DKR-KABUM-08-NYA-008: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=མཁའ་འགྲོ་གསང་བ་ཀུན་འདུས་ལས། རྡོ་རྗེ་ཕག་མོའི་རྩ་བའི་ཕྲིན་ལས་འབྲིང་པོ་བདེ་ཆེན་གྲུབ་པའི་མྱུར་ལམ། | |||
|fulltitle=mkha' 'gro gsang ba kun 'dus las/ rdo rje phag mo'i rtsa ba'i phrin las 'bring po bde chen grub pa'i myur lam | |||
|citation=[[Khyentse, Dilgo]]. ''Mkha' 'gro gsang ba kun 'dus las rdo rje phag mo'i rtsa ba'i phrin las 'bring po bde chen grub pa'i myur lam''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 8: 64-75. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=jo mo sman mo; 'jam dbyangs mkhyen brtse'i dbang po | |||
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་; ཇོ་མོ་སྨན་མོ་ | |||
|tibgenre=Activity Manual - las byang, Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Three | |||
|deity=rdo rje phag mo | |||
|cycle=mkha' 'gro gsang ba kun 'dus | |||
|cycletib=མཁའ་འགྲོ་གསང་བ་ཀུན་འདུས་ | |||
|language=Tibetan | |language=Tibetan | ||
| | |volumenumber=008 | ||
| | |volnumtib=༨ | ||
|volyigtib=ཉ་ | |||
|totalvolumes=25 | |||
|textnuminvol=008 | |textnuminvol=008 | ||
|pagenumbers=64-75 | |||
|totalpages=23 | |||
|beginfolioline=1a | |||
|endfolioline=12a3 | |||
|totalfolios=12 | |||
|multivolumework=No | |||
|rectonotes=phrin 'bring | |||
|versonotes=mkha' 'gro gsang ba kun 'dus | |||
|colophontib=།ཅེས་རྡོ་རྗེ་ཕག་མོ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཕྲིན་ལས་འབྲིང་པོ་འདི་ཉིད་ཐམས་ཅད་མཁྱེན་གཟིགས་རྗེ་གཏེར་ཆེན་བླ་མའི་ཕྱག་ཟིན་ལྟར་འཇུག་བདེའི་ཚུལ་དུ་བཀོད་པར་འཇམ་མགོན་རྡོ་རྗེ་འཆང་པདྨ་ཡེ་ཤེས་རྡོ་རྗེའི་སྤྱན་སྔར་ཟབ་ལམ་མཆོག་འདིར་དད་མོས་བརྟན་པའི་བཤད་སྒྲུབ་བསྟན་འཛིན་ནས་ཞུ་བསྐུལ་བགྱིས་པར་འདི་བཞིན་ཁྱོད་ནས་འགོད་པར་འོས་ཞེས་དགྱེས་པའི་བཀའ་ལུང་སྤྱི་བོར་བསྩལ་བས་ཇི་ལྟར་སྦྱོར་ཚུལ་བཀའ་བསླབ་ཞིབ་ཞུས་ལྟར་ཡི་གེའི་གནས་སུ་འགོད་པ་པོ་ཁྱབ་བདག་འཇམ་མགོན་བླ་མ་ཡབ་སྲས་དགྱེས་པའི་འབངས་པདྨ་དབང་ཆེན་དགྱེས་པའམ་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བྲིས་པ་འདིས་ཀྱང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་མཐའ་དག་རྗེ་བཙུན་རྡོ་རྗེ་བཙུན་མོའི་གསང་བ་ཟབ་མོའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། | |||
|colophonwylie=/ces rdo rje phag mo mkha' 'gro gsang ba kun 'dus kyi phrin las 'bring po 'di nyid thams cad mkhyen gzigs rje gter chen bla ma'i phyag zin ltar 'jug bde'i tshul du bkod par 'jam mgon rdo rje 'chang pad+ma ye shes rdo rje'i spyan sngar zab lam mchog 'dir dad mos brtan pa'i bshad sgrub bstan 'dzin nas zhu bskul bgyis par 'di bzhin khyod nas 'god par 'os zhes dgyes pa'i bka' lung spyi bor bstsal bas ji ltar sbyor tshul bka' bslab zhib zhus ltar yi ge'i gnas su 'god pa po khyab bdag 'jam mgon bla ma yab sras dgyes pa'i 'bangs pad+ma dbang chen dgyes pa'am 'od gsal rdo rje thugs mchog rtsal gyis bris pa 'dis kyang grong khyer gsum gyi yid can mtha' dag rje btsun rdo rje btsun mo'i gsang ba zab mo'i dbyings su mngon par byang chub pa'i rgyur gyur cig_/dge legs 'phel// | |||
|recensionlink=JKW-KABAB-06-CHA-036 | |||
|pdflink=File:DKR-KABUM-08-NYA-008.pdf | |pdflink=File:DKR-KABUM-08-NYA-008.pdf | ||
}} | }} | ||
Line 16: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|མཁའ་འགྲོ་གསང་བ་ཀུན་འདུས་ལས། རྡོ་རྗེ་ཕག་མོའི་རྩ་བའི་ཕྲིན་ལས་འབྲིང་པོ་བདེ་ཆེན་གྲུབ་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།། | {{TibP|མཁའ་འགྲོ་གསང་བ་ཀུན་འདུས་ལས། རྡོ་རྗེ་ཕག་མོའི་རྩ་བའི་ཕྲིན་ལས་འབྲིང་པོ་བདེ་ཆེན་གྲུབ་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ཡེ་ཤེས་ནམ་མཁའི་གཟུགས་ཀྱི་དེ་ཉིད་ཀྱང༌། །མཆོག་བདེའི་རེག་པའི་ཉིན་བྱེད་ཀྱིས་འཁྱུད་པས། །ཟག་མེད་སྣང་བའི་དཔལ་སྤྱིན་བཅོམ་ལྡན་མ། །འགྱུར་མེད་མཚན་དཔེས་སྒེག་དེས་འཁྱུད་གྱུར་ཅིག །གང་དེ་སྒྲུབ་པའི་ཐབས་ཀྱི་ཕུལ། །ཉེ་བར་བསྙེན་པའི་ལམ་རིམ་མཆོག །གཏེར་ཆེན་བླ་མའི་རྡོ་རྗེའི་གསུང༌། །འཇུག་བདེའི་བཙས་སུ་བཀླག་ཆོག་སྤེལ། །ཡེ་ཤེས་མཁའ་འགྲོ་འདུས་པའི་ཕྲིན་ལས་གསང་བ་ཀུན་འདུས་ཀྱི་དངོས་གཞིའི་ཉམས་ལེན་བུམ་དབང་གི་ལམ་སྐུ་རྡོ་རྗེ་བསྐྱེད་རིམ་སྤྲུལ་པའི་སྐུའི་རྣལ་འབྱོར་ཁོ་ན་ལའང་ཐོག་མར་ཐུན་མོང༌། ཁྱད་པར་གྱི་བསྐྱེད་རིམ། ཞར་བྱུང་བཟླས་པ་དང་བཅས་པས་གསལ་སྣང་ལེགས་པར་བསྒྲུབས་ནས། བསྐྱེད་བཟླས་ཟུང་འཇུག་གི་བསྙེན་སྒྲུབ་བྱ་བ་ལ་བསྙེན་སྒྲུབ་ཡན་ལག་བཞིའི་རིམ་པ་ལས། དང་པོ་བསྙེན་པའི་ཕྲིན་ལས་རྒྱུན་ཁྱེར་ལྟར་ཤེས་དགོས་ལ། གཉིས་པ་ཉེ་བར་བསྙེན་པའི་ཕྲིན་ལས་ཀྱི་ཆིངས་གསང་བ་རྒྱ་མཚོའི་མངའ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཕྱག་ཟིན་བཞིན་འཇུག་བདེ་བཀླག་ཆོག་ཏུ་སྤེལ་བ་ལ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལའང་བདུན་ལས། ཐོག་མར་སྦྱོར་བ་ནི། མཐུན་པའི་གནས་སུ་དམ་ཚིག་གི་རྟེན་གྱི་དྲུང་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པའམ། ཚེས་བཅུའི་མཆོད་པ་ལྟ་བུར་གཞུང་མཐུན་གཏོར་མ། ཆོས་སྲུང་གི་གཏོར་འབུལ་དང༌། སྨན་རཀ །དཀར་བགེགས། ཚོགས་དང་བསྐང་གཏོར་མཆོད་པ་སོགས་སྤྱི་ལྟར་བཤམས། གནས་ཁང་རྒྱན་གྱིས་མཛེས་པར་བྱའོ། །སྒྲུབ་པ་པོ་རྣམས་ཁ་ནུབ་ཏུ་ཕྱོགས། ཐོད་རྔ་སོགས་དམ་ཚིག་གི་ཡོ་བྱད་བཅས་སྟན་ལ་འཁོད་པས་ཉམས་སུ་བླང་ངོ༌། །རྣམ་ཀུན་མཆོག་ལྡན་ཆོས་སྐུ་ཡུམ་ཆེན་མོ། །དབྱིངས་ཕྱུག་ལོངས་སྐུ་རྡོ་རྗེ་ཕག་མོ་ཆེ། །བདེ་གཤེགས་སྤྲུལ་སྐུ་དགྱེས་མ་རྣལ་འབྱོར་མར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཁའ་འགྲོའི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ། །དབྱིངས་ཀྱི་ཡུམ་ཆེན་ཡེ་ཤེས་མཚོ་རྒྱལ་ཞབས། །ལས་ཅན་ཌཱ་ཀི་པདྨ་མཚོ་སྐྱིད་ལ། །གསོལ་བ༴ བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང༌། །གསང་བདག་དངོས་བྱོན་བློ་གྲོས་མཐའ་ཡས་ཞབས། །ཧེ་རུ་ཀ་དཔལ་གར་དབང་བཞད་པ་རྩལ། །གསོལ་བ༴ བཻ་རོའི་རྣམ་འཕྲུལ་སྣང་མཛད་རྡོ་རྗེ་དང༌། །ཁྱབ་བདག་པདྨ་ཡེ་ཤེས་རྡོ་རྗེ་རྩལ། །ཟབ་ལམ་བཀའ་བབས་རྩ་བརྒྱུད་བླ་མ་ལ། །གསོལ་བ༴ རིགས་ལྔའི་ཌཱ་ཀི་ཐུགས་གསུང་སྐུའི་འཁོར་ལོའི། །དཔའ་བོ་རྣལ་འབྱོར་ལས་དང་དམ་ཚིག་གི །བདེ་ཆེན་མཆོག་སྩོལ་མཁའ་འགྲོའི་དཀྱིལ་འཁོར་ལ། །གསོལ་བ༴ དབང་གིས་རྒྱུད་སྨིན་བསགས་སྦྱངས་གནད་དུ་ཁེལ། །བསྐྱེད་རྫོགས་གདམས་པས་རྡོ་རྗེའི་ལམ་མཐར་ཕྱིན། །བདེ་སྟོང་གཉིས་མེད་དོན་གྱི་ཌཱ་ཀི་ནིའི། གོ་འཕང་དམ་པ་རྟེན་འདིར་མངོན་གྱུར་ཤོག །གཉིས་པ་སྐྱབས་སུ་འགྲོ་བ་ནི། ཚོགས་ཞིང་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བ་སད་པར་གྱུར། ན་མོ༔ བདག་དང་ཁམས་གསུམ་འགྲོ་བ་ཀུན༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ རྩ་བ་གསུམ་གྱིས་བྱིན་གྱིས་རློབས༔ སྐུ་གསུམ་ངང་དུ་གནས་གྱུར་ཅིག༔ ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་རྣམས༔ སངས་རྒྱས་ས་ལ་འགོད་པའི་ཕྱིར༔ མཁའ་འགྲོ་མ་ཡི་བསྐྱེད་བཟླས་དང༔ མཆོད་བསྟོད་སྒྲུབ་ལ་བརྩོན་པར་བགྱི༔ ལན་གསུམ། བཞི་པ་སྡོམ་བཟུང་ནི། ཧོ༔ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ སོ་སོར་ཐར་པའི་འདུལ་བ་དང༔ བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་གསང་སྔགས་སྡོམ་པའི་ཚོགས༔ ཚུལ་བཞིན་བཟུང་བཞིན་བསྲུང་བར་བགྱི༔ ལན་གསུམ། ལྔ་པ་བ་གེགས་བསྐྲད་པ་ནི། བགེགས་གཏོར་དངོས་སུ་བཤམས་ཡོད་ན། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ། ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱིས་བསྔོས་ལ། བཀའ་བསྒོ་བ་ནི། ཧཱུྃ་ཧཱུྃ༔ ང་ནི་ཕག་མོ་ཁྲོས་མ་སྟེ༔ སྐུ་ཡི་སྤྲུལ་པ་ཕྱོགས་བཅུར་འགྱེད༔ གསུང་གི་དྲག་སྔགས་སྟོང་གསུམ་གཡོ༔ ཐུགས་རྗེ་དྲག་ཤུལ་འབར་བ་ཡིས༔ འདུ་བའི་ལྷ་ནི་མ་གཏོགས་པ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ བགེགས་དང་ལོག་འདྲེན་རྡུལ་དུ་རློག༔ ཁྱེད་ཅག་འདུག་པའི་སྐབས་མེད་པས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་སརྦ་བི་གྷྣཱན་ཨུ་ཙ་ཊ་ཡ་ཕཊ྄་ཕཊ྄༔ ཅེས་དྲག་སྔགས་ཡུངས་ཐུན་རོལ་མོ་དང་བཅས་ཏེ་བགེགས་ཚོགས་བསྐྲད་གཟིར། །དྲུག་པ་མཚམས་གཅོད་ནི། ཧཱུྃ་ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ནི༔ ཕྱོགས་བཅུ་སྟོང་གི་འཇིག་རྟེན་ཀུན༔ སྣང་བ་རྡོ་རྗེ་ཁྲོས་མའི་སྐུ༔ གྲགས་པ་རྡོ་རྗེ་ཁྲོས་མའི་གསུང༔ དྲན་རྟོག་རྡོ་རྗེ་ཁྲོས་མའི་ཐུགས༔ མེ་རླུང་ཆུ་ཡི་རྦ་རླབས་གཡོ༔ རྡོ་རྗེ་མདའ་གུར་ར་བས་བྲེས༔ བར་ཆད་གདོན་བགེགས་འབྱུང་པོའི་ཚོགས༔ ནམ་ཡང་འཇུག་པའི་སྐབས་མེད་པས༔ མཚམས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་རྃ་ཡྃ་ཁྃ་བཛྲ་སཱ་ར་ཎ་རཀྵ་རཀྵ་ཧཱུྃ་ཧཱུྃ༔ བདུན་པ་མཆོད་པ་བྱིན་རླབས་ནི། ཧཱུྃ༔ གནས་ཁང་དུར་ཁྲོད་ཆེན་པོའི་གཞལ་མེད་ཁང༔ ཡེ་ཤེས་བཀོད་པ་འབྱམས་ཀླས་འོད་འབར་དབུས༔ ཉེར་སྤྱོད་དྲག་པོའི་འདོད་ཡོན་སྨན་གཏོར་རཀ༔ བདེ་སྟོང་མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པདྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ཐུན་མོང་ཕྱི་ནང་གི་མཆོད་པ་དང༌། ཨོཾ་ཧཱུྃ་ཏྲྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཿ ལན་གསུམ། ཨོཾ་ཨཱ་ཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱི་ཋ༔ ལན་གསུམ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋཿ ལན་གསུམ་དུ་བརྗོད་པས་ཁྱད་པར་གྱི་མཆོད་རྫས་སྨན་རཀ་གཏོར་མ་རྣམས་བྱིན་གྱིས་བརླབས་ལ། བཛྲ་སྥ་ར་ཎ་ཁྃ༔ བརྗོད་པས་ཆོས་ཀྱི་དབྱིངས་དང་མཉམ་པར་རྒྱ་ཆེར་སྤེལ་ལོ། །གཉིས་པ་དངོས་གཞིའི་ཕྲིན་ལས་ལ་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གསུམ་ལམ་དུ་བྱེད་པ་ལས། དང་པོ་བསྐྱེད་པ་སྐུའི་ཏིང་འཛིན་ལ་ལྔ་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨཿ གདོད་ནས་རྣམ་དག་རང་རིག་པ༔ སྟོང་ཆེན་དེ་བཞིན་ཉིད་དབྱིངས་ལས༔ རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་ཚུལ༔ གསལ་བའི་ཡེ་ཤེས་ཀུན་ཏུ་སྣང༔ དབྱེར་མེད་ཟུང་འཇུག་གཉུག་མའི་རྩལ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ མེ་ཕུང་རྡོ་རྗེའི་སྲུང་འཁོར་དང༔ དུར་ཁྲོད་གཞལ་མེད་ཁང་ཆེན་དང༔ སྐུ་གསུང་ཐུགས་ཀྱི་འཁོར་ལོའི་གཞིར༔ ཆོས་ཀྱི་འབྱུང་གནས་བསྣོལ་མ་དང༔ སྣ་ཚོགས་པདྨ་འདབ་བཞི་པའི༔ ལྟེ་བར་བཾ་ཡིག་ཡོངས་གྱུར་ལས༔ བཅོམ་ལྡན་བཛྲ་ཝཱ་རཱ་ཧི༔ དུས་ཀྱི་མུན་པ་ལྟ་བུར་གནག༔ སྤྱན་གསུམ་མཆེ་གཙིགས་འཛུམ་བཞད་སོགས༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ རྣ་ལྟག་རྡོ་རྗེའི་ཕག་ཞལ་ངུར༔ རལ་པ་དམར་ནག་སྤྲིན་ལྟར་གཏིབས༔ གྲི་གུག་ཐོད་ཁྲག་ཁ་ཊྭཱྃ་འཆང༔ ཕྱག་རྒྱ་ལྔ་དང་མགོ་བོས་བརྒྱན༔ བརྐྱང་བསྐུམ་གར་སྟབས་རོལ་པ་ཡིས༔ པདྨ་ཉི་མ་བཾ་རོའི་སྟེང༔ ཡེ་ཤེས་མེ་ཕུང་ཀློང་ན་བཞུགས༔ ཕྱོགས་བཞིར་དགའ་བཞིའི་ཡེ་ཤེས་གཟུགས༔ རིགས་བཞིའི་མཁའ་འགྲོ་ལས་ཀྱི་མདོག༔ ཕྱག་གཡས་རྡོ་རྗེ་རིན་པོ་ཆེ༔ པདྨ་རལ་གྲིའི་གྲི་གུག་འཕྱར༔ གཡོན་རྣམས་ཐོད་པ་ཁྲག་བཀང་བསྣམས༔ གྲུ་མོ་གཡོན་དུ་ཁ་ཊྭཱྃ་འཆང༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ འོད་ཟེར་བདེ་ཆེན་གཟི་བརྗིད་འབར༔ ཐུགས་གསུང་སྐུ་ཡི་འཁོར་ལོ་རུ༔ ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ༔ མཐིང་དམར་དཀར་བའི་མདངས་འོད་འཚེར༔ ཡབ་རྣམས་ཌཱ་རུ་དྲིལ་བུ་འཁྲོལ༔ ཡུམ་རྣམས་གྲི་གུག་ཐོད་པ་འཛིན༔ ཁ་སྦྱོར་པད་ཉི་རོ་ཡི་སྟེང༔ བདེ་བའི་གར་སྟབས་ཅིར་ཡང་བསྒྱུར༔ སྒོ་བཞིར་ཕྲ་མེན་ཕྱོགས་ཀྱི་མདོག༔ རིགས་ཀྱི་ཕྱག་མཚན་ཐོད་པ་བསྣམས༔ མཚམས་སུ་དམ་ཚིག་མཁའ་འགྲོ་ནི༔ ཕྱེད་གཟུགས་གྲི་ཐོད་ཕྱག་རྒྱ་འཆང༔ ཀུན་ཀྱང་དུར་ཁྲོད་རུས་པས་བརྒྱན༔ སྟེང་འོག་བར་མཚམས་ཐམས་ཅད་དུ༔ རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས༔ རྡོ་རྗེ་གསུམ་དུ་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ལྡན་རང་དབང་རྫོགས༔ ཞེས་གཙོ་འཁོར་རྣམས་ཀྱི་སྐུའི་ཉམས་འགྱུར། གསུང་གི་གདངས་སྐད། ཐུགས་ཀྱི་དགོངས་པ་རྣམས་ལེགས་པར་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་ ཞེས་རྡོ་རྗེ་གསུམ་གྱིས་རྒྱས་གདབ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཿཨ་བྷི་ཥིཉྩ་མིཿས་དབང་བསྐུར་ནས། ང་རྒྱལ་བརྟན་པོར་བཟུང་བ་དང༌། །དག་དྲན་ལའང་བསླབ་པར་བྱ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ནི། སྤོས་རོལ་གདུང་དབྱངས་དང་བཅས་ཏེ། ཧཱུྃ༔ཧཱུྃ༔ དབྱིངས་དང་ཡེ་ཤེས་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག༔ ལྷན་སྐྱེས་རིགས་ལྔའི་དྷཱ་ཀི་ནི༔ ཐབས་ཤེས་དཔའ་བོ་རྣལ་འབྱོར་མ༔ ཕྲ་མེན་དམ་ཚིག་མཁའ་འགྲོ་རྣམས༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བྃ་ཧ་རི་ནི་ས་སརྦ་དྷཱ་ཀི་ནི་མཎྜཱལ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བྃ་ཧོཿ གསུམ་པ་དམ་ཡེ་དབྱེར་མེད་དུ་བཞུགས་སུ་གསོལ་ཞིང་ཕྱག་འཚལ་བ་ནི། ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས༔ བྱིན་རླབས་དངོས་གྲུབ་གཏེར་གྱི་མཛོད༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་འཚལ་བས། པྲ་ཏཱིཙྪ་ཧོ༔ ཞེས་དགྱེས་ཏེ་ལན་བསྩལ་བར་མོས། བཞི་པ་མཆོད་པ་ལ། དང་པོ་ཕྱི་ཉེར་སྤྱོད་ཀྱི་མཆོད་པ་ནི། ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ གཉིས་པ་ནང་དྲག་པོའི་འདོད་ཡོན་གྱི་མཆོད་པ་ནི། ཧཱུྃ༔ ཡུལ་དང་དབང་པོ་འབྲེལ་པ་ཡི༔ དྲག་པོའི་འདོད་ཡོན་ལོངས་སྤྱོད་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ གསུམ་པ་གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་ནི། ཧཱུྃ༔ ཧེ་རུ་ཀ་དཔལ་ཁྲག་འཐུང་ཆེ༔ ནམ་མཁའ་གང་བར་མཉམ་སྦྱོར་བས༔ རྟོག་ཚོགས་སྐྱེ་མེད་དབྱིངས་སུ་བསྒྲལ༔ གསང་བ་མཆོག་གི་མཆོད་པ་བཞེས༔ ཨོཾ་བཛྲ་ཏ་ན་ག་ཎ་པཱུ་ཛ་ཧོ༔ བཞི་པ་ཁྱད་པར་སྨན་རཀ་གཏོར་མའི་མཆོད་པ་ནི། ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟའི་བཅུད༔ འདོད་ཡོན་ལྔ་ལྡན་བ་ལིཾ་ཏས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྤྲོ་ན་སྨན་གྱི་བརྒྱུད་མཆོད། དངོས་གྲུབ་བླང་བ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཞེས་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བྱ། ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་པས་དངོས་གྲུབ་ཏུ་རོལ། སྨན་གྱི་བརྒྱུད་མཆོད་མི་སྦྱོར་ན་འདི་མི་དགོས། ལྔ་པ་བསྟོད་པ་ནི། ཧཱུྃ༔ བདེ་གཤེགས་ཀུན་གྱི་ཡེ་ཤེས་རྣམ་ལྔའི་དབྱིངས༔ བཅོམ་ལྡན་རིགས་ཀྱི་མཁའ་འགྲོའི་གཙོ་མོར་བཞེངས༔ དུག་ལྔ་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་གང་འདུལ་ཡེ་ཤེས་དབྱིངས༔ དམ་ཚིག་ལས་ཀྱི་མཁའ་འགྲོའི་སྐུར་བཞེངས་ནས༔ རྟོག་ཚོགས་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་བདེ་སྟོང་ཡེ་ཤེས་དབྱིངས༔ གནས་ཡུལ་དཔའ་བོ་མཁའ་འགྲོའི་གཟུགས་སུ་ཤར༔ གཟུང་འཛིན་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྣམ་འཕྲུལ་ས་གསུམ་ཁྱབ་པར་སྣང༔ ལས་དང་ཡེ་ཤེས་དངོས་གྲུབ་ཐོགས་མེད་སྩོལ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ དྲུག་པ་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ་བཞི་ལས། དང་པོ་ཛཔ་ཀྱི་དགོངས་པ་ལ་བསྐུལ་བ་ནི། སྒྲུབ་པ་དང་སྒྲུབ་ཆེན་སོགས་ཀྱི་སྐབས་ཕྱི་ཐུན་འདི་ཉིད་ལ་བརྟེན་པས་རྒྱས་བསྡུས་འཚམ་པས་ན་དེ་སྐབས་ཐོག་མར་ཛཔ་ཁང་དབྱེ་པ་ནི། དབྱེ་གཞི་སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོའི་འཁོར་ལོར་རང་ཤར་བ་ལ། དབྱེ་བྱ་དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས། ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་མཎྜ་ལ་སྥ་ར་ཎ་ཕཊ྄༔ ཅེས་བརྗོད་པས། རང་འདྲའི་དཀྱིལ་འཁོར་གཉིས་པ་སྤྲོས༔ སཾ་ཧ་ར་ཎ་ཧཱུྃ༔ ཞེས་པས་མདུན་རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར༔ ཞེས་བདག་མདུན་མེ་ལོང་གི་གཟུགས་བརྙན་ལྟར་སོ་སོར་གསལ་ལ། ཧཱུྃ་ཧཱུྃ༔ མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ བཟླས་པའི་ཕྲིན་ལས་དུས་ལ་བབ༔ ཛཔ་ཀྱི་ཐུགས་དམ་རྒྱུད་བསྐུལ་ན༔ ཡེ་ཤེས་ཆེན་པོའི་བྱིན་དབབ་གསོལ༔ མནྟྲ་ཛྙཱ་ན་ཨ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ༔ ཞེས་རོལ་མོ་དང་བཅས་པས་བསྐུལ་བས། གཉིས་པ་རྩ་བའི་བཟླས་པ་ལ། དང་པོ་སྐུ་ཡི་གསང་སྔགས་བཟླ་བ་ནི། མཁའ་འགྲོ་མ་རྣམས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ས་བོན་མཚན༔ གསང་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ སྣོད་བཅུད་ལྷ་ཡི་འཁོར་ལོར་ཤར༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ བདེ་ཆེན་གཟི་བྱིན་འབར་བར་གྱུར༔ ཨོཾ་བཾ་བཛྲ་བྷཱ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ༔ གཉིས་པ་གསུང་སྔགས་བཟླ་པ་ནི། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ སྒྲ་ཀུན་སྔགས་ཀྱི་རང་སྒྲ་འུར༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ གྲགས་སྟོང་ནུས་པའི་མཐུ་དབང་ཐོབ༔ ཨོཾ་བཾ་བཛྲ་བཻ་རོ་ཙ་ནི་ཡ་ཧ་རི་ནི་ས་ཧཱུྃ་ཕཊ྄༔ གསུམ་པ་ཐུགས་སྔགས་བཟླ་བ་ནི། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ དྲན་རྟོག་བདེ་སྟོང་ངོ་བོར་ཤར༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས༔ རིག་སྟོང་ཡེ་ཤེས་ཐིག་ལེར་རྫོགས༔ ཨོཾ་བཾ་ཧ་རི་ནི་ས་ཧཱུྃ་ཕཊ྄༔ ཞེས་བཟླ་བ་ནི་གཙོ་བོའི་སྔགས་དང༌། གཉིས་པ་རིགས་བཞི་མཁའ་འགྲོའི་བཟླས་པ་ནི། རིགས་བཞི་མཁའ་འགྲོའི་ཐུགས་ཀ་ནས༔ སྔགས་ཀྱི་སྒྲ་དང་འོད་ཟེར་འཕྲོས༔ སྡིག་སྒྲིབ་ཞི་ཞིང་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་བསྒྲལ༔ མཆོག་གི་ཕྲིན་ལས་ལྷུན་གྲུབ་གྱུར༔ ཨོཾ་ཧ་བཛྲ་དྷཱ་ཀི་ནི་ཧཱུྃ༔ ཨོཾ་རི་རཏྣ་དྷཱ་ཀི་ནི་ཏྲཱྃ༔ ཨོཾ་ནི་པདྨ་དྷཱ་ཀི་ནི་ཧྲཱིཿ ཨོཾ་ས་ཀརྨ་དྷཱ་ཀི་ནི་ཕཊ྄༔ ཅེས་རིགས་བཞི་སོ་སོར་བཟླ། གསུམ་པ་ཐུགས་གསུང་སྐུའི་འཁོར་ལོ་གསུམ་གྱི་དཔའ་བོ་དཔའ་མོའི་བཟླས་པ་ནི། ཐུགས་ཀྱི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཧཱུྃ་གི་མཐར༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ ཐུགས་ཀྱི་དམ་ཚིག་ཉམས་ཆགས་སྦྱངས༔ ཡེ་ཤེས་དགོངས་པ་མངོན་གྱུར་བསམ༔ ཨོཾ་ཙིཏྟ་ཙཀྲ་པཱུ་ཛ་ཨོ་ཨཱ་གོ་ར་དེ་མཱ་ཧཱུྃ་ཧཱུྃ་ཕཊ྄༔ གསུང་གི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨཿ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ གསུང་གི་དམ་ཚིག་ཉམས་ཆགས་སྦྱངས༔ སྔགས་ཀྱི་ནུས་པ་འབར་བར་གྱུར༔ ཨོཾ་ཝཱ་ཀ་ཙཀྲ་ཀ་ཨོ་ཊི་ཀོ་ཀ་ལ་ཀཱ་ཧི་ཧཱུྃ་ཧཱུྃ་ཕཊ྄༔ སྐུ་ཡི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨོཾ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ སྐུ་ཡི་དམ་ཚིག་ཉམས་ཆགས་སྦྱངས༔ བདེ་ཆེན་གཟི་བྱིན་འབར་བར་གྱུར༔ ཨོཾ་ཀཱ་ཡ་ཙཀྲ་པྲེ་གྲྀ་སཽ་སུ་ན་སི་མ་ཀུ་ཧཱུྃ་ཧཱུྃ་ཕཊ྄ཿ ཞེས་བཟླ། བཞི་བ་ལས་དང་དམ་ཚིག་གི་དྷཱ་ཀིའི་བཟླས་པ་ནི། སླར་ཡང་གཙོ་མོའི་འོད་ཟེར་གྱིས༔ ལས་དང་དམ་ཚིག་མཁའ་འགྲོ་བསྐུལ༔ དེ་རྣམས་འོད་ཟེར་མཁའ་ཁྱབ་སྤྲོས༔ ཐུན་མོང་ཕྲིན་ལས་ཀུན་གྲུབ་བསམ༔ ཨོཾ་སརྦ་ཀརྨ་ས་མ་ཡ་དྷཱ་ཀི་ནི་ཧཱུྃ༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱིཿཝཱ་ཤཾ་ཀུ་རུ་ཧོཿ ཧཱུྃ་མཱ་ར་ཡ་ཕཊ྄་ཕཊ྄༔ ཙེས་རྩ་སྔགས་ཀྱི་ཤམ་ལས་བཞི་སོ་སོར་སྦྱར་བས་བཟླའོ། །བཞི་པ་ཡེ་ཤེས་ཐུགས་ཀྱི་དགོངས་པ་གསལ་འདེབས་པ་ནི། ཛཔ་དབྱངས་དང་བཅས་ཏེ། ཧཱུྃ་ཧཱུྃ༔ ངོ་བོ་སྟོང་པ་ཕག་མོ་ཡུམ༔ རང་བཞིན་གསལ་བ་མཁའ་འགྲོ་བཞི༔ ཐུགས་རྗེའི་རིག་རྩལ་སྤྲུལ་པའི་སྐུ༔ དམ་ཚིག་ལས་ཀྱི་མཁའ་འགྲོ་དང༔ གནས་ཡུལ་དཔའ་བོ་དཔའ་མོའི་ཚོགས༔ མ་འགག་རང་ཤར་ཅིར་ཡང་སྣང༔ སྐྱེ་བ་མེད་ལ་འགག་པ་མེད༔ གནས་མེད་དམིགས་མེད་འགྲོ་འོང་མེད༔ རྣམ་ཐར་གསུམ་གྱི་བདག་ཉིད་ཅན༔ མཁའ་འགྲོ་རྒྱ་མཚོའི་འཁོར་ལོར་རྫོགས༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ ཞེས་དགོངས་པ་ཆོས་ཉིད་བློ་འདས་ཀྱི་དབྱིངས་གཅིག་ཉིད་ལ་ངོ་བོ་སྟོང་པ། རང་བཞིན་འོད་གསལ། སྲིད་ཞི་ཁྱབ་བརྡལ། ཐམས་ཅད་མ་འདྲེས། རང་རིག་མཐའ་བྲལ། ཐུགས་རྗེ་འགག་མེད་ཀྱི་རོལ་པའི་ལྡོག་ཆས་རྡོ་རྗེ་ཕག་མོ། རིགས་བཞི་མཁའ་འགྲོ། དམ་ཚིག་ལས་དང་གནས་ཡུལ་གྱི་དཔའ་བོ་དཔའ་མོ་གང་ལྟར་ཤར་ཡང་དོན་ལ་ཆོས་ཉིད་བདེ་བ་ཆེན་པོ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་དོན་ལ་མཉམ་པར་བཞག་བཞིན་པས་ཧཱུྃ་ཞེས་རྡོ་རྗེ་ཐུགས་ཀྱི་རིག་པའི་གླུ་དབྱངས་དང་བཅས་ཉམས་སྦར་བས་མཆོག་གི་ཡེ་ཤེས་མངོན་དུ་བྱེད་པའོ། །ཐུན་ལས་ལྡང་བ་ན་དབྱངས་གསལ་རྟེན་སྙིང༌། མཆོད་བསྟོད་མཐར་ཡིག་བརྒྱ་བརྗོད་ལ། གསུམ་པ་རྗེས་ཀྱི་ལས་རིམ་ལ། དང་པོ་ཚོགས་ཀྱི་མཆོད་པ་ནི། ཐབས་ཤེས་དམ་ཚིག་གི་རྫས་རྣམས་བསང་ཆུ་དང་བདུད་རྩིས་བྲན་ལ། སྤྲོ་ན་སྐབས་འདིར་མཁའ་འགྲོ་དང་བཀའ་སྲུང་སྤྱང་ཞོན་མཆེད་གསུམ་སོགས་སྤྱི་དང་བྱེ་བྲག་གི་གཏོར་འབུལ་བྱས་ལ། ཐོག་མར་ཚོགས་ཀྱི་དམ་རྫས་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ༔ རང་བྱུང་བདེ་ཆེན་ཀ་པཱ་ལར༔ དམ་རྫས་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་ལྔ་ལྡན་བཅུད་དུ་འཁྱིལ༔ འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གཉིས་པ་ཚོགས་ཞིང་སྤྱན་དྲང་བ་ནི། ཧྲཱིཿ འོག་མིན་ཞིང་དང་ཉེར་བཞིའི་ཡུལ༔ དུར་ཁྲོད་བརྒྱད་སོགས་གནས་མཆོག་ནས༔ རབ་འབྱམས་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས༔ སརྦ་དྷ་ཀ་དྷཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་ས་མ་ཛ༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ གསུམ་པ་ཚོགས་ཕུད་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ དགྱེས་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བཞི་པ་བཤགས་པ་ནི། ཧོཿ བདག་གིས་ཚེ་རབས་ཐོགས་མེད་ནས༔ བསགས་པའི་སྡིག་ལྟུང་ཉམས་ཆགས་ཀུན༔ ཚོགས་ཀྱི་མཆོད་པས་སྐོང་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་དུ་གསོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཡི་གེ་བརྒྱ་པས་བཤགས། ལྔ་པ་བསྒྲལ་བསྟབས་ནི། ཨོཾ་ས་ཀརྨ་དྷཱ་ཀི་ནི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཧཱུྃ་ཕཊ྄༔ རང་ཉིད་སྐད་ཅིག་གིས་ལས་བྱེད་ཀརྨ་དྷཱ་ཀི་ནིའི་སྐུར་གྱུར། ཨེ་ཡཾ་རཾ་སྥ་ར་ཎ་ཕཊ྄༔ སཾ་ཧ་ར་ཎ་ཧཱུྃ༔ ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཡ་ཛ༔ ཛཿཧཱུྃ་བྃ་ཧོཿ ཞེས་དམིགས་རྟེན་གསལ་ལ། ཧཱུྃ༔ ཕྱི་ནང་བར་ཆད་དགྲ་དང་བགེགས༔ མཚན་མ་ཚོགས་ཀྱི་རྫས་ལ་བསྟིམ༔ རྣམ་ཤེས་འོད་གསལ་དབྱིངས་སུ་སྤོར༔ ཤ་ཁྲག་ཚོགས་ཀྱི་འཁོར་ལོར་བཞེས༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་ཐུགས་དམ་བསྐང་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཀཱ་མ་གུ་ཎ་སྥ་ར་ཎ་ཁཾ༔ ཞེས་པས་བྱིན་གྱིས་བརླབ་སྟེ། ཧཱུྃ་ཧྲཱིཿ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ དུས་གསུམ་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང༔ དབྱིངས་ཡུམ་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ བདེ་ཆེན་རྡོ་རྗེའི་མཁའ་འགྲོའི་ཐུགས་དམ་བསྐང༔ དོན་གྲུབ་རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང༔ སྒྲ་སྒྲོགས་པདྨ་མཁའ་འགྲོའི་ཐུགས་དམ་བསྐང༔ སྣ་ཚོགས་ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང༔ ཞིང་སྐྱེས་དཔའ་བོ་དཔའ་མོའི་ཐུགས་དམ་བསྐང༔ ལས་མཛད་ཕྲ་མེན་མཁའ་འགྲོའི་ཐུགས་དམ་བསྐང༔ གང་འདུལ་དམ་ཚིག་མཁའ་འགྲོའི་ཐུགས་དམ་བསྐང༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༔ རྒྱུད་གསུམ་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང༔ སྣང་སྲིད་དག་པ་རབ་འབྱམས་ཐུགས་དམ་བསྐང༔ སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་ཐུགས་དམ་བསྐང༔ ཉེར་སྤྱོད་ཀུན་བཟང་རོལ་མོས་ཐུགས་དམ་བསྐང༔ འདོད་ཡོན་བདེ་ཆེན་རྒྱན་གྱིས་ཐུགས་དམ་བསྐང༔ དུར་ཁྲོད་གསང་བའི་མཆོད་པས་ཐུགས་དམ་བསྐང༔ སྦྱོར་སྒྲོལ་བརྟུལ་ཞུགས་མཆོག་གིས་ཐུགས་དམ་བསྐང༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་ཐུགས་དམ་བསྐང༔ དམར་ཆེན་རཀྟའི་རྒྱ་མཚོས་ཐུགས་དམ་བསྐང༔ རྨད་བྱུང་ཤ་ཁྲག་གཏོར་མས་ཐུགས་དམ་བསྐང༔ ཟག་མེད་འདོད་འབྱུང་ཚོགས་ཀྱིས་ཐུགས་དམ་བསྐང༔ རང་བྱུང་འོད་གསལ་ཞུན་མེས་ཐུགས་དམ་བསྐང༔ གཞན་ཡང་མཆོད་རྫས་སྐོང་རྫས་སྒྲུབ་པའི་རྫས༔ མ་ཚང་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདིས༔ ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང༔ བདག་ཅག་དམ་ཚིག་ཉམས་ཆགས་བཟོད་པར་བཞེས༔ ནད་རིམས་གདོན་བགེགས་མི་མཐུན་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་འཁོར་སློབ་སྙན་གྲགས་སྤེལ༔ རྡོ་རྗེ་གསང་མཆོག་ལམ་གྱི་གྲོགས་མཛད་ནས༔ མཆོག་ཐུན་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་བསྐང་ཞིང་ཡིག་བརྒྱ་བརྗོད་པས་བཤགས། ཚོགས་རྫས་རྣམས་བརྡའི་འབུལ་ལེན་དང་བཅས་ནང་གི་སྲེག་བླུགས་ཀྱིས་རོལ། བདུན་པ་ལྷག་མ་ནི། ལྷག་མ་རྣམས་བསྡུས་ཏེ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ༔ ཞེས་པས་བྱིན་གྱིས་བརླབས་ཏེ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་མགྲོན་བཀུག་ལ། ཕེཾ་ཕེཾ༔ ལྷག་ལ་དབང་བའི་མཁའ་འགྲོ་གིང༔ ཕོ་ཉ་མགྱོགས་མ་གནས་ཉུལ་ཚོགས༔ དཔལ་གྱི་ཕམ་ཕབ་འདི་ལོངས་ལ༔ མི་མཐུན་ཀུན་སོལ་ཕྲིན་ལས་སྒྲུབས༔ ཨོཾ་ཨུཙྪིཥཊ་བ་ལིཾ་ཏ་ཁཱ་ཧི༔ ཞེས་དང་བཤལ་ཆུས་ཀྱང་མཆོད། ཧོཿ བདག་ཅག་རྡོ་རྗེ་རྣལ་འབྱོར་མཆེད་ལྕམ་གྱིས༔ གསང་མཆོག་མཁའ་འགྲོ་འདུས་པའི་གྲོང་ཁྱེར་དུ༔ ལོངས་སྤྱོད་ཆེན་པོས་མཆོད་ཅིང་བསྐངས་པའི་མཐུས༔ བདག་གཞན་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་མཛོད༔ ཅེས་རྡོ་རྗེའི་རིགས་སུ་སྐྱེ་བའི་སྨོན་ལམ་ཀྱང་གདབ། བརྒྱད་པ་ལྷར་སྣང་དབྱིངས་སུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་བ་ནི། གཏང་རག་གི་སླད་དུ་མཆོད་བསྟོད་ནོང་བཤགས་མདོར་བསྡུས་བྱས་ལ། ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ །མཁའ་ལ་སྤྲིན་ལྟར་དབྱིངས་སུ་ཐིམ༔ གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང༔ དོན་གྱི་ཕག་མོའི་རང་ཞལ་བལྟ༔ ཨ་ཨ་ཨཿ ཞེས་པས་སླར་སྣང་དབྱིངས་སུ་བསྡུས་ཏེ་འོད་གསལ་མཁའ་ཁྱབ་ཀྱི་དགོངས་པར་ལ་བཟླ། ཨོཾ་ཨཱཿཧཱུྃ༔ སླར་ཡང་གཟུགས་སྒྲ་དྲན་རྟོག་ཀུན༔ རྡོ་རྗེ་ཁྲོས་མའི་སྐུ་གསུང་ཐུགས༔ ཡེ་ཤེས་སྒྱུ་མར་མཉམ་སྦྱོར་བས༔ མཐའ་ཡས་འགྲོ་བའི་དོན་ལ་འཇུག༔ ཨོཾ་བཛྲ་བྷཱ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ གིས་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང༌། དགུ་པ་བསྔོ་སྨོན་ནི། ཇི་ལྟར་ལྷ་མོ་ཁྱོད་ཉིད་དང༌། །བདག་ནི་རབ་ཏུ་མཉམ་སྦྱོར་ཕྱིར། །འདི་ནས་འཇིག་རྟེན་འོག་ཏུ་ཡང༌། །མཁའ་འགྲོ་མ་ཡི་གཟུགས་ཅན་དུ། །གྱུར་ནས་འབྱུང་ཞིང་འགྱུར་བར་ཤོག །བདེ་ཞིང་བདེ་བར་བསྟན་པ་དང༌། །བདེ་བ་ཆེན་པོར་བདག་འགྱུར་ཤོག །འཆི་ཚེ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །མེ་ཏོག་ཕྲེང་དང་རྒྱལ་མཚན་གདུགས་ཐོགས་ཤིང༌། །གླུ་དབྱངས་རོལ་མོའི་སྤྲིན་གྱིས་མདུན་བསུས་ཏེ། །མཁའ་ལ་སྤྱོད་པའི་ཞིང་དུ་ཁྲིད་པར་ཤོག །སྣང་ཆ་བདེ་ཆེན་གར་དབང་ཧེ་རུ་ཀ །སྟོང་ཆ་རྣམ་ཀུན་མཆོག་ལྡན་ཕག་མོ་ཡུམ། །ཟུང་འཇུག་དབྱེར་མི་ཕྱེད་པའི་བདེན་པ་དེས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་པར་ཤོག །ཅེས་རྒྱུད་ལས་འབྱུང་བའི་ཧེ་རུ་ཀའི་སྨོན་ལམ་ཁ་སྐོང་དང་བཅས་པས་རྣལ་འབྱོར་ཟབ་མོས་དགེ་ཚོགས་ཡོངས་སུ་བསྔོ། བཅུ་པ་ཤིས་བརྗོད་ནི། ཨོཾ༔ མཆོག་གསུམ་དབྱེར་མེད་རྩ་གསུམ་རྒྱ་མཚོའི་བདག༔ བདེ་ཆེན་དཔལ་སྟེར་རྡོ་རྗེ་རྣལ་འབྱོར་མས༔ འགྲོ་ཀུན་ཁ་སྦྱོར་བདེ་བས་རྗེས་བཟུང་ནས༔ དངོས་གྲུབ་དགའ་སྟོན་འཕེལ་བའི་བཀྲ་ཤིས་ཤོག༔ ཅེས་སོགས་བྱའོ། །སྤྱིར་འདི་ལ་གཏེར་གཞུང་རྩ་བའི་ཁྲིད་ཡིག་ཆེན་མོའི་དགོངས་པ་ལྟར་ན་སྐུ་རྡོ་རྗེ་བསྐྱེད་པའི་རྣལ་འབྱོར་ཁོ་ན་ལའང་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བསྐྱེད་བཟླས་བྱ་དགོས་པ་ལ། ཐོག་མར་ཁྱད་པར་གྱི་བསྐྱེད་རིམ་ཕྱག་རྒྱ་གཅིག་པའི་ལུས་དཀྱིལ་ལ་བརྟེན་པས་གཙོ་མོའི་སྐུ་གསུང་ཐུགས་ཀྱི་བཟླས་པ། ཉེ་བསྙེན་གྱི་ཕྲིན་ལས་འབྲིང་པོ་འདི་ལ་བརྟེན་ནས་ཕྱག་རྒྱ་སྤྲོས་བཅས་ཀྱིས་རིགས་བཞི་མཁའ་འགྲོའི་བཟླས་པ། སྐུ་གསུང་ཐུགས་ཀྱི་རྟེན་དམ་ཚིག་གི་རྫས་ཚོགས་པར་བྱས་ལ་ཕྲིན་ལས་རྒྱས་པ་ལ་བརྟེན་ནས་བདག་མདུན་སོ་སོར་ཕྱེ་སྟེ་གནས་ཡུལ་གྱི་དཔའ་བོ་དཔའ་མོའི་བཟླས་པ་སྒྲུབ་པ་དང༌། ལས་དང་དམ་ཚིག་གི་མཁའ་འགྲོའི་བཟླས་པས་སྒྲུབ་ཆེན་བཅས་དགོས་པར་གསུངས་པའི་ཕྱིར་སྐབས་འདི་ནི་ཉེ་བསྙེན་གྱི་ཕྲིན་ལས་ཀུན་མཁྱེན་བླ་མའི་ཕྱག་ཟིན་ལྟར་བཀླག་ཆོག་ཏུ་བསྡེབས་པ་སྟེ། སྒྲུབ་ཆེན་དང་སྒྲུབ་མཆོད་ཀྱི་སྐབས་སུ་ཕྱི་ཆོག་དང༌། ཚེས་བཅུའི་དུས་མཆོད་ལྟ་བུར་ལས་བྱང་འདི་ཁོ་ན་ལ་བརྟེན་ཀྱང་མི་རུང་བ་མེད་ཅིང༌། གསང་བ་རྒྱ་མཚོའི་མངའ་བདག་ཧེ་རུ་ཀ་དཔལ་རྗེ་བླ་མ་ཉིད་རྗེ་བཙུན་རྡོ་རྗེ་བཙུན་མོ་དངོས་ཀྱི་རྗེས་སུ་བཟུང་ཞིང༌། དངོས་གྲུབ་ཀྱི་མཚན་མ་ཁྱད་པར་ཅན་བརྙེས་པས་ན་ཟབ་གསང་འདི་ཉིད་ཐུན་མིན་བྱིན་རླབས་ཀྱི་ཚན་ཀ་ཆེ་བ་དང༌། གསང་སྔགས་ཀྱི་དངོས་གྲུབ་མཐའ་དག་ཁ་སྦྱོར་བདེ་བ་ཆེན་པོའི་ཡེ་ཤེས་འབའ་ཞིག་ལ་རག་ལས་པས་འདི་ཉིད་ཀྱི་རྣལ་འབྱོར་ལ་ལྷག་པར་བརྩོན་པས་མྱུར་དུ་དངོས་གྲུབ་འདོད་དགུའི་དཔལ་ཀུན་དཀའ་བ་མེད་པར་སྟེར་ནུས་པའང་ཞར་ལ་གདམས་པའོ། །འབུམ་ཕྲག་དྷཱ་ཀིའི་ཐུགས་ཀྱི་གསང་བའི་དབྱིག །རྣལ་འབྱོར་ཟབ་མོའི་དངོས་གྲུབ་བདེ་བླག་ཏུ། །སྦྱིན་པའི་ཐབས་ཀྱི་ཕྲིན་ལས་འདི་ཡིས་ཀྱང༌། །ཧེ་རུ་ཀ་དཔལ་རྟེན་འདིར་མངོན་གྱུར་ཅིག །ཅེས་རྡོ་རྗེ་ཕག་མོ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཕྲིན་ལས་འབྲིང་པོ་འདི་ཉིད་ཐམས་ཅད་མཁྱེན་གཟིགས་རྗེ་གཏེར་ཆེན་བླ་མའི་ཕྱག་ཟིན་ལྟར་འཇུག་བདེའི་ཚུལ་དུ་བཀོད་པར་འཇམ་མགོན་རྡོ་རྗེ་འཆང་པདྨ་ཡེ་ཤེས་རྡོ་རྗེའི་སྤྱན་སྔར་ཟབ་ལམ་མཆོག་འདིར་དད་མོས་བརྟན་པའི་བཤད་སྒྲུབ་བསྟན་འཛིན་ནས་ཞུ་བསྐུལ་བགྱིས་པར་འདི་བཞིན་ཁྱོད་ནས་འགོད་པར་འོས་ཞེས་དགྱེས་པའི་བཀའ་ལུང་སྤྱི་བོར་བསྩལ་བས་ཇི་ལྟར་སྦྱོར་ཚུལ་བཀའ་བསླབ་ཞིབ་ཞུས་ལྟར་ཡི་གེའི་གནས་སུ་འགོད་པ་པོ་ཁྱབ་བདག་འཇམ་མགོན་བླ་མ་ཡབ་སྲས་དགྱེས་པའི་འབངས་པདྨ་དབང་ཆེན་དགྱེས་པའམ་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བྲིས་པ་འདིས་ཀྱང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་མཐའ་དག་རྗེ་བཙུན་རྡོ་རྗེ་བཙུན་མོའི་གསང་བ་ཟབ་མོའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།།}} | ༄༅། །ཡེ་ཤེས་ནམ་མཁའི་གཟུགས་ཀྱི་དེ་ཉིད་ཀྱང༌། །མཆོག་བདེའི་རེག་པའི་ཉིན་བྱེད་ཀྱིས་འཁྱུད་པས། །ཟག་མེད་སྣང་བའི་དཔལ་སྤྱིན་བཅོམ་ལྡན་མ། །འགྱུར་མེད་མཚན་དཔེས་སྒེག་དེས་འཁྱུད་གྱུར་ཅིག །གང་དེ་སྒྲུབ་པའི་ཐབས་ཀྱི་ཕུལ། །ཉེ་བར་བསྙེན་པའི་ལམ་རིམ་མཆོག །གཏེར་ཆེན་བླ་མའི་རྡོ་རྗེའི་གསུང༌། །འཇུག་བདེའི་བཙས་སུ་བཀླག་ཆོག་སྤེལ། །ཡེ་ཤེས་མཁའ་འགྲོ་འདུས་པའི་ཕྲིན་ལས་གསང་བ་ཀུན་འདུས་ཀྱི་དངོས་གཞིའི་ཉམས་ལེན་བུམ་དབང་གི་ལམ་སྐུ་རྡོ་རྗེ་བསྐྱེད་རིམ་སྤྲུལ་པའི་སྐུའི་རྣལ་འབྱོར་ཁོ་ན་ལའང་ཐོག་མར་ཐུན་མོང༌། ཁྱད་པར་གྱི་བསྐྱེད་རིམ། ཞར་བྱུང་བཟླས་པ་དང་བཅས་པས་གསལ་སྣང་ལེགས་པར་བསྒྲུབས་ནས། བསྐྱེད་བཟླས་ཟུང་འཇུག་གི་བསྙེན་སྒྲུབ་བྱ་བ་ལ་བསྙེན་སྒྲུབ་ཡན་ལག་བཞིའི་རིམ་པ་ལས། དང་པོ་བསྙེན་པའི་ཕྲིན་ལས་རྒྱུན་ཁྱེར་ལྟར་ཤེས་དགོས་ལ། གཉིས་པ་ཉེ་བར་བསྙེན་པའི་ཕྲིན་ལས་ཀྱི་ཆིངས་གསང་བ་རྒྱ་མཚོའི་མངའ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཕྱག་ཟིན་བཞིན་འཇུག་བདེ་བཀླག་ཆོག་ཏུ་སྤེལ་བ་ལ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལའང་བདུན་ལས། ཐོག་མར་སྦྱོར་བ་ནི། མཐུན་པའི་གནས་སུ་དམ་ཚིག་གི་རྟེན་གྱི་དྲུང་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པའམ། ཚེས་བཅུའི་མཆོད་པ་ལྟ་བུར་གཞུང་མཐུན་གཏོར་མ། ཆོས་སྲུང་གི་གཏོར་འབུལ་དང༌། སྨན་རཀ །དཀར་བགེགས། ཚོགས་དང་བསྐང་གཏོར་མཆོད་པ་སོགས་སྤྱི་ལྟར་བཤམས། གནས་ཁང་རྒྱན་གྱིས་མཛེས་པར་བྱའོ། །སྒྲུབ་པ་པོ་རྣམས་ཁ་ནུབ་ཏུ་ཕྱོགས། ཐོད་རྔ་སོགས་དམ་ཚིག་གི་ཡོ་བྱད་བཅས་སྟན་ལ་འཁོད་པས་ཉམས་སུ་བླང་ངོ༌། །རྣམ་ཀུན་མཆོག་ལྡན་ཆོས་སྐུ་ཡུམ་ཆེན་མོ། །དབྱིངས་ཕྱུག་ལོངས་སྐུ་རྡོ་རྗེ་ཕག་མོ་ཆེ། །བདེ་གཤེགས་སྤྲུལ་སྐུ་དགྱེས་མ་རྣལ་འབྱོར་མར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཁའ་འགྲོའི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ། །དབྱིངས་ཀྱི་ཡུམ་ཆེན་ཡེ་ཤེས་མཚོ་རྒྱལ་ཞབས། །ལས་ཅན་ཌཱ་ཀི་པདྨ་མཚོ་སྐྱིད་ལ། །གསོལ་བ༴ བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང༌། །གསང་བདག་དངོས་བྱོན་བློ་གྲོས་མཐའ་ཡས་ཞབས། །ཧེ་རུ་ཀ་དཔལ་གར་དབང་བཞད་པ་རྩལ། །གསོལ་བ༴ བཻ་རོའི་རྣམ་འཕྲུལ་སྣང་མཛད་རྡོ་རྗེ་དང༌། །ཁྱབ་བདག་པདྨ་ཡེ་ཤེས་རྡོ་རྗེ་རྩལ། །ཟབ་ལམ་བཀའ་བབས་རྩ་བརྒྱུད་བླ་མ་ལ། །གསོལ་བ༴ རིགས་ལྔའི་ཌཱ་ཀི་ཐུགས་གསུང་སྐུའི་འཁོར་ལོའི། །དཔའ་བོ་རྣལ་འབྱོར་ལས་དང་དམ་ཚིག་གི །བདེ་ཆེན་མཆོག་སྩོལ་མཁའ་འགྲོའི་དཀྱིལ་འཁོར་ལ། །གསོལ་བ༴ དབང་གིས་རྒྱུད་སྨིན་བསགས་སྦྱངས་གནད་དུ་ཁེལ། །བསྐྱེད་རྫོགས་གདམས་པས་རྡོ་རྗེའི་ལམ་མཐར་ཕྱིན། །བདེ་སྟོང་གཉིས་མེད་དོན་གྱི་ཌཱ་ཀི་ནིའི། གོ་འཕང་དམ་པ་རྟེན་འདིར་མངོན་གྱུར་ཤོག །གཉིས་པ་སྐྱབས་སུ་འགྲོ་བ་ནི། ཚོགས་ཞིང་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བ་སད་པར་གྱུར། ན་མོ༔ བདག་དང་ཁམས་གསུམ་འགྲོ་བ་ཀུན༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ རྩ་བ་གསུམ་གྱིས་བྱིན་གྱིས་རློབས༔ སྐུ་གསུམ་ངང་དུ་གནས་གྱུར་ཅིག༔ ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་རྣམས༔ སངས་རྒྱས་ས་ལ་འགོད་པའི་ཕྱིར༔ མཁའ་འགྲོ་མ་ཡི་བསྐྱེད་བཟླས་དང༔ མཆོད་བསྟོད་སྒྲུབ་ལ་བརྩོན་པར་བགྱི༔ ལན་གསུམ། བཞི་པ་སྡོམ་བཟུང་ནི། ཧོ༔ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ སོ་སོར་ཐར་པའི་འདུལ་བ་དང༔ བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་གསང་སྔགས་སྡོམ་པའི་ཚོགས༔ ཚུལ་བཞིན་བཟུང་བཞིན་བསྲུང་བར་བགྱི༔ ལན་གསུམ། ལྔ་པ་བ་གེགས་བསྐྲད་པ་ནི། བགེགས་གཏོར་དངོས་སུ་བཤམས་ཡོད་ན། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ། ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱིས་བསྔོས་ལ། བཀའ་བསྒོ་བ་ནི། ཧཱུྃ་ཧཱུྃ༔ ང་ནི་ཕག་མོ་ཁྲོས་མ་སྟེ༔ སྐུ་ཡི་སྤྲུལ་པ་ཕྱོགས་བཅུར་འགྱེད༔ གསུང་གི་དྲག་སྔགས་སྟོང་གསུམ་གཡོ༔ ཐུགས་རྗེ་དྲག་ཤུལ་འབར་བ་ཡིས༔ འདུ་བའི་ལྷ་ནི་མ་གཏོགས་པ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ བགེགས་དང་ལོག་འདྲེན་རྡུལ་དུ་རློག༔ ཁྱེད་ཅག་འདུག་པའི་སྐབས་མེད་པས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་སརྦ་བི་གྷྣཱན་ཨུ་ཙ་ཊ་ཡ་ཕཊ྄་ཕཊ྄༔ ཅེས་དྲག་སྔགས་ཡུངས་ཐུན་རོལ་མོ་དང་བཅས་ཏེ་བགེགས་ཚོགས་བསྐྲད་གཟིར། །དྲུག་པ་མཚམས་གཅོད་ནི། ཧཱུྃ་ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ནི༔ ཕྱོགས་བཅུ་སྟོང་གི་འཇིག་རྟེན་ཀུན༔ སྣང་བ་རྡོ་རྗེ་ཁྲོས་མའི་སྐུ༔ གྲགས་པ་རྡོ་རྗེ་ཁྲོས་མའི་གསུང༔ དྲན་རྟོག་རྡོ་རྗེ་ཁྲོས་མའི་ཐུགས༔ མེ་རླུང་ཆུ་ཡི་རྦ་རླབས་གཡོ༔ རྡོ་རྗེ་མདའ་གུར་ར་བས་བྲེས༔ བར་ཆད་གདོན་བགེགས་འབྱུང་པོའི་ཚོགས༔ ནམ་ཡང་འཇུག་པའི་སྐབས་མེད་པས༔ མཚམས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་རྃ་ཡྃ་ཁྃ་བཛྲ་སཱ་ར་ཎ་རཀྵ་རཀྵ་ཧཱུྃ་ཧཱུྃ༔ བདུན་པ་མཆོད་པ་བྱིན་རླབས་ནི། ཧཱུྃ༔ གནས་ཁང་དུར་ཁྲོད་ཆེན་པོའི་གཞལ་མེད་ཁང༔ ཡེ་ཤེས་བཀོད་པ་འབྱམས་ཀླས་འོད་འབར་དབུས༔ ཉེར་སྤྱོད་དྲག་པོའི་འདོད་ཡོན་སྨན་གཏོར་རཀ༔ བདེ་སྟོང་མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པདྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ཐུན་མོང་ཕྱི་ནང་གི་མཆོད་པ་དང༌། ཨོཾ་ཧཱུྃ་ཏྲྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཿ ལན་གསུམ། ཨོཾ་ཨཱ་ཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱི་ཋ༔ ལན་གསུམ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋཿ ལན་གསུམ་དུ་བརྗོད་པས་ཁྱད་པར་གྱི་མཆོད་རྫས་སྨན་རཀ་གཏོར་མ་རྣམས་བྱིན་གྱིས་བརླབས་ལ། བཛྲ་སྥ་ར་ཎ་ཁྃ༔ བརྗོད་པས་ཆོས་ཀྱི་དབྱིངས་དང་མཉམ་པར་རྒྱ་ཆེར་སྤེལ་ལོ། །གཉིས་པ་དངོས་གཞིའི་ཕྲིན་ལས་ལ་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གསུམ་ལམ་དུ་བྱེད་པ་ལས། དང་པོ་བསྐྱེད་པ་སྐུའི་ཏིང་འཛིན་ལ་ལྔ་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨཿ གདོད་ནས་རྣམ་དག་རང་རིག་པ༔ སྟོང་ཆེན་དེ་བཞིན་ཉིད་དབྱིངས་ལས༔ རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་ཚུལ༔ གསལ་བའི་ཡེ་ཤེས་ཀུན་ཏུ་སྣང༔ དབྱེར་མེད་ཟུང་འཇུག་གཉུག་མའི་རྩལ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ མེ་ཕུང་རྡོ་རྗེའི་སྲུང་འཁོར་དང༔ དུར་ཁྲོད་གཞལ་མེད་ཁང་ཆེན་དང༔ སྐུ་གསུང་ཐུགས་ཀྱི་འཁོར་ལོའི་གཞིར༔ ཆོས་ཀྱི་འབྱུང་གནས་བསྣོལ་མ་དང༔ སྣ་ཚོགས་པདྨ་འདབ་བཞི་པའི༔ ལྟེ་བར་བཾ་ཡིག་ཡོངས་གྱུར་ལས༔ བཅོམ་ལྡན་བཛྲ་ཝཱ་རཱ་ཧི༔ དུས་ཀྱི་མུན་པ་ལྟ་བུར་གནག༔ སྤྱན་གསུམ་མཆེ་གཙིགས་འཛུམ་བཞད་སོགས༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ རྣ་ལྟག་རྡོ་རྗེའི་ཕག་ཞལ་ངུར༔ རལ་པ་དམར་ནག་སྤྲིན་ལྟར་གཏིབས༔ གྲི་གུག་ཐོད་ཁྲག་ཁ་ཊྭཱྃ་འཆང༔ ཕྱག་རྒྱ་ལྔ་དང་མགོ་བོས་བརྒྱན༔ བརྐྱང་བསྐུམ་གར་སྟབས་རོལ་པ་ཡིས༔ པདྨ་ཉི་མ་བཾ་རོའི་སྟེང༔ ཡེ་ཤེས་མེ་ཕུང་ཀློང་ན་བཞུགས༔ ཕྱོགས་བཞིར་དགའ་བཞིའི་ཡེ་ཤེས་གཟུགས༔ རིགས་བཞིའི་མཁའ་འགྲོ་ལས་ཀྱི་མདོག༔ ཕྱག་གཡས་རྡོ་རྗེ་རིན་པོ་ཆེ༔ པདྨ་རལ་གྲིའི་གྲི་གུག་འཕྱར༔ གཡོན་རྣམས་ཐོད་པ་ཁྲག་བཀང་བསྣམས༔ གྲུ་མོ་གཡོན་དུ་ཁ་ཊྭཱྃ་འཆང༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ འོད་ཟེར་བདེ་ཆེན་གཟི་བརྗིད་འབར༔ ཐུགས་གསུང་སྐུ་ཡི་འཁོར་ལོ་རུ༔ ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ༔ མཐིང་དམར་དཀར་བའི་མདངས་འོད་འཚེར༔ ཡབ་རྣམས་ཌཱ་རུ་དྲིལ་བུ་འཁྲོལ༔ ཡུམ་རྣམས་གྲི་གུག་ཐོད་པ་འཛིན༔ ཁ་སྦྱོར་པད་ཉི་རོ་ཡི་སྟེང༔ བདེ་བའི་གར་སྟབས་ཅིར་ཡང་བསྒྱུར༔ སྒོ་བཞིར་ཕྲ་མེན་ཕྱོགས་ཀྱི་མདོག༔ རིགས་ཀྱི་ཕྱག་མཚན་ཐོད་པ་བསྣམས༔ མཚམས་སུ་དམ་ཚིག་མཁའ་འགྲོ་ནི༔ ཕྱེད་གཟུགས་གྲི་ཐོད་ཕྱག་རྒྱ་འཆང༔ ཀུན་ཀྱང་དུར་ཁྲོད་རུས་པས་བརྒྱན༔ སྟེང་འོག་བར་མཚམས་ཐམས་ཅད་དུ༔ རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས༔ རྡོ་རྗེ་གསུམ་དུ་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ལྡན་རང་དབང་རྫོགས༔ ཞེས་གཙོ་འཁོར་རྣམས་ཀྱི་སྐུའི་ཉམས་འགྱུར། གསུང་གི་གདངས་སྐད། ཐུགས་ཀྱི་དགོངས་པ་རྣམས་ལེགས་པར་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་ ཞེས་རྡོ་རྗེ་གསུམ་གྱིས་རྒྱས་གདབ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཿཨ་བྷི་ཥིཉྩ་མིཿས་དབང་བསྐུར་ནས། ང་རྒྱལ་བརྟན་པོར་བཟུང་བ་དང༌། །དག་དྲན་ལའང་བསླབ་པར་བྱ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ནི། སྤོས་རོལ་གདུང་དབྱངས་དང་བཅས་ཏེ། ཧཱུྃ༔ཧཱུྃ༔ དབྱིངས་དང་ཡེ་ཤེས་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག༔ ལྷན་སྐྱེས་རིགས་ལྔའི་དྷཱ་ཀི་ནི༔ ཐབས་ཤེས་དཔའ་བོ་རྣལ་འབྱོར་མ༔ ཕྲ་མེན་དམ་ཚིག་མཁའ་འགྲོ་རྣམས༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བྃ་ཧ་རི་ནི་ས་སརྦ་དྷཱ་ཀི་ནི་མཎྜཱལ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བྃ་ཧོཿ གསུམ་པ་དམ་ཡེ་དབྱེར་མེད་དུ་བཞུགས་སུ་གསོལ་ཞིང་ཕྱག་འཚལ་བ་ནི། ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས༔ བྱིན་རླབས་དངོས་གྲུབ་གཏེར་གྱི་མཛོད༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་འཚལ་བས། པྲ་ཏཱིཙྪ་ཧོ༔ ཞེས་དགྱེས་ཏེ་ལན་བསྩལ་བར་མོས། བཞི་པ་མཆོད་པ་ལ། དང་པོ་ཕྱི་ཉེར་སྤྱོད་ཀྱི་མཆོད་པ་ནི། ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ གཉིས་པ་ནང་དྲག་པོའི་འདོད་ཡོན་གྱི་མཆོད་པ་ནི། ཧཱུྃ༔ ཡུལ་དང་དབང་པོ་འབྲེལ་པ་ཡི༔ དྲག་པོའི་འདོད་ཡོན་ལོངས་སྤྱོད་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ གསུམ་པ་གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་ནི། ཧཱུྃ༔ ཧེ་རུ་ཀ་དཔལ་ཁྲག་འཐུང་ཆེ༔ ནམ་མཁའ་གང་བར་མཉམ་སྦྱོར་བས༔ རྟོག་ཚོགས་སྐྱེ་མེད་དབྱིངས་སུ་བསྒྲལ༔ གསང་བ་མཆོག་གི་མཆོད་པ་བཞེས༔ ཨོཾ་བཛྲ་ཏ་ན་ག་ཎ་པཱུ་ཛ་ཧོ༔ བཞི་པ་ཁྱད་པར་སྨན་རཀ་གཏོར་མའི་མཆོད་པ་ནི། ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟའི་བཅུད༔ འདོད་ཡོན་ལྔ་ལྡན་བ་ལིཾ་ཏས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྤྲོ་ན་སྨན་གྱི་བརྒྱུད་མཆོད། དངོས་གྲུབ་བླང་བ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཞེས་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བྱ། ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་པས་དངོས་གྲུབ་ཏུ་རོལ། སྨན་གྱི་བརྒྱུད་མཆོད་མི་སྦྱོར་ན་འདི་མི་དགོས། ལྔ་པ་བསྟོད་པ་ནི། ཧཱུྃ༔ བདེ་གཤེགས་ཀུན་གྱི་ཡེ་ཤེས་རྣམ་ལྔའི་དབྱིངས༔ བཅོམ་ལྡན་རིགས་ཀྱི་མཁའ་འགྲོའི་གཙོ་མོར་བཞེངས༔ དུག་ལྔ་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་གང་འདུལ་ཡེ་ཤེས་དབྱིངས༔ དམ་ཚིག་ལས་ཀྱི་མཁའ་འགྲོའི་སྐུར་བཞེངས་ནས༔ རྟོག་ཚོགས་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་བདེ་སྟོང་ཡེ་ཤེས་དབྱིངས༔ གནས་ཡུལ་དཔའ་བོ་མཁའ་འགྲོའི་གཟུགས་སུ་ཤར༔ གཟུང་འཛིན་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྣམ་འཕྲུལ་ས་གསུམ་ཁྱབ་པར་སྣང༔ ལས་དང་ཡེ་ཤེས་དངོས་གྲུབ་ཐོགས་མེད་སྩོལ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ དྲུག་པ་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ་བཞི་ལས། དང་པོ་ཛཔ་ཀྱི་དགོངས་པ་ལ་བསྐུལ་བ་ནི། སྒྲུབ་པ་དང་སྒྲུབ་ཆེན་སོགས་ཀྱི་སྐབས་ཕྱི་ཐུན་འདི་ཉིད་ལ་བརྟེན་པས་རྒྱས་བསྡུས་འཚམ་པས་ན་དེ་སྐབས་ཐོག་མར་ཛཔ་ཁང་དབྱེ་པ་ནི། དབྱེ་གཞི་སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོའི་འཁོར་ལོར་རང་ཤར་བ་ལ། དབྱེ་བྱ་དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས། ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་མཎྜ་ལ་སྥ་ར་ཎ་ཕཊ྄༔ ཅེས་བརྗོད་པས། རང་འདྲའི་དཀྱིལ་འཁོར་གཉིས་པ་སྤྲོས༔ སཾ་ཧ་ར་ཎ་ཧཱུྃ༔ ཞེས་པས་མདུན་རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར༔ ཞེས་བདག་མདུན་མེ་ལོང་གི་གཟུགས་བརྙན་ལྟར་སོ་སོར་གསལ་ལ། ཧཱུྃ་ཧཱུྃ༔ མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ བཟླས་པའི་ཕྲིན་ལས་དུས་ལ་བབ༔ ཛཔ་ཀྱི་ཐུགས་དམ་རྒྱུད་བསྐུལ་ན༔ ཡེ་ཤེས་ཆེན་པོའི་བྱིན་དབབ་གསོལ༔ མནྟྲ་ཛྙཱ་ན་ཨ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ༔ ཞེས་རོལ་མོ་དང་བཅས་པས་བསྐུལ་བས། གཉིས་པ་རྩ་བའི་བཟླས་པ་ལ། དང་པོ་སྐུ་ཡི་གསང་སྔགས་བཟླ་བ་ནི། མཁའ་འགྲོ་མ་རྣམས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ས་བོན་མཚན༔ གསང་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ སྣོད་བཅུད་ལྷ་ཡི་འཁོར་ལོར་ཤར༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ བདེ་ཆེན་གཟི་བྱིན་འབར་བར་གྱུར༔ ཨོཾ་བཾ་བཛྲ་བྷཱ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ༔ གཉིས་པ་གསུང་སྔགས་བཟླ་པ་ནི། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ སྒྲ་ཀུན་སྔགས་ཀྱི་རང་སྒྲ་འུར༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ གྲགས་སྟོང་ནུས་པའི་མཐུ་དབང་ཐོབ༔ ཨོཾ་བཾ་བཛྲ་བཻ་རོ་ཙ་ནི་ཡ་ཧ་རི་ནི་ས་ཧཱུྃ་ཕཊ྄༔ གསུམ་པ་ཐུགས་སྔགས་བཟླ་བ་ནི། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ དྲན་རྟོག་བདེ་སྟོང་ངོ་བོར་ཤར༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས༔ རིག་སྟོང་ཡེ་ཤེས་ཐིག་ལེར་རྫོགས༔ ཨོཾ་བཾ་ཧ་རི་ནི་ས་ཧཱུྃ་ཕཊ྄༔ ཞེས་བཟླ་བ་ནི་གཙོ་བོའི་སྔགས་དང༌། གཉིས་པ་རིགས་བཞི་མཁའ་འགྲོའི་བཟླས་པ་ནི། རིགས་བཞི་མཁའ་འགྲོའི་ཐུགས་ཀ་ནས༔ སྔགས་ཀྱི་སྒྲ་དང་འོད་ཟེར་འཕྲོས༔ སྡིག་སྒྲིབ་ཞི་ཞིང་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་བསྒྲལ༔ མཆོག་གི་ཕྲིན་ལས་ལྷུན་གྲུབ་གྱུར༔ ཨོཾ་ཧ་བཛྲ་དྷཱ་ཀི་ནི་ཧཱུྃ༔ ཨོཾ་རི་རཏྣ་དྷཱ་ཀི་ནི་ཏྲཱྃ༔ ཨོཾ་ནི་པདྨ་དྷཱ་ཀི་ནི་ཧྲཱིཿ ཨོཾ་ས་ཀརྨ་དྷཱ་ཀི་ནི་ཕཊ྄༔ ཅེས་རིགས་བཞི་སོ་སོར་བཟླ། གསུམ་པ་ཐུགས་གསུང་སྐུའི་འཁོར་ལོ་གསུམ་གྱི་དཔའ་བོ་དཔའ་མོའི་བཟླས་པ་ནི། ཐུགས་ཀྱི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཧཱུྃ་གི་མཐར༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ ཐུགས་ཀྱི་དམ་ཚིག་ཉམས་ཆགས་སྦྱངས༔ ཡེ་ཤེས་དགོངས་པ་མངོན་གྱུར་བསམ༔ ཨོཾ་ཙིཏྟ་ཙཀྲ་པཱུ་ཛ་ཨོ་ཨཱ་གོ་ར་དེ་མཱ་ཧཱུྃ་ཧཱུྃ་ཕཊ྄༔ གསུང་གི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨཿ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ གསུང་གི་དམ་ཚིག་ཉམས་ཆགས་སྦྱངས༔ སྔགས་ཀྱི་ནུས་པ་འབར་བར་གྱུར༔ ཨོཾ་ཝཱ་ཀ་ཙཀྲ་ཀ་ཨོ་ཊི་ཀོ་ཀ་ལ་ཀཱ་ཧི་ཧཱུྃ་ཧཱུྃ་ཕཊ྄༔ སྐུ་ཡི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨོཾ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ སྐུ་ཡི་དམ་ཚིག་ཉམས་ཆགས་སྦྱངས༔ བདེ་ཆེན་གཟི་བྱིན་འབར་བར་གྱུར༔ ཨོཾ་ཀཱ་ཡ་ཙཀྲ་པྲེ་གྲྀ་སཽ་སུ་ན་སི་མ་ཀུ་ཧཱུྃ་ཧཱུྃ་ཕཊ྄ཿ ཞེས་བཟླ། བཞི་བ་ལས་དང་དམ་ཚིག་གི་དྷཱ་ཀིའི་བཟླས་པ་ནི། སླར་ཡང་གཙོ་མོའི་འོད་ཟེར་གྱིས༔ ལས་དང་དམ་ཚིག་མཁའ་འགྲོ་བསྐུལ༔ དེ་རྣམས་འོད་ཟེར་མཁའ་ཁྱབ་སྤྲོས༔ ཐུན་མོང་ཕྲིན་ལས་ཀུན་གྲུབ་བསམ༔ ཨོཾ་སརྦ་ཀརྨ་ས་མ་ཡ་དྷཱ་ཀི་ནི་ཧཱུྃ༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱིཿཝཱ་ཤཾ་ཀུ་རུ་ཧོཿ ཧཱུྃ་མཱ་ར་ཡ་ཕཊ྄་ཕཊ྄༔ ཙེས་རྩ་སྔགས་ཀྱི་ཤམ་ལས་བཞི་སོ་སོར་སྦྱར་བས་བཟླའོ། །བཞི་པ་ཡེ་ཤེས་ཐུགས་ཀྱི་དགོངས་པ་གསལ་འདེབས་པ་ནི། ཛཔ་དབྱངས་དང་བཅས་ཏེ། ཧཱུྃ་ཧཱུྃ༔ ངོ་བོ་སྟོང་པ་ཕག་མོ་ཡུམ༔ རང་བཞིན་གསལ་བ་མཁའ་འགྲོ་བཞི༔ ཐུགས་རྗེའི་རིག་རྩལ་སྤྲུལ་པའི་སྐུ༔ དམ་ཚིག་ལས་ཀྱི་མཁའ་འགྲོ་དང༔ གནས་ཡུལ་དཔའ་བོ་དཔའ་མོའི་ཚོགས༔ མ་འགག་རང་ཤར་ཅིར་ཡང་སྣང༔ སྐྱེ་བ་མེད་ལ་འགག་པ་མེད༔ གནས་མེད་དམིགས་མེད་འགྲོ་འོང་མེད༔ རྣམ་ཐར་གསུམ་གྱི་བདག་ཉིད་ཅན༔ མཁའ་འགྲོ་རྒྱ་མཚོའི་འཁོར་ལོར་རྫོགས༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ ཞེས་དགོངས་པ་ཆོས་ཉིད་བློ་འདས་ཀྱི་དབྱིངས་གཅིག་ཉིད་ལ་ངོ་བོ་སྟོང་པ། རང་བཞིན་འོད་གསལ། སྲིད་ཞི་ཁྱབ་བརྡལ། ཐམས་ཅད་མ་འདྲེས། རང་རིག་མཐའ་བྲལ། ཐུགས་རྗེ་འགག་མེད་ཀྱི་རོལ་པའི་ལྡོག་ཆས་རྡོ་རྗེ་ཕག་མོ། རིགས་བཞི་མཁའ་འགྲོ། དམ་ཚིག་ལས་དང་གནས་ཡུལ་གྱི་དཔའ་བོ་དཔའ་མོ་གང་ལྟར་ཤར་ཡང་དོན་ལ་ཆོས་ཉིད་བདེ་བ་ཆེན་པོ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་དོན་ལ་མཉམ་པར་བཞག་བཞིན་པས་ཧཱུྃ་ཞེས་རྡོ་རྗེ་ཐུགས་ཀྱི་རིག་པའི་གླུ་དབྱངས་དང་བཅས་ཉམས་སྦར་བས་མཆོག་གི་ཡེ་ཤེས་མངོན་དུ་བྱེད་པའོ། །ཐུན་ལས་ལྡང་བ་ན་དབྱངས་གསལ་རྟེན་སྙིང༌། མཆོད་བསྟོད་མཐར་ཡིག་བརྒྱ་བརྗོད་ལ། གསུམ་པ་རྗེས་ཀྱི་ལས་རིམ་ལ། དང་པོ་ཚོགས་ཀྱི་མཆོད་པ་ནི། ཐབས་ཤེས་དམ་ཚིག་གི་རྫས་རྣམས་བསང་ཆུ་དང་བདུད་རྩིས་བྲན་ལ། སྤྲོ་ན་སྐབས་འདིར་མཁའ་འགྲོ་དང་བཀའ་སྲུང་སྤྱང་ཞོན་མཆེད་གསུམ་སོགས་སྤྱི་དང་བྱེ་བྲག་གི་གཏོར་འབུལ་བྱས་ལ། ཐོག་མར་ཚོགས་ཀྱི་དམ་རྫས་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ༔ རང་བྱུང་བདེ་ཆེན་ཀ་པཱ་ལར༔ དམ་རྫས་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་ལྔ་ལྡན་བཅུད་དུ་འཁྱིལ༔ འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གཉིས་པ་ཚོགས་ཞིང་སྤྱན་དྲང་བ་ནི། ཧྲཱིཿ འོག་མིན་ཞིང་དང་ཉེར་བཞིའི་ཡུལ༔ དུར་ཁྲོད་བརྒྱད་སོགས་གནས་མཆོག་ནས༔ རབ་འབྱམས་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས༔ སརྦ་དྷ་ཀ་དྷཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་ས་མ་ཛ༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ གསུམ་པ་ཚོགས་ཕུད་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ དགྱེས་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བཞི་པ་བཤགས་པ་ནི། ཧོཿ བདག་གིས་ཚེ་རབས་ཐོགས་མེད་ནས༔ བསགས་པའི་སྡིག་ལྟུང་ཉམས་ཆགས་ཀུན༔ ཚོགས་ཀྱི་མཆོད་པས་སྐོང་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་དུ་གསོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཡི་གེ་བརྒྱ་པས་བཤགས། ལྔ་པ་བསྒྲལ་བསྟབས་ནི། ཨོཾ་ས་ཀརྨ་དྷཱ་ཀི་ནི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཧཱུྃ་ཕཊ྄༔ རང་ཉིད་སྐད་ཅིག་གིས་ལས་བྱེད་ཀརྨ་དྷཱ་ཀི་ནིའི་སྐུར་གྱུར། ཨེ་ཡཾ་རཾ་སྥ་ར་ཎ་ཕཊ྄༔ སཾ་ཧ་ར་ཎ་ཧཱུྃ༔ ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཡ་ཛ༔ ཛཿཧཱུྃ་བྃ་ཧོཿ ཞེས་དམིགས་རྟེན་གསལ་ལ། ཧཱུྃ༔ ཕྱི་ནང་བར་ཆད་དགྲ་དང་བགེགས༔ མཚན་མ་ཚོགས་ཀྱི་རྫས་ལ་བསྟིམ༔ རྣམ་ཤེས་འོད་གསལ་དབྱིངས་སུ་སྤོར༔ ཤ་ཁྲག་ཚོགས་ཀྱི་འཁོར་ལོར་བཞེས༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་ཐུགས་དམ་བསྐང་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཀཱ་མ་གུ་ཎ་སྥ་ར་ཎ་ཁཾ༔ ཞེས་པས་བྱིན་གྱིས་བརླབ་སྟེ། ཧཱུྃ་ཧྲཱིཿ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ དུས་གསུམ་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང༔ དབྱིངས་ཡུམ་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ བདེ་ཆེན་རྡོ་རྗེའི་མཁའ་འགྲོའི་ཐུགས་དམ་བསྐང༔ དོན་གྲུབ་རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང༔ སྒྲ་སྒྲོགས་པདྨ་མཁའ་འགྲོའི་ཐུགས་དམ་བསྐང༔ སྣ་ཚོགས་ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང༔ ཞིང་སྐྱེས་དཔའ་བོ་དཔའ་མོའི་ཐུགས་དམ་བསྐང༔ ལས་མཛད་ཕྲ་མེན་མཁའ་འགྲོའི་ཐུགས་དམ་བསྐང༔ གང་འདུལ་དམ་ཚིག་མཁའ་འགྲོའི་ཐུགས་དམ་བསྐང༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༔ རྒྱུད་གསུམ་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང༔ སྣང་སྲིད་དག་པ་རབ་འབྱམས་ཐུགས་དམ་བསྐང༔ སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་ཐུགས་དམ་བསྐང༔ ཉེར་སྤྱོད་ཀུན་བཟང་རོལ་མོས་ཐུགས་དམ་བསྐང༔ འདོད་ཡོན་བདེ་ཆེན་རྒྱན་གྱིས་ཐུགས་དམ་བསྐང༔ དུར་ཁྲོད་གསང་བའི་མཆོད་པས་ཐུགས་དམ་བསྐང༔ སྦྱོར་སྒྲོལ་བརྟུལ་ཞུགས་མཆོག་གིས་ཐུགས་དམ་བསྐང༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་ཐུགས་དམ་བསྐང༔ དམར་ཆེན་རཀྟའི་རྒྱ་མཚོས་ཐུགས་དམ་བསྐང༔ རྨད་བྱུང་ཤ་ཁྲག་གཏོར་མས་ཐུགས་དམ་བསྐང༔ ཟག་མེད་འདོད་འབྱུང་ཚོགས་ཀྱིས་ཐུགས་དམ་བསྐང༔ རང་བྱུང་འོད་གསལ་ཞུན་མེས་ཐུགས་དམ་བསྐང༔ གཞན་ཡང་མཆོད་རྫས་སྐོང་རྫས་སྒྲུབ་པའི་རྫས༔ མ་ཚང་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདིས༔ ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང༔ བདག་ཅག་དམ་ཚིག་ཉམས་ཆགས་བཟོད་པར་བཞེས༔ ནད་རིམས་གདོན་བགེགས་མི་མཐུན་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་འཁོར་སློབ་སྙན་གྲགས་སྤེལ༔ རྡོ་རྗེ་གསང་མཆོག་ལམ་གྱི་གྲོགས་མཛད་ནས༔ མཆོག་ཐུན་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་བསྐང་ཞིང་ཡིག་བརྒྱ་བརྗོད་པས་བཤགས། ཚོགས་རྫས་རྣམས་བརྡའི་འབུལ་ལེན་དང་བཅས་ནང་གི་སྲེག་བླུགས་ཀྱིས་རོལ། བདུན་པ་ལྷག་མ་ནི། ལྷག་མ་རྣམས་བསྡུས་ཏེ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ༔ ཞེས་པས་བྱིན་གྱིས་བརླབས་ཏེ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་མགྲོན་བཀུག་ལ། ཕེཾ་ཕེཾ༔ ལྷག་ལ་དབང་བའི་མཁའ་འགྲོ་གིང༔ ཕོ་ཉ་མགྱོགས་མ་གནས་ཉུལ་ཚོགས༔ དཔལ་གྱི་ཕམ་ཕབ་འདི་ལོངས་ལ༔ མི་མཐུན་ཀུན་སོལ་ཕྲིན་ལས་སྒྲུབས༔ ཨོཾ་ཨུཙྪིཥཊ་བ་ལིཾ་ཏ་ཁཱ་ཧི༔ ཞེས་དང་བཤལ་ཆུས་ཀྱང་མཆོད། ཧོཿ བདག་ཅག་རྡོ་རྗེ་རྣལ་འབྱོར་མཆེད་ལྕམ་གྱིས༔ གསང་མཆོག་མཁའ་འགྲོ་འདུས་པའི་གྲོང་ཁྱེར་དུ༔ ལོངས་སྤྱོད་ཆེན་པོས་མཆོད་ཅིང་བསྐངས་པའི་མཐུས༔ བདག་གཞན་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་མཛོད༔ ཅེས་རྡོ་རྗེའི་རིགས་སུ་སྐྱེ་བའི་སྨོན་ལམ་ཀྱང་གདབ། བརྒྱད་པ་ལྷར་སྣང་དབྱིངས་སུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་བ་ནི། གཏང་རག་གི་སླད་དུ་མཆོད་བསྟོད་ནོང་བཤགས་མདོར་བསྡུས་བྱས་ལ། ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ །མཁའ་ལ་སྤྲིན་ལྟར་དབྱིངས་སུ་ཐིམ༔ གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང༔ དོན་གྱི་ཕག་མོའི་རང་ཞལ་བལྟ༔ ཨ་ཨ་ཨཿ ཞེས་པས་སླར་སྣང་དབྱིངས་སུ་བསྡུས་ཏེ་འོད་གསལ་མཁའ་ཁྱབ་ཀྱི་དགོངས་པར་ལ་བཟླ། ཨོཾ་ཨཱཿཧཱུྃ༔ སླར་ཡང་གཟུགས་སྒྲ་དྲན་རྟོག་ཀུན༔ རྡོ་རྗེ་ཁྲོས་མའི་སྐུ་གསུང་ཐུགས༔ ཡེ་ཤེས་སྒྱུ་མར་མཉམ་སྦྱོར་བས༔ མཐའ་ཡས་འགྲོ་བའི་དོན་ལ་འཇུག༔ ཨོཾ་བཛྲ་བྷཱ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ གིས་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང༌། དགུ་པ་བསྔོ་སྨོན་ནི། ཇི་ལྟར་ལྷ་མོ་ཁྱོད་ཉིད་དང༌། །བདག་ནི་རབ་ཏུ་མཉམ་སྦྱོར་ཕྱིར། །འདི་ནས་འཇིག་རྟེན་འོག་ཏུ་ཡང༌། །མཁའ་འགྲོ་མ་ཡི་གཟུགས་ཅན་དུ། །གྱུར་ནས་འབྱུང་ཞིང་འགྱུར་བར་ཤོག །བདེ་ཞིང་བདེ་བར་བསྟན་པ་དང༌། །བདེ་བ་ཆེན་པོར་བདག་འགྱུར་ཤོག །འཆི་ཚེ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །མེ་ཏོག་ཕྲེང་དང་རྒྱལ་མཚན་གདུགས་ཐོགས་ཤིང༌། །གླུ་དབྱངས་རོལ་མོའི་སྤྲིན་གྱིས་མདུན་བསུས་ཏེ། །མཁའ་ལ་སྤྱོད་པའི་ཞིང་དུ་ཁྲིད་པར་ཤོག །སྣང་ཆ་བདེ་ཆེན་གར་དབང་ཧེ་རུ་ཀ །སྟོང་ཆ་རྣམ་ཀུན་མཆོག་ལྡན་ཕག་མོ་ཡུམ། །ཟུང་འཇུག་དབྱེར་མི་ཕྱེད་པའི་བདེན་པ་དེས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་པར་ཤོག །ཅེས་རྒྱུད་ལས་འབྱུང་བའི་ཧེ་རུ་ཀའི་སྨོན་ལམ་ཁ་སྐོང་དང་བཅས་པས་རྣལ་འབྱོར་ཟབ་མོས་དགེ་ཚོགས་ཡོངས་སུ་བསྔོ། བཅུ་པ་ཤིས་བརྗོད་ནི། ཨོཾ༔ མཆོག་གསུམ་དབྱེར་མེད་རྩ་གསུམ་རྒྱ་མཚོའི་བདག༔ བདེ་ཆེན་དཔལ་སྟེར་རྡོ་རྗེ་རྣལ་འབྱོར་མས༔ འགྲོ་ཀུན་ཁ་སྦྱོར་བདེ་བས་རྗེས་བཟུང་ནས༔ དངོས་གྲུབ་དགའ་སྟོན་འཕེལ་བའི་བཀྲ་ཤིས་ཤོག༔ ཅེས་སོགས་བྱའོ། །སྤྱིར་འདི་ལ་གཏེར་གཞུང་རྩ་བའི་ཁྲིད་ཡིག་ཆེན་མོའི་དགོངས་པ་ལྟར་ན་སྐུ་རྡོ་རྗེ་བསྐྱེད་པའི་རྣལ་འབྱོར་ཁོ་ན་ལའང་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བསྐྱེད་བཟླས་བྱ་དགོས་པ་ལ། ཐོག་མར་ཁྱད་པར་གྱི་བསྐྱེད་རིམ་ཕྱག་རྒྱ་གཅིག་པའི་ལུས་དཀྱིལ་ལ་བརྟེན་པས་གཙོ་མོའི་སྐུ་གསུང་ཐུགས་ཀྱི་བཟླས་པ། ཉེ་བསྙེན་གྱི་ཕྲིན་ལས་འབྲིང་པོ་འདི་ལ་བརྟེན་ནས་ཕྱག་རྒྱ་སྤྲོས་བཅས་ཀྱིས་རིགས་བཞི་མཁའ་འགྲོའི་བཟླས་པ། སྐུ་གསུང་ཐུགས་ཀྱི་རྟེན་དམ་ཚིག་གི་རྫས་ཚོགས་པར་བྱས་ལ་ཕྲིན་ལས་རྒྱས་པ་ལ་བརྟེན་ནས་བདག་མདུན་སོ་སོར་ཕྱེ་སྟེ་གནས་ཡུལ་གྱི་དཔའ་བོ་དཔའ་མོའི་བཟླས་པ་སྒྲུབ་པ་དང༌། ལས་དང་དམ་ཚིག་གི་མཁའ་འགྲོའི་བཟླས་པས་སྒྲུབ་ཆེན་བཅས་དགོས་པར་གསུངས་པའི་ཕྱིར་སྐབས་འདི་ནི་ཉེ་བསྙེན་གྱི་ཕྲིན་ལས་ཀུན་མཁྱེན་བླ་མའི་ཕྱག་ཟིན་ལྟར་བཀླག་ཆོག་ཏུ་བསྡེབས་པ་སྟེ། སྒྲུབ་ཆེན་དང་སྒྲུབ་མཆོད་ཀྱི་སྐབས་སུ་ཕྱི་ཆོག་དང༌། ཚེས་བཅུའི་དུས་མཆོད་ལྟ་བུར་ལས་བྱང་འདི་ཁོ་ན་ལ་བརྟེན་ཀྱང་མི་རུང་བ་མེད་ཅིང༌། གསང་བ་རྒྱ་མཚོའི་མངའ་བདག་ཧེ་རུ་ཀ་དཔལ་རྗེ་བླ་མ་ཉིད་རྗེ་བཙུན་རྡོ་རྗེ་བཙུན་མོ་དངོས་ཀྱི་རྗེས་སུ་བཟུང་ཞིང༌། དངོས་གྲུབ་ཀྱི་མཚན་མ་ཁྱད་པར་ཅན་བརྙེས་པས་ན་ཟབ་གསང་འདི་ཉིད་ཐུན་མིན་བྱིན་རླབས་ཀྱི་ཚན་ཀ་ཆེ་བ་དང༌། གསང་སྔགས་ཀྱི་དངོས་གྲུབ་མཐའ་དག་ཁ་སྦྱོར་བདེ་བ་ཆེན་པོའི་ཡེ་ཤེས་འབའ་ཞིག་ལ་རག་ལས་པས་འདི་ཉིད་ཀྱི་རྣལ་འབྱོར་ལ་ལྷག་པར་བརྩོན་པས་མྱུར་དུ་དངོས་གྲུབ་འདོད་དགུའི་དཔལ་ཀུན་དཀའ་བ་མེད་པར་སྟེར་ནུས་པའང་ཞར་ལ་གདམས་པའོ། །འབུམ་ཕྲག་དྷཱ་ཀིའི་ཐུགས་ཀྱི་གསང་བའི་དབྱིག །རྣལ་འབྱོར་ཟབ་མོའི་དངོས་གྲུབ་བདེ་བླག་ཏུ། །སྦྱིན་པའི་ཐབས་ཀྱི་ཕྲིན་ལས་འདི་ཡིས་ཀྱང༌། །ཧེ་རུ་ཀ་དཔལ་རྟེན་འདིར་མངོན་གྱུར་ཅིག །ཅེས་རྡོ་རྗེ་ཕག་མོ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཕྲིན་ལས་འབྲིང་པོ་འདི་ཉིད་ཐམས་ཅད་མཁྱེན་གཟིགས་རྗེ་གཏེར་ཆེན་བླ་མའི་ཕྱག་ཟིན་ལྟར་འཇུག་བདེའི་ཚུལ་དུ་བཀོད་པར་འཇམ་མགོན་རྡོ་རྗེ་འཆང་པདྨ་ཡེ་ཤེས་རྡོ་རྗེའི་སྤྱན་སྔར་ཟབ་ལམ་མཆོག་འདིར་དད་མོས་བརྟན་པའི་བཤད་སྒྲུབ་བསྟན་འཛིན་ནས་ཞུ་བསྐུལ་བགྱིས་པར་འདི་བཞིན་ཁྱོད་ནས་འགོད་པར་འོས་ཞེས་དགྱེས་པའི་བཀའ་ལུང་སྤྱི་བོར་བསྩལ་བས་ཇི་ལྟར་སྦྱོར་ཚུལ་བཀའ་བསླབ་ཞིབ་ཞུས་ལྟར་ཡི་གེའི་གནས་སུ་འགོད་པ་པོ་ཁྱབ་བདག་འཇམ་མགོན་བླ་མ་ཡབ་སྲས་དགྱེས་པའི་འབངས་པདྨ་དབང་ཆེན་དགྱེས་པའམ་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བྲིས་པ་འདིས་ཀྱང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་མཐའ་དག་རྗེ་བཙུན་རྡོ་རྗེ་བཙུན་མོའི་གསང་བ་ཟབ་མོའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།།}} | ||
</onlyinclude> | </onlyinclude> |
Latest revision as of 08:04, 1 June 2024
Wylie title | mkha' 'gro gsang ba kun 'dus las/ rdo rje phag mo'i rtsa ba'i phrin las 'bring po bde chen grub pa'i myur lam | |
---|---|---|
Location | dil mgo mkhyen brtse bka' 'bum Volume 8, Text 8, Pages 64-75 (Folios 1a to 12a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, ཇོ་མོ་སྨན་མོ་ (jo mo sman mo, 'jam dbyangs mkhyen brtse'i dbang po) | |
Citation | Khyentse, Dilgo. Mkha' 'gro gsang ba kun 'dus las rdo rje phag mo'i rtsa ba'i phrin las 'bring po bde chen grub pa'i myur lam. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 64-75. Delhi: Shechen Publications, 1994. | |
Genre | Activity Manual - las byang · Sadhanas - Evocation Ritual - sgrub thabs | |
Cycle | མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus) | |
Deity | rdo rje phag mo | |
Recension Link | Other Versions on this site: མཁའ་འགྲོ་གསང་བ་ཀུན་འདུས་ལས། རྡོ་རྗེ་ཕག་མོའི་རྩ་བའི་ཕྲིན་ལས་འབྲིང་པོ་བདེ་ཆེན་གྲུབ་པའི་མྱུར་ལམ། | |
Colophon |
།ཅེས་རྡོ་རྗེ་ཕག་མོ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཕྲིན་ལས་འབྲིང་པོ་འདི་ཉིད་ཐམས་ཅད་མཁྱེན་གཟིགས་རྗེ་གཏེར་ཆེན་བླ་མའི་ཕྱག་ཟིན་ལྟར་འཇུག་བདེའི་ཚུལ་དུ་བཀོད་པར་འཇམ་མགོན་རྡོ་རྗེ་འཆང་པདྨ་ཡེ་ཤེས་རྡོ་རྗེའི་སྤྱན་སྔར་ཟབ་ལམ་མཆོག་འདིར་དད་མོས་བརྟན་པའི་བཤད་སྒྲུབ་བསྟན་འཛིན་ནས་ཞུ་བསྐུལ་བགྱིས་པར་འདི་བཞིན་ཁྱོད་ནས་འགོད་པར་འོས་ཞེས་དགྱེས་པའི་བཀའ་ལུང་སྤྱི་བོར་བསྩལ་བས་ཇི་ལྟར་སྦྱོར་ཚུལ་བཀའ་བསླབ་ཞིབ་ཞུས་ལྟར་ཡི་གེའི་གནས་སུ་འགོད་པ་པོ་ཁྱབ་བདག་འཇམ་མགོན་བླ་མ་ཡབ་སྲས་དགྱེས་པའི་འབངས་པདྨ་དབང་ཆེན་དགྱེས་པའམ་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བྲིས་པ་འདིས་ཀྱང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་མཐའ་དག་རྗེ་བཙུན་རྡོ་རྗེ་བཙུན་མོའི་གསང་བ་ཟབ་མོའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། | |
/ces rdo rje phag mo mkha' 'gro gsang ba kun 'dus kyi phrin las 'bring po 'di nyid thams cad mkhyen gzigs rje gter chen bla ma'i phyag zin ltar 'jug bde'i tshul du bkod par 'jam mgon rdo rje 'chang pad+ma ye shes rdo rje'i spyan sngar zab lam mchog 'dir dad mos brtan pa'i bshad sgrub bstan 'dzin nas zhu bskul bgyis par 'di bzhin khyod nas 'god par 'os zhes dgyes pa'i bka' lung spyi bor bstsal bas ji ltar sbyor tshul bka' bslab zhib zhus ltar yi ge'i gnas su 'god pa po khyab bdag 'jam mgon bla ma yab sras dgyes pa'i 'bangs pad+ma dbang chen dgyes pa'am 'od gsal rdo rje thugs mchog rtsal gyis bris pa 'dis kyang grong khyer gsum gyi yid can mtha' dag rje btsun rdo rje btsun mo'i gsang ba zab mo'i dbyings su mngon par byang chub pa'i rgyur gyur cig_/dge legs 'phel// |
Footnotes
Other Information
- DKR-KABUM-08-NYA-008
- Tibetan Publications
- Tibetan Texts
- dil mgo mkhyen brtse bka' 'bum
- mkha' 'gro gsang ba kun 'dus
- rdo rje phag mo
- Activity Manual - las byang
- Sadhanas - Evocation Ritual - sgrub thabs
- Khyentse, Dilgo
- jo mo sman mo
- 'jam dbyangs mkhyen brtse'i dbang po
- DKR-KABUM-Volume-08-NYA
- Khyentse Lineage Project