འཆི་མེད་འཕགས་མའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བསྟོད་པ་དངོས་གྲུབ་བདུད་རྩིའི་ཟིལ་མངར་དང༌། འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོ་ལ་ཆེད་དུ་བསྔགས་པ་ཚངས་སྲས་དགྱེས་པའི་རོལ་མོ།

From Khyentse Lineage - A Tsadra Foundation Project
DKR-KABUM-08-NYA-018
Wylie title 'chi med 'phags ma'i dkyil 'khor gyi 'khor lo la bstod pa dngos grub bdud rtsi'i zil mngar dang/ 'chi med 'phags ma yid bzhin 'khor lo la ched du bsngags pa tshangs sras dgyes pa'i rol mo DKR-KABUM-08-NYA-018.pdf
Location dil mgo mkhyen brtse bka' 'bum
Volume 8, Text 18, Pages 197-202 (Folios 1a to 6b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. 'chi med 'phags ma'i dkyil 'khor gyi 'khor lo la bstod pa dngos grub bdud rtsi'i zil mngar dang 'chi med 'phags ma yid bzhin 'khor lo la ched du bsngags pa tshangs sras dgyes pa'i rol mo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 197-202. Delhi: Shechen Publications, 1994.
Genre Verses of Praise - bstod pa
Cycle འཆི་མེད་འཕགས་མའི་སྙིང་ཐིག་ ('chi med 'phags ma'i snying thig)
Deity sgrol ma yid bzhin 'khor lo
Colophon
  • First colophon: །གང་གི་ཞབས་ཀྱི་ཆུ་སྐྱེས་ལ་བསྙེན་པས་མངོན་མཐོ་དང་ངེས་ལེགས་ཀྱི་དཔལ་ཇི་ལྟར་འདོད་པ་བཞིན་སྟེར་བའི་རྒྱལ་ཡུམ་འཕགས་མའི་གསང་གསུམ་ལ་མངོན་པར་གུས་པའི་བློས་བསྟོད་པའི་ཚིགས་སུ་བཅད་པ་འདི་ཡང་འཕགས་མའི་ཐུགས་ཐིག་གི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་བརྩོན་པ་ལྷུར་བླང་པའི་སྐབས་འཁོས་ཆུང་མངྒ་ལའི་མིང་གིས་གཡུ་ལྗང་ཞུན་མའི་ནགས་ཚལ་སྟུག་པོས་ཁེབས་པའི་གནས་སུ་བྲིས་པ་ཚེ་རབས་ཐམས་ཅད་དུ་དཔལ་མོས་བྱིན་གྱིས་རློབས་པར་གྱུར་ཅིག །
  • Second colophon: །ཅེས་རབ་ཚེས་ཆུ་ཁམས་འཁོར་ལོའི་སྣ་ཅན་གྱི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་དུ་དད་བརྒྱའི་སོར་མོས་སྙན་ངག་གི་རྒྱུད་མང་ཅུང་ཟད་བསྒྲེངས་པ་འདིས་ཀྱང་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིའི་དགའ་སྟོན་ལ་སྤྱོད་ཕྱིར་གསོལ་བ་བཏབ་པ་བཞིན་ཨཀྵ་རའི་མཐུན་རྐྱེན་ཨཱ་ནནྟ་མངྒ་ལས་ཞུས་ཏེ་ལཀྵྨཱི་དྷརྨ་ཙཀྲ་དྭཱིཔ་བྲིས་ཏེ་སྨོན་པ་བཞིན་དུ་གྱུར་ཅིག།
  • First colophon: /gang gi zhabs kyi chu skyes la bsnyen pas mngon mtho dang nges legs kyi dpal ji ltar 'dod pa bzhin ster ba'i rgyal yum 'phags ma'i gsang gsum la mngon par gus pa'i blos bstod pa'i tshigs su bcad pa 'di yang 'phags ma'i thugs thig gi rdo rje gsum gyi rnal 'byor la brtson pa lhur blang pa'i skabs 'khos chung mang+ga la'i ming gis g.yu ljang zhun ma'i nags tshal stug pos khebs pa'i gnas su bris pa tshe rabs thams cad du dpal mos byin gyis rlobs par gyur cig_/
  • Second colophon: /ces rab tshes chu khams 'khor lo'i sna can gyi gnam lo gsar du bzhad pa'i dga' ston du dad brgya'i sor mos snyan ngag gi rgyud mang cung zad bsgrengs pa 'dis kyang 'chi med tshe dang ye shes kyi bdud rtsi'i dga' ston la spyod phyir gsol ba btab pa bzhin ak+Sha ra'i mthun rkyen A nan+ta mang+ga las zhus te lak+Sh+mI d+harma tsakra dwIpa bris te smon pa bzhin du gyur cig/
[edit]
འཆི་མེད་འཕགས་མའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བསྟོད་པ་དངོས་གྲུབ་བདུད་རྩིའི་ཟིལ་མངར་ཞེས་བྱ་བ་བཞུགས་སོ།།

ལྷན་ཅིག་སྐྱེས་དབྱིངས་ཁྱབ་པར་བྲེས་པའི་སྤྲིན། །བདེ་ཆེན་བདུད་རྩིའི་ཁུར་གྱིས་ལྕིད་པ་ལས། །འདོད་དགུའི་དངོས་གྲུབ་ཨུཏྤལ་གཞོན་ནུའི་གཉེན། །དཔལ་མོ་ཟླ་བའི་མདངས་ལ་བདག་རབ་གུས། །རབ་དྭངས་ཡིད་ཀྱི་དག་བྱེད་འཁྱིལ་བའི་གཏེར། །ཡུམ་གཅིག་དགྱེས་པའི་ཟླ་ཟེར་གྱིས་བྲན་པས། །དད་པའི་རླབས་ཕྲེང་དལ་གྱིས་གཡོ་དང་བཅས། །བསྔགས་པའི་ཀུ་མུད་འཛུམ་གྱིས་ཕྱིར་ཞིང་མཆོད། །མ་ལུས་སྲས་བཅས་རྒྱལ་བའི་རྣམ་པར་ཐར། །རྒྱུ་སྐར་ཕྲེང་བས་ཁྱོད་ཀྱིས་གསང་གསུམ་མཁར། །མཛེས་ཀྱང་བདེ་ཆེན་སྒྱུ་མའི་འཇོ་སྒེག་ཀྱིས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་མཛད་པ་སྟོན། །མི་ཤིགས་ཐིག་ལེའི་དཔྱིད་ཀྱི་གང་བའི་སྐུ། །ཟླ་གཞོན་བྱེ་བས་བྱུག་ལ་ཅོ་འདྲིའི་གཟུགས། །བྱང་ཆུབ་ཡན་ལག་བདུན་གྱི་གཟིགས་པ་ཅན། །ཚེ་དང་ཡེ་ཤེས་སྣང་བ་འབུམ་གྱིས་སྒེག །མཆོག་སྦྱིན་ཕྱག་གིས་གདུལ་དཀའ་རྗེས་ཆགས་པའི། །སྙིང་རྗེ་ངོམས་བཞིན་དཀོན་མཆོག་རིན་ཆེན་གསུམ། །རང་གི་གསང་བར་རྫོགས་མཚོན་གཡོན་པའི་ཕྱག །མཐེབ་སྲིན་ཐབས་ཤེས་སྦྱོར་བས་ཨུཏྤལ་བཟུང༌། །འདས་པའི་རྒྱལ་བའི་གསང་གསུམ་གཅིག་ཏུ་སིམ། །ད་ལྟའི་འདྲེན་པའི་ཕྲིན་ལས་ཁྱོད་ལ་ཟླུམ། །འབྱུང་འགྱུར་དཔའ་བོ་ཐམས་ཅད་བསྐྲུན་པའི་མ། །མཚོན་བྱེད་འབྲས་བུ་འདབ་རྒྱས་གོང་བུས་མཛེས། །ཡིད་འཕྲོག་སྐུ་ཡི་ལྷུན་པོར་རིན་ཆེན་དང༌། །ལྷ་རྫས་ཁྱད་པར་བྱེ་བས་བཀླུབས་པའི་མཐུས། །ངོ་མཚར་ནང་གི་གསང་བ་ཟབ་མོའི་དབྱིངས། །རྫོགས་པར་མཚོན་པའི་མཛེས་སྡུག་འབུམ་གྱིས་སྒེག །སྲིད་ལས་གྲོལ་བའི་ཤེས་རབ་མཚོན་རྣོན་གྱིས། །སྲིད་པའི་འཁྲི་ཤིང་བཅད་ཀྱང་སྙིང་རྗེའི་མཐུས། །ཞི་སྒོ་ཕྱོགས་གཅིག་འགེགས་པས་མཁའ་ཁྱབ་འགྲོ། །ཞི་བར་འདྲེན་པའི་སྙིང་སྟོབས་ཞབས་ཀྱིས་མཚོན། །རྣམ་ཀུན་མཆོག་དང་ལྡན་པའི་ཆོས་ཀྱི་དབྱིངས། །རྣམ་མེད་རྡོ་རྗེ་བཙུན་མོའི་རེག་བྱ་ནི། །རྣམ་བཅས་ལང་ཚོའི་རྒྱགས་པའི་རི་དྭགས་མིག །རྣམ་ཀུན་བདེ་ཆེན་གར་བརྒྱའི་བཞད་པར་རྩེན། །ཤིན་ཏུ་ཞི་བའི་ཡེ་ཤེས་མ་མ་ནི། །སྙིང་རྗེའི་ག་བུར་རྡུལ་འབུམ་འཛག་པ་ཡིས། འདི་ནས་ཚིག་རྐང་ཁ་ཤས་ཆད་ཐོ་འདུག་པ་སླར་རྙེད་ཚེ་འཛུད་དགོས། མཆན། །དཔལ་གྱི་རྒྱལ་ཐབས་བྱེ་བས་ཕྱུག་པ་ལས། །སྲིད་ཞི་ཉེར་འཚོའི་སྲོག་གི་ཟུང་དུ་བརྟན། །རྗེས་ཆགས་སྙིང་རྗེས་ཡོངས་གང་ཁབ་ལེན་རྡུལ། །རེག་པས་བརྟན་གཡོ་ནང་གི་རླུང་སེམས་བཅུད། །མི་ཕྱེད་མ་མའི་དབྱིངས་སུ་སྡུད་པའི་ཚེ། །རང་དབང་བརྟན་པ་བྲལ་བའི་ཆོ་གས་རྨད། །དྲག་ཤུལ་རྡོ་རྗེའི་མཚོན་གྱིས་རྩེ་བརྒྱའི་ཤུགས། །འཕོས་པས་ནག་ཕྱོགས་ཡིད་ཀྱི་དཔུང་དང་བཅས། །མཐར་བྱེད་ལྷ་མིན་བདུད་བཞིའི་དཔུང་སྨད་པའི། །སྟོབས་བཅུས་བདུད་བཞི་ཕྱེ་མར་འཐག་ལ་རེངས། །ཉེས་དང་ལོག་པར་སྤྱོད་པའི་གཡང་ས་ལ། །འཁྲུལ་པའི་གཞན་དབང་འབའ་ཞིག་གིས་འཕྱན་ཚེ། །ཡུད་ཀྱིས་མངོན་མཐོ་ངེས་པར་ལེགས་པའི་སར། །དབུགས་འབྱིན་བྱམས་སྡུག་ཕྱག་ཡངས་མ་གཅིག་པུ། །དད་དང་གདུང་བས་ཀུ་ཅོའི་སྙན་དབང་གི །ཨུཏྤལ་ཇི་ཙམ་གཙེས་བཞིན་མྱུར་མགྱོགས་ཀྱིས། །ཐུགས་རྗེའི་ཐག་གུས་ཚེ་རབས་ཐམས་ཅད་དུ། །བཏང་མིན་འདོད་དགུའི་གླིང་དུ་ངེས་པར་འདྲེན། །འཕགས་པའི་ཡོན་ཏན་རིན་ཆེན་སྣང་བ་དང༌། །འདུ་འབྲལ་མེད་པའི་ཕྲིན་ལས་ནོར་བུའི་ཆར། །རེ་བའི་ཤིང་རྟ་ཡང་ནས་ཡང་འགེངས་པས། །དགེ་ལེགས་དཔལ་དང་འབྱོར་པས་ཕྱུག་པར་གཏམས། །འཆར་ཀའི་ཉིན་བྱེད་ཟེར་གྱིས་པདྨའི་ཀླུང༌། །རེག་བཞིན་ཁྱོད་ཀྱིས་བྱིན་རླབས་གོམ་སྟབས་ཀྱིས། །འཇུག་པས་ཟག་མེད་དགའ་བདེའི་ནུ་ཞོ་ཡིས། །ངེས་ལེགས་ན་ཚོད་དར་ལ་བབ་པར་མཛོད། །ཐུགས་བསྐྱེད་རིན་ཆེན་ས་གཞིར་ཚོགས་ཟུང་གི །མེ་ཏོག་བལྟ་ན་སྡུག་པས་རབ་འབྱམས་ཞིང༌། །མཛེས་བྱས་འབྲས་བུའི་བདུད་རྩིའི་ཆེར་ལྕི་བའི། །རིན་ཐང་སྲས་བཅས་འདྲེན་པས་ཡང་ཡང་བསྔགས། །ཁྱོད་ནི་ཡོན་ཏན་རྒྱ་མཚོའི་ནོར་བུ་ཡིས། །མངོན་པར་ཕྱུག་བཞིན་སྡུག་བསྔལ་ཅན་གྱི་འགྲོར། །བརྩེ་བས་ཕྱག་གི་འཁྱུད་པས་དབུགས་འབྱིན་གྱི། །ཆོ་ག་ངལ་དང་དུབ་པས་སྐབས་མི་ཕྱེད། །བདེ་བ་ཅན་སོགས་དག་པའི་ཞིང་གི་ཁྱོན། །རྒྱལ་དང་རྒྱལ་སྲས་རྒྱུ་སྐར་ལྟར་མཛེས་དབུས། །ཁྱོད་ནི་སྤང་རྟོགས་ཆ་ཤས་རྫོགས་པའི་ཕྱིར། །བཅོམ་ལྡན་འདས་མའི་རི་དྭགས་མཚན་གྱིས་བཀྲ། །འཕུར་འགྲོས་ཚལ་སོགས་རྡོ་རྗེའི་གནས་ཡུལ་དུ། །རྡོ་རྗེ་གསང་བ་ཆེན་པོའི་སྒྱུ་རྩལ་ལ། །རང་དབང་ཐོབ་པའི་རིགས་ཀྱི་འཁོར་ལོའི་བསྒྱུར། །བདེ་གཤེགས་དགྱེས་མ་ལས་དང་པདྨའི་རིགས། །རྡོ་རྗེའི་གསང་བ་གྲུབ་པའི་རྣལ་འབྱོར་པར། །ཐབས་ཤེས་ཡིད་བྱེད་སྡོམ་པའི་ཕོ་ཉ་ཅན། །བདེ་ཆེན་པདྨ་བཞད་པའི་སྒྱུ་རྩལ་ཅན། །ཆོས་ཀུན་ཨ་ཝ་དྷཱུ་ཏིའི་སྲོག་བཅུད་ལེན། །མ་དག་ཞིང་དུ་དཔག་ཡས་སངས་རྒྱས་ཀྱི། །མཛད་པ་རྡུལ་ལྟར་སྟོན་ལ་ཕྲག་དོགས་པས། །ལྷག་པར་དཔའ་བའི་སྙིང་རྗེའི་ཤིང་རྟའི་འགྲོས། །མྱུར་ཞིང་རྒྱུན་མི་འཆད་པ་ཉིད་དུ་སྟོན། །ངེས་པའི་གསང་བ་ཤིན་ཏུ་བརྟགས་དཀའ་བ། །ཆེས་ཕྲ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །ཟབ་ཞི་འོད་གསལ་ཀུན་ལ་ཁྱབ་བརྡལ་ཡང༌། །འཁོར་དང་མྱང་འདས་གང་གི་ཕྱོགས་མ་ལྷུང༌། །ཁྱོད་ཀྱི་རང་བཞིན་ཡེ་ཤེས་ཆེན་པོའི་མཁའ། །མཆོག་ཏུ་མི་འགྱུར་རབ་རྒྱས་བདེ་ཆེན་དབྱིངས། །མཁྱེན་བརྩེའི་ཉི་ཟླ་འཆར་ནུབ་བྲལ་བ་ཡིས། །དཔག་ཡས་ཚེ་དང་ཡེ་ཤེས་སྣང་བས་སྒེག །ངོ་མཚར་དཔྱིད་ཀྱི་དགའ་བའི་དུས་བཞིན་མཛེས། །མྱུར་ཞིང་འགུགས་དྲག་མ་བུའི་བརྩེ་གདུང་ནི། །དམ་བཅའ་ལས་ལྷག་ཁྱོད་ཀྱིས་འགྲོ་ཀུན་དང༌། །ཁྱད་པར་གདུལ་དཀའ་སྡུག་བསྔལ་ཟུང་རྩ་ཅན། །གཟིགས་པའི་ཡུམ་གཅིག་འཕགས་མ་ཁྱོད་མཚུངས་སུ། །དེ་ཕྱིར་དད་པའི་རྫིང་བུར་དཔའ་མོའི་ཟླ། །མངོན་སུམ་བཀོད་པས་སྙན་ཚིག་ཀ་མ་ལའི། །ཆུན་པོ་གུས་པའི་སྙིམ་པས་ཕུལ་བའི་མཐུས། །བརྩེ་ཆེན་མཛེས་པའི་ཞལ་བཟང་འཛུམ་པར་གསོལ། །བདག་བློ་གཟུང་འཛིན་ཀུན་རྟོག་རྙོགས་པ་བརྒྱས། །བསླད་ལ་ཡེ་ཤེས་ནོར་བུ་ཆུ་དྭངས་གིས། །བགྲུངས་ནས་འཕགས་པའི་ཡོན་ཏན་བརྒྱད་ལྡན་ཆབ། །རིགས་ཁམས་ས་གཞིར་གཙང་ཞིང་འཁྱིལ་བར་མཛོད། །གནས་སྐབས་སུ་ཡང་རིང་འཚོའི་དུརཝའི་ལྗོན། །ཆོས་ལྡན་མངོན་མཐོ་ངེས་པར་ལེགས་པའི་འབྲས། །དམ་པའི་ངང་ཚུལ་མེ་ཏོག་གིས་མཛེས་པས། །རྣམ་གྲོལ་སྐྱེད་མོའི་ཚལ་ཀུན་ཁེབས་པར་མཛོད། །གཞན་ཕན་གི་ཝཾ་བཅུད་ཀྱི་ལེན་པའི་སྨན། །སྒོ་གསུམ་ཟུང་དུ་སྨིན་པས་སྲིད་དང་ཞིའི། །ཉེར་འཚོའི་མཚར་སྡུག་མཛེས་པའི་གྲགས་སྙན་གླུས། །ཕྱོགས་བཅུའི་འདྲེན་པའི་ཕྲིན་ལས་དཔལ་འཛིན་ཤོག །ཚོགས་གཉིས་དཀར་འཛིན་འཁྲི་ཤིང་རབ་རྒྱས་པས། །མཆོག་སྐུའི་ཐུགས་ཀྱི་དཀྱིལ་འཁོར་ཁྱོན་འཁྱིལ་བས། །མཁའ་ཁྱབ་འགྲོ་ལ་སིམ་སྟེར་མ་མ་ཡིས། །སྡུག་བསྔལ་རྒུད་པའི་བཀྲེས་སྐོམ་ཀུན་སེལ་ཤོག །ཕྱིན་དྲུག་བརྒྱད་གཉིས་ལང་འཚོའི་སྙེམས་པའི་བཞིན། །སྙིང་རྗེའི་ཆགས་ཚོན་དྭངས་མས་བཀུས་པ་གང༌། །ཡིད་ལ་འཆར་བ་ཙམ་གྱིས་ཀུན་དགའ་དཔྱིད། །རབ་སྟེར་མ་ལུས་འགྲོ་ཀུན་དགའ་བྱེད་ཤོག །སྟོབས་བཅུའི་ནུས་པ་སྨིན་པའི་ཡུངས་དཀར་གྱི། །སྙེ་མས་བདུད་བཞིའི་ཚོགས་ཀྱི་དཔུང་སྨད་པའི། །མཐུ་བྱིན་ཆེས་ཆེར་དཔའ་བའི་རྡོ་རྗེའི་མཚོན། །རྗེ་བཙུན་མཆོག་གི་དཔལ་ལ་སྤྱོད་གྱུར་ཅིག །རྣམ་མཁྱེན་ཡེ་ཤེས་དག་པའི་ཨཱ་དར་ཤར། །དུས་གསུམ་འདྲེན་པའི་སྤང་རྟོགས་གཟུགས་བརྒྱ་གསལ། །མཁའ་ཁྱབ་བརྩེ་བའི་རང་གཤིས་འགོག་མེད་པས། །སྲིད་ལམ་ཕྱིར་ཞིང་རྒྱུ་ནས་འགྲོ་སྒྲོལ་ཤོག །སྲིད་ཞི་ལས་འདས་རྒྱལ་བའི་སེང་གེའི་ཁྲིར། །ཟབ་རྒྱས་ཆོས་ཀྱི་སྐྱེ་བ་ལྔ་པའི་གླུས། །ཞིང་ཀུན་ཁྱབ་སྒྲོགས་གསུང་གི་རྡོ་རྗེའི་ཡུམ། །གར་དབང་བདེ་ཆེན་བཞད་པའི་དཔལ་འཛིན་མཛོད། །ཟག་མེད་འབྲས་བུའི་དཔལ་ཀུན་རྫོགས་པ་ཡི། །དོན་གཉིས་ལྷུན་གྲུབ་བིར་ཝའི་ལྗོན་བཟང་གིས། །དགེ་ལེགས་རོ་བརྒྱའི་བཅུད་འཛིན་བཀྲ་ཤིས་དཔལ། །ཟད་མེད་འཇོ་བས་ཀུན་ནས་མཛེས་གྱུར་ཅིག །གང་གི་ཞབས་ཀྱི་ཆུ་སྐྱེས་ལ་བསྙེན་པས་མངོན་མཐོ་དང་ངེས་ལེགས་ཀྱི་དཔལ་ཇི་ལྟར་འདོད་པ་བཞིན་སྟེར་བའི་རྒྱལ་ཡུམ་འཕགས་མའི་གསང་གསུམ་ལ་མངོན་པར་གུས་པའི་བློས་བསྟོད་པའི་ཚིགས་སུ་བཅད་པ་འདི་ཡང་འཕགས་མའི་ཐུགས་ཐིག་གི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་བརྩོན་པ་ལྷུར་བླང་པའི་སྐབས་འཁོས་ཆུང་མངྒ་ལའི་མིང་གིས་གཡུ་ལྗང་ཞུན་མའི་ནགས་ཚལ་སྟུག་པོས་ཁེབས་པའི་གནས་སུ་བྲིས་པ་ཚེ་རབས་ཐམས་ཅད་དུ་དཔལ་མོས་བྱིན་གྱིས་རློབས་པར་གྱུར་ཅིག ། ༈ འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོ་ལ་ཆེད་དུ་བསྔགས་པ་ཚངས་སྲས་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡེ། ཀ་མ་ལ་ངོགས་བདུད་རྩིའི་ཟིལ་མངར་ཆགས་པའི་ཟེའུ་འབྲུ་གཞོན་ནུ་བཞིན། །ཁ་དོག་རབ་དཀར་ཉ་གང་ཟླ་བའི་དཔལ་གྱི་ཤས་ཀྱང་མི་མཚོན་པ། །ག་བུར་འཛིན་པའི་ཟླ་ཤེལ་ཇི་བཞིན་ཡིད་ཀྱི་གདུང་སེལ་ལྷག་པའི་ལྷ། །ང་ཡི་ཚེ་རབས་གཏན་མགོན་བསྙེན་ཕྱིར་བསྔགས་པའི་གླིང་བུ་ཅུང་ཟད་འཁྲོལ། །ཅ་ཅོ་ཙམ་མིན་ཟབ་རྒྱས་སྙན་ཚིག་ནོར་བུའི་དོ་ཤལ་དུ་མ་ཡིས། །ཆ་ཤས་ཡོངས་རྫོགས་གསང་གསུམ་རྒྱན་དུ་མཛེས་པར་བྲེས་དང་ལྷན་ཅིག་དཔལ། །ཇ་རིལ་སྐྲ་བབ་རབ་གུས་སོར་བཅུའི་མེ་ཏོག་སྙིང་ཁར་ཟུམ་དང་བཅས། །ཉ་རྒྱས་ཟླ་ནང་ཞབས་ཀྱི་པདྨའི་བྱང་ཆུབ་བར་དུ་བརྒྱན་པར་མཛོད། །ཏ་ནའི་མྱོས་བུམ་ཟུང་གི་རབ་མཛེས་སྙེད་སྐབས་ཕྲ་བའི་སྐུ་ཡི་ཆར། །ཐ་དད་ནོར་བུའི་རྒྱན་ཕྲེང་འབུམ་གྱིས་མཛེས་པར་བྲིས་པའི་ལང་ཚོའི་དཔྱིད། །ད་ལྟ་ཡིད་ལ་མངོན་སུམ་བཀོད་པས་ལས་དང་ཉོན་མོངས་ཤུགས་དྲག་པོ། །ན་རྒ་འཆི་བའི་འཇིགས་པ་ཀུན་འཕྲོག་ཕན་བདེའི་དཔལ་སྩོལ་ཁྱོད་ལ་གུས། །པ་སངས་ལྟར་དཀར་སྐྱིལ་ཀྲུང་གིས་བཞུགས་འོད་ཟེར་འབུམ་གྱིས་མཛེས་པར་འཁྱུད། །ཕ་རོལ་ཕྱིན་བཅུ་རྫོགས་སྨིན་སྦྱངས་བ་བྱང་ཆུབ་སྤྱོད་མཆོག་མཐར་སོན་པས། །བ་མཆོག་འཇོ་བཞིན་ཕན་བདེའི་དགའ་སྟོན་མཆོག་སྟེར་སྲིད་ཞིའི་དཔལ་གྱུར་མགོན། །མ་རྒན་ཡིད་ཅན་ཀུན་ལ་སིམ་སྟེར་འཕགས་བཞིའི་ཡུམ་གྱུར་མགོན་ཁྱོད་བསྔགས། །ཙཀྲས་རབ་མཚན་ཕྱག་ཞབས་མཐིལ་དུ་བྱང་ཆུབ་ཡན་ལག་སྤྱན་བདུན་བཀྲ། །ཚ་ཟེར་བརྒྱ་ཡང་མོག་པོར་བྱེད་པའི་འོད་ཟེར་དྲུག་གི་གོ་ཆ་ཡིས། །ཛ་ཡ་ལ་སྡང་ནད་མཚོན་རྒུད་སོགས་འཇིགས་པ་བརྒྱད་ལས་སྐྱོབ་མཛད་དཔལ། །ཝ་ལེར་དད་མཚོར་དྲན་པ་ཙམ་གྱི་ཕན་བདེའི་དཔལ་ཀུན་སྩོལ་ལ་འདུད། །ཞ་རེངས་ལ་སོགས་མི་མཐུན་ཕྱོགས་ཀུན་སྐྱོབ་མཛད་གཡོན་པའི་མཐེབ་སྲིན་གྱིས། །ཟ་མ་ཏོག་བཞིན་བདུད་རྩིའི་རབ་ཁེངས་འཆི་མེད་ཚེ་ཡི་བུམ་བཟང་དང༌། །འ་ཅག་རྫེས་སྐྱོང་ཨུཏྤལ་ལེགས་བསྣམ་གཡས་པའི་ཕྱག་གིས་མཆོག་སྦྱིན་གྱིས། །ཡ་མཚན་མཆོག་ཐུན་དངོས་གྲུབ་འབད་མེད་འགྲོ་ལ་སྩོལ་ཕྱིར་དགྱེས་བཞིན་བསྐྱངས། །ར་རི་བྲལ་བས་ཇི་ལྟ་ཇི་སྙེད་མཁྱེན་གཉིས་དཀྱིལ་འཁོར་ཡོངས་སུ་རྫོགས། །ལ་ལ་ཙམ་མིན་མཁའ་ཁྱབ་འགྲོ་དང་འདུལ་དཀའ་ཐམས་ཅད་རྗེས་བརྩེས་སྐྱོངས། །ཤ་ཤ་དྷ་རའི་བསིལ་འོད་ལས་ལྷག་བདུད་སྡེ་ཀུན་འཇོམས་ནུས་སྟོབས་ཀྱིས། །ས་གསུམ་འགྲོ་ལ་དབུགས་འབྱིན་མཆོག་སྟེར་འགྲོ་ཀུན་མ་གཅིག་ཁྱོད་ལ་བསྔགས། །ཧ་རིའི་འཁྲི་ཤིང་བསུང་གིས་འཁྱུད་བཞིན་ཁྱོད་ལ་གཅིག་ཏུ་དད་པའི་བློས། །ཨ་ཧོ་མ་ཁྱོད་དགྱེས་ཕྱིར་བསྟོད་པའི་རྒྱུད་མང་ཅུང་ཟད་སྦྲེང་འདིས་ཀྱང༌། ཨ་དོན་མངོན་གྱུར་སྲིད་དང་ཞི་བའི་འཇིགས་དང་སྡུག་བསྔལ་ཀུན་བྲལ་ནས། །ཨ་ཧོ་དགྱེས་ཚིམས་ཐུན་མོང་དངོས་གྲུབ་མཆོག་གི་དཔལ་གྱི་རྟག་ཏུ་སྐྱོངས། །ཨི་ཤྭ་ར་བཞིན་མ་གཅིག་ཞབས་སེན་གཙུག་གི་ནོར་བུའི་རྒྱན་མཆོད་ནས། །ཨོ་དྷཱ་དྷི་ལྟར་ལྷག་བསམ་དད་གུས་རབ་ཏུ་དཀར་བས་ལེགས་བསགས་ན། །ཨུ་རྒྱན་ཡུལ་གྱི་གྲུབ་རིགས་འཛིན་བཞིན་དངོས་གྲུབ་འདོད་དགུའི་དཔལ་ཕུན་ཚོགས། །ཨེ་མ་ངོ་མཚར་བྱེ་བས་དཔལ་གྱིས་བྱང་ཆུབ་བར་ཏུ་བདག་སྐྱོངས་ཤིག །ཅེས་རབ་ཚེས་ཆུ་ཁམས་འཁོར་ལོའི་སྣ་ཅན་གྱི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་དུ་དད་བརྒྱའི་སོར་མོས་སྙན་ངག་གི་རྒྱུད་མང་ཅུང་ཟད་བསྒྲེངས་པ་འདིས་ཀྱང་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིའི་དགའ་སྟོན་ལ་སྤྱོད་ཕྱིར་གསོལ་བ་བཏབ་པ་བཞིན་ཨཀྵ་རའི་མཐུན་རྐྱེན་ཨཱ་ནནྟ་མངྒ་ལས་ཞུས་ཏེ་ལཀྵྨཱི་དྷརྨ་ཙཀྲ་དྭཱིཔ་བྲིས་ཏེ་སྨོན་པ་བཞིན་དུ་གྱུར་ཅིག། །།
[edit]

'chi med 'phags ma'i dkyil 'khor gyi 'khor lo la bstod pa dngos grub bdud rtsi'i zil mngar zhes bya ba bzhugs so// lhan cig skyes dbyings khyab par bres pa'i sprin/_/bde chen bdud rtsi'i khur gyis lcid pa las/_/'dod dgu'i dngos grub ut+pal gzhon nu'i gnyen/_/dpal mo zla ba'i mdangs la bdag rab gus/_/rab dwangs yid kyi dag byed 'khyil ba'i gter/_/yum gcig dgyes pa'i zla zer gyis bran pas/_/dad pa'i rlabs phreng dal gyis g.yo dang bcas/_/bsngags pa'i ku mud 'dzum gyis phyir zhing mchod/_/ma lus sras bcas rgyal ba'i rnam par thar/_/rgyu skar phreng bas khyod kyis gsang gsum mkhar/_/mdzes kyang bde chen sgyu ma'i 'jo sgeg kyis/_/don gnyis lhun gyis 'grub pa'i mdzad pa ston/_/mi shigs thig le'i dpyid kyi gang ba'i sku/_/zla gzhon bye bas byug la co 'dri'i gzugs/_/byang chub yan lag bdun gyi gzigs pa can/_/tshe dang ye shes snang ba 'bum gyis sgeg_/mchog sbyin phyag gis gdul dka' rjes chags pa'i/_/snying rje ngoms bzhin dkon mchog rin chen gsum/_/rang gi gsang bar rdzogs mtshon g.yon pa'i phyag_/mtheb srin thabs shes sbyor bas ut+pal bzung*/_/'das pa'i rgyal ba'i gsang gsum gcig tu sim/_/da lta'i 'dren pa'i phrin las khyod la zlum/_/'byung 'gyur dpa' bo thams cad bskrun pa'i ma/_/mtshon byed 'bras bu 'dab rgyas gong bus mdzes/_/yid 'phrog sku yi lhun por rin chen dang*/_/lha rdzas khyad par bye bas bklubs pa'i mthus/_/ngo mtshar nang gi gsang ba zab mo'i dbyings/_/rdzogs par mtshon pa'i mdzes sdug 'bum gyis sgeg_/srid las grol ba'i shes rab mtshon rnon gyis/_/srid pa'i 'khri shing bcad kyang snying rje'i mthus/_/zhi sgo phyogs gcig 'gegs pas mkha' khyab 'gro/_/zhi bar 'dren pa'i snying stobs zhabs kyis mtshon/_/rnam kun mchog dang ldan pa'i chos kyi dbyings/_/rnam med rdo rje btsun mo'i reg bya ni/_/rnam bcas lang tsho'i rgyags pa'i ri dwags mig_/rnam kun bde chen gar brgya'i bzhad par rtsen/_/shin tu zhi ba'i ye shes ma ma ni/_/snying rje'i ga bur rdul 'bum 'dzag pa yis/_'di nas tshig rkang kha shas chad tho 'dug pa slar rnyed tshe 'dzud dgos/_mchan/__/dpal gyi rgyal thabs bye bas phyug pa las/_/srid zhi nyer 'tsho'i srog gi zung du brtan/_/rjes chags snying rjes yongs gang khab len rdul/_/reg pas brtan g.yo nang gi rlung sems bcud/_/mi phyed ma ma'i dbyings su sdud pa'i tshe/_/rang dbang brtan pa bral ba'i cho gas rmad/_/drag shul rdo rje'i mtshon gyis rtse brgya'i shugs/_/'phos pas nag phyogs yid kyi dpung dang bcas/_/mthar byed lha min bdud bzhi'i dpung smad pa'i/_/stobs bcus bdud bzhi phye mar 'thag la rengs/_/nyes dang log par spyod pa'i g.yang sa la/_/'khrul pa'i gzhan dbang 'ba' zhig gis 'phyan tshe/_/yud kyis mngon mtho nges par legs pa'i sar/_/dbugs 'byin byams sdug phyag yangs ma gcig pu/_/dad dang gdung bas ku co'i snyan dbang gi_/ut+pal ji tsam gtses bzhin myur mgyogs kyis/_/thugs rje'i thag gus tshe rabs thams cad du/_/btang min 'dod dgu'i gling du nges par 'dren/_/'phags pa'i yon tan rin chen snang ba dang*/_/'du 'bral med pa'i phrin las nor bu'i char/_/re ba'i shing rta yang nas yang 'gengs pas/_/dge legs dpal dang 'byor pas phyug par gtams/_/'char ka'i nyin byed zer gyis pad+ma'i klung*/_/reg bzhin khyod kyis byin rlabs gom stabs kyis/_/'jug pas zag med dga' bde'i nu zho yis/_/nges legs na tshod dar la bab par mdzod/_/thugs bskyed rin chen sa gzhir tshogs zung gi_/me tog blta na sdug pas rab 'byams zhing*/_/mdzes byas 'bras bu'i bdud rtsi'i cher lci ba'i/_/rin thang sras bcas 'dren pas yang yang bsngags/_/khyod ni yon tan rgya mtsho'i nor bu yis/_/mngon par phyug bzhin sdug bsngal can gyi 'gror/_/brtse bas phyag gi 'khyud pas dbugs 'byin gyi/_/cho ga ngal dang dub pas skabs mi phyed/_/bde ba can sogs dag pa'i zhing gi khyon/_/rgyal dang rgyal sras rgyu skar ltar mdzes dbus/_/khyod ni spang rtogs cha shas rdzogs pa'i phyir/_/bcom ldan 'das ma'i ri dwags mtshan gyis bkra/_/'phur 'gros tshal sogs rdo rje'i gnas yul du/_/rdo rje gsang ba chen po'i sgyu rtsal la/_/rang dbang thob pa'i rigs kyi 'khor lo'i bsgyur/_/bde gshegs dgyes ma las dang pad+ma'i rigs/_/rdo rje'i gsang ba grub pa'i rnal 'byor par/_/thabs shes yid byed sdom pa'i pho nya can/_/bde chen pad+ma bzhad pa'i sgyu rtsal can/_/chos kun a wa d+hU ti'i srog bcud len/_/ma dag zhing du dpag yas sangs rgyas kyi/_/mdzad pa rdul ltar ston la phrag dogs pas/_/lhag par dpa' ba'i snying rje'i shing rta'i 'gros/_/myur zhing rgyun mi 'chad pa nyid du ston/_/nges pa'i gsang ba shin tu brtags dka' ba/_/ches phra rdo rje nam mkha'i dkyil lta bu/_/zab zhi 'od gsal kun la khyab brdal yang*/_/'khor dang myang 'das gang gi phyogs ma lhung*/_/khyod kyi rang bzhin ye shes chen po'i mkha'/_/mchog tu mi 'gyur rab rgyas bde chen dbyings/_/mkhyen brtse'i nyi zla 'char nub bral ba yis/_/dpag yas tshe dang ye shes snang bas sgeg_/ngo mtshar dpyid kyi dga' ba'i dus bzhin mdzes/_/myur zhing 'gugs drag ma bu'i brtse gdung ni/_/dam bca' las lhag khyod kyis 'gro kun dang*/_/khyad par gdul dka' sdug bsngal zung rtsa can/_/gzigs pa'i yum gcig 'phags ma khyod mtshungs su/_/de phyir dad pa'i rdzing bur dpa' mo'i zla/_/mngon sum bkod pas snyan tshig ka ma la'i/_/chun po gus pa'i snyim pas phul ba'i mthus/_/brtse chen mdzes pa'i zhal bzang 'dzum par gsol/_/bdag blo gzung 'dzin kun rtog rnyogs pa brgyas/_/bslad la ye shes nor bu chu dwangs gis/_/bgrungs nas 'phags pa'i yon tan brgyad ldan chab/_/rigs khams sa gzhir gtsang zhing 'khyil bar mdzod/_/gnas skabs su yang ring 'tsho'i durawa'i ljon/_/chos ldan mngon mtho nges par legs pa'i 'bras/_/dam pa'i ngang tshul me tog gis mdzes pas/_/rnam grol skyed mo'i tshal kun khebs par mdzod/_/gzhan phan gi waM bcud kyi len pa'i sman/_/sgo gsum zung du smin pas srid dang zhi'i/_/nyer 'tsho'i mtshar sdug mdzes pa'i grags snyan glus/_/phyogs bcu'i 'dren pa'i phrin las dpal 'dzin shog_/tshogs gnyis dkar 'dzin 'khri shing rab rgyas pas/_/mchog sku'i thugs kyi dkyil 'khor khyon 'khyil bas/_/mkha' khyab 'gro la sim ster ma ma yis/_/sdug bsngal rgud pa'i bkres skom kun sel shog_/phyin drug brgyad gnyis lang 'tsho'i snyems pa'i bzhin/_/snying rje'i chags tshon dwangs mas bkus pa gang*/_/yid la 'char ba tsam gyis kun dga' dpyid/_/rab ster ma lus 'gro kun dga' byed shog_/stobs bcu'i nus pa smin pa'i yungs dkar gyi/_/snye mas bdud bzhi'i tshogs kyi dpung smad pa'i/_/mthu byin ches cher dpa' ba'i rdo rje'i mtshon/_/rje btsun mchog gi dpal la spyod gyur cig_/rnam mkhyen ye shes dag pa'i A dar shar/_/dus gsum 'dren pa'i spang rtogs gzugs brgya gsal/_/mkha' khyab brtse ba'i rang gshis 'gog med pas/_/srid lam phyir zhing rgyu nas 'gro sgrol shog_/srid zhi las 'das rgyal ba'i seng ge'i khrir/_/zab rgyas chos kyi skye ba lnga pa'i glus/_/zhing kun khyab sgrogs gsung gi rdo rje'i yum/_/gar dbang bde chen bzhad pa'i dpal 'dzin mdzod/_/zag med 'bras bu'i dpal kun rdzogs pa yi/_/don gnyis lhun grub bir wa'i ljon bzang gis/_/dge legs ro brgya'i bcud 'dzin bkra shis dpal/_/zad med 'jo bas kun nas mdzes gyur cig_/gang gi zhabs kyi chu skyes la bsnyen pas mngon mtho dang nges legs kyi dpal ji ltar 'dod pa bzhin ster ba'i rgyal yum 'phags ma'i gsang gsum la mngon par gus pa'i blos bstod pa'i tshigs su bcad pa 'di yang 'phags ma'i thugs thig gi rdo rje gsum gyi rnal 'byor la brtson pa lhur blang pa'i skabs 'khos chung mang+ga la'i ming gis g.yu ljang zhun ma'i nags tshal stug pos khebs pa'i gnas su bris pa tshe rabs thams cad du dpal mos byin gyis rlobs par gyur cig_/__!__'chi med 'phags ma yid bzhin 'khor lo la ched du bsngags pa tshangs sras dgyes pa'i rol mo zhes bya ba bzhugs so/_/na mo gu ru Ar+Ya tA ra ye/_ka ma la ngogs bdud rtsi'i zil mngar chags pa'i ze'u 'bru gzhon nu bzhin/_/kha dog rab dkar nya gang zla ba'i dpal gyi shas kyang mi mtshon pa/_/ga bur 'dzin pa'i zla shel ji bzhin yid kyi gdung sel lhag pa'i lha/_/nga yi tshe rabs gtan mgon bsnyen phyir bsngags pa'i gling bu cung zad 'khrol/_/ca co tsam min zab rgyas snyan tshig nor bu'i do shal du ma yis/_/cha shas yongs rdzogs gsang gsum rgyan du mdzes par bres dang lhan cig dpal/_/ja ril skra bab rab gus sor bcu'i me tog snying khar zum dang bcas/_/nya rgyas zla nang zhabs kyi pad+ma'i byang chub bar du brgyan par mdzod/_/ta na'i myos bum zung gi rab mdzes snyed skabs phra ba'i sku yi char/_/tha dad nor bu'i rgyan phreng 'bum gyis mdzes par bris pa'i lang tsho'i dpyid/_/da lta yid la mngon sum bkod pas las dang nyon mongs shugs drag po/_/na rga 'chi ba'i 'jigs pa kun 'phrog phan bde'i dpal stsol khyod la gus/_/pa sangs ltar dkar skyil krung gis bzhugs 'od zer 'bum gyis mdzes par 'khyud/_/pha rol phyin bcu rdzogs smin sbyangs ba byang chub spyod mchog mthar son pas/_/ba mchog 'jo bzhin phan bde'i dga' ston mchog ster srid zhi'i dpal gyur mgon/_/ma rgan yid can kun la sim ster 'phags bzhi'i yum gyur mgon khyod bsngags/_/tsakras rab mtshan phyag zhabs mthil du byang chub yan lag spyan bdun bkra/_/tsha zer brgya yang mog por byed pa'i 'od zer drug gi go cha yis/_/dza ya la sdang nad mtshon rgud sogs 'jigs pa brgyad las skyob mdzad dpal/_/wa ler dad mtshor dran pa tsam gyi phan bde'i dpal kun stsol la 'dud/_/zha rengs la sogs mi mthun phyogs kun skyob mdzad g.yon pa'i mtheb srin gyis/_/za ma tog bzhin bdud rtsi'i rab khengs 'chi med tshe yi bum bzang dang*/_/'a cag rdzes skyong ut+pal legs bsnam g.yas pa'i phyag gis mchog sbyin gyis/_/ya mtshan mchog thun dngos grub 'bad med 'gro la stsol phyir dgyes bzhin bskyangs/_/ra ri bral bas ji lta ji snyed mkhyen gnyis dkyil 'khor yongs su rdzogs/_/la la tsam min mkha' khyab 'gro dang 'dul dka' thams cad rjes brtses skyongs/_/sha sha d+ha ra'i bsil 'od las lhag bdud sde kun 'joms nus stobs kyis/_/sa gsum 'gro la dbugs 'byin mchog ster 'gro kun ma gcig khyod la bsngags/_/ha ri'i 'khri shing bsung gis 'khyud bzhin khyod la gcig tu dad pa'i blos/_/a ho ma khyod dgyes phyir bstod pa'i rgyud mang cung zad sbreng 'dis kyang*/_a don mngon gyur srid dang zhi ba'i 'jigs dang sdug bsngal kun bral nas/_/a ho dgyes tshims thun mong dngos grub mchog gi dpal gyi rtag tu skyongs/_/i shwa ra bzhin ma gcig zhabs sen gtsug gi nor bu'i rgyan mchod nas/_/o d+hA d+hi ltar lhag bsam dad gus rab tu dkar bas legs bsags na/_/u rgyan yul gyi grub rigs 'dzin bzhin dngos grub 'dod dgu'i dpal phun tshogs/_/e ma ngo mtshar bye bas dpal gyis byang chub bar tu bdag skyongs shig_/ces rab tshes chu khams 'khor lo'i sna can gyi gnam lo gsar du bzhad pa'i dga' ston du dad brgya'i sor mos snyan ngag gi rgyud mang cung zad bsgrengs pa 'dis kyang 'chi med tshe dang ye shes kyi bdud rtsi'i dga' ston la spyod phyir gsol ba btab pa bzhin ak+Sha ra'i mthun rkyen A nan+ta mang+ga las zhus te lak+Sh+mI d+harma tsakra dwIpa bris te smon pa bzhin du gyur cig/__//

Footnotes

Other Information