DKR-KABUM-08-NYA-019: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...")
 
m (Text replacement - "Khyentse Metadata" to "Text")
 
(One intermediate revision by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=འཆི་མེད་འཕགས་མའི་སྙིང་ཐིག་གི་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་དམིགས།
|fulltitle='chi med 'phags ma'i snying thig gi bsnyen sgrub las gsum gyi bzlas dmigs
|citation=[[Khyentse, Dilgo]]. '''chi med 'phags ma'i snying thig gi bsnyen sgrub las gsum gyi bzlas dmigs''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 8: 203-204. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer='jam dbyangs mkhyen brtse'i dbang po
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|tibgenre=Recitation Manual - bsnyen yig
|terma=Yes
|dkroutline=Three
|deity=sgrol ma yid bzhin 'khor lo
|cycle='chi med 'phags ma'i snying thig
|cycletib=འཆི་མེད་འཕགས་མའི་སྙིང་ཐིག་
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=008
|volumenumber=NYA
|volnumtib=༨
|volyigtib=ཉ་
|totalvolumes=25
|textnuminvol=019
|textnuminvol=019
|pagenumbers=203-204
|totalpages=4
|beginfolioline=1a1
|endfolioline=2b6
|totalfolios=2
|multivolumework=No
|rectonotes=bzlas dmigs
|versonotes='phags ma'i snying thig
|recensionlink=JKW-KABAB-13-PA-033
|pdflink=File:DKR-KABUM-08-NYA-019.pdf
|pdflink=File:DKR-KABUM-08-NYA-019.pdf
}}
}}

Latest revision as of 08:04, 1 June 2024

Wylie title 'chi med 'phags ma'i snying thig gi bsnyen sgrub las gsum gyi bzlas dmigs DKR-KABUM-08-NYA-019.pdf
Location dil mgo mkhyen brtse bka' 'bum
Volume 8, Text 19, Pages 203-204 (Folios 1a1 to 2b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. 'chi med 'phags ma'i snying thig gi bsnyen sgrub las gsum gyi bzlas dmigs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 203-204. Delhi: Shechen Publications, 1994.
Genre Recitation Manual - bsnyen yig
Cycle འཆི་མེད་འཕགས་མའི་སྙིང་ཐིག་ ('chi med 'phags ma'i snying thig)
Deity sgrol ma yid bzhin 'khor lo
Recension Link Other Versions on this site: འཆི་མེད་འཕགས་མའི་སྙིང་ཐིག་གི་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་དམིགས།
[edit]
༄༅། འཆི་མེད་འཕགས་མའི་སྙིང་ཐིག་གི་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་དམིགས་ལ་དང་པོ་བསྙེན་པའི་དམིགས་པ་ནི། རང་ཉིད་རྗེ་བཙུན་འཕགས་མའི་སྐུར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་དཀར་གསལ་ཡབ་རྐྱང་ལོངས་སྐུའི་རྒྱན་ཆས་ཅན་གྱི་ཐུགས་ཀར་པདྨ་དཀར་པོའི་སྟེང་ཉི་མ་འོག་ཟླ་བ་སྟེ་ཁ་སྦྱོར་གྱི་ཁོག་སྟོང་དུ་ཐུགས་སྲོག་ས་བོན་ཏཱཾ་གྱི་མཐར་རྡོ་རྗེའི་ཡི་གེ་བཅུ་པ་གཡས་བསྐོར་དུ་འཁོད་པ་ལ་སེམས་གཏད་ནས་བཟླས་པས་ཐུགས་རྒྱུད་བསྐུལ་ཏེ་ཐུགས་སྲོག་ཏཱཾ་དང་སྔགས་ཕྲེང་ལས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་གཙོ་བོའི་དབུའི་གཙུག་ཏོར་གྱི་ནོར་བུ་ལས་ཐོན་ཏེ་འོད་དེའི་ཀློང་དུ་སྤྲུལ་པའི་སེམས་དཔའ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་གསལ་གཡས་སྐྱབས་སྦྱིན་པུས་མོ་གཡས་པའི་སྟེང་དུ་བརྐྱང་སྟེ་སྡིག་མཛུབ་ཀྱིས་ལྕགས་ཀྱུ་འགུགས་ཐབས་སུ་བསྣམས་པ། གཡོན་པས་ཐུགས་ཀའི་ཐད་དུ་མཆོག་སྦྱིན་གྱི་ཕྱག་རྒྱས་ཚེའི་བུམ་པ་བདུད་རྩིའི་རྒྱུན་འབེབས་བཞིན་པ་བསྣམས་པ། ཞབས་སེམས་མའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། འོད་དང་འོད་ཟེར་འབར་བཞིན་པ་གྲངས་མེད་པ་ཉི་ཟེར་གྱི་རྡུལ་བཞིན་དུ་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་བར་མེད་པ་སྤྲོས་པས་རྩ་བའི་དཀྱིལ་འཁོར་སྒྲོལ་མ་རིགས་བཞི། སྒོ་མ་རྣམས་དང༌། ཕྱོགས་དུས་རྒྱལ་བ་སྲས་བཅས། རྒྱུད་སྡེ་དྲུག་གི་ཡི་དམ། གནས་ཡུལ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དང་རྡོ་རྗེའི་ཆོས་སྲུང་རྒྱ་མཚོར་བཅས་པའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་བསམ་ལས་འདས་པའི་བྱིན་རླབས་ནུས་སྟོབས་དང་ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་གྱི་འབྱུང་བ་ལྔ་ཡི་དྭངས་བཅུད། ནང་གཡོ་བ་བཅུད་ཀྱི་སེམས་ཅན་གྱི་ཚེ་བསོད་དཔལ་འབྱོར་དབང་ཐང་ཆོས་སྲིད་ཀྱི་དགེ་མཚན་རྨད་དུ་བྱུང་བའི་དྭངས་བཅུད་ཡོན་ཏན་ཐམས་ཅད་ཀུན་འདུས་པའི་དངུལ་ཆུ་ཞེས་བཅུད་ལེན་གྱི་རྫས་གྲུབ་པ་སྟེ་སྟོན་ཟླ་ལྟར་དཀར་བ། ཉི་མ་ལྟ་བུའི་འོད་ཟེར་ཅན། གཡས་བསྐོར་དུ་འཁྱིལ་ཞིང༌། གྲུབ་པའི་རྟགས་གཡུང་དྲུང་དང་དགའ་བ་འཁྱིལ་བ་སོགས་བཀྲ་ཤིས་པའི་རི་མོ་སྣ་ཚོགས་པས་བཀྲ་བ། ནུས་པ་གང་ལ་རེག་པ་ཙམ་གྱིས་གླང་པོ་ཆེའི་སྟོབས། ཉི་ཟླའི་ཚེ། རྡོ་རྗེའི་ལུས་བཅུ་དྲུག་གི་ལང་ཚོ་ཅན་དུ་བསྒྱུར་ནུས་ཤིང༌། ལྕགས་ལ་རེག་པ་ཙམ་གྱིས་གསེར་དུ་འགྱུར་བ། ཤིང་བསྐམ་ལ་གཏོར་བ་ཙམ་གྱི་ལོ་འབྲས་མེ་ཏོག་ཕུན་སུམ་ཚོགས་པ་སྐད་ཅིག་གིས་འབྱུང་བ་ཞིག་སྟེ། དེ་ལྟ་བུའི་རྣམ་པ་བདེ་བ་ཆེན་པོའི་གཟི་བྱིན་འབར་བ་བསྡུས་སྟེ་བདག་གི་ཕུང་ཁམས་སྐྱེ་མཆེད་དང༌། སྒྲུབ་པའི་རྫས་རིལ་བུ་སྨན་རཀ་གཏོར་མཆོད་ཐམས་ཅད་ལ་ཐིམ་པས་མེ་ཏོག་ལ་ཆར་གྱིས་བྲན་པ་བཞིན་བྱིན་རླབས་གཟི་བརྗིད་ནུས་མཐུ་རྣམས་དཔལ་དུ་འབར་བར་བསམ་ལ་རྡོ་རྗེའི་ཡི་གེ་བཅུ་པ་འབའ་ཞིག་བཟླ། དྲིལ་སྒྲུབ་ཀྱི་སྐབས་དེའི་མཇུག་ཏུ་སྔགས་དེ་ལ་མཐུད་ནས་གསལ་གདབ། ཡེ་ཤེས་སེམས་དཔར་དེའི་དམིགས་པ་བཞག་ནས་ཐུགས་སྲོག་ཏཱཾ་ཧྲཱིར་བསྒྱུར་བའི་མཐར་རང་སྔགས་བཀོད་སྤྲུལ་པར་ཐུགས་ཀར་ཉི་ཟླའི་གཱུའི་དབུས་སུ་བྷྲཱུྃ་མཐར་སྔགས་ཕྲེང་བཀོད་པ་ཡིན། གཉིས་པ་བསྒྲུབ་པའི་དམིགས་པ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་སྤྲོ་བསྡུ་སྔར་ལྟར་བྱས་པས་བརྟན་གཡོའི་དྭངས་བཅུད་གྲུབ་པའི་དངུལ་ཆུ་ལྟ་བུ་ལྷ་གཙོ་འཁོར་ཐམས་ཅད་ལ་ཐིམ་པས་ཀུན་ཀྱང་སྐུ་ཟག་མེད་བདེ་ཆེན་གྱི་ཉམས་རབ་ཏུ་རྒྱས། གསུང་གཞོམ་མེད་རྡོ་རྗེའི་སྔགས་ཀྱི་སྒྲ་གདངས་སྙན་བརྗིད་ཆགས་ཁྲོའི་ཚུལ་གྱིས་བུང་བ་ཚང་ཞིག་པ་བཞིན་བསྒྲགས། ཐུགས་ཞི་རྒྱས་དབང་དྲག་མཆོག་གི་དགོངས་པ་མི་འགྱུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་འཁོར་ཆོས་ཕུང་པོ་ལྔ་དང་འབྱུང་ལྔ་སྐྱེ་མཆེད་དབང་ཡུལ་དང་བཅས་པ་སྒྲོལ་མ་རིགས་ལྔའི་རྡོ་རྗེ་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་སད་པའི་དག་ཆེན་ཡེ་ཤེས་ཆེན་པོའི་རོལ་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱེར་མེད་པ་མི་ཟད་རྒྱན་གྱི་འཁོར་ལོར་སད་པར་བསམ་ལ་སྒྲོལ་མ་རིགས་བཞིའི་ཐུགས་སྲོག་པདྨ་ཉི་ཟླའི་གཱུའི་སྦུབས་ཏཱཾ་བྷྲཱུཾ་ཧྲཱིཿཧཱུྃ་གསལ་བ་ལ་དམིགས་པ་གཏད་དེ་གཙོ་མོ་གསུམ་དང་རིགས་བཞིའི་སྔགས་སོ་སོར་བཟླ་བའོ། གསུམ་པ་ལས་སྦྱོར་གྱི་དམིགས་བཟླས་ནི། གཙོ་མོ་གསུམ་གྱི་ཐུགས་རྗེའི་འོད་ཟེར་གྱིས་སྒྲོལ་མ་རིགས་བཞི་ལས་བཞིའི་དགོངས་པ་ལ་སྙོམས་པར་ཞུགས་པར་བསྐུལ། རིགས་བཞིའི་སྒྲོལ་མའི་ཞི་རྒྱས་དབང་དྲག་གི་ཏིང་འཛིན་གྱི་འོད་ཟེར་ཕྲིན་ལས་བཞི་སྒྲུབ་སྒོ་བཞིའི་ཕོ་ཉ་བཞི་བསྐུལ་བས་དེ་དག་གི་སྤྲུལ་པའི་ཕོ་ཉ་དཀར་སེར་དམར་ནག་ནམ་མཁའ་གང་བ་ཉི་ཟེར་གྱི་རྡུལ་བཞིན་སྤྲོས་ཏེ་ལས་བཞི་གང་འདུལ་གྱི་མཛད་པ་མཐའ་ཡས་པས་ནད་གདོན་ཞི། ཚེ་བསོད་རྒྱས། ཁམས་གསུམ་མོས་པ་བཞིའི་དབང་དུ་འདུས། དགྲ་བགེགས་ཚར་གཅོད་པ། ཐུན་མོང་གི་ལས་བཞི། སྡིག་སྒྲིབ་ཞི། རིག་རྩལ་རྒྱས། རླུང་སེམས་དབང་དུ་འདུས། གཟུང་འཛིན་ཚར་བཅད་པ་མཆོག་གི་ཕྲིན་ལས་བཞི་མཐར་ཕྱིན་པར་བསམ་ལ་ཐོ་རངས་ཞི་བ། ཉི་ཤར་རྒྱས་པ། དགོང་མོ་དབང༌། སྲོད་དྲག་པོར་བཟླ་བར་གསུངས་སོ།། །།
[edit]

@#/_'chi med 'phags ma'i snying thig gi bsnyen sgrub las gsum gyi bzlas dmigs la dang po bsnyen pa'i dmigs pa ni/_rang nyid rje btsun 'phags ma'i skur gsal ba'i thugs kar ye shes sems dpa' tshe dpag med dkar gsal yab rkyang longs sku'i rgyan chas can gyi thugs kar pad+ma dkar po'i steng nyi ma 'og zla ba ste kha sbyor gyi khog stong du thugs srog sa bon tAM gyi mthar rdo rje'i yi ge bcu pa g.yas bskor du 'khod pa la sems gtad nas bzlas pas thugs rgyud bskul te thugs srog tAM dang sngags phreng las 'od zer gyi snang ba bsam gyis mi khyab pa mtha' yas pa gtso bo'i dbu'i gtsug tor gyi nor bu las thon te 'od de'i klong du sprul pa'i sems dpa' gtsug tor rnam par rgyal ma sku mdog dkar gsal g.yas skyabs sbyin pus mo g.yas pa'i steng du brkyang ste sdig mdzub kyis lcags kyu 'gugs thabs su bsnams pa/_g.yon pas thugs ka'i thad du mchog sbyin gyi phyag rgyas tshe'i bum pa bdud rtsi'i rgyun 'bebs bzhin pa bsnams pa/_zhabs sems ma'i skyil krung gis pad zla la bzhugs pa/_'od dang 'od zer 'bar bzhin pa grangs med pa nyi zer gyi rdul bzhin du steng 'og phyogs mtshams kun tu bar med pa spros pas rtsa ba'i dkyil 'khor sgrol ma rigs bzhi/_sgo ma rnams dang*/_phyogs dus rgyal ba sras bcas/_rgyud sde drug gi yi dam/_gnas yul gyi dpa' bo mkha' 'gro'i tshogs dang rdo rje'i chos srung rgya mtshor bcas pa'i mkhyen brtse nus gsum gyi yon tan bsam las 'das pa'i byin rlabs nus stobs dang phyi brtan pa snod kyi 'jig rten gyi 'byung ba lnga yi dwangs bcud/_nang g.yo ba bcud kyi sems can gyi tshe bsod dpal 'byor dbang thang chos srid kyi dge mtshan rmad du byung ba'i dwangs bcud yon tan thams cad kun 'dus pa'i dngul chu zhes bcud len gyi rdzas grub pa ste ston zla ltar dkar ba/_nyi ma lta bu'i 'od zer can/_g.yas bskor du 'khyil zhing*/_grub pa'i rtags g.yung drung dang dga' ba 'khyil ba sogs bkra shis pa'i ri mo sna tshogs pas bkra ba/_nus pa gang la reg pa tsam gyis glang po che'i stobs/_nyi zla'i tshe/_rdo rje'i lus bcu drug gi lang tsho can du bsgyur nus shing*/_lcags la reg pa tsam gyis gser du 'gyur ba/_shing bskam la gtor ba tsam gyi lo 'bras me tog phun sum tshogs pa skad cig gis 'byung ba zhig ste/_de lta bu'i rnam pa bde ba chen po'i gzi byin 'bar ba bsdus ste bdag gi phung khams skye mched dang*/_sgrub pa'i rdzas ril bu sman raka gtor mchod thams cad la thim pas me tog la char gyis bran pa bzhin byin rlabs gzi brjid nus mthu rnams dpal du 'bar bar bsam la rdo rje'i yi ge bcu pa 'ba' zhig bzla/_dril sgrub kyi skabs de'i mjug tu sngags de la mthud nas gsal gdab/_ye shes sems dpar de'i dmigs pa bzhag nas thugs srog tAM hrIr bsgyur ba'i mthar rang sngags bkod sprul par thugs kar nyi zla'i gU'i dbus su b+h+rU~M mthar sngags phreng bkod pa yin/__gnyis pa bsgrub pa'i dmigs pa ni/_dkyil 'khor lha tshogs rnams kyi sku las 'od zer spro bsdu sngar ltar byas pas brtan g.yo'i dwangs bcud grub pa'i dngul chu lta bu lha gtso 'khor thams cad la thim pas kun kyang sku zag med bde chen gyi nyams rab tu rgyas/_gsung gzhom med rdo rje'i sngags kyi sgra gdangs snyan brjid chags khro'i tshul gyis bung ba tshang zhig pa bzhin bsgrags/_thugs zhi rgyas dbang drag mchog gi dgongs pa mi 'gyur ba'i ting nge 'dzin la snyoms par zhugs pas 'khor chos phung po lnga dang 'byung lnga skye mched dbang yul dang bcas pa sgrol ma rigs lnga'i rdo rje gdan gsum tshang ba'i dkyil 'khor du sad pa'i dag chen ye shes chen po'i rol pa sku gsung thugs yon tan phrin las dbyer med pa mi zad rgyan gyi 'khor lor sad par bsam la sgrol ma rigs bzhi'i thugs srog pad+ma nyi zla'i gU'i sbubs tAM b+h+rUM hrIHhU~M gsal ba la dmigs pa gtad de gtso mo gsum dang rigs bzhi'i sngags so sor bzla ba'o/_gsum pa las sbyor gyi dmigs bzlas ni/__gtso mo gsum gyi thugs rje'i 'od zer gyis sgrol ma rigs bzhi las bzhi'i dgongs pa la snyoms par zhugs par bskul/_rigs bzhi'i sgrol ma'i zhi rgyas dbang drag gi ting 'dzin gyi 'od zer phrin las bzhi sgrub sgo bzhi'i pho nya bzhi bskul bas de dag gi sprul pa'i pho nya dkar ser dmar nag nam mkha' gang ba nyi zer gyi rdul bzhin spros te las bzhi gang 'dul gyi mdzad pa mtha' yas pas nad gdon zhi/_tshe bsod rgyas/_khams gsum mos pa bzhi'i dbang du 'dus/_dgra bgegs tshar gcod pa/_thun mong gi las bzhi/_sdig sgrib zhi/_rig rtsal rgyas/_rlung sems dbang du 'dus/_gzung 'dzin tshar bcad pa mchog gi phrin las bzhi mthar phyin par bsam la tho rangs zhi ba/_nyi shar rgyas pa/_dgong mo dbang*/_srod drag por bzla bar gsungs so//__//

Footnotes

Other Information