-191. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|sourcerevealer='jigs med gling pa | |||
|sourcerevealertib=འཇིགས་མེད་གླིང་པ་ | |||
|tibgenre=Daily Practice - rgyun khyer, Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Three | |||
|deity=rta mgrin | |||
|cycle=dpal chen bka' 'dus rgya mtsho | |||
|cycletib=དཔལ་ཆེན་བཀའ་འདུས་རྒྱ་མཚོ་ | |||
|parentcycle=klong chen snying gi thig le | |||
|parentcycletib=ཀློང་ཆེན་སྙིང་གི་ཐིག་ལེ་ | |||
|language=Tibetan | |||
|volumenumber=010 | |||
|volnumtib=༡༠ | |||
|volyigtib=ཐ་ | |||
|totalvolumes=25 | |||
|textnuminvol=038 | |||
|pagenumbers=189-191 | |||
|totalpages=5 | |||
|beginfolioline=1a | |||
|endfolioline=3a5 | |||
|totalfolios=3 | |||
|multivolumework=No | |||
|rectonotes=rgyun khyer | |||
|versonotes=klong snying rta mgrin | |||
|colophontib=།ཅེས་པའང་སྔ་འགྱུར་བཀའ་གཏེར་སྤྱིའི་ཕྱག་བཞེས་ལྟར་རྒྱུན་གྱི་རྣལ་འབྱོར་དུ་བློ་གསལ་རིག་པར་སྨྲ་བ་དགེ་སྦྱོང་བཀྲ་ཤིས་རྒྱ་མཚོས་བསྐུལ་བ་ལྟར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་རང་གཞན་ཉེར་མཁོའི་ཆེད་དུ་བྲིས་པའོ།། | |||
|colophonwylie=/ces pa'ang snga 'gyur bka' gter spyi'i phyag bzhes ltar rgyun gyi rnal 'byor du blo gsal rig par smra ba dge sbyong bkra shis rgya mtshos bskul ba ltar 'jigs med mkhyen brtse'i 'od zer gyis rang gzhan nyer mkho'i ched du bris pa'o// | |||
|lotsawalink=https://www.lotsawahouse.org/tibetan-masters/dilgo-khyentse/daily-hayagriva-play-three-realms | |||
|pdflink=File:DKR-KABUM-10-THA-038.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། རྟ་མགྲིན་ཁམས་གསུམ་རོལ་པའི་རྒྱུན་ཁྱེར་དབང་ཆེན་ཐུགས་ཐིག་བཞུགས།། | |||
<br> | |||
༄༅། །ན་མོ་གུ་རུ་པདྨ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་བྷྱཿ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི་སྤྱི་སྒྲུབ་བླ་མ་བཀའ་བརྒྱད་དཔལ་ཆེན་འདུས་པའི་སྒོས་བཀའ་པདྨ་གསུང་གི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས་སོགས་གསོལ་འདེབས་དང༌། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ཡན་ལག་བརྒྱད་པའི་རྒྱུན་བཤགས་སྔོན་དུ་འགྲོ་བས། དངོས་གཞི་བསྐྱེད་རིམ་གསལ་གདབ་པ་ནི། ཧཱུྃཿ རང་བྱུང་རིག་པ་བདག་མེད་དེ་བཞིན་ཉིདཿ རོལ་རྩལ་ཀུན་སྣང་སྙིང་རྗེ་ཆེན་པོའི་གདངསཿ རྒྱུ་ཡི་རིག་པ་ཧཱུྃ་གིས་སྣོད་བཅུད་སྦྱངསཿ དེ་ཉིད་གནས་གྱུར་རྡོ་རྗེ་ལྔ་པཿ སྐད་ཅིག་ཡོངས་གྱུར་རྒྱུ་ཡི་ཧེ་རུ་ཀཿ བརྗོད་མེད་ཀློང་ལྔ་ཡུམ་གྱི་མཁའ་ལ་ཤརཿ འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེའིཿ ལྟེ་བར་ཟླ་གམ་དམར་པོ་སྒོ་གཅིག་དབུསཿ པཾ་ལས་པདྨ་མཾ་ལས་ཉི་མའི་གདནཿ རུ་དང་ནཱ་ལས་ཀླུ་སྲིན་བསྣོལ་བའི་སྟེངཿ ཧཱུྃཿ རང་བྱུང་རྒྱུ་ཡི་ཧེ་རུ་ཀཿ ཡེ་ཤེས་དབྱིངས་ནས་གདན་ལ་བབསཿ མཉམ་སྦྱོར་བདེ་བ་ཆེན་པོའི་སྒྲསཿ འཕགས་པ་མཆོད་ཅིང་གཞན་དོན་བྱསཿ ཡོངས་གྱུར་འབྲས་བུའི་ཧེ་རུ་ཀཿ ་དཔལ་ཆེན་རྟ་མཆོག་རོལ་པ་ནིཿ སྐུ་མདོག་དུས་མཐའི་མེ་ལྟར་འབརཿ དབུ་ལྔ་ཕྱག་ནི་བཅུ་དྲུག་ལཿ ཁྱུང་གཤོག་གདེངས་ཤིང་ཞབས་བརྒྱད་བགྲདཿ གཤོག་རྩེ་བྱ་ཁྱུང་ཉི་ཟླས་མཚནཿ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགསཿ ཤར་ལྷོ་ནུབ་བྱང་གཟིགས་པའི་དབུསཿ དྲི་ཟ་གཤིན་རྗེ་ཀླུ་དབང་དངཿ གནོད་སྦྱིན་གདོན་ལ་མྱ་ངན་བསྐྱེདཿ གཡས་སྔོ་གཡོན་སེར་ལྷག་མ་དམརཿ སྟེང་ཞལ་རྔམས་པས་བདུད་བཞི་འདུལཿ ལྔ་ཀའང་རྟ་མགོ་ལྗང་ཞུར་འཚེརཿ རིགས་ལྔའི་རྒྱལ་ལ་གདན་གསུམ་རྫོགསཿ གཡས་པ་བརྒྱད་ཀྱི་དང་པོ་ནསཿ རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་དངཿ ལྕགས་ཀྱུ་སྦྲུལ་ཞགས་འཁོར་ལོའི་མཚོནཿ རལ་གྲི་རྡོ་རྗེ་ཕྲེང་བའོཿ གཡོན་བརྒྱད་ཐོད་ཁྲག་པདྨ་སྙིངཿ དབྱུག་པ་རྒྱ་གྲམ་བེ་ཅོན་མེཿ ཏྲི་ཤུ་ལ་དང་ཁྱུང་ཁྲ་འགྱེདཿ ཞབས་བརྒྱད་ཀླུ་བརྒྱད་རྒྱལ་བསེན་བརྫིསཿ ཡུམ་ཆེན་པདྨ་གཟི་ལྡན་སྔོཿ གཡས་པ་ཡིད་བཞིན་ནོར་འཛིན་འཁྱུདཿ གཡོན་ན་རིན་ཆེན་ཟ་མ་ཏོགཿ སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིངཿ ཡེ་ཤེས་ལྔའི་དབང་བསྐུར་རོཿ ཨོཾ་ཨཱཿཧཱུྃཿ ཧྲཱིཿཨོཾ་སྭཱ་ཧཱུྃ་ཨཱཿ ཞེས་གསལ་སྣང་བརྟན་པོ་སྒྲུབ། ལེགས་པར་གསལ་བ་དང༌། གཉིས་པ་བཟླས་པའི་རིམ་པ་ནི། ཐུགས་ཀར་རྒྱལ་བ་ཀུན་གྱི་ཡུམཿ པདྨ་གཟི་ལྡན་ཞི་མ་ཁྲོཿ ཕྱག་མཚན་མེད་དེ་འཛིན་འཛིན་འདྲའིཿ སྙིང་ག་རིན་ཆེན་ཟུར་བརྒྱད་སྟེངཿ ཉི་མའི་གདན་ལ་ཧྲཱིཿཡིག་མཐརཿ རྡོ་རྗེའི་སྔགས་ནི། ཨོཾ་རུ་ལུ་རུ་ལུ་ཕཊ྄ཿཨེ་ཨ་ར་ལི་ཧཱུྃ་ཧྲཱིཿཛཿ ཞེས་ཅི་ནུས་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་ལ། གསུམ་པ་ལྷ་སྣང་བསྡུ་ལྡང་ནི། ཧོཿ ཆུ་ལས་ཆུ་བུར་རྡོལ་བ་བཞིནཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡངཿ བཛྲ་རཀྵ་ཧཱུྃཿ རྡོ་རྗེ་སྒོ་བགོ། ཧེ་རུ་ཀའི་ཡིག་བརྒྱས་བརྟན་པར་བྱ། རྗེས་རིམ་བསྔོ་སྨོན་ནི། ཧཱུྃཿ སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངངཿ བསོད་ནམས་ཡེ་ཤེས་རིམ་གཉིས་རྣལ་འབྱོར་ཚོགསཿ མི་གནས་ཡེ་ཤེས་མྱ་ངན་འདས་པར་བསྔོཿ ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོགཿ ཅེས་བརྗོད་ནས་སྤྱོད་ལམ་ལ་འཇུག་གོ། །ཅེས་པའང་སྔ་འགྱུར་བཀའ་གཏེར་སྤྱིའི་ཕྱག་བཞེས་ལྟར་རྒྱུན་གྱི་རྣལ་འབྱོར་དུ་བློ་གསལ་རིག་པར་སྨྲ་བ་དགེ་སྦྱོང་བཀྲ་ཤིས་རྒྱ་མཚོས་བསྐུལ་བ་ལྟར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་རང་གཞན་ཉེར་མཁོའི་ཆེད་དུ་བྲིས་པའོ།།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 08:08, 1 June 2024
Wylie title | dpal chen bka' 'dus rgya mtsho las/ rta mgrin khams gsum rol pa'i rgyun khyer dbang chen thugs thig | |
---|---|---|
Location | dil mgo mkhyen brtse bka' 'bum Volume 10, Text 38, Pages 189-191 (Folios 1a to 3a5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇིགས་མེད་གླིང་པ་ ('jigs med gling pa) | |
Citation | Khyentse, Dilgo. Dpal chen bka' 'dus rgya mtsho las rta mgrin khams gsum rol pa'i rgyun khyer dbang chen thugs thig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 189-191. Delhi: Shechen Publications, 1994. | |
Genre | Daily Practice - rgyun khyer · Sadhanas - Evocation Ritual - sgrub thabs | |
Cycle | དཔལ་ཆེན་བཀའ་འདུས་རྒྱ་མཚོ་ (dpal chen bka' 'dus rgya mtsho) | |
Parent Cycle | ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le) | |
Deity | rta mgrin | |
Lotsawa House Link | https://www.lotsawahouse.org/tibetan-masters/dilgo-khyentse/daily-hayagriva-play-three-realms | |
Colophon |
།ཅེས་པའང་སྔ་འགྱུར་བཀའ་གཏེར་སྤྱིའི་ཕྱག་བཞེས་ལྟར་རྒྱུན་གྱི་རྣལ་འབྱོར་དུ་བློ་གསལ་རིག་པར་སྨྲ་བ་དགེ་སྦྱོང་བཀྲ་ཤིས་རྒྱ་མཚོས་བསྐུལ་བ་ལྟར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་རང་གཞན་ཉེར་མཁོའི་ཆེད་དུ་བྲིས་པའོ།། | |
/ces pa'ang snga 'gyur bka' gter spyi'i phyag bzhes ltar rgyun gyi rnal 'byor du blo gsal rig par smra ba dge sbyong bkra shis rgya mtshos bskul ba ltar 'jigs med mkhyen brtse'i 'od zer gyis rang gzhan nyer mkho'i ched du bris pa'o// |