DKR-KABUM-08-NYA-012: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=མཁའ་འགྲོ་གསང་བ་ཀུན་འདུས་ལས། དམ་རྫས་བདུད་རྩི་སྨན་གྱི་སྒྲུབ་ཐབས་ཁྲིགས་ཆགས་སུ་བཀོད་པ་བདེ་ཆེན་བདུད་རྩིའི་མྱུར་ལམ། | |||
|fulltitle=mkha' 'gro gsang ba kun 'dus las/ dam rdzas bdud rtsi sman gyi sgrub thabs khrigs chags su bkod pa bde chen bdud rtsi'i myur lam | |||
|citation=[[Khyentse, Dilgo]]. ''Mkha' 'gro gsang ba kun 'dus las dam rdzas bdud rtsi sman gyi sgrub thabs khrigs chags su bkod pa bde chen bdud rtsi'i myur lam''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 8: 136-162. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer='jam dbyangs mkhyen brtse'i dbang po; jo mo sman mo | |||
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་; ཇོ་མོ་སྨན་མོ་ | |||
|tibgenre=Medicinal Pills - Making and Activating Practices - sman sgrub | |||
|terma=Yes | |||
|dkroutline=Three | |||
|cycle=mkha' 'gro gsang ba kun 'dus | |||
|cycletib=མཁའ་འགྲོ་གསང་བ་ཀུན་འདུས་ | |||
|language=Tibetan | |language=Tibetan | ||
| | |volumenumber=008 | ||
| | |volnumtib=༨ | ||
|volyigtib=ཉ་ | |||
|totalvolumes=25 | |||
|textnuminvol=012 | |textnuminvol=012 | ||
|pagenumbers=136-162 | |||
|totalpages=53 | |||
|beginfolioline=1a | |||
|endfolioline=27a4 | |||
|totalfolios=27 | |||
|multivolumework=No | |||
|rectonotes=sman sgrub | |||
|versonotes=mkha' 'gro gsang ba kun 'dus | |||
|colophontib=།ཅེས་པའང་སྔ་འགྱུར་བསྟན་པའི་མཛེས་རྒྱན་དཔལ་ཡུལ་རྨུགས་སངས་མཆོག་སྤྲུལ་ས་མནྟ་བྷ་དྲ་པྲཛྙཱཾ་ནས་སྙིགས་དུས་བསྟན་འགྲོའི་དགེ་མཚན་སྤེལ་བའི་ཐུགས་བསྐྱེད་དུས་སུ་བབ་པའི་རྟེན་འབྱུང་གིས་ཟབ་གསང་སྙིང་པོའི་དབྱིག་མཆོག་འདི་ཡི་སྒྲུབ་ཆེན་བོད་ཡུལ་བྱང་ཕྱོགས་གནམ་མཚོ་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དང་ཉེ་བར་དོ་སྐྱ་དགོན་པ་ཆོས་སྐུ་འོད་འབར་གླིང་དུ་དོ་སྐྱ་མཆོག་གི་སྤྲུལ་སྐུའི་བདག་རྐྱེན་ལས་གསར་འཛུགས་གནང་བའི་སྐབས་མྱོང་གྲོལ་བདེ་ཆེན་བདུད་རྩི་ལེ་ཚན་དང༌། རྡོར་དྲིལ་ཤོག་བུ་བཅས་ཆེད་དུ་བཀའ་ཡིས་བསྐུལ་མ་གནང་བ་བཞིན་ཀུན་གཟིགས་འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་གཏེར་རིག་འཛིན་བརྒྱུད་པའི་གཞུང་དང་མན་ངག་གི་ཕྱག་བཞེས་མཐོང་བརྒྱུད་ཇི་ལྟར་གནང་བལ་བརྟེན་ནས་མདོཁམས་ཀྱི་ཀུ་སཱ་ལི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་བསིལ་ལྡན་བོད་ཀྱི་ཡུལ་དབུས་སུ་གནས་པའི་སྐབས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཆེན་པོའི་ཤར་ཕྱོགས་ཕྱག་འཚལ་མེ་ཏོག་ལྡུམ་རའི་གཟིམས་ཤག་ཏུ་མེ་སྤྲེལ་རྒྱལ་ཟླའི་༡༨ཚེས་ལ་དབུ་བརྩམས་པའི་སྐབས་ཡི་གེ་པ་ནི་གང་གི་སློབ་འབངས་པདྨ་ཐུགས་རྗེའི་སྣང་བས་བགྱིས་པ་འདིས་ཀྱང་སྙིང་པོའི་བསྟན་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། | |||
|colophonwylie=/ces pa'ang snga 'gyur bstan pa'i mdzes rgyan dpal yul rmugs sangs mchog sprul sa man+ta b+ha dra pradz+nyAM nas snyigs dus bstan 'gro'i dge mtshan spel ba'i thugs bskyed dus su bab pa'i rten 'byung gis zab gsang snying po'i dbyig mchog 'di yi sgrub chen bod yul byang phyogs gnam mtsho dpal 'khor lo sdom pa'i pho brang dang nye bar do skya dgon pa chos sku 'od 'bar gling du do skya mchog gi sprul sku'i bdag rkyen las gsar 'dzugs gnang ba'i skabs myong grol bde chen bdud rtsi le tshan dang*/_rdor dril shog bu bcas ched du bka' yis bskul ma gnang ba bzhin kun gzigs 'jam mgon bla ma pad+ma ye shes rdo rje'i bka' gter rig 'dzin brgyud pa'i gzhung dang man ngag gi phyag bzhes mthong brgyud ji ltar gnang bal brten nas mdokhams kyi ku sA li 'jigs med mkhyen brtse'i 'od zer rang byung 'od gsal thugs mchog rdo rjes bsil ldan bod kyi yul dbus su gnas pa'i skabs lha ldan sprul pa'i gtsug lag chen po'i shar phyogs phyag 'tshal me tog ldum ra'i gzims shag tu me sprel rgyal zla'i 18tshes la dbu brtsams pa'i skabs yi ge pa ni gang gi slob 'bangs pad+ma thugs rje'i snang bas bgyis pa 'dis kyang snying po'i bstan la bya ba mchog tu byed par gyur cig/ | |||
|recensionlink=JKW-KABAB-06-CHA-042 | |||
|pdflink=File:DKR-KABUM-08-NYA-012.pdf | |pdflink=File:DKR-KABUM-08-NYA-012.pdf | ||
}} | }} | ||
Line 16: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ལས། དམ་རྫས་བདུད་རྩི་སྨན་གྱི་སྒྲུབ་ཐབས་ཁྲིགས་ཆགས་སུ་བཀོད་པ་བདེ་ཆེན་བདུད་རྩིའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ལས། དམ་རྫས་བདུད་རྩི་སྨན་གྱི་སྒྲུབ་ཐབས་ཁྲིགས་ཆགས་སུ་བཀོད་པ་བདེ་ཆེན་བདུད་རྩིའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།།<br><br> | ||
།ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་དྷཱ་ཏུ་བྷྱཿ བདེ་སྟོང་བདུད་རྩིའི་ཆོས་ཀུན་རྒྱས་བཏབ་པས། །འཁྲུལ་རྟོག་དབྱིངས་སུ་དག་པའི་ཡེ་ཤེས་རྩིའི། །དངོས་གྲུབ་འདོད་དགུའི་དཔལ་སྩོལ་དྷཱ་ཀི་ནི། །སྙིང་དབུས་དཔྱིད་ཀྱི་ཐིག་ལེར་དགྱེས་རྩེན་མཛོད། །ཁྱོད་ཀྱི་སྒྱུ་འཕྲུལ་རྣམ་པ་ཐམས་ཅད་པའི། །རོལ་སྒེག་ཆོས་དོན་རྟགས་ཀྱི་བདུད་རྩི་ཡིས། །རྡོ་རྗེའི་ལམ་མཆོག་བགྲོད་པའི་གསེང་ལམ་ནི། །གྲུབ་པའི་མན་ངག་བཞིན་དུ་འདིར་སྤེལ་བྱ། །དེ་ཡང་རྡོ་རྗེ་ཕག་མོ་ཡེ་ཤེས་གསང་བ་མཆོག་གི་རྒྱུད་ལས། རྒྱུད་དག་རྟོགས་པ་ལྡན་པ་ཡིསཿ འབྲེལ་ཚད་བདེ་བ་ཆེན་པོའི་སརཿ ཚོམ་བུ་གཅིག་ཏུ་གྲོལ་བའི་ཕྱིར༔ བདུད་རྩི་མཆོག་གི་ལས་སྦྱོར་བྱ༔ བསྙེན་པ་དང་ནི་ཉེ་བསྙེན་དང༔ སྒྲུབ་དང་སྒྲུབ་པ་ཆེན་པོ་ཡིས༔ ཁྲོལ་བུར་སྦྱངས་ཤིང་ཕྱེ་མར་བརླབས༔ བདུད་རྩིར་བསྐྱིལ་ཞིང་གོང་བུར་བསྡུ༔ ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ལ། གང་བསྒྲུབ་བྱའི་གཞི་སྡུག་བསྔལ་ཀུན་གྱི་ཟུག་རྔུ་ཡེ་ནས་མི་གནས་པའི་ཆོས་དབྱིངས་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་བདེ་བ་ཆེན་པོའི་ཀློང་ལས་སྣང་སྲིད་ཐམས་ཅད་རིགས་ཀྱི་དྷཱ་ཀི་ཡུམ་ཆེན་ལྔའི་ཡེ་ཤེས་ཀྱི་ངོ་བོར་ཀ་ནས་དག་པ་དོན་གྱི་བདུད་རྩིའི་བཞུགས་ཚུལ་ཡིན་པའི་གནད་ཀྱིས། དེའི་རང་རྩལ་སྣང་ཆའི་དུག་ལྔ་ཕུང་ལྔ་སོགས་སྦྱང་བྱར་བརྡར་བཏགས་པའང་རིགས་ལྔའི་དབྱིབས་དང་ཁ་དོག་ཏུ་སྣང་བའི་རྟགས་ཀྱི་བདུད་རྩིའི་བཅུད་ལེན་དུ་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ལམ་གྱིས་ཚུལ་བཞིན་བསྒྲུབས་པས་གནས་སྣང་ངོ་བོ་ཡིན་ལུགས་ཀྱིས་བཞུགས་ཚུལ་སྒྲ་ཇི་བཞིན་མངོན་དུ་གྱུར་ནས་ཤ་ལྔ་བདུད་རྩི་ལྔ་རྩ་བ་ཡན་ལག་གི་རྩི་སྨན་རོ་བཅུད་དངོས་གྲུབ་མཐའ་དག་སྒྲུབ་པའི་ནུས་ལྡན་གྱི་རྫས་སུ་གྱུར་པ་ནི་མཚན་མ་རྫས་ཀྱི་བདུད་རྩི་སྒྲུབ་པའི་རྟེན་དུ་བསྔགས་པ་ལྟར་ཉམས་སུ་བླངས་ནས། གློ་བུར་འཕོ་བའི་འཁྲུལ་རྟོག་གི་དྲི་མ་དབྱིངས་སུ་དག་ནས་རང་གནས་སྐུ་དང་ཡེ་ཤེས་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡིན་ལུགས་མངོན་དུ་གྱུར་པ་དབྱེར་མེད་པའི་བདུད་རྩི་ཞེས་བསྒྲུབས་པའི་འབྲས་བུ་སྟེ། དེ་ལྟར་གཞི་ལམ་འབྲས་བུའི་རྣམ་བཞག་དུ་མར་དབྱེ་ཡང༌། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བཞུགས་ཚུལ་ཁོ་ན་མངོན་དུ་བྱེད་པས་བདུད་རྩི་མཆོག་གི་དངོས་གྲུབ་སྒྲུབ་པའི་གསེང་ལམ་ཞེས་རྡོ་རྗེ་ཉི་མ་ཡོན་ཏན་རིན་པོ་ཆེའི་རིགས་ཀྱི་ཁྱབ་བདག་ཏུ་སྔ་འགྱུར་སྒྲུབ་སྡེ་བརྒྱད་ཀྱི་ཡ་གྱལ་དུ་མཛད་པ་སྟེ། བསྒྲུབ་བྱའི་ལམ་དེ་ཉིད་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ་བརྟེན་པ་ལྷག་པར་ཟབ་སྟེ་ལྷན་སྐྱེས་ནམ་མཁའི་གཟུགས་ཅན་གྱི་ཡེ་ཤེས་མཆོག་གི་མྱོང་བ་བདེ་མྱུར་དུ་རྒྱུད་ལ་འདྲེན་པའི་ཕོ་ཉ་སྒྱུ་མ་ཆེན་པོ་ཉིད་བསྔགས་པའི་ཕྱིར་དེའི་ཆོ་གའི་རིམ་པ་ཟབ་གསང་བྱིན་རླབས་ཀྱི་ཚན་ཀས་འཕགས་པ་ཉིད་བཤད་པ་ལ། བསྙེན་སྒྲུབ་ཡན་ལག་བཞི་ཡིས་ཆིངས་ཀྱིས་དབྱེ་བ་ལས། དང་པོ་བསྙེན་པ་ཁྲོལ་བུར་སྦྱངས་བ་ལ་གཉིས། སྔོན་འགྲོ་རྫས་དང་ཡོ་བྱད་སྟ་གོན་དུ་བྱ་བ་དང༌། ཁྲོལ་བུར་སྦྱངས་བ་དངོས་སོ། །དང་པོ་ནི། རྫས་ཀྱི་གཙོ་བོ་དངོས་གྲུབ་མཆོག་བརྙེས་པའི་བདུད་རྩི་ལྔ། ཡུལ་དག་པའི་ཤ་ལྔ། དེ་དག་གི་འཕྲོད་དང་སྐྱབས་སུ་གྱུར་པའི་སྨན་རྩ་བ་བརྒྱད་དང་ཡན་ལག་སྟོང་སྦྱར་ནས་སྒྲུབ་དགོས་ཀྱང་དེ་དག་དངོས་ཀྱི་རྫས་རིགས་གཏེར་བྱོན་དང་རིག་འཛིན་གོང་མ་རྣམས་ཀྱིས་བསྒྲུབས་པའི་ཆོས་སྨན་ལ་ཚང་བས་དེ་ཉིད་ཀྱི་ཕབ་རྒྱུན་གཞིར་བཞག །གཙང་ལ་དག་པའི་སྨན་ཕྱེ་སྔོན་དུ་ཚགས་སུ་ཚུད་པར་བྱས་ནས་ཁྲོལ་སྒྲུབ་རིགས་དབྱེ་ལྟར་མཚོན་བྱེད་ཙམ་བཞག་པ་ཉིད་བཏགས་ཚགས་ཀྱི་ཕྱག་ལེན་མཛད་དེ་བདུན་ཕྲག་ལ་སོགས་པའི་ཞག་གྲངས་ཀྱིས་བཅད་པ་ཉིད་བཤད་བྱ་དངོས་ཏེ། སྨན་གྱི་གཞི་ཨ་རུ་ར་རུས་པ་དང་བྲལ་བ། དེའི་ཕྱེད་བ་རུ་སྐྱུ་རུ། ཙནྡ་དམར་པོ། ཨ་ག་རུ། ནཱ་གི་འདུལ་མ། གི་ཝཾ་བཟང་དྲུག་གཙོ་བོར་གྱུར་པ་ལ་སྨན་ཁ་དོག་དྲི་རོ་བཟང་བ་རྣམས་མངན་ལེགས་ཤིང༌། གཞན་སྣེ་ཚང་ཙམ་དང༌། ལི་ག་དུར། རུ་རྟ་རྣམས་མང་ནའང་སྐྱོན་དུ་མི་འགྱུར། གཞན་སྔོ་སྨན་རིགས་ཉུང་ན་ལེགས། དུག་རིགས་བཤལ་སྐྱུགས་རྣམས་ཁ་དོག་དྲི་རོ་ནུས་པ་ལ་གནོད་པས་སྨན་གྱི་སྤྱང་ཀི་ཞེས་གཏང་བར་མི་མཛད། ཤིང་ཀུན། སྒོག་པ། ཤུ་དག་ནག་པོ། གཞོབ་དང་ཚྭ་རིགས། སྤང་རྒྱན་སྔོན་པོའི་རིགས་རྣམས་ཀྱང་འདྲེས་ཙམ་ལས་མི་བཏང༌། ཁ་དོག་སེར་པོར་བྱེད་ན་གུར་གུམ་དང་ཡུང་བ་སྨུག་པོ་ཙནྣ་སོགས་དང༌། དམ་རྩི་དབང་ལག་རན་ཙམ། མངར་གསུམ། ནམ་དུུས་དང་བསྟུན་པའི་ཕབ་རྩི་ཡང་ཁྲོལ་སྒྲུབ་ཀྱི་སྐབས་ནས་ཚོགས་དགོས། དེ་ལྟ་བུའི་སྨན་རྣམས་ཞིབ་མོར་བརྡུང་ནས་དར་ཚགས་ལ་དྲངས། རས་དཀར་སེར་གང་རུང་གི་ཁུག་མར་བླུགས། དེའི་ཁར་ཁྲོལ་སྒྲུབ་རྟེན་རིགས་དབྱེ་མི་དགོས་བས་འབྲས་བུ་གསུམ། བཟང་དྲུག་སོགས་སྨན་སྣ་ཉུང་ཙམ་ཐུམ་བྱས་པ་ཕོ་མོའི་ཐོད་པ་ཁ་སྦྱོར་རཀྟ་དང་ཆོས་སྨན་སྦར་བས་འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས་བྲིས་པ་ཕོ་ཐོད་ཀྱི་ལྟེ་བར་རྩིབས་བཞི་ལ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མོ་ཐོད་ལ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལྔ་བཀོད། གཉིས་ཀའི་མུ་ཁྱུད་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཤྲཱི་མ་ཧཱ་སུ་ཁ་ཧཱུྃ་ཧྲཱིཿཋ༔ ཞེས་པས་བསྐོར་བ་མོ་ཐོད་འོག་དང་ཕོ་ཐོད་སྟེང་ནས་སྦུབས་ཏེ་ཁ་སྦྱར་བའི་བར་སྨན་ཕྱེ་བཅུག །དཀྱིལ་འཁོར་གྱི་སྟེང་དུ་དགྲམ་བྱ་གདུགས་ལྟ་བུའི་དབུས་སུ་ཚངས་པ་བརྒྱ་བྱིན་གྱི་སྐུ་དང་རྔ་ཡབ་དཀར་པོ། ཀུ་ཤའི་ཆུན་པོ་རྣམས་བཏགས། ཤམ་བུའི་ནང་དུ་རྒྱུ་སྐར་ཉེར་བརྒྱད་ཀྱི་ཙཀླི་རྒྱབ་ཏུ་སྔགས་བྱང་འདོད་གསོལ་ཅན་བྱང་ཤར་བྲ་ཉེ་ནས་བརྩམས་གཡས་བསྐོར་དུ་ཕྱོགས་མ་འཆོལ་བ་དང༌། རྒྱབ་ངོས་ཕྱོགས་མཚམས་སུ་མེ་ལོང་བཅུ་ལ་ཁྲོ་བཅུའི་སྔགས་བྲིས་པ་བཏགས། རྒྱས་པ་རཏ་གླིང་ཐུགས་སྒྲུབ་ཡང་འདུས་ཀྱི་སྨན་སྒྲུབ་གཞུང་ནས་གསུངས་པའི་ཚངས་བའི་ཕོ་བྲང་དུ་གྲགས་པའི་བཅས་བཀོད་འབྱོར་ནའང་ལེགས། གཞན་འོག་ཏུ་དགོས་པའི་ཡོ་བྱད་རིགས་ཚགས་སུ་ཚུད་པར་བྱའོ། །གཉིས་པ་ལའང་གཉིས། བསྙེན་པའི་ཚུལ་གྱིས་སྦྱངས་བ་དང༌། ཉེ་བསྙེན་གྱི་ཚུལ་གྱིས་བསྒྱུར་བའོ། །དང་པོ་ནི། ཡང་གཏེར་ཕག་དཀར་ཡེ་ཤེས་འཁོར་ལོའི་ཐུགས་ཏིག་གི་གཏེར་གཞུང་ལས། ལྷ་ལ་སྙན་གསན་འབེབས་པའི་ཚུལ་གྱིས་བདག་མདུན་གྱི་སྒྲུབ་མཆོད་དང་སྐོང་བཤགས་ནན་ཏན་དུ་བྱ། ཞེས་གསུངས་པ་ལྟར། སྒྲུབ་ཆེན་གྱི་ཁོག་དབུབ་ལྟར་བདག་མདུན་གྱི་སྒྲུབ་མཆོད་བཟླས་པ་སྐོང་བཤགས་བཅས་ཉིན་ཞག་བདུན་ནམ་ལྔ་གསུམ་ལྟ་བུར་བཏང་བ་གལ་ཆེ་བས་འཇམ་མགོན་བླ་མ་རྣམ་གཉིས་ཀྱི་ཕྱག་བཞེས་སུའང་མཛད་པ་ལྟར་གྲུབ་ན་ལེགས་ཤིང༌། དཀྱིལ་འཁོར་གྱི་མདུན་ཕྱོགས་ཉེ་ལོགས་སུ་ཟུར་སྟེགས་ལྟ་བུར་སྨན་གྱི་ཕོ་བྲང་བཀོད། ཕྲིན་ལས་ཀྱི་བསྐྱེད་བཟླས་བསྡུ་ལྡང་གི་བར་དང༌། ལས་ཀྱི་བུམ་པར་ཀརྨ་དྷཱ་ཀི་ནི་བསྐྱེད་བཟླས་འོད་ཞུ་ཕྲིན་ལས་ཀྱི་སྐབས་ལྟར་བྱས་ལ། སྨན་རྣམས་ཞི་དྲག་ཕྱེད་མ་གསུམ་གྱིས་སྦྱོང་བ་དང༌། བགེགས་བསྐྲད་ལ་ཡུང་ཐུན་བྲབ་ཅིང་གུ་གུལ་བདུག །ཁྲུས་གསོལ་རྒྱས་པར་བྱ། རྒྱན་བཀོད་པའི་སྐབས། ཧཱུྃ༔ གདོད་ནས་རྣམ་དག་མཉམ་པའི་ཡེ་ཤེས་དབྱིངས༔ རིག་རྩལ་འགག་མེད་སྨན་གྱི་ཕོ་བྲང་ཆེ༔ དཀྱིལ་འཁོར་དབུས་སུ་བརྟན་པར་བཞུགས་ནས་ཀྱང༔ རྡོ་རྗེ་བདུད་རྩིའི་ཡེ་ཤེས་གྲུབ་པར་མཛོད༔ ཨོཾ་བྃ་བཛྲ་བྷཱ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཨཱཿ ཞེས་པའི་ཛབ་དབྱངས་དང་བཅས་དལ་དབུས་གཞོང་པ་འབྲུས་བཀང་བའི་ནང་རུས་སྦལ་གྱི་ཁོག་པར་ཧྲཱིཿཡིག་བྲིས་པའི་ཁར་བཀོད་ལ། དར་སྣས་བཀབ་པའི་སྟེང་དུ་སྣོད་གཙང་མར་དམ་རྫས་ཕབ་གཏའ་སེལ་མེད་ཀྱི་རིགས་རྣམས་ཆུ་ཆང་དང་སྦྱར་བ་བཞག །ཕོ་བྲང་དང་ཚངས་པ་བརྒྱ་བྱིན་གྱི་སྐུ་ལ་རྨུ་ཐག་གིས་སྦྲེལ་གཟུངས་ཐག་འཐེན་བདེ་བ་དང༌། དར་དཀར་དམར་མཐིང་གསུམ་གྱི་ཡོལ་བ་སོགས་ཕྱག་ལེན་སྤྱི་ལྟར་བྱ། ཁྲོལ་བུའི་སྨན་དབུས་སུ་བཞག་པའི་ཤར་ལྷོར་འོ་མ། ལྷོ་ནུབ་ཏུ་རིན་ཆེན་ཕྱེ་མ་ཆུར་སྦངས་བ། ནུབ་བྱང་དུ་ཆང་སྣ། བྱང་ཤར་དུ་ཆུ་སྣ་རྣམས་སྣོད་སོ་སོར་བླུགས་ཏེ་བཞག །དམ་རྩི་མདངས་བསྒྱུར་ཕབ་གཏའ་སོགས་སྨན་ནང་དུ་བཏབ་དགོས་ཚད་བར་མཚམས་སུ་བཀོད་ལ་བཞག །སྒྲུབ་ཁོག་གི་བྱིན་འབེབས་རྗེས། སྨན་གྱི་བྱིན་འབེབས་ནི། གཡབ་དར་སྤོས་རོལ་དབྱངས་དང་བཅས། ཧཱུྃ༔ ཀུན་བཟང་རྡོར་སེམས་དགའ་རབ་རྗེ༔ ཤྲཱི་སིང་པདྨ་ཐོད་ཕྲེང་སོགས༔ རིག་འཛིན་རྩལ་འཆང་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཆེ་མཆོག་བདུད་རྩིའི་དཀྱིལ་འཁོར་ལྷ༔ གསང་མཆོག་མཁའ་འགྲོ་འདུས་པའི་དལ༔ ཡོན་ཏན་ལྷ་ཚོགས་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ གནས་ཡུལ་དུར་ཁྲོད་དཔའ་བོ་དང༔ མཁའ་འགྲོ་སྨན་སྐྱོང་སྲུང་མ་སོགས༔ བཀའ་ཉན་ཚོགས་རྣམས་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་འདི་རུ་བྱིན་གྱིས་རློབས༔ བསྒྲུབ་རྫས་ཡེ་ཤེས་བདུད་རྩིར་བསྒྱུར༔ གྲོལ་བ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾཿ ཞེས་བརྗོད། མཆོད་ཚོགས་སྤྲོས་པ་གང་རྒྱས་ཁྱད་པར་མར་མེ་རྒྱུན་མི་ཆད་པར་སྦར་གསུངས་སོ། །དེ་ནས་སྔར་སྨོས་པ་ལྟར་རྩ་བའི་སྒྲུབ་ཆེན་རྒྱས་བསྡུས་གང་འགྲུབ་སྔོན་དུ་བཏང་ཟིན་རྗེས་བདུད་རྩི་སྨན་གྱི་ལས་སྦྱོར་དངོས་ལ། བདག་བསྐྱེད་བརྒྱུད་འདེབས་ནས་བརྩམས་བཟླས་པ་སྟོང་ཚིག་བཅས་གྲུབ་པ་དང༌། མདུན་དཀྱིལ་གསལ་གདབ་པ་ལ་དགུ་ལས། དང་པོ་རྟེན་དམ་ཚིག་གི་འཁོར་ལོ་གསང་ཆེན་རིགས་གཅིག་བསྐྱེད་པ་ནི། ཧཱུྃ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ རིག་རྩལ་དཀྱིལ་འཁོར་མདུན་དུ་དབྱེ༔ སྒྲུབ་པའི་རྫས་ལ་དབྱེར་མེད་ཐིམ༔ དེ་ལ་སྐད་ཅིག་དྲན་རྫོགས་སུ༔ རླུང་མེ་ཐོད་སྒྱེད་ལ་གནས་པའི༔ རང་བྱུང་བདེ་ཆེན་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ འཁོར་འདས་དྭངས་བཅུད་བདུད་རྩི་འཁྱིལ༔ དེ་དབུས་པདྨ་ཉི་ཟླའི་སྟེང༔ གསང་ཆེན་རིགས་གཅིག་རྡོ་རྗེ་སེམས༔ བདེ་བ་ཆེན་པོ་ཟླ་བའི་མདོག༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ རང་འདྲའི་ཐུགས་ཀར་ཟླ་སྟེང་ཧཱུྃ༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ ཞི་ཁྲོ་རབ་འབྱམས་རྒྱལ་བའི་ལྷ༔ མ་བསྐྱེད་ཡེ་རྫོགས་ཆེན་པོའི་ངང༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་གིས༔ རྡོ་རྗེ་གསུམ་དུ་བྱིན་བརླབས་ཤིང༔ ཁ་སྦྱོར་བདུད་རྩིའི་སྤྲིན་ཆེན་པོས༔ ཡེ་ཤེས་དབང་བསྐུར་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱི་ཨཱཿ ཞེས་གསལ་བར་རྒྱས་གདབ། དབང་བསྐུར་བཅས་བྱས་ལ། གཉིས་པ་སྤྱན་འདྲེན་ནི། སྙོམས་ཞུགས་བདེ་བའི་འོད་དང་སྒྲས༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་གྱུར༔ ཨོཾ༔ ཡོད་མེད་སྟོང་པ་འོད་གསལ་དབྱིངས༔ ཕྱག་རྒྱ་ཆེན་པོའི་སྐུར་བཞེངས་ནས༔ སྨོན་ལམ་སྙིང་རྗེའི་དམ་ཚིག་གིས༔ ཡེ་ཤེས་སྒྱུ་མར་རོལ་པས་གཤེགས༔ ཨོཾ་བཛྲ་སཏྭ་ཨེ་ཧྱ་ཧིཿ ས་མ་ཡ་ཧོ༔ ས་མ་ཡ་སྟྭྃ༔ ཛཿཧཱུྃ་བྃ་ཧོཿ ཞེས་དབྱེར་མེད་དུ་བསྟིམ། གསུམ་པ་བཞུགས་གསོལ་ནི། ཏིཥྛ་ལྷན༔ ཞེས་དམ་ཡེ་གཉིས་མེད་དུ་བརྟན་པར་བཞུགས་སུ་གསོལ། བཞི་པ་ཕྱག་འཚལ་བ་ནི། ཨ་ཏི་པཱུ་ཧོཿ ཞེས་བརྡ་ཕྱག་གིས་བཏུད་པ་ལ། པྲ་ཏཱིཙྪ་ཧོཿས་ལན་བསྩལ་བར་མོས། ལྔ་པ་མཆོད་པ་ནི། ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་སྤྲིན༔ ཕྱི་ནང་གསང་བ་བླ་མེད་པ༔ བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་དྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཧོ༔ དྲུག་པ་བསྟོད་པ་ནི། ཧཱུྃ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཡི༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ བདུན་པ་སྨན་སྲུང་སྤྱན་དྲངས་པ་ནི། སྤོས་བསྲེགས། རོལ་མོ་འཁྲོལ། མདའ་དར་གཡབ་ཅིང་གདུང་བའི་ཤུགས་བསྐྱེད་ལ། ཧཱུྃ༔ འོག་མིན་རྡོ་རྗེ་བཙུན་མོའི་ཞིང༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོ་དང༔ ཧེ་རུ་ཀ་ཡི་གནས་དང་ཡུལ༔ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔ བཅོམ་ལྡན་བཛྲ་བྷཱ་ར་ཧི༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས༔ གསུང་གི་ཛཔ་དབྱངས་སྔགས་སྒྲ་སྒྲོགས༔ ཐུགས་ཀྱི་ཡེ་ཤེས་རྩལ་བསྐྱེད་ལ༔ ཡོན་ཏན་བདེ་ཆེན་འོད་ཟེར་དང༔ ཕྲིན་ལས་ཕོ་ཉ་ཕྱོགས་བཅུར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང༔ སྙོམས་ཞུགས་ཟག་མེད་བདུད་རྩིའི་བཅུད༔ འབྱུང་བ་ལྔ་ཡི་དྭངས་མ་དང༔ ལྷ་ཀླུ་མི་ཡི་ཚེ་བསོད་སྟོབས༔ གཟི་བརྗིད་དཔལ་དང་ནུས་བཅུད་ཀུན༔ ཐོགས་པ་མེད་པར་གནས་འདིར་བསྡུས༔ འཁོར་འདས་དབྱེར་མེད་བྱིན་ཆེན་ཕོབ༔ དམ་ཚིག་བསྒྲུབ་པའི་རྫས་ལ་བསྟིམ༔ མཐོང་ཚོར་མྱོང་རེག་གྲོལ་བ་ཡི༔ བདེ་ཆེན་རྡོ་རྗེའི་གཟི་བྱིན་སྦོར༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ ལྷུན་གྱིས་གྲུབ་པའི་དབང་མཆོག་བསྐུར༔ སྣོད་བཅུད་རྡོ་རྗེ་བཙུན་མོ་ཡི༔ རྟེན་དང་བརྟེན་པར་བྱིན་རློབས་ཤིག༔ ༔ ཨོཾ་བཛྲ་བྷཱར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ་ཧཱུྃ་མ་ཧཱ་སུ་ཁ་སིདྡྷི་ཨ་བེ་ཤ་ཡ་ཨ་ཨཿ ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ན༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཚངས་དང་དྲང་སྲོང་རིག་པ་འཛིན༔ བྲམ་ཟེ་དཀའ་ཐུབ་གྲུབ་པ་དང༔ རི་དང་ནགས་ཚལ་འབྱུང་བའི་ལྷ༔ གཟའ་དང་རྒྱུ་སྐར་རྫུ་འཕྲུལ་བདག༔ སྨན་དང་བཅུད་ཀྱི་གཉེར་འཛིན་པ༔ ལྷ་དང་ལྷ་མོ་སྲུང་མའི་ཚོགས༔ ཁྱབ་བདག་དཔལ་ལྡན་ཧེ་རུ་ཀ༔ བཅོམ་ལྡན་བཛྲ་བྷཱ་ར་ཧཱི༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་དང༔ རིག་འཛིན་གྲུབ་པའི་བཀའ་བྱུང་བས༔ དམ་ཚིག་གཉན་པོ་རྗེས་དགོངས་ལ༔ ཐུགས་དམ་དབང་གིས་གནས་འདིར་གཤེགས༔ རང་རང་རིག་འཛིན་གྲུབ་པའི་ཚེ༔ ཇི་ལྟར་རྟགས་བསྟན་མ་བསྙེལ་བར༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོས༔ མཐའ་ཡས་གདུལ་བྱའི་དོན་སླད་དུ༔ རྡོ་རྗེའི་ཚེ་དང་ལང་ཚོ་དང༔ ནད་གདོན་ཞི་ཞིང་རིག་རྩལ་རྒྱས༔ མཐོང་ཚོར་མྱོང་རེག་གྲོལ་བའི་ཕྱིར༔ བདུད་རྩི་སྒྲུབ་པའི་གྲོགས་མཛད་ནས༔ དངོས་གྲུབ་དམ་པ་སྩལ་དུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་བྷེ་ཥ་ཛྱཻ་དེ་བ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭྃ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་ཐ་ཚིག་གིས་གནད་ནས་བསྐུལ་ཏེ་སྤྱན་དྲངས་པས། སྨན་གྱི་ལྷ་དང་དྲང་སྲོང་ཚོགས༔ བདུད་རྩིའི་ཕྲིན་ལས་སྒྲུབ་པའི་ཕྱིར༔ བདེ་ཆེན་དགྱེས་པའི་ཕོ་བྲང་གི༔ མཁའ་ལ་སྤྲིན་ལྟར་གཏིབས་པར་གྱུར༔ ཞེས་བསམ། བརྒྱད་པ་རྟོག་པ་བསལ་བ་ནི། སློབ་དཔོན་གྱིས་གཡོན་པའི་སྲིན་ལག་གིས་ནང་མཆོད་ཀྱི་བདུད་རྩི་འཐོར་ལ། ཧཱུྃ༔ ལྷ་དང་དྲང་སྲོང་བྲམ་ཟེ་ཀླུ༔ གཙང་ཞིང་གཙང་མའི་ཚུལ་ལ་སྤྱོད༔ ཁྱི་ཕག་ལ་སོགས་དམེ་བའི་རྫས༔ ཐམས་ཅད་དོགས་པ་མེད་པར་བཟའ༔ གང་ཡང་རྣམ་པར་རྟོག་པ་སྟེ༔ རྟོག་པར་བཅས་ན་གྲོལ་མི་འགྱུར༔ སྣོད་བཅུད་གདོད་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ ཡེ་ཤེས་རིགས་ལྔར་རྣམ་པར་དག༔ ཆོས་ཀྱི་དབྱིངས་སུ་མཉམ་པ་ཡིས༔ འཁོར་འདས་དབྱེར་མེད་ཆེན་པོར་རྟོགས༔ དེ་ལྟར་ཤེས་ནས་གྲོལ་བའི་ཕྱིར༔ དཀར་རྩི་དམར་རྩི་དྲི་ཤ་ཆེན༔ རྡོ་རྗེ་ཆུ་རྣམས་དང་དུ་བླང༔ དངོས་གྲུབ་རྫས་ཀྱིས་གཙོར་བྱས་པས༔ ནད་ལྔ་སེལ་ཞིང་གདོན་ལྔ་ཞི༔ ཕུང་པོ་གནས་འགྱུར་ཡེ་ཤེས་དང༔ རིགས་ལྔའི་དངོས་གྲུབ་མངོན་འགྱུར་ཕྱིར༔ ཐམས་ཅད་གཙང་དམེའི་རྟོག་པ་སྤོངས༔ བདེ་ཆེན་རྡོ་རྗེའི་རིགས་མཆོག་ཏུ༔ དངོས་གྲུབ་སྒྲུབ་པའི་ཕྲིན་ལས་མཛོད༔ ཅེས་བསྐུལ་ལ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་པའི་ལྟ་དགོངས་ཀྱི་བརྟུལ་ཞུགས་བསྐྱེད་དོ། །དགུ་པ་ཛཔ་ཀྱིས་ཐུགས་རྒྱུད་བསྐུལ་བ་ནི། བདག་གི་ཐུགས་སྲོག་ས་བོན་ལས་སྔགས་ཀྱིས་བསྐོར་བ་ལས་བྱུང་བའི་འོད་ཟེར་རྡོ་རྗེའི་གཟུངས་ཐག་ལ་བརྒྱུད་མདུན་གྱི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཞུགས༔ བདེ་བ་ཆེན་པོའི་ཐུགས་རྒྱུད་བསྐུལ༔ རྫས་ཀྱི་ནམ་མཁར་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདེ་བའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ སྣོད་བཅུད་ཐམས་ཅད་མེར་མེར་ཤིག་ཤིག་ཏུ་གཡོས༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་དང་དྭངས་མ་སྟོབས་རྩལ་ནུས་མཐུ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས༔ ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད༔ སྦྱོར་མཚམས་ནས་ཆར་དྲག་ཏུ་བབ་པ་བཞིན་བྱུང༔ རྫས་ལ་ཐིམ་པས་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས༔ དག་པ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ནུས་བཅུད་ཕུན་ཚོགས་པར་བསམ་ལ༔ ཨོཾ་བཛྲ་སཏྭ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ཁྲི་ཕྲག་གཅིག་ཏུ་བཟླ། འདི་ནས་བརྩམས་སྔགས་རྒྱུན་པའི་ཐུན་དཔོན་གྱིས་གཟུངས་ཐག་བླངས་ལ་ཛཔ་རྒྱུན་མ་ཆད་པར་བྱ། སྟོང་སྟོང་གི་མཚམས་ཐུན་མཐར་སྟོང་ཚིགས་འབུལ་ལ། སྒྲུབ་ཁོག་ལྟར་ཉུལ་ལེ་འདུལ་བ་རྒྱས་བསྡུས་སྐབས་སུ་གང་བབ་དང༌། བྱིན་འབེབས་བཅས་བྱ། ཉིན་མཚན་ཐུན་དྲུག་གི་ངེས་པ་ཅན་དུ་བཤད་ཅིང་ལག་ལེན་དུའང་བྱེད་བས་ཉིན་ཐུན་ཕྱི་མ་གཉིས་ལ་མཆོད་པ་ཁ་གསོ། ལས་བྱང་ལྟར་བྱིན་གྱིས་བརླབས། ཧཱུྃ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་སོགས་ནས་བཟླས་པ་སྟོང་ཚིགས་ཀྱི་བར་སྔར་ལྟར་ལ་ཉུལ་ལེ་བསྐྲད་པ་དང་བྱིན་འབེབས་བསྡུས་ཙམ་བྱས་བས་ཐུན་གཉིས་པ་གྲུབ། ཐུན་གསུམ་པ་ལའང་དེས་འགྲེ། །དེ་ནས་སྲུང་མའི་གཏོར་ཆོག །མཆོད་སྐོང་བཅས་རྒྱས་པར་བྱས་ལ་ལས་ཀྱི་གཞུག་བསྡུ། ཉུལ་ལེ་འདུལ་བ་དང་བྱིན་འབེབས་རྒྱས་པར་བྱས་ལ་སྨན་གྱི་ཛཔ་དབྱངས་ལན་གསུམ་བྱས་པས་གྲུབ་བོ། དེ་ནས་མཚན་ཐུན་གསུམ་དགོས་པའི་ཐུན་དང་པོར་ཕྲིན་ལས་ཀྱི་ཚོགས་བསགས་ནས་བརྩམས་བཟླས་པ་སྟོང་ཚིག་གི་བར་ཁྱུག་ཙམ་དང༌། དེ་ནས་སྨན་སྒྲུབ་ལ་འཇུག་པ་སོགས་དང༌། གུང་ཐུན་དང་ཐོར་ཐུན་བཅས་ཉིན་ཐུན་གསུམ་པ་ཇི་ལྟ་བ་ལས། ཐོར་ཐུན་སྟོང་ཚིགས་བཅས་ཚོགས་མཆོད་བསྡུས་ཙམ་དང༌། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་བཅས་བྱ། དེ་ལྟ་བུ་ཡང་གཏེར་རྡོ་རྗེ་བདུད་རྩི་ལས། དུས་ཀྱི་ངེས་པ་བསྙེན་པ་དང༔ ཉེར་སྒྲུབ་གཉིས་ལ་ཞག་གསུམ་སྟེ༔ སྒྲུབ་དང་སྒྲུབ་ཆེན་ཞག་གཉིས་གཉིས༔ དབང་པོ་རབ་ཀྱིས་འགྲུབ་པར་འགྱུར༔ འབྲིང་ལ་ཉིས་འགྱུར་ཐམས་ཅད་ཀྱང༔ སུམ་བསྡེབ་བརྩོན་པས་ངེས་པར་འགྲུབ༔ ཅེས་གསུངས་པས་དང་པོ་ལྟར་ལག་ཏུ་ལེན་པའི་དབང་དུ་བྱས་ཏེ་ཁྲོལ་སྒྲུབ་ཞག་གསུམ་གྱི་དབང་དུ་བྱས་པའི་ཞག་གཅིག་དང༌། ཉིན་གཉིས་པའི་གུང་ཐུན་བར་སྔ་མ་ལྟར་བཏང་རྗེས། མདུན་གྱི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་ལ་བསྟིམ། སྐབས་འདིར་ཁྲོལ་བུ་རྣམས་ཞིབ་པར་བཏགས་ལ་སྣོད་དུ་སྤུངས་པར་གསུངས་ཀྱང་བཏགས་བཙགས་ཀྱི་སྐབས་སུ་མཛད་ན་ཕྱག་ལེན་བདེ་བར་སྣང་ངོ༌། གཉིས་པ་ཕྱེ་མ་ཉེ་བར་བསྙེན་པས་སྒྲུབ་པ་ནི། ཉིན་གཉིས་པའི་ཐུན་ཕྱི་མ་ལ་བབ་པའི་ཚེ། བདག་བསྐྱེད་ཀྱི་ཕྲིན་ལས་བཟླས་པའི་བར་གྲུབ་རྗེས། དེ་ཉིད་རིགས་ལྔའི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ རིག་རྩལ་དཀྱིལ་འཁོར་མདུན་དུ་དབྱེ༔ སྒྲུབ་པའི་རྫས་ལ་དབྱེར་མེད་ཐིམ༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ རླུང་མེ་ཐོད་སྒྱེད་ལ་གནས་པའི༔ རང་བྱུང་བདེ་ཆེན་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ འཁོར་འདས་དྭངས་བཅུད་བདུད་རྩི་འཁྱིལ༔ དེ་དབུས་པདྨ་ཉི་ཟླ་ལྔར༔ ཤ་ལྔ་བདུད་རྩི་དྭངས་མའི་སྟེང༔ རིགས་ལྔའི་ས་བོན་ཡོངས་གྱུར་ལས༔ སྤྲོ་བསྡུས་ཚེ་བདག་རིགས་མཆོག་ལྔ༔ དབུས་སུ་རྡོར་སེམས་ཚེ་དཔག་མཐིང༔ ཤར་དུ་རྣམ་སྣང་ཟླ་བའི་མདོག༔ ལྷོ་རུ་རིན་འབྱུང་གསེར་མདོག་བརྗིད༔ ནུབ་ཏུ་སྣང་མཐའ་དབང་མདོག་འཚེར༔ བྱང་དུ་དོན་གྲུབ་མ་རྒད་མདངས༔ རང་རིག་ཡུམ་དང་མཉམ་པར་སྦྱོར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ ཡབ་རྣམས་མཉམ་བཞག་ཚེ་ཡི་བུམ༔ རིགས་ཀྱི་ཕྱག་རྒྱས་མཚན་པ་དང༔ ཡུམ་རྣམས་རང་རྟགས་ཚེ་བུམ་འཛིན༔ གཉིས་མེད་མཉམ་པའི་སྟབས་ཀྱིས་རོལ༔ ཞི་བའི་ཚུལ་དགུ་མཛེས་བརྗིད་ཀྱི༔ རྒྱན་ཆས་བཅུ་གསུམ་གྱིས་སྒེག་པ༔ བདེ་ཆེན་མཚན་དཔེའི་གཟི་བྱིན་འབར༔ བདེ་སྟོང་གཉིས་མེད་ངོ་བོར་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་སོགས་ནས། དབང་བསྐུར། རྒྱས་གདབ། སྤྱན་འདྲེན་ནས་བརྩམས་མཆོད་པའི་བར་དང༌། བསྟོད་པ་ལ། ཧཱུྃ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཡི༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ ཚེ་ཡི་བདག་པོ་རིགས་ལྔ་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཞེས་བསྒྱུར། སྨན་སྲུང་སྤྱན་འདྲེན་ནས་བརྩམས་རྟོག་བསལ་བར་དཀྱུས་ལྟར་དང༌། བཟླས་པ་དངོས་ནི། བདག་གི་ཐུགས་སྲོག་ས་བོན་ལ་སྔགས་ཀྱིས་བསྐོར་བ་ལས་བྱུང་བའི་འོད་ཟེར་རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་མདུན་གྱི་ཚེ་བདག་རིགས་ལྔའི་ཐུགས་ཀར་ཞུགས༔ བདེ་བ་ཆེན་པོའི་ཐུགས་རྒྱུད་བསྐུལ་རྫས་ཀྱི་ནམ་མཁའ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདེ་བའི་སྒྲ་དང་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ འཁོར་འདས་ཀྱི་ཚེ་དང་ཡེ་ཤེས་དཔལ་དང་གཟི་བརྗིད་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩིའི་རྣམ་པར་སྤྱན་དྲངས༔ ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད༔ སྦྱོར་མཚམས་ནས་ཆར་དྲག་ཏུ་བབ་པ་བཞིན་སྤྱན་དྲངས༔ རྫས་ལ་ཐིམ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩི་འཁྱིལ་བར་གྱུར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་བཛྲ་ཨ་ཡུརྫྙཱ་ན་ཨ་མྲྀ་ཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ཁྲི་ཕྲག་གཅིག་ཏུ་བཟླ། སྟོང་ཚིག་གི་མཆོད་བསྟོད། ཉུལ་ལེ་བསྐྲད་གཟིར། བྱིན་འབེབས་བཅས་པའི་འགྲོས་ཀྱིས་ཉིན་མཚན་ཐུན་དྲུག་སྔར་ལྟར་བསྲངས་བའི་ཞག་གསུམ་གྲུབ་པའི་ཉིན་བཞི་པའི་སྔ་དྲོ་ལས་བྱང༌། སྨན་སྒྲུབ་བཟླས་པ་སྟོང་ཚིག་གི་བར་སྔ་མ་རྣམས་ལྟར་གྲུབ་པ་དང༌། ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་བདེ་བ་ཆེན་པོའི་བདུད་རྩིར་འོད་དུ་ཞུ་ནས་རྫས་ལ་ཐིམ་པར་བསམ༔ དེ་ནས་སྔགས་རྒྱུན་པའི་གཟུངས་ཐག་བསྡུ། སློབ་དཔོན་གཟུངས་མ་རྒྱལ་ཐེབས་རྣམས་ཀྱིས་རྡོར་དྲིལ་བཅས་བདུད་རྩིའི་ཐོད་པ་ཐོགས་ནས་དཀྱིལ་འཁོར་ལ་ཞལ་ཕྱོགས་པར་བསྐོར། འདུས་པ་རྣམས་ཀྱང་རྡོར་དྲིལ་བཅས་བདུད་རྩི་ཐོགས་ལ། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ར་ས་ཡཱ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱིས་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་མཆོག་གི་དངོས་གྲུབ་སྩོལ། །ཞེས་དང༌། ཀུན་མཁྱེན་བླ་མ་མཉྫུའི་གསུང་རྩབ་གསུམ་གྱི་སྨན་གྱི་བརྒྱུད་མཆོད་སྦྱར་བས་རྒྱ་ཆེར་མཆོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་མཎྜལ་ལ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་བརྗོད་ནས་གདན་ལ་བཞུགས། ཐམས་ཅད་ནས་ཐལ་མོ་སྦྱར་ལ་དབྱངས་སྙན་པོས། ཨེ་མ་ཧོ་གདོད་ནས་རྣམ་པར་དག༔ དོན་གྱི་བདུད་རྩི་བླ་ན་མེད༔ རྟགས་སུ་ཡེ་ཤེས་རིགས་ལྔ་ཤར༔ རྡོ་རྗེའི་ཆོས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ལས་རྒྱའམ་བཏགས་ནས་མངའ་གསོལ་བ་དེའི་སྨན་གྱི་ཕོ་བྲང་དར་གྱི་ཁྱོགས་ལ་བཏེགས་པ་ཐོགས། སློབ་དཔོན་ལ་ཕྱོགས་པས་དབྱངས་རྟ་དང་བཅས། ཨེ་མ་ཧོ་ཆོས་རྣམས་ཐམས་ཅད་ཀྱི༔ རང་བཞིན་བདེ་ཆེན་བྱང་ཆུབ་སེམས༔ གྲུབ་པ་མཆོག་གི་ཨ་མྲྀ་ཏས༔ མི་ཕྱེད་རྡོ་རྗེ་ཡེ་ཤེས་ཐོབ༔ བཛྲ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧོ༔ ཞེས་སློབ་དཔོན་གྱི་ཕྱག་ཏུ་ཕུལ། སློབ་དཔོན་གྱིས། ཨེ་མ་ཧོ་དམ་རྫས་སྨན་གྱི་ཚོགས༔ མཐོང་ཚོར་མྱོང་རེག་གྲོལ་བ་ཐོབ༔ བདེ་བ་ཆེན་པོའི་དངོས་གྲུབ་མཆོག༔ གཉིས་མེད་ཡིད་ཀྱིས་བླང་བར་བྱ༔ བཛྲ་ཨ་མྲྀ་ཏ་ཨ་ལ་ལ་ཧོ༔ ཞེས་པས་བླངས་ལ། སྨན་གྱི་སྙིང་པོ་དྭངས་མའི་བཅུད༔ ཡེ་ཤེས་འོད་ཀྱི་གོང་བུར་འདུས༔ བདག་ཐིམ་དངོས་གྲུབ་མཆོག་ཐོབ་བསམ༔ ཞེས་བརྗོད་པ་དང་བསྟུན་སྨན་སྣོད་དཀྱིལ་འཁོར་གྱི་མདུན་སྟེགས་སུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་གམ་དམར་པོ་བཅད་ཁ་ནུབ་བསྟན་གྱི་དབུས་སུ་འཁོད་དོ། །གསུམ་པ་ལྡེ་གུ་སྒྲུབ་པས་བདུད་རྩིར་བསྐྱིལ་བ་ནི། བཏགས་ཚགས་སྦོལ་བ་དང༌། བདུད་རྩིར་བསྐྱིལ་བ། གནད་ལ་དབབ་པ། དབང་དུ་བྱ་བའོ། །དང་པོ་ནི། སྒྲུབ་པ་ཆེན་པོའི་སྤྲོས་བཅས་སྐབས་ཁོག་དབུབ་ལས་བྱུང་བ་ལྟར་དབྱངས་བོར་ལེན་དང་བཅས་རྟགས་སོ་སོར་གདབ། ཐམས་ཅད་ཀྱི་ཞྭ་བཅས་བཞེངས། སློབ་དཔོན་གྱིས་ཧསྟ་དར་སྣ་བཏགས་པ་དང་དྲིལ་བུ། ཡུམ་གྱི་ཕྲེང་བ། རྒྱལ་ཐེབས་རྣམས་གཡབ་དྲིལ་བཅས་མདུན་དུ་འཁོད། ལས་རྡོར་གྱིས་སྦྱར་སྦོས་བསྲེགས། ཐམས་ཅད་ཀྱི་ཧེ་རུ་ཀའི་ང་རྒྱལ་ལ་གནས་པ་རུ་ལུའི་སྔགས་དབྱངས་ལན་གསུམ་མཐར་ཞི་རོལ། རྐང་གླིང༌། བཤུག་པ་སོགས་བཏང༌། གཡབ་མོ་བཅས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཞིང་མདུན་དུ་འཁོད་ལས་བྱང་ལྟར་བསྐུལ་བཏང༌། གཞན་རྣམས་གདན་ལ་འཁོད། སློབ་དཔོན་གྱིས་དཀྱིལ་འཁོར་ལ་ཞལ་ཕྱོགས་བར་བཞུགས་པའི་མདུན་དུ་ཞིང་ལྤགས་ཁྲག་གི་ཐིག་ལེ་ཧཱུྃ་གིས་མཚན་པ་དགུ་བཀོད་པའི་སྟེང་ཐབས་ཤེས་ཀྱི་རྡོ་གཞོང་དང་གཏུན་བུ་བཞག་པ། ཡུམ་སློབ་དཔོན་ལ་ཕྱོགས་པས་ཡབ་ཡུམ་གྱི་ཞབས་གཉིས་སྨན་གཞོང་འགྲམ་དུ་བསྣོལ་ཏེ་བརྐྱང༌། སློབ་དཔོན་གྱི་ཕྱག་གཉིས་སོར་མོ་བསྣོལ། མཛུབ་མོ་བསྒྲེངས། མཐེ་བོང་བཀུག་ལ་བྱིན་དབབ་པའི་རྒྱས་གཏུན་བུ་བཟུང༌། ཡུམ་གྱི་མཁའ་དབྱིངས་ཀྱི་རྒྱས་གཏུན་ཁུང་གཡས་གཡོན་བཟུང་ལ། གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་ལ་གནས་པས་སྦྱོར་བའི་ལས་ཀྱིས་འདོད་ཆགས་བཏགས་པར་བསམ་ལ། བདེ་ཆེན་མཁའ་གསང་ཨེ་ཡི་དབྱིངས༔ གཟུང་འཛིན་རྟོག་ཚོགས་ཚར་བཅད་གྱུརཿ ཅེས་དམིགས་ལ་སློབ་དཔོན་ཀུན་གྱིས།ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླ་བཞིན་སྔར་ཁྲོལ་སྒྲུབ་ཏུ་བཞག་པའི་སྨན་རྣམས་ཞིབ་མོར་བཏགས། དེ་ནས་ལྷོར་ཞིང་ལྤགས་གཏིང༌། རྡོ་རྗེ་སློབ་དཔོན་ཡབ་ཡུམ་ཞལ་གོང་ལྟར་ཕྱོགས། ཡུམ་གྱིས་དར་ཚགས་བཟེད། ཡབ་ཀྱིས་སྨན་ཕྱེ་བླུགས་ལ། མཁའ་གསང་ཐོ་གཏུན་གྱིས་སྦྱོར་བས་དགྲ་བགེགས་འཐགས་ཏེ་ཞེ་སྡང་བཏགས་པར་བསམ་པས། སེམས་དང་ཡེ་ཤེས་དབྱེ་བ་ཡིས༔ འཁྲུལ་པའི་རྟོག་པ་ཞི་བར་གྱུར༔ ཐམས་ཅད་ཀྱིས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླ་བཞིན་པས་བཙགས། དེ་ནས་ནུབ་ཏུ་ཞིང་ལྤགས་བཏིང་བའི་སྟེང་ལྕགས་གཡའ་དྲི་མ་དང་སྐྱོན་མེད་པའི་སྣོད་བཞག །ཡབ་ཡུམ་སྔར་ལྟར་འཁོད་པས་ཡུམ་གྱིས་སྣོད་བཟུང༌། ཡབ་ཀྱིས་ཆང་སྣོད་ཐོགས་ལ། གཏི་མུག་རྣམ་རྟོག་གི་མཚན་མ་མཉམ་ཉིད་ཀྱི་ཀློང་དུ་བསྒྲལ་བར་བསམ་སྟེ། དབྱིངས་རིག་དབྱེར་མེད་ཐིག་ལེ་ཆེར༔ འཁོར་འདས་དྭངས་བཅུད་དབང་བསྐུར་གྱུར༔ ཅེས་མོས་ལ་ཀུན་གྱིས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་སཾ་ཤྭ་དྷ་ན་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཿ ཞེས་བཟླ་ཞིང་སྨན་སྣོད་དུ་བླུགས་ལ་སྦོལ། རིམ་པར་འོ་མ། རིན་ཆེན། ཆུ་སྣ་རྣམས་ཀྱང་བླུགས། སྨན་ཕྱེ་མང་པོ་ལ་དེ་དག་རྣམས་ཀྱིས་རླན་ཕབ་དཀའ་བས་བྱིན་རླབས་བྱས་བའི་ཆང་བཟང་པོ་གང་འོས་བླུགས་ལ། བམ་གཙང་མའི་རྡོ་རྗེའམ། དེའི་དབྱིབས་སུ་བཅོས་པས་དཀྲུགས་ཏེ་ཤིན་ཏུ་འདྲེས་པར་སྦོལ། མདངས་བསྒྱུར་བྱེད་དང་དབང་ལག་ཕྱེ་མ། དམ་རྫས་ཕབ་རྒྱུན་ཚང་ལ་སྦྱར་བ། ནམ་དུས་དང་བསྟུན་པའི་ཕབ་རྩི་རྣམས་ཀྱང་རིམ་པར་བསྲེས་ལ་གར་སླའི་ཚད་སྙིམས་པར་བཅངས་ནས་བསྐྱུར་བས་བམ་པོ་འཇིག་ཅིང་ཕྱེ་མར་མི་འདལ་བ་ཙམ་དུ་བྱ། དེ་ནས་སློབ་དཔོན་བྱང་དུ་འཁོད་ལ། སྨན་འཕེལ་རྟགས་ངེས་ཕྱིར་གཞལ་བ་ནི། ཆོས་ཉིད་གཅིག་ལ་ཐ་དད་པའི༔ ཡེ་ཤེས་མཁའ་ཁྱབ་རྒྱས་པར་གྱུར༔ ཅེས་དམིགས་ལ་ཐམས་ཅད་ཀྱིས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་བཛྲ་ཛྙཱ་ན་སྥ་ར་ཎ་ཕཊ༔ ཅེས་བཟླ་བཞིན་པས་དྲིལ་བུའམ་ཐོད་པ་ལ་འཇལ་བས་གྲངས་ངེས་པར་བྱས་ནས་དར་གོས་དམར་པོའི་སྒྱེའུར་བླུགས་པ་མོ་ཐོད་འོག་དང༌། ཕོ་ཐོད་སྟེང་དུ་བྱས་པའི་ཁ་སྦྱོར་བར་དུ་བཅུགས་པར་དར་སྣས་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས། སྟེང་དུ་དབུ་རྒྱན་གཡས་གཡོན་དུ་རྡོར་དྲིལ་བཅིངས། དཀྱིལ་འཁོར་ལ་འགོད་བའི་སྐབས་སུའང་ལྡིང་ཁྲི་བར་མར་མཉྫིའི་ཁར་བལ་བུའི་ཕུར་མའམ་འབྲུ་རླན་གྱིས་བཀང་བའི་རིན་པོ་ཆེའི་གཞོང་པའི་ནང་དུ་བླུགས་པར་གསུངས་པ་ལྟར་སྨན་ཉུང་ན་དེ་ལྟར་བྱ། སྨན་ཕྱེ་མང་པོ་ཡོད་སྐབས་ཕྱག་ལེན་བདེ་བས་ཟངས་དཀར་སོགས་དྲི་མ་དང་གཡའ་མེད་པའི་སྣོད་དུ་བལ་བུའི་ཕྱེ་མ་དང་འབྲུ་རླན་ཅན་གང་འཚམས་བླུགས་པའི་མཐིལ་དུ་རུས་སྦལ་ཁོག་པར་ཧྲཱིཿཡིག་བྲིས་པ་དང༌། མོ་ཐོད་ཁ་གྱེན་དང་དཔྲལ་བ་མདུན་བསྟན་དུ་བཞག་པའི་སྟེང་དུ་སྨན་ཕྱེ་བཅུག །དེ་སྟེང་ཕོ་ཐོད་ཀྱིས་བཀབ། ཁ་སྟེགས་ཁེབས་ཀྱིས་གཡོགས་ལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པའི་མདུད་པའི་སྟེང་དུ་རྒྱས་བཏབ། དབུ་རྒྱན་རིགས་ལྔ་དང༌། གཡས་གཡོན་དུ་རྡོར་དྲིལ་བཅིངས་ཤིང་དར་དཔྱང་གིས་བརྒྱན། ཧཱུྃ༔ བདུད་རྩི་གསང་བའི་ཕོ་བྲང་གི༔ དངོས་གྲུབ་བར་དུ་སྲུང་བ་དང༔ ཡེ་ཤེས་རྟག་ཏུ་འཕེལ་བའི་ཕྱིར༔ མི་ཕྱེད་རྡོ་རྗེའི་རྒྱས་གདབ་བོ༔ བཛྲ་རཀྵ་ཧཱུྃ་ཧཱུྃ་ཧཱུྃཿ ཞེས་སློབ་དཔོན་གྱིས་རྡོ་རྗེ་རྒྱ་གྲམ་དུ་རྒྱས་གདབ། དེ་ནས་སྨན་སྣོད་དཀྱིལ་འཁོར་མདུན་ཁྲི་འུར་བཀོད། ཛ་ཏི་ག་བུར་ཙནྡན་གླ་རྩི་དུ་རུ་ཀ་སྟེ་དྲིའི་རྒྱལ་པོ་ལྔ་དང་གུ་གུལ་ཚིལ་ཆེན་རྣམས་ཀྱི་དུད་པས་བདུག །དྲག་སྔགས་ཡུངས་ཐུན་རོལ་མོ་དང་བཅས་པས་བགེགས་བསྐྲད། སློབ་དཔོན་དྲིལ་སྤོས་ཐོགས་པས་སྣ་དྲངས། ཡུམ་གྱིས་དར་ལམ་དང༌། རྒྱལ་ཐེབས་སོགས་ཀྱིས་སྨན་སྣོད་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་རྩ་སྔགས་ཀྱི་ཛཔ་དབྱངས་ལན་གསུམ་མཐར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཏིཥྛ་ལྷན༔ ཞེས་དང༌། ཞི་རོལ་འོག་དཀྱིལ་འཁོར་གྱི་བར་ལྡིང་ཁྲིར་བརྟན་པོར་བཞུགས་སུ་གསོལ་བའི་འོག་ཏུ་དྲོད་འབེབས་ཞུན་ཆེན་གྱི་མེ་སྦར། སྟེང་དུ་གཟུངས་ཐག་བཞག་པ་ལས་སྐུད་པའི་སྣ་གཅིག་ཚངས་པ་བརྒྱ་བྱིན་དང་རྨུ་ཐག་སྦྲེལ། འདུས་པ་མང་ན་སློབ་དཔོན་དང་ཐུན་དཔོན་ལ་གཟུངས་ཐག་ལྔ་བསྒྲིལ། རྒྱལ་ཐེབས་བཞི་ལ་དཀར་སེར་དམར་ལྗང་ཕྱོགས་མདོག་འཐེན་བདེ་བར་སྦྲེལ། བསྡུ་ན་སློབ་དཔོན་དང་ཐུན་དཔོནགཉིས་ཀྱིས་ཆོག །དེ་ལྟར་གྲུབ་པ་དང་ཆོས་སྲུང་གཏོར་འབུལ། སྐོང་བཤགས་ཚོགས་མཆོད་སོགས་རྗེས་རིམ་ཉུལ་ལེ་བསྐྲད་པ། བྱིན་འབེབས། ཛཔ་དབྱངས་ཀྱི་བར་སྔ་མ་རྣམས་ལྟར་བྱ། འདི་སྐབས་མཆོད་པ་རྣམས་གསར་དུ་བཤམ་པའམ་ཁ་གསོ་བ་སོགས་གང་རྒྱས་སུ་བྱ་དགོས་སོ། །གཉིས་པ་ལྡེ་གུ་སྒྲུབ་པས་བདུད་རྩི་བསྐྱིལ་བ་དངོས་ནི། བརྒྱུད་འདེབས་ནས་བརྩམས་རྩ་བའི་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བཟླས་པ་སྟོང་ཚིགས་བཅས་སྔོན་དུ་འགྲོ་བས། མདུན་རྟེན་ལ་དམིགས་ནས་བདུད་རྩིའི་དཀྱིལ་འཁོར་བསངས་སྦྱངས། བདག་ཉིད་རྡོ་རྗེ་ཕག་མོ་ཡི། །སྐུ་ལས་བདེ་ཆེན་འོད་སྤྲོ་བསྡུས། དངོས་མཚན་མ་དག་ཐམས་ཅད་སྦྱངས། །སྟོང་པའི་ངང་ལས་ཡུམ་ལྔའི་ཀློང༌། །རབ་འཇིགས་དུར་ཁྲོད་བཀོད་པའི་དབུས། །ཡྃ་ལས་རླུང་དང་རྃ་ལས་མེ། ཀྃ་ལས་ཐོད་པའི་སྒྱེད་བུའི་སྟེང༌། །ཨ་ལས་ཡེ་ཤེས་ཀ་པཱ་ལ། །རྒྱ་ཁྱོན་ཆོས་ཀྱི་དབྱིངས་མཉམ་པར། །ཤ་ལྔའི་རི་བོ་ལྷུན་མཐོར་བརྩེགས། །བདུད་རྩི་ལྔ་ཡི་རྒྱ་མཚོར་བསྐྱིལ། །རྩ་བ་ཡན་ལག་སྨན་གྱི་ཚོགས༔ ཉི་ཟེར་རྡུལ་ཕྲན་བཞིན་དུ་འཁྲིགས༔ རང་གི་ཐུགས་ནས་འོད་འཕྲོས་པས༔ རླུང་གཡོས་མེ་སྦར་ཐོད་པ་དྲོས༔ རྫས་རྣམས་འོད་དུ་མེར་གྱིས་ཞུ༔ མ་དག་རླངས་པ་སྔོ་དམར་གྱིས༔ རྣམ་པས་ཕྱིར་ཐོན་དག་པའི་བཅུད༔ ཞུ་ཁོལ་འོད་ཀྱི་གུར་ཁྱིམ་དབུས༔ བཅོམ་ལྡན་བཛྲ་བྷཱ་ར་ཧི༔ དུས་ཀྱི་མུན་པ་སོགས་ལུས་དཀྱིལ་ལྟར་གསལ་བཏབ་ནས། སྤྱན་འདྲེན་ནས་བསྟོད་པའི་བར་མཆོད་སྐོང་གི་སྐབས་ལྟར་སྦྱར། སྨན་སྲུང་སྤྱན་འདྲེན་ནས་བཟླས་པའི་བར་སྔར་ཁྲོལ་བུའི་སྐབས་ལྟར་ལ། བཟླས་དམིགས་ནི། བདག་གི་ཐུགས་ཀ་ནས་སྔགས་ཀྱི་སྒྲ་དང་འོད་ཟེར་བདེ་བ་ཆེན་པོའི་གཟི་བྱིན་འབར་བ་བར་མ་ཆད་པར་འཕྲོས༔ མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པའི་ཐུགས་ཀར་ཕོག་པས་བདེ་བ་མཆོག་གི་དགྱེས་པའི་འོད་ཟེར་གྱི་སྤྲིན་ཆེན་པོས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཡེ་ཤེས་དང༔ བརྟན་གཡོའི་དྭངས་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས༔ ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད༔ མཁའ་གསང་ནས་ཆར་དྲག་ཏུ་བབ་པ་ཙམ་དུ་བྱུང༔ དམ་ཚིག་གི་བདུད་རྩིར་ཐིམ་པས༔ མཐོང་ཚོར་མྱོང་རེག་ཐམས་ཅད་གྲོལ་བ་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་བསམ༔ ལུས་དཀྱིལ་སྔགས་མཐར། མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཞེས་ཉེར་གཅིག་པའི་་ཛཔ་ཉིད་བཟླ། སྟོང་ཚིགས་ཀྱི་མཆོད་བསྟོད་དང༌། ཉུལ་ལེ་བསྐྲད་གཟིར། བྱིན་འབེབས་ཛཔ་རྒྱུན་བཅས་ཁྲོལ་བུའི་འགྲོས་ལྟར་ཐུན་དྲུག་གི་གཞུང་བསྲངས་བའི་ཉིན་དྲུག་པའི་སྔ་དྲོ་བར་བཏང་མཐར། རྟགས་མཐོང་བ་ན་མདོར་བསྡུས་པའི་ཚུལ་གྱིས་དངོས་གྲུབ་ལེན་པར་གསུངས་པས། ཧཱུྃ༔ བདུད་རྩི་སྒྲུབ་པའི་ཞག་གྲངས་ད་ནངས་ཚང༌། །བདུད་རྩི་སྒྲུབ་པའི་ཛཔ་ནི་དེ་རིང་རྫོགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བ། །མི་འགྱུར་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འགྲོ་དྲུག་ཐུགས་རྗེས་སྒྲོལ་བའི་གསུང་མངའ་བ། །མ་འགགས་གསུང་གི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཐུགས་རྗེས་ཁྱབ་པའི་ཐུགས་མངའ་བ། །འཆི་མེད་ཐུགས་ཀྱི་དངོས་སྩལ་དུ་གསོལ། །ས་གཞིའི་གཏོས་དང་མཉམ་པའི་སྐུ་མངའ་བ། །ཡོན་ཏན་ལྷུན་གྲུབ་དངོས་གྲུབ་སྩལ་དུ་གསོལ། །ཆོ་འཕྲུལ་མཐར་ཕྱིན་མཛད་པའི་སྐུ་མངའ་བ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་དེ་དངོས་གྲུབ་བླང༌། རྡོ་རྗེ་ཕག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་དངོས་གྲུབ་མཆོག་གི་དབྱིག་ཏུ་གྱུར། བཞི་པ་སྒྲུབ་པ་ཆེན་པོའི་གོང་བུར་བསྡུ་བ་ལ། གོང་བུར་བསྡུ་བ་དངོས་དང༌། རྗེས་རིམ་མཐར་དབྱུང་པའོ། །དང་པོ་ནི། གཏེར་གཞུང་དངོས་བསྟན་བདུད་རྩི་རིལ་བུ་དྲིལ་ནས་སྒྲུབ་པར་གསུངས་ཀྱང་ལག་ལེན་མི་མཛད་པས་རྒྱས་པར་མ་བཤད་ལ་བསྐྱེད་བཟླས་ཉིད་སྦྱར་ན་ལེགས་པས་དེ་ཡི་ཚུལ་འཆད་པ་ལ། གསོལ་འདེབས་ནས་བརྩམས་རྩ་བའི་ཕྲིན་ལས་ཀྱི་བསྐྱེད་བཟླས་སྟོང་ཚིགས་བར་སྔར་ལྟར་བྱས་ལ། མདུན་རྟེན་བདུད་རྩིའི་དཀྱིལ་འཁོར་ལ་དམིགས་ནས། བསང་སྦྱངས། བདག་ཉིད་རྡོ་རྗེ་ཕག་མོ་སོགས་ནས་རྡོ་རྗེ་ཕག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པའི་དམ་ཚིག་གི་འཁོར་ལོ་གསལ་བཏབ། ཡེ་ཤེས་པ་སྤྱན་དྲངས་བ་ནས་བརྩམས་བསྟོད་པའི་བར་དང༌། སྨན་སྲུང་སྤྱན་འདྲེན། རྟོག་བསལ་བཅས་ཁྲོལ་བུའི་སྐབས་ལྟར་མཐར་ཆགས་སུ་བཏང་ལ། བཟླས་དམིགས་ནི། གནས་ལྔའི་ཕག་མོའི་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཐུགས་སྲོག་མཐར༔ སྔགས་ཀྱི་ཕྲེང་བས་གཡོན་དུ་བསྐོར༔ རང་གི་ཐུགས་ནས་འོད་འཕྲོས་པས༔ ཡེ་ཤེས་རྒྱུད་བསྐུལ་གཟི་བྱིན་བསྐྱེད༔ བདེ་ཆེན་དགྱེས་པའི་འོད་ཟེར་སྤྲིན༔ འཁོར་འདས་བརྟན་གཡོའི་ཁམས་ཀུན་ཁྱབ༔ སྲིད་ཞིའི་དཔལ་དང་དྭངས་མའི་བཅུད༔ ཁྱད་པར་བཅོམ་ལྡན་ཧེ་རུ་ཀ༔ དཔའ་བོ་མཁའ་འགྲོ་ཡབ་ཡུམ་གྱིས༔ སྙོམས་ཞུགས་བདེ་བ་མཆོག་གི་རྒྱུན༔ རང་དབང་མེད་པར་སྤྱན་དྲངས་ཏེ༔ ལྷ་ཚོགས་ཞལ་ཞུགས་སྐུའི་དབྱིབས་བརྒྱུད༔ གསང་བའི་ལམ་ནས་ཆར་ལྟར་ཕབ༔ དམ་ཚིག་རྫས་ལ་ཐིམ་པ་ཡིས༔ ཁ་དོག་དྲི་རོ་ནུས་པ་བསྐྱེད༔ མཐོང་ཚོར་མྱོང་རེག་ཐམས་ཅད་ཀུན༔ ཉམས་ཆགས་སྐོང་ཞིང་སྡིག་སྒྲིབ་དག༔ མཆོག་ཐུན་དངོས་གྲུབ་མ་ལུས་འགྲུབ༔ བདེ་ཆེན་མཆོག་གི་དཔལ་སྟེར་བའི༔ མྱོང་གྲོལ་བདུད་རྩིའི་རྒྱ་མཚོར་བསྐྱིལ༔ ལུས་དཀྱིལ་སྔགས་མཐར། ཨོཾབཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་བཏགས་པ་བཟླ། ཐུན་མཐར་སྟོང་ཚིགས་ཀྱི་མཆོད་བསྟོད། ཉུལ་ལེ་བསྐྲད་གཟིར། བྱིན་འབེབས། ཛཔ་རྒྱུན་བཅས་སྔར་ལྟར་ཐུན་དྲུག་གི་འགྲོས་སུ་ཞག་གསུམ་མ་མཐར་བྱས་པ་བཏང་ངོ༌། གསུམ་པ་གནད་ལ་དབབ་པ་ནི། དེ་དག་གིས་ཚུལ་བཞིན་བསྒྲུབས་པས་རྟགས་མ་མཐོང་བའམ། མཐོང་ནའང་ཐ་ཚིག་བསྐུལ་བར་བྱ་སྟེ། བཟླས་པ་གྲུབ་རྗེས་སྤོས་རོལ་དབྱངས་དང་བཅས་ཏེ། ཧཱུྃ་ཧཱུྃ༔ ང་ནི་ཁྱབ་བདག་ཧེ་རུ་ཀ༔ རང་བཞིན་དཀྱིལ་འཁོར་ཆེན་པོར་རྫོགས༔ དམ་ཚིག་གཉན་ལ་རབ་དགོངས་ནས༔ ཡེ་ཤེས་དཀྱིལ་འཁོར་དབྱིངས་ནས་བཞེངས༔ བདུད་རྩི་སྤྲུལ་པའི་དཀྱིལ་འཁོར་ལ༔ བྱིན་བརླབས་རྟགས་དང་མཚན་མ་སྟོན༔ གལ་ཏེ་ཐུགས་དམ་གཡེལ་སྲིད་ན༔ སྔོན་གྱི་དམ་བཅའ་གང་དུ་གཉན༔ དེ་བས་ཐུགས་རྗེ་ཐབས་མཁས་བདག༔ ཡལ་ཡོལ་དབྲི་བསྐོལ་མ་མཛད་པར༔ མཐུ་རྩལ་དབྱུང་བའི་དུས་ལ་ཕབ༔ འཕྲུལ་གྱི་དངོས་གྲུབ་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾཕེཾ་ཕེཾ༔ ཞེས་སྟོང་ཕྲག་བཟླ། ངེས་པའི་རྟགས་མ་ཚན་མཐོང་ན་བདུད་རྩི་བསྐྱིལ་བར་གསུངས་པས། བཟླས་པ་གནད་དབབ་བཅས་གྲུབ་པ་དང༌། སྨན་སྲུང་བསྐུལ་བ་གོང་ལྟར་བྱས་ལ། སྤྲུལ་པའི་དཀྱིལ་འཁོར་ཐུགས་ཀ་ནས༔ འོད་འཕྲོས་འཁོར་འདས་དྭངས་བཅུད་བསྡུས༔ མཁའ་རུ་འདར་ཞིང་འཕྲིགས་པར་བཅས༔ དངུལ་ཆུ་དྭངས་པ་བཞིན་དུ་འཁྱིལ༔ ལྷ་དང་སྨན་སྐྱོང་སྲུང་མ་ཡིས༔ ལས་ཀྱི་ཕོ་ཉས་བདུད་རྩིར་བཀུག༔ དབྱེར་མེད་ཐིམ་པས་གསོས་བཏབ་སྟེ༔ འོད་ཟེར་གཟི་བརྗིད་རབ་འབར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋ༔ ཞེས་བཟླ། བདུད་རྩིར་དབབ་པའི་ཐོག་མར་གསང་སྒོ་དབྱེ་པ་ནི། ཚིལ་ཆེན་དང་སྦྱར་བའི་སྤོས་བསྲེགས། དབྱངས་རོལ་བཅས། ཧཱུྃ་ཧཱུྃ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྤྲུལ་པའི་དཀྱིལ་འཁོར་དབྱིངས་ནས་བཞེངས༔ བདེ་ཆེན་མཆོག་གི་དགྱེས་པ་ན༔ ཡེ་ཤེས་བདུད་རྩི་རབ་འཁྱིལ་བ༔ དམ་ཚིག་རྫས་ལ་དབབ་པའི་ཕྱིར༔ སྦྱོར་ཐབས་རྣམ་པ་ཐམས་ཅད་པའི༔ གསང་བ་མཆོག་གི་སྒོ་དབྱེ་འཚལ༔ བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་པྲ་བེ་ཤ་ཡ་ཕཊ་ཕཊ༔ ཅེས་བཟླ། ཞིང་ཆེན་གཡབ་ཅིང་གསུར་ཆེན་གྱི་དུད་པ། བཤུག་གླུ་རོལ་མོ་བཅས། ཧཱུྃ་ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ དྲེགས་པའི་སྡེ་དཔོན་བཏུལ་པའི་ཚེ༔ སྦྱོར་བའི་ཐབས་ལ་མཁས་པ་ཡིས༔ མ་མོ་བརྒྱད་པོ་དབང་དུ་མཛད༔ བཀའ་བཞིན་འཚལ་བར་དམ་བཅས་ལྟར༔ བདག་ནི་དཔལ་ཆེན་གདུང་འཛིན་ཕྱིར༔ ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ༔ གདོད་ནས་གྲུབ་པའི་དུར་ཁྲོད་ནས༔ འབར་དང་ཆགས་པའི་བརྟུལ་ཞུགས་ཀྱིས༔ རྣམ་འགྱུར་མི་བཟད་བྱིན་གཡོ་བས༔ གནས་འདིར་མྱུར་དུ་གཤེགས་ནས་ཀྱང༔ བདུད་རྩི་གསང་བའི་ཐུགས་དམ་བསྐུལ༔ བདེ་ཆེན་དགྱེས་པར་ཕེབས་པ་དང༔ བྱིན་རླབས་གཟི་བརྗིད་ནུས་སྟོབས་བསྐྱེད༔ དངོས་གྲུབ་མྱུར་དུ་འགྲུབ་པར་མཛོད༔ མ་མ་དྷཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾཕེཾ་ཕེཾ༔ ཞེས་བསྐུལ་ཏེ་དམིགས་བཟླས་ནི། དུར་ཁྲོད་གནས་ཀྱི་མ་མོའི་སྤྲིན༔ འབར་དང་ཆགས་པས་དཀྱིལ་འཁོར་པ༔ དགྱེས་པ་བསྐྱེད་པའི་དམ་ཚིག་གིས༔ འཆི་མེད་བདུད་རྩིའི་མཎྜལ་ནས༔ བཟུང་སྟེ་དཀྱིལ་འཁོར་ཐམས་ཅད་ཀྱི༔ སྦྱོར་མཚམས་ཡེ་ཤེས་བདུད་རྩིའི་བཅུད༔ ཆར་སྤྲིན་འཁྲུགས་བཞིན་དྲག་ཏུ་ཕབ༔ དམ་ཚིག་སྤྲུལ་པའི་རྫས་ལ་ཐིམ༔ བྱིན་རླབས་གཟི་བརྗིད་འབར་བར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བཟླ། ལྔ་པ་བདུད་རྩིའི་དངོས་གྲུབ་ཀྱི་དྭངས་བཅུད་བདག་ཉིད་ཀྱིས་དབང་དུ་བྱ་བ་ནི། ཧཱུྃ་ཧཱུྃ༔ ང་ནི་རྡོ་རྗེ་ཕག་མོ་སྟེ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལས༔ བདུད་རྩིའི་རང་བཞིན་དཀྱིལ་འཁོར་རྫོགས༔ རིགས་ཀྱི་འཁོར་ལོ་རབ་བསྒྱུར་བས༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་མཁའ་འགྲོའི་ཚོགས༔ སྔོན་ཚེ་ཞལ་བཞེས་དམ་བཅས་ལྟར༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ དམ་ཚིག་ཚུལ་བཞིན་མ་གཤེགས་ཤིང༔ དངོས་གྲུབ་དབང་དུ་བསྡུ་བ་དང༔ སྐལ་པ་བཞིན་དུ་མ་བསྩལ་ན༔ རྡོ་རྗེའི་ཚིག་དང་འགལ་ཏ་རེ༔ དེ་བས་དམ་ཚིག་རྗེས་དགོངས་ལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ པཉྩ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཧཱུྃ་ཧཱུྃ༔ སླར་ཡང་གཟུངས་ཐག་བླངས་ལ། དྷཱ་ཀི་རིགས་ལྔའི་སྤྲིན་གཏིབས་པས༔ ཐུགས་ཀའི་འོད་ཀྱིས་འཁོར་འདས་བཅུད༔ འོད་དམར་རྣམ་པར་སླར་ཡང་བསྡུས༔ དཀྱིལ་འཁོར་གཙོ་བོར་ཐིམ་པ་ཡིས༔ དབང་དུ་གྱུར་ཅིང་གཟི་བྱིན་སྐྱེད༔ མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་རྣམས༔ མཁའ་ཁྱབ་འདུས་པའི་ཧེ་རུ་ཀར༔ སྦྱོར་བའི་མཚམས་ནས་བྱང་ཆུབ་སེམས༔ སྲིད་ཞི་ཀུན་གྱི་དྭངས་བཅུད་དབྱིག༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་དང༔ དབྱེར་མེད་འདྲེས་པའི་འོད་ཀློང་ནས༔ རྡོ་རྗེ་གཟུངས་ཀྱི་ཐག་པར་བརྒྱུད༔ བདག་གི་སྙིང་གར་ཐིམ་པ་ཡིས༔ དངོས་གྲུབ་ཡེ་ཤེས་དབང་བསྒྱུར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱྀ་ཝ་རུ་ལུ་རུ་ལུ་བྷནྡྷ་བྷནྡྷ་ཧཱུྃ་ཧྲཱིཿཋ༔ ཞེས་བཟླས་པས་བདུད་རྩིའི་དྭངས་བཅུད་བདག་ཉིད་ཀྱི་དབང་དུ་བྱའོ། །གཉིས་པ་རྗེས་རིམ་དངོས་ལ་ལྔ་ལས། བདག་དོན་དུ་དངོས་གྲུབ་ལེན་པ། གཞན་དོན་དུ་དབང་བསྐུར་བ། རྒྱ་དགྲོལ་ཞིང་ལོངས་སྤྱད་པ། ཕྲིན་ལས་ཀྱི་མཇུག་བསྡུ་བ། ལས་སྦྱོར་མཐའ་རྒྱས་བྱ་བའོ། །དང་པོ་ལ། ཐུགས་དམ་བསྐུལ་བ། དངོས་གྲུབ་བླང་བའོ། །དང་པོ་ནི། སྒྲུབ་ཞག་སང་ཉིན་ཐེམས་པའི་དེ་རིང་ཕྱི་དྲོ་དངོས་གྲུབ་ཀྱི་རྟེན་བཤམས་དགོས་པས། དཀྱིལ་འཁོར་མདུན་དུ་སྟེགས་བུར་ཁེབས་དཀར་པོས་གཡོགས་པའི་སྟེང་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པའི་དབུས་སུ་རྣམ་བུམ། དེ་སྟེང་སྨན་སྟེགས་རྐང་གསུམ་མཐོ་བརླིང་ཅན། གཡས་སུ་ལས་བཞིའི་འབྲང་རྒྱས། གཡོན་དུ་ཐོད་ཆང༌། གཞན་ཡང་བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས་པས་བསྐོར་ཞིང་དར་གུར་ཕུབ་པ་སོགས་སྒྲུབ་ཁོག་ནས་བཤད་པ་ལྟར་བཤམས། ཚོགས་གཏོར་མཆོད་པ་རྣམས་བུངས་བསྐྱེད། སྔ་ཐུན་ལ་གནད་དབབ་དང་བསྐྱིལ་བ། གུང་ལ་དབབ་པས་དབང་དུ་བྱ་བར་སྦྱར། ཐུན་རྗེས་མ་ལ་དེ་ཐམས་ཅད་ཀྱི་རྗེས་སུ་མཆོད་བསྟོད་བྱས་ལ། སྤོས་བསྲེགས་དབྱངས་རོལ་གཡབ་དར་བཅས་པས། ཧཱུྃ༔ སྔོན་ཚེ་རྡོ་རྗེ་ཁྲག་འཐུང་གིས༔ ཆོས་ཉིད་རང་སྒྲས་བདུད་རྩིའི་རྒྱུན༔ མཁའ་ཁྱབ་འདུས་པར་གསུངས་པའི་ཚེ༔ འཇམ་དཔལ་དཔའ་བོ་ཐུགས་རྗེའི་གཏེར༔ ས་ཡི་སྙིང་པོ་ལ་སོགས་པ༔ སེམས་དཔའ་ཉེ་པའི་སྲས་མཆོག་ལ༔ གཉེར་དུ་གཏད་ཅིང་མངའ་གསོལ་བཞིན༔ ཇི་ལྟར་དམ་བཅའ་མ་བསྙེལ་བར༔ བདག་་ཅག་རྣལ་འབྱོར་སྒྲུབ་པ་པོས༔ ཡུན་རིང་བར་དུ་བསྙེན་ཅིང་བསྒྲུབས༔ རེ་ཞིང་སྨོན་པས་གསོལ་འདེབས་ན༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དཔལ་ཆེན་བདུད་རྩིའི་དཀྱིལ་འཁོར་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མཆོག་ཐུན་ལས་ཀྱི་དངོས་གྲུབ་ཀུན༔ བསྒྲུབ་པའི་རྫས་ལ་བརྟེན་ནས་ཀྱང༔ ད་ལྟ་ཉིད་དུ་སྩོལ་མཛད་གསོལ༔ ཞེས་བསྐུལ། གཟུངས་ཐག་བླངས་ལ་དམིགས་པ་རྩེ་གཅིག་པས། བདག་ཉིད་རང་བཞིན་དཀྱིལ་འཁོར་གྱི༔ ཐུགས་ནས་བདེ་ཆེན་འོད་ཟེར་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་དང༔ ཁྱད་པར་འཇམ་དཔལ་རྣོན་པོ་སོགས༔ ཉེ་བའི་སྲས་མཆོག་སྡུད་པ་པོའི༔ ཐུགས་དམ་བསྐུལ་ཞིང་གསོལ་བཏབ་པས༔ དེ་དག་རྣམ་འཕྲུལ་མཐའ་ཀླས་ཀྱིས༔ ཡོན་ཏན་བདུད་རྩིར་རོལ་པ་ཡི༔ ལྷ་ཚོགས་རྣམས་ལ་མཆོད་ཅིང་གསོལ༔ དངོས་གྲུབ་བསྐུལ་བའི་གྲོགས་མཛད་པས༔ མི་ཟད་རྒྱན་འཁོར་ཕྲིན་ལས་བཞིན༔ ཁྱད་པར་བཛྲ་ཨ་མྲྀ་ཏའི༔ ཡེ་ཤེས་ཟིལ་མངར་ཆར་ལྟར་བབ༔ བདག་ཐིམ་བྱིན་རླབས་ནུས་སྟོབས་འབར༔ ཧེ་རུ་ཀ་དང་དབྱེར་མེད་ཅིང༔ དངོས་གྲུབ་རྫས་ལ་བསྟིམ་པ་ཡིས༔ ཡིད་བཞིན་འདོད་འཇོའི་ཕུང་པོར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་བྱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱིཿཋ༔ ཤྲཱི་བཛྲ་བྷཱ་ར་ཧཱེ་ཀྲོ་དྷཱི་ཀཱ་ལི་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀྩིཏྟ་གུ་ཎ་ཀརྨ་ལོ་ཀ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ། དེ་ནས་སྲུང་མའི་གཏོར་འབུལ། བཤགས་སྐོང་ཚོགས་མཆོད་ཕྱིན་ཆད་སྔ་མ་རྣམས་ལྟར་བྱ། མཚན་ཐུན་གསུམ་པོ་ཕྱི་དྲོའི་ཐུན་ལྟར་བྱབ་དང༌། ཉུལ་ལེ་བསྐྲད་པ། བྱིན་འབེབས་ཚོགས་མཆོད་རྣམས་ཀྱང་སྔ་མ་ལྟར་རོ། །གྲོལ་བའི་ནངས་མོར་ལས་བྱང་བཟླས་པ་དང་བཅས་པ། སྨན་སྒྲུབ་ཀྱི་ཕྲིན་ལས་ཆ་ཚང་ཐུགས་དམ་བསྐུལ་པའི་བཟླས་པ་ཡན་གྲུབ་པ་དང༌། སྟོང་ཚིགས་ཀྱིས་མཆོད་ལ་གཟུངས་ཐག་བསྡུ། བསྙེན་རྒྱུན་སྔ་མ་བཞག །དངོས་གྲུབ་སྤྱིར་གསོལ་བའི་སྔགས་བཟླར་གཞུག་གོ །གཉིས་པ་ནི། ཐོག་མར་ལས་བྱང་ལྟར་བགེགས་བསྐྲད་ལ་བྱིན་དབབ། བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བས་སྒྲུབ་ཆེན་དང་སྦྲེལ་སྐབས་སྒྲུབ་ཁོག་ལྟར་དངོས་གྲུབ་ལེན་ཆོག་ཚང་བར་བྱས་ལ། སློབ་དཔོན་རྒྱལ་ཐེབས་སོགས་དཀྱིལ་འཁོར་མདུན་དུ་བཞེངས་ལ། ཨོཾ༔ འོག་མིན་གསང་བའི་པདྨོ་ཆེ༔ བདེ་ཆེན་དབྱིངས་ཀྱི་བྷ་ག་རུ༔ དེ་བཞིན་གཤེགས་ཀུན་སྐུ་གསུང་ཐུགས༔ སྙིང་པོ་བདུད་རྩིའི་དཀྱིལ་འཁོར་ཤར༔ རྡོ་རྗེ་དགྱེས་པས་རོལ་པ་ཡིས༔ ས་བཅུའི་རྒྱུན་མཐའི་བྱང་སེམས་ལ༔ ལྷག་པའི་དངོས་གྲུབ་སྩོལ་བ་ལྟར༔ དེང་འདིར་བདག་ལ་སྩལ་དུ་གསོལ༔ ཤྲཱི་བཛྲ་བྷཱ་ར་ཧཱེ་ཀྲོ་དྷཱི་ཀཱ་ལི་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་སརྦ་སིདྡྷི་ཨ་བེ་ཤ་ཡ་ཧཱུྃ་ཧཱུྃ༔ ཞེས་པའི་ཛཔ་དབྱངས་ལན་གསུམ་དང་དཀྱིལ་འཁོར་ལ་བསྐོར་བ་བྱས་ལ་གཞན་རྣམས་རང་གྲལ་དུ་བཞུགས། ཞི་རོལ་འོག་སྨན་གྱི་ཕོ་བྲང་གདན་དྲངས་ལ་མཉྫིའི་སྟེང་བཞག་གོ །གསུམ་པ་ནི། སློབ་དཔོན་དཀྱིལ་འཁོར་མདུན་ཁྲིའུར་འཁོད་པས། ལག་གཡོན་མཐེབ་སྲིན་རྩེ་སྤྲད། ལྷག་མ་བརྐྱང་བ་རྩེ་གསུམ་ཕྱག་རྒྱའི་སྨན་གྱི་ཕོ་བྲང་སྟེང་དུ་རེག་ལ། ཤྲཱི་བཛྲ་བྷཱ་ར་ཧཱེ་ཀྲོ་དྷཱི་ཀཱ་ལི་ཨ་ཧོ་མ་ཧཱ་སུ་ཁ་དྷརྨ་ཀཱ་ཡ་་ཨ་མྲྀ་ཏ་སིདྡྷི་ཧཱུྃ་ཧྲཱིཿཋ༔ ཞེས་ཛཔ་དབྱངས་བཅས་མདུན་ནམ་ཉེར་གཅིག་ཙམ་བཟླས་ལ། ལྟ་བའི་གདིང་དང་གདུང་བའི་ཤུགས་བསྐྱེད་ལ། ཧཱུྃ༔ རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་ལྷ༔ མཁའ་འགྲོ་རྒྱ་མཚོ་འཁོར་བཅས་ཀྱི༔ བདེ་ཆེན་སྐུ་ཡི་དངོས་གྲུབ་སྩོལ༔ འཇའ་ཚོན་ལྟ་བུའི་ལུས་ཐོབ་མཛོད༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ གཡུང་དྲུང་ལྟ་བུའི་གསུང་ཐོབ་མཛོད༔ ཡེ་ཤེས་ཐུགས་ཀྱི་དངོས་གྲུབ་སྩོལ༔ འོད་གསལ་དགོངས་པ་མངོན་གྱུར་མཛོད༔ ཐུན་མོང་ལས་ཀྱི་དངོས་གྲུབ་སྩོལ༔ ཚར་གཅོད་རྗེས་འཛིན་ཐོགས་མེད་མཛོད༔ ཁྱད་པར་རྫས་ཀྱི་དངོས་གྲུབ་སྩོལ༔ མཁའ་སྤྱོད་ལ་སོགས་གྲུབ་པར་མཛོད༔ མཆོག་ཏུ་དབང་བཅུའི་དངོས་གྲུབ་སྩོལ༔ བདེ་ཆེན་ལོངས་སྤྱོད་རྒྱས་པར་མཛོད༔ མ་གཡེལ་རྡོ་རྗེ་བདུད་རྩི་ལྷ༔ དེང་འདིར་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཤྲཱི་བཛྲ་བྷཱ་ར་ཧཱི་མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་ཨཱ་ཡུ་ཥེ་སརྦ་སིདྡྷིཨཱ༔ ཙིཏྟ་ཛྙཱན་སརྦ་སིདྡྷི་ཧཱུྃ༔ ཛྙཱ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་དངོས་གྲུབ་སྤྱིར་གསོལ་ནས་དབང་བླང་བ་ནི། མེ་ཏོག་ཐོགས་ལ། ཨོཾ༔ ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ དེ་ཉིད་དུ་ནི་མཉམ་སྦྱོར་བའི༔ ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག༔ ཨོཾ་བཛྲ་ཨ་མྲྀ་ཏ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་མ་ཧཱ་སུ་ཁ་ས་མ་ཡ་ཧཱུྃ་ཧོཿསྟྭྃ༔ ཞེས་མེ་ཏོག་དོར། དེ་ལྟར་གསོལ་བཏབ་དཀྱིལ་འཁོར་གྱི༔ གཙོ་མོ་རབ་ཏུ་དགྱེས་པ་ཡིས༔ སྡུད་པོ་འཇམ་དཔལ་རྣོན་པོར་གཏད༔ དེ་ཡི་རིགས་ཀྱི་གཟུངས་མར་བརྒྱུད༔ རང་གི་དཀྱིལ་འཁོར་གསལ་བར་གྱུར༔ ཅེས་མོས་ལ་རྡོ་རྗེའི་གཟུངས་མས་སྨན་གྱི་ཕོ་བྲང་དལ་གྱིས་ཁྱོགས་ལ། དབྱངས་སྙན་པོས་སློབ་དཔོན་གྱི་མདུན་དུ་འཁོད་ལ། ཨེ་མ་ཐབས་མཆོག་རྨད་དུ་བྱུང༔ བདུད་རྩི་རོལ་པའི་དཀྱིལ་འཁོར་དང༔ རང་བཞིན་དཀྱིལ་འཁོར་དབྱེར་མེད་པའི༔ རྡོ་རྗེའི་དམ་ཚིག་དང་དུ་བཞེས༔ བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ ཞེས་པས་ཕུལ་བ་སློབ་དཔོན་གྱིས་ཕྱག་གིས་བླང་ལ་དབུ་གཙུག་ཏུ་བཀོད་དེ། ཨོཾ༔ བདུད་རྩིའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ རང་བཞིན་དཀྱིལ་འཁོར་མི་ཟད་རྒྱན་འཁོར་ལྔ༔ དབྱེར་མེད་གདོད་ནས་མཉམ་པ་ཆེན་པོའི་ངང༔ ཁྱབ་བདག་ཐིག་ལེ་གཅིག་ཏུ་དབང་བསྐུར་རྫོགས༔ ཤྲཱི་བཛྲ་བྷཱ་ར་ཧཱི་ཀྲོ་དྷཱི་ཀཱ་ལི་མ་ཧཱ་སུ་ཁ་ཨ་མྲྀ་ཏ་དྷཱ་ཀི་ནཱི་མཎྜལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ས་མ་ཡ་སྟྭྃ་ཛཿཧཱུྃ་བྃ་ཧོཿ སྤྲུལ་པ་བདུད་རྩིའི་དཀྱིལ་འཁོར་པ༔ བདག་ཉིད་རང་བཞིན་དཀྱིལ་འཁོར་ལ༔ དབྱེར་མེད་ཆུ་ལ་ཆུ་བཞག་ཚུལ༔ ཐིམ་ཞིང་ཡེ་ཤེས་ལྷག་པར་འཕེལ༔ དམ་ཚིག་འོད་ཞུ་བདུད་རྩིར་ཐིམ༔ བྱིན་རླབས་གཟི་བརྗིད་ཕུང་པོར་འབར༔ ཤྲཱི་བཛྲ་བྷཱ་ར་ཧཱི་ཀྲོ་དྷཱི་ཀཱ་ལི་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་མཎྜལ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབང་བླངས་ལ་སྟེགས་བུར་བཀོད། གཉིས་པ་གཞན་ལ་དབང་བསྐུར་བ་ནི། དགོས་པའི་སྐབས་དང་འབྲེལ་ན། མཆོག་གི་ལས་ཚོགས་བདུད་རྩིའི་དབང་བསྐུར་ཉིད་གཞུང་ལྟར་མཐར་ཆགས་སུ་བསྐུར་བར་བྱའོ། །གསུམ་པ་རྒྱ་དགྲོལ་ཞིང་ལོངས་སྤྱོད་པ་ནི། མཆོད་པ་གསར་དུ་བཤམས་པ་ཕུལ་ལ། ཨོཾ་ཨཱཿཧཱུྃ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ མཁའ་ལ་སྤྲིན་ལྟར་གཏིབས་སྤུངས་པས༔ དཀྱིལ་འཁོར་ཀུན་ཏུ་ཆར་བཞིན་བབ༔ ཡེ་ཤེས་གཟི་བྱིན་བསྐྱེད་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཱུ་ཛ་ས་མ་ཡ་ཧོཿ ཨེ་མ་ཧོ་དགྱེས་མཛད་དབྱིངས་ཀྱི་ཡུམ༔ གསང་ཆེན་ཐིག་ལེ་གཅིག་ཏུ་རྫོགས༔ མ་རིག་མུན་སེལ་ཡེ་ཤེས་སྒྲོན༔ བདེ་བ་ཆེ་ལ་ཕྱག་འཚལ་བསྟོད༔ རང་བྱུང་བདུད་རྩི་བླ་མེད་ཆེ༔ སངས་རྒྱས་ཀུན་གྱི་གསང་ཆེན་མཆོག༔ ཀུན་ཀྱང་གྲོལ་བའི་དཔལ་ལ་སྦྱོར༔ གཉིས་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་ཅིང་བསྟོད། སླར་ཡང་ལས་ཀྱི་སེམས་དཔའི་ཐུགས་བརྒྱུད་བསྐུལ་བའི་དོན་དུ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ མ་ཧཱ་གུ་ཧྱ་མཉྫུ་ཤྲཱི་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ལ། མཁའ་ཁྱབ་བདེ་གཤེགས་ཞི་ཁྲོ་ཡིས༔ སྡུད་པོ་འཇམ་དཔལ་རྣོན་པོ་ལ༔ གནང་བ་སྩལ་ཏེ་གཏད་པ་ཉིད༔ རང་ལ་དངོས་སུ་བསྩལ་བར་གྱུར༔ ཞེས་མོས་ལ་སྨན་གྱི་ཕོ་བྲང་གཟུངས་མས་བཏེགས་ལ་སློབ་དཔོན་ལ་ཕུལ། དེས་ཀྱང་ཕྱག་ཏུ་བླང་སྟེ། ཧཱུྃ༔ རང་བྱུང་ཕོ་བྲང་སྟོང་ཉིད་ཡུམ་གྱི་མཁར༔ ཐམས་ཅད་རྟག་བཞུགས་བདེ་ཆེན་བདུད་རྩིའི་བཅུད༔ གཉིས་མེད་ཟུང་འཇུག་ཡེ་ཤེས་རོལ་པའི་ཕྱིར༔ དཔལ་གྱི་ཐ་རམ་བདུད་རྩིའི་མདུད་པ་དགྲོལ༔ བཛྲ་ཨ་མྲྀ་ཏ་གུ་ཧྱ་མུ་དྲ་ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་ལ་སྨན་གྱི་རྒྱ་རྣམས་བཀྲོལ། ཞལ་ཕྱེ་མ་ཐག །ཡེ་ཤེས་བདུད་རྩིའི་དྭངས་མ་ནི༔ དཀར་དམར་མཐིང་ཁའི་མདངས་འོད་རྒྱུན༔ བདག་གི་གནས་གསུམ་ཐིག་ལེར་ཐིམ༔ རྡོ་རྗེ་མི་ཕྱེད་གསུམ་འགྲུབ་བསམ༔ ཨེ་མ་ཧོ༔ རང་བྱུང་ཡེ་ཤེས་ཕག་མོའི་སྐུ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་པ༔ མཁའ་འགྲོ་རྒྱ་མཚོའི་ཀློང་དུ་རྫོགས༔ ཨེ་མ་ཧོ་རྡོ་རྗེ་ཆེ་མཆོག་གི༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ མཁའ་མཉམ་དགྱེས་པར་རོལ་པ་ཡི༔ ཡེ་ཤེས་མཆོག་གི་བདུད་རྩི་འདིས༔ སྣོད་བཅུད་གདོད་ནས་བདུད་རྩི་ལྔ༔ བྱང་ཆུབ་སེམས་སུ་དག་མཉམ་ཤོག༔ དྲན་དང་རེག་དང་མྱངས་བས་ཀྱང༔ སྣོད་བཅུད་རྡོ་རྗེ་ཕག་མོ་ཡི༔ དཀྱིལ་འཁོར་ཆེན་པོར་བྱང་ཆུབ་ནས༔ རྡོ་རྗེའི་གར་གྱིས་དགྱེས་རོལ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་བྷཱར་ཧཱི་ཀྲོ་དྷཱི་ཀ་ལི་ཤྲི་ཛྙཱ་ན་དྷཱ་ཀི་ནཱི་མཎྜལ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་ར་ས་ཡ་ན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོནཧྃ༔ ཞེས་བརྗོད་ཅིང་ལྷ་རྣམས་ཀྱི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པའི་ང་རྒྱལ་བརྟན་པོ་བཟུང༌། དེ་ནས་སྨན་ཕུད་སློབ་དཔོན་ཐམས་ཅད་ཀྱི་ནང་མཆོད་དུ་བཏབ་ལ། གཡོན་པའི་མཐེབ་སྲིད་ཀྱིས་འཐོར་བཞིན་དུ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་རྩ་གསུམ་སྤྱིའི་སྨན་མཆོད་ལྟར་འབུལ་ཞིང༌། དངོས་གྲུབ་ཀྱང་བླངས་ཏེ་དབང་པོའི་སྒོ་དང་ཡན་ལག་ཀུན་ལ་ཐིག་ལེ་བྱས་ལ། ཨོཾ༔ བདུད་རྩི་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བདག་ཅག་རྡོ་རྗེ་རྣལ་འབྱོར་འཁོར་བཅས་ཀྱི༔ མཆོག་གི་དམ་རྫས་ཚུལ་བཞིན་བསྒྲུབས་པའི་མཐུས༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པར་ཤོག༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ གསང་ཆེན་སྔགས་ཀྱི་རིགས་སུ་སྐྱེ་བ་དང༔ བླ་མ་ལྷ་དང་སྐད་ཅིག་མི་འབྲལ་བས༔ མཆོག་ཐུན་དངོས་གྲུབ་མྱུར་དུ་འགྲུབ་པར་ཤོག༔ སྐུ་ཡི་ཕྱག་རྒྱས་སྣང་བ་ལྷ་སྐུར་ཤར༔ གསུང་གི་ཕྱག་རྒྱས་རླུང་སེམས་དབང་དུ་འདུས༔ ཐུགས་ཀྱི་ཕྱག་རྒྱས་བདེ་ཆེན་ཏིང་འཛིན་བརྟན༔ ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག༔ ཅེས་སྨོན་ལམ་དང་ཤིས་བརྗོད་ཀྱང་བྱའོ། །རྒྱས་པའི་སྦྱིན་སྲེག་གྲུབ་ན་སྐབས་འདིར་བྱའོ། །བཞི་པ་ཕྲིན་ལས་ཀྱི་མཇུག་བསྡུ་བ་ནི། བཀའ་སྲུང་སྤྱི་དང་བྱེ་བྲག་གི་གསོལ་བསྐང་དང༌། ཕྱི་རོལ་དུ་ཆ་གསུམ་གྱི་ཆོ་ག །ཕྱག་བཤགས་བསྐོང་བ། ཚོགས་མཆོད་རྒྱས་པར་ཕུལ་ལ་ཞལ་བསྟབ་སྐབས་ཉུལ་ལེའི་ལིངྒ་མེར་བསྲེགས་པའི་ཐལ་བ་ཧོམ་དུ་བཞག །མཆོད་པའི་རས་མ་དང་སྔར་བཙོན་འཛིན་གྱི་ལྷག་མ་ཕྱི་རོལ་བྱང་ཤར་དུ་གོམས་པ་བདུན་ཅུའི་སར་བསྐྱལ། ཆོས་སྐྱོང་གི་གཏོར་མ་འབུལ་སྐབས་རྒྱུན་བཞག་རྣམས་ཀྱང་རིམ་གྱིས་འབུལ་ཞིང་ཕྲིན་ལས་ཀྱི་བསྐུལ་བ་ཆད་བརྟན་གྲུབ་ནས་སྒོ་དྲུང་དོང་གྲུ་གསུམ་དུ་ཉུ་ལིང་བསྲེགས་ཐལ་བླུགས་ཤིང་གཏོར་གཞོང་སྦུབ་པར་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་ལ་རྟ་དྲོ་བྲོ་བརྡུང༌། གཏང་རག་གི་མཆོད་བསྟོད་རྒྱས་པར་ཕུལ། བཟོད་གསོལ། ཡེ་ཤེས་པ་རས་བྲིས་ཡིན་ན་བརྟན་བཞུགས་དང༌། རྡུལ་ཚོན་གྱི་སྐབས་གཤེགས་གསོལ་བདག་བསྐྱེད་བསྡུ་ལྡང༌། ཕྱི་རོལ་གྱི་ཐོ་བསྡུ། ནང་དུ་ཕུར་བུ་དབྱུང་བཀྲུ། དཀྱིལ་འཁོར་བསྡུ་ཞིང་མར་མེའི་སྨོན་ལམ་ཤིས་བརྗོད་བཅས་སྒྲུབ་ཁོག་ལྟར་མཐའ་རྒྱས་སུ་བྱས་པས་དགེ་ལེགས་རྒྱ་ཆེར་སྤེལ་ལོ། །ལྔ་པ་ལས་སྦྱོར་མཐའ་རྒྱས་སུ་བྱ་བ་ལ་གསུམ། གྲོལ་བ་ལྔའི་ལས་སྦྱོར། རྒྱུན་དུ་བསྟེན་ཚུལ། དེ་དག་གི་ཕན་ཡོན་བརྗོད་པའོ། །དང་པོ་ནི། སྤྱིར་ལས་སྦྱོར་འདི་དག་བརྩམས་པ་ལ་གཞན་ཕན་བྱང་ཆུབ་ཀྱི་སེམས་སྙིང་ནས་བསྐྱེད། རྒྱས་པར་སྤྲོ་ན་ཕྲིན་ལས་ཀྱི་གཞུང་བསྲང༌། ཚོགས་མཆོད་འབུལ། ཕྲིན་ལས་ཀྱི་རྗེས་ཆོག་དང་འབྲེལ་བར་ལས་སྦྱོར་སོ་སོར་བྱ་ཞིང༌། སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བརྗོད་ལ་མེ་ཏོག་འཐོར། ནད་གདོན་སྣང་སྲིད་ཐམས་ཅད་ཡུམ་ལྔའི་མཁའ་ཀློང་ལས་མ་འདས་པས་དེའི་རང་བཞིན་ཤེས་པའི་ཡིད་ཀྱིས་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱའི་བཅུད་ལེན་བདུད་རྩི་འབྱུང་ལྔའི་ཀློང་དུ་རྒྱས་བཏབ་སྟེ་ལས་སྦྱོར་བརྩམས་ན་ཕན་ཡོན་ལྷག་པར་ཆེ་བའི་ཕྱིར་ལས་འདི་དག་བརྩམས་ན་དོན་ཆེན་པོ་དང་ལྡན་པར་ངེས་ཤིང༌། བསྡུ་ན་སེམས་བསྐྱེད་སྔོན་དུ་འགྲོ་བས་སྐད་ཅིག་དྲན་རྫོགས་སུ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་གསལ་བཏབ་ལ་བཟླས་པ་ཅི་རིགས་བྱས་ཏེ་སོ་སོའི་ལས་སྦྱོར་ལ་འཇུག་དགོས་པ་ཤེས་པར་བྱས་ནས། དང་པོ་མཐོང་གྲོལ་གྱི་ལས་སྦྱོར། གཏེར་བུམ་རིན་ཆེན་འབྲུ་སྨན་གྱིས་བཀང་བའི་སྙིང་པོར་བདུད་རྩི་དར་གྱི་བཏུམ་པ་བཅུག་ལ་རྒྱས་བཏབ། གཙུག་ལག་ཁང་གི་རྒྱབ་རི་སོགས་དཔལ་ཅན་གྱི་རི་བོའི་སྒང་ལ་སྦས་ཏེ། ཨོཾ༔ བཀྲ་ཤིས་མི་འགྱུར་བརྟན་པའི་དངོས༔ སངས་རྒྱས་སྤྱན་མའི་མཁའ་དབྱིངས་སུ༔ བདེ་ཆེན་བདུད་རྩིའི་གཏེར་སྦས་པས༔ དངོས་གྲུབ་ཡེ་ཤེས་རྒྱས་གྱུར་ཅིག༔ ཨོཾ་བུདྡྷ་ལོ་ཙ་ནི་དྷཱ་ཏུ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སིདྡྷི་ཏིཥྛནྟུ༔ ཞེས་ལན་གསུམ་བརྗོད་དེ་སྣང་སྲིད་ཀྱིས་སྲ་བའི་དབྱིངས་དང་བདུད་རྩི་བདེ་བ་ཆེན་པོ་བདེ་གཤེགས་མཁའ་འགྲོ་རྡོ་རྗེ་ཁྲོས་མ་ནག་མོའི་བཅུད་དབྱེར་མེད་དུ་འདྲེས་བས་ཕྱི་ནང་གི་འབྱུང་བ་ས་ཡི་རྒུད་པ་ཐམས་ཅད་ཞི་ཞིང༌། ས་ཡི་དྭངས་བཅུད་དང་ཡོན་ཏན་རྒྱས་པས་བརྟན་གཡོའི་དཔལ་བསྐྱེད། ས་ཡུམ་ཆེན་སྤྱན་མའི་ཆོས་དབྱིངས་ཡེ་ཤེས་སུ་དག་པས་བདུད་རྩིའི་གཏེར་སྦས་པས་རི་ཡིས་མཚོན་པ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡི་དཀྱིལ་འཁོར་ཤར་བས་མཐོང་ཚད་བདེ་བ་ཆེན་པོ་སྲ་བའི་དབྱིངས་མཁའ་འགྲོའི་ངོ་བོར་གྲོལ་བར་བསམ་ལ། ཨོཾ༔ བདུད་རྩི་གསང་བ་མཆོག་གི་སོགས་གོང་གི་སྨོན་ལམ་དང༌། ཤིས་བརྗོད་འབྲེལ་ཆགས་རྒྱས་པར་བྱའོ། །ཐོས་གྲོལ་ནི། བདུད་རྩིའི་ཕུར་མ་དྲི་བཟང་གི་ཝཾ་དང་སྦྱར་བ་དུང་དང༌། གཎྜི། སིལ་སྙན་གྱིས་མཚོན་པའི་རོལ་མོའི་རིགས་བྱེད་ལ་བྱུགས་ཤིང་དར་གྱི་ཐུམ་བུའང་གདགས་པ་གཙུག་ལག་ཁང་གི་སྟེང་སོགས་ནས་འབུད་བརྡུང་དཀྲོལ་བ་དང་ཆབས་ཅིག ཨོཾ༔ བཀྲ་ཤིས་ཆོས་ཀྱི་སྒྲ་ཆེན་ལྡན༔ རྡོ་རྗེ་སྙེམས་མའི་ཡེ་ཤེས་དང༔ བདེ་ཆེན་བདུད་རྩི་མཉམ་སྦྱོར་བས༔ སངས་རྒྱས་གསུང་དང་དབྱེར་མེད་ཤོག༔ ཨོཾ་ཧཱུྃ་སཏྭ་བཛྲཱི་ཎི་ཤབྡ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་ལན་གསུམ་དང༌། བསྔོ་སྨོན་ཤིས་བརྗོད་བྱ། བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་རྣམ་པ་ཐམས་ཅད་པའི་རང་སྒྲ་ཁྱབ་བདག་སྙེམས་མའི་ངོ་བོ་རྒྱལ་ཀུན་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ་ཤར་བས། ཐོས་ཚད་བདེ་བ་ཆེན་པོ་དབྱིངས་རིག་དབྱེར་མེད་ཧེ་རུ་ཀའི་རིགས་ཀྱི་དྷཱ་ཀི་ནཱི་ངོ་བོར་གྲོལ་བར་བསམ་མོ། །རླུང་གི་ལས་སྦྱོར་ཚོར་གྲོལ་ནི། བདུད་རྩིའི་ཟས་མཆོག་དང་སྦྱར་ལ་རྒྱས་པའི་སྦྱིན་སྲེག་ཏུ་ཕུལ་པའི་ཐལ་བ་ཡུལ་གྲུ་ཁྱབ་པའི་རླུང་ལ་བསྐུར་ཞིང༌། བཟང་ཤིང་སྣ་ཚོགས་བསྲེགས་པའི་ནང་དུ་བདུད་རྩི་བཏབ་ལ་དྲི་བསུང་གིས་ཁྱབ་པར་བྱས་ཏེ། ཨོཾ༔ བཀྲ་ཤིས་ཟག་མེད་ཡེ་ཤེས་དྲི༔ དམ་ཚིག་སྒྲོལ་མའི་ཤུགས་འཆང་བ༔ བདེ་ཆེན་རྡོ་རྗེ་བདུད་རྩི་ཡི༔ ཡེ་ཤེས་འབེབས་པ་ཉིད་གྱུར་ཅིག༔ ཨོཾ་ཏཱཾ་ཏཱ་ར་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཛྙཱན་ཨ་བེ་ཤ་ཡ་ཧཱུྃ་ཧཱུྃ༔ ཞེས་ལན་གསུམ་དང༌། བསྔོ་སྨོན་ཤིས་བརྗོད་བྱ། ཕྱི་ནང་གི་འབྱུང་བ་རླུང་གི་ཁམས་ཐམས་ཅད་དམ་ཚིག་སྒྲོལ་མའི་ངོ་བོར་རྒྱལ་ཀུན་ཕྲིན་ལས་ཀྱི་དཀྱིལ་འཁོར་གཡོ་བའི་དབྱིངས་ལས་ཀྱི་མཁའ་འགྲོ་སྣ་ཚོགས་མཐར་ཕྱིན་གྱི་ངོ་བོར་བརྟན་གཡོ་ཐམས་ཅད་གྲོལ་བར་བསམ། མྱོང་གྲོལ་ནི། རང་ཉིད་རྡོ་རྗེ་ཕག་མོའི་ལྗགས༔ པདྨ་དམར་པོ་འདབ་བརྒྱད་པའི༔ ཟེའུ་འབྲུར་ཨ་ཡིག་དམར་པོས་མཚན༔ མཐེ་བོང་པདྨ་གར་དབང་དང༔ སྲིན་ལག་གོས་དཀར་ཡུམ་དུ་གསལ༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ལྗགས་ཀྱི་ཨཱ་ལ་ཐིམ་པ་ཡིས༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ ཡེ་ཤེས་ཆུ་རྒྱུན་རབ་ཏུ་འཕེལ༔ མགྲིན་པ་ནས་བརྒྱུད་ལུས་ཀུན་གང༔ ནད་གདོན་སྡིག་སྒྲིབ་རྣམ་རྟོག་སྦྱངས༔ བདེ་ཆེན་ཡེ་ཤེས་མཆོག་ཏུ་རྒྱས༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཨོཾ༔ བཀྲ་ཤིས་འཆི་མེད་བདུད་རྩིའི་བཅུད༔ གོས་དཀར་ཡུམ་གྱི་པདྨ་ལས༔ རྡོ་རྗེ་ལྗགས་ཀྱིས་རབ་མྱངས་བས༔ དངོས་གྲུབ་རྣམ་གཉིས་བརྟན་པར་ཤོག༔ ཨོཾ་པྃ་པཎྜ་ར་རཱ་ས་ནི་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧོཿ ཞེས་དང༌། བདུད་རྩིའི་ཕུད་ཆང་སོགས་དང་སྦྱར་ཏེ་སྐྱེ་བོ་མང་པོའི་ཚོགས་ལའང་སྦྱིན་ཞིང་སྨོན་ལམ་དང་ཤིས་བརྗོད་རྒྱས་པར་བྱས་ནས། བདུད་རྩི་མགྲིན་པའི་དྭངས་མ་ནས་བརྒྱུད་ལུས་གནས་ཐམས་ཅད་དུ་ཁྱབ་པས་ཕྱི་དྲོ་བའི་དབྱིངས་དང་འདྲེས་པས་གོས་དཀར་མོའི་ངོ་བོ་རྒྱལ་ཀུན་གསུང་གི་དཀྱིལ་འཁོར་དྲོ་བའི་དབྱིངས་པདྨ་མཁའ་འགྲོ་དམར་མོ་སྒྲ་སྒྲོགས་ཀྱི་ངོ་བོར་གྲོལ་བར་བསམ་མོ། །རེག་གྲོལ་ནི། བདུད་རྩིའི་ཕྱེ་མ་ག་བུར་ལ་སོགས་པས་བཟང་པོའི་དྲི་དང་སྦྱར་བ་ལུས་ལ་བྱུགས་ཤིང༌། རིན་པོ་ཆེའི་ཟེའུ་འབྲུ་མགུལ་དུ་རྟག་པར་བཅང༌། མཚན་ཉིད་དང་ལྡན་པའི་ཕྱག་རྒྱའི་རིགས་ཀྱི་མགུལ་དུའང་བཏགས་ཏེ། ཨོཾ༔ བཀྲ་ཤིས་ཡིད་བཞིན་རིན་ཆེན་བཅུད༔ རེག་བྱ་མཱ་མ་ཀི་དང་སྦྱར༔ གང་གིས་འཆང་དང་རེག་པ་ཀུན༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བྃ་མཱ་མ་ཀི་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སིདྡྷི་ཏིཥྛནྟུ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་ལན་གསུམ་དང༌། སྨོན་ལམ་ཤིས་བརྗོད་བྱས་པས་རང་ཉིད་ཚེ་འཕེལ་ཞིང༌། ནད་གདོན་ཞིབ་དང་བསམ་པ་འགྲུབ། བདེ་ཆེན་གྱི་ཡེ་ཤེས་འཕེལ། གཞན་ལ་རེག་པས་ཀྱང་གྲོལ་བར་གསུངས་སོ། །ཆུ་བོའི་དབྱིངས་ཁྱབ་ཀྱི་ལས་སྦྱོར་ནི། བདུད་རྩི་སྨན་དང་སྦྱར་བ་རིན་པོ་ཆེའི་བུམ་པར་བླུག །རྒྱ་མཚོར་འབབ་པའི་ཆུ་བོའམ། མཚོ་དང་ཆུ་མིག་སྐམ་པར་མི་འགྱུར་བ་རྒྱུན་དུ་གནས་པའི་ཆུ་འགྲམ་དུ་རྡུལ་ཚོན་དཀར་པོའི་མཎྜལ་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ཚོམ་བུ་ལ་སྔར་གྱི་བུམ་པ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་བཅས་པས་བསྐོར་བ་སྟེགས་མཐོ་བར་བཞུགས་སུ་གསོལ། མཆོད་པ་རྣམས་བསངས་སྦྱངས། ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུའི༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཞེས་པས་བྱིན་གྱིས་བརླབས། སླར་ཡང་རྟེན་བསངས་སྦྱངས། སྟོང་པའི་ངང་ལས་ཝྃ་ཡིག་ལས༔ ཡོངས་གྱུར་རྒྱ་མཚོ་རིན་ཆེན་དང༔ མེ་ཏོག་མཛེས་པས་གང་བའི་དབུས༔ བྃ་ཡིག་ཡོངས་སུ་གྱུར་པ་ལས༔ རིན་ཆེན་བདུད་རྩི་མཱ་མ་ཀི༔ དམར་སེར་ཉི་མ་འཆར་ཁའི་འོད༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ རྗེས་ཆགས་བཞད་པའི་ཉམས་དང་ལྡན༔ ཕྱག་གཡས་ནོར་བུའི་ལྕགས་ཀྱུ་ཡིས༔ འཁོར་འདས་ཀུན་གྱི་དྭངས་བཅུད་འགུགས༔ གཡོན་པས་རིན་ཆེན་ཀ་པཱ་ལ༔ བདེ་ཆེན་དངོས་གྲུབ་རྒྱ་མཚོར་བསྐྱིལ༔ དར་དང་རིན་ཆེན་རུས་པ་དང༔ མེ་ཏོག་དམར་པོའི་རྒྱན་གྱིས་སྒེག༔ ཞབས་ཟུང་པད་ཉི་བྃ་རོའི་སྟེང༔ བདུད་རྩི་རྒྱ་མཚོའི་ཀློང་ན་བཞུགས༔ ཐུགས་ཀར་པདྨ་ཉི་མའི་དབུས༔ བརྟན་གཡོ་སྲིད་ཞི་ཀུན་གྱི་སྲོག༔ བྃ་ཡིག་དམར་སེར་སྔགས་ཀྱིས་བསྐོར༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མ་ཛཿས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷ་ཡི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེང་ཀ་དང་ལྡན་པ། སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོད་པར་གྱུར། ཨོཾ་བྃ་རཏྣ་མཱ་མ་ཀི་ཨཥྚ་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཧཱུྃ༔ གང་ཞིག་དྲན་པ་ཙམ་གྱིས་ཀྱང༔ འཇིག་རྟེན་གསུམ་པོ་གཡོ་བར་མཛད༔ དག་པའི་བདུད་རྩིའི་མཆོག་ཆེན་སྩོལ༔ དོན་ཀུན་གྲུབ་ལ་ཕྱག་འཚལ་བསྟོད༔ གདེང་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས༔ ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང༔ བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ༔ ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ལག་གཡོན་གདེང་ཀའི་ཚུལ་དང༌། གཡས་མཆོག་སྦྱིན་གྱི་རྒྱས། ཨོཾ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྤྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང༌། །ཚི་ལི་ཆེན་པོ་རྣམ་དག་གོ །ཨོཾ་བྷཀྵ་བྷཀྵ་ཨ་གཙྪ་ཨ་གཙྪ་མ་ཧཱ་ནཱ་ག་ཨདྷི་པ་ཏི་སརྦ་བྷུརྦྷུ་ཝ་ཕྲུཾ་ཕྲུཾ་སྭཱ་ཧཱ༔ ཞེས་པ་གསུམ་གྱིས་གཏོར་མ་ཕུལ་ནས། ཨོཾ༔ ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་རྣམས༔ རྡོ་རྗེའི་དམ་ཚིག་དང་དུ་བླང༔ ཡེ་ཤེས་བདུད་རྩིའི་ཕྲིན་ལས་ཀྱིས༔ མཁའ་ཁྱབ་འགྲོ་དོན་ལྷུན་གྲུབ་མཛོད༔ ཨོཾ་སརྦ་ནཱ་ག་ཨ་དྷི་པ་ཏི་བཛྲ་ཨ་མྲྀ་ཏ་སརྦ་ཀརྨ་སིདྡྷི་ཀུ་རུ་ཧོཿ ཞེས་དང༌། ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་སྙིང་པོའི་ནོར་བུ་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང༌། འདི་ཡིས་ཁྱབ་པའི་རླན་གཤེར་གྱི་བཅུད་དང་སྲིད་པའི་ཆུ་ཡི་དབྱིངས་ཀུན་གཉིས་མེད་དུ་འདྲེས་པས་མྱོང་ཚད་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་རིགས་སུ་དབུགས་དབྱུང་བར་མཛད་དུ་གསོལ། །ཞེས་ཕྲིན་ལས་གསོལ་བ་ལྟར་དགྱེས་པས་དང་དུ་བླང་བར་བསམ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་ཤིས་བརྗོད་དང༌། ཡིག་བརྒྱ། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་བཟོད་བར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་མཐར། བཛྲ་མུ་ཞེས་པས་མཱ་མ་ཀི་རང་གི་ཐུགས་ཀར་བསྡུ། གཙྪ་གཙྪ་སྭ་བྷཱ་ཝ་ནྃ། ཨོཾ་ཨཱཿཧཱུྃམཱུྃ༔ ཞེས་རོལ་མོའི་སྒྲ་དང་བཅས་པས་ཀླུ་རྣམས་གཤེགས། ཛཿཧཱུྃ་བྃ་ཧོཿས་མཱ་མ་ཀི་རང་གི་ཐུགས་ཀར་བསྡུ། བུམ་པའི་བདུད་རྩི་ཆུར་གཤེགས་པས་ཀླུ་རྒྱལ་རྣམས་ཀྱིས་དགྱེས་ཤིང་མཆོད་པ་ཆེན་པོའི་བཀུར་བསྟི་དང་བཅས་ཏེ་རྒྱ་མཚོའི་འཇིང་དུ་སྤྱན་དྲངས་ནས་ཡིད་བཞིན་ནོར་བུའི་མཆོག་ཏུ་བདག་གིར་བཟུང་ཞིང་དེ་ལས་བྱུང་བའི་འོད་ཟེར་བདུད་རྩིས་འཇིག་རྟེན་ཁམས་ཀྱི་ཆུ་དང་རླན་ཐམས་ཅད་ལ་ཁྱབ་བས་མཱ་མ་ཀིའི་ངོ་བོར་རྒྱལ་ཀུན་ཐུགས་ཀྱི་དཀྱིལ་འཁོར་མཉེན་པའི་དབྱིངས་རྡོ་རྗེ་མཁའ་འགྲོ་ཞི་བྱེད་དཀར་མོའི་ངོ་བོར་འགྲོ་ཀུན་གྲོལ་བར་བསམ་ལ། ཨོཾ༔ རྡོ་རྗེ་བདུད་རྩིའི་བྱིན་རླབས་དང༔ རིན་ཆེན་མཱ་ཀིའི་བདེན་སྟོབས་ཀྱིས༔ སྲིད་པའི་རླན་གྱིས་ཁྱབ་ཚད་ཀུན༔ བདེ་ཆེན་ཡེ་ཤེས་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སརྦ་ཨརྠ་སིདྡྷི་སིདྡྷིསྭཱ་ཧཱ༔ ཞེས་ལན་གསུམ། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །གཉིས་པ་ཇི་ལྟར་བསྟེན་ཚུལ་ནི། བདུད་རྩི་ལྷར་གསལ་བ་བྃ་ནག་པོའི་རྣམ་པས་རང་གི་ཁ་སྒོ་ནས་ཞུགས། སྙིང་དབུས་མི་ཤིགས་པའི་ཐིག་ལེ་བྃཡིག་དང་དབྱེར་མེད་དུ་ཐིམ་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བར་བརྟན་ཅིང་བྱིན་རླབས་ཀྱི་གཟི་བྱིན་འབར་བས་མཐོང་ཚོར་མྱོང་རེག་ཐམས་ཅད་བདེ་ཆེན་དགྱེས་པ་རྡོ་རྗེ་བཙུན་མོའི་ཡེ་ཤེས་ལ་འགོད་པའི་སྐལ་པ་ཅན་དུ་གྱུར་པར་བསམ་ལ་དགོངས་པའི་གདིང་བཟུང་ངོ༌། །བརྟེན་པའི་དུས་ཀྱང་རྡོ་རྗེ་བདུད་རྩི་གསང་བ་ཆེན་པོ་མན་ངག་སྙིང་ཐིག་ལས། ཐུན་དྲུག་བཞིའམ་རེ་རེའམ༔ དཀར་ནག་ཕྱོགས་ཀྱི་ཚེས་གཅིག་ལ༔ སྔགས་པས་རབ་ཏུ་བསྟེན་བྱ་སྟེ༔ སངས་རྒྱས་དམ་ཚིག་མཆོག་ཏུ་གསུངས༔ ཞེས་དང༌། བདུད་རྩིའི་གཞུང་གཞན་ལས། ཁྱད་པར་ཉམས་ཆགས་བསྐང་བ་དང༔ རྟོགས་གྲོལ་ཡེ་ཤེས་རྒྱས་པའི་ཕྱིར༔ རབ་ཀྱི་ཐུན་རྣམས་ཐམས་ཅད་དང༔ འབྲིང་གིས་ཉིན་ཞག་ཕྲུགས་རེ་སྟེ༔ ཐ་མ་དུས་བཟང་ཐམས་ཅད་དུ༔ བདུད་རྩིའི་དམ་ཚིག་ཚུལ་བཞིན་བསྟེན༔ ཞེས་གསུངས་པ་ལྟར་རྣལ་འབྱོར་པས་དུས་རྟག་ཏུ་དང༌། སྐྱེ་བོ་མང་པོའི་ཚོགས་ལ་ཡར་མར་གྱི་ཚེས་བཅུ་སོགས་ཁྱད་པར་ཅན་གྱི་དུས་སུ་བསྟེན་པར་གསུངས་སོ། །གསུམ་པ་དེ་དག་གི་ཕན་ཡོན་བརྗོད་པ་ནི། མཁའ་འགྲོའི་རྒྱུད་ལས། བཅོམ་ལྡན་རྡོ་རྗེ་བཙུན་མོ་ཡིས༔ གྲོལ་བའི་ཕྲིན་ལས་ཤུགས་ཕྱུང་བ༔ བདུད་རྩི་མཆོག་འདི་འབྲེལ་ཚད་ཀུན༔ གནས་སྐབས་ཚེ་སྲིང་ཉམས་ཆགས་སྐོང༔ ཡིད་འཕྲོག་དབང་གྱུར་ནད་གདོན་ཞི༔ གཏུམ་ཆེན་དྲག་པོའང་ལྷན་ནེ་འགྱུར༔ མཐར་ཐུག་མཐོང་ཚོར་མྱོང་དང་རེག༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ༔ དཔའ་བོ་མཁའ་འགྲོའི་འདུ་བ་ཐོབ༔ བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔ ཚེ་གཅིག་རྣམ་གྲོལ་ཆེ་ལ་སྦྱོར༔ ཞེས་དང༌། བདུད་རྩིའི་རྒྱུད་ལས། རྡོ་རྗེ་ནཱ་རའི་བཟའ་བ་ཡིས༔ ལུས་སེམས་སྡོམ་ལྡན་ཞེ་སྡང་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ རྡོ་རྗེ་གསུམ་མཆོག་མངོན་དུ་བྱེད༔ རྡོ་རྗེ་ག་བིའི་བཟའ་བ་ཡིས༔ ལུས་སེམས་བརྟན་ཅིང་ང་རྒྱལ་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ རྟག་པ་དམ་པའི་མཆོག་ཐོབ་འགྱུར༔ རྡོ་རྗེ་ལྷོ་རའི་བཟའ་བ་ཡིས༔ བློ་གསལ་ཡིད་གཞུང་འདོད་ཆགས་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ ཀུན་མཁྱེན་ཉིད་ཀྱང་ཐོབ་པར་འགྱུར༔ རྡོ་རྗེ་ཤྭ་ནའི་བཟའ་བ་ཡིས༔ བྱིང་རྨུགས་ཞི་ཞིང་གཏི་མུག་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ རིག་པ་འཛིན་པའི་གཟུགས་སུ་འགྱུར༔ རྡོ་རྗེ་ཧསྟིའི་བཟའ་བ་ཡིས༔ ཀུན་གྱི་ཡིད་འཕྲོག་ཁ་དོག་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ སྟོབས་བཅུ་དག་ཀྱང་ཐོབ་པར་འགྱུར༔ བདུད་རྩིའི་མུ་ཏྲའི་དམ་ཚིག་གིས༔ ནད་ཀུན་སེལ་ཞིང་དབྱངས་སྙན་བྱེད༔ འགོ་བའི་ནད་དང་རིམས་རྣམས་སྲུངས༔ མི་བསྐྱོད་རྡོ་རྗེའི་ཡེ་ཤེས་ཐོབ༔ བདུད་རྩི་བིཀྵའི་དམ་ཚིག་གིས༔ མདོག་བཟང་གཟི་བརྗིད་ཆེན་པོར་བྱེད༔ སྦྱར་དང་གྱུར་པའི་དུག་ཀུན་འཇོམས༔ རྡོ་རྗེ་རྟག་པའི་ཚེ་ཐོབ་འགྱུར༔ བདུད་རྩི་པུ་ཀྲའི་དམ་ཚིག་གིས༔ གཟུངས་དྲན་མངོན་ཤེས་སྣ་ཚོགས་འཆར༔ ནུས་པར་ལྡན་ཞིང་འདོད་རྒུ་འགྲུབ༔ རྡོ་རྗེ་སྟོབས་བསྐྱེད་མཆོག་ཐོབ་འགྱུར༔ བདུད་རྩི་རཀྟའི་དམ་ཚིག་གིས༔ རྒས་པ་མེད་པའི་དབང་པོ་གསལ༔ འབྱུང་བཞི་དབང་བསྒྱུར་རྫུ་འཕྲུལ་སྟོབས༔ རྡོ་རྗེ་དབང་བཅུའི་མཆོག་ཐོབ་འགྱུར༔ བདུད་རྩི་གོ་རོ་ཙ་ན་ཡིས༔ འདོད་པའི་བདེ་བ་རབ་ཏུ་འཕེལ༔ ལས་རྣམས་ཐོགས་མེད་མཐུ་དང་ལྡན༔ རྡོ་རྗེ་སེམས་དཔའི་ལུས་ཐོབ་འགྱུར༔ དེ་རྣམས་ཐམས་ཅད་རབ་སྦྱར་བས༔ དུག་ལྔ་སེལ་ཞིང་ནད་ལྔ་ཞི༔ གདོན་ལྔ་འཇོམས་ཤིང་སྟོབས་ལྔ་ཐོབ༔ སྐུ་ལྔ་ཡེ་ཤེས་ལྔ་འགྲུབ་འགྱུར༔ རྣམ་མང་སྨན་དང་སྦྱར་བ་ཡིས༔ འདུ་བའི་ནད་རྣམས་འབྱང་བ་དང༔ ཚེ་རིང་རྒས་སྲ་དབང་པོ་གསལ༔ རྩ་རླུང་ཐིག་ལེ་ལས་རུང་བྱེད༔ ཁྱད་པར་མཆོག་ཏུ་བྱིན་བརླབས་པས༔ ཕྱི་ནང་དཔའ་བོ་མཁའ་འགྲོ་འདུ༔ ཡུལ་ཕྱོགས་དགེ་ཞིང་བཀྲ་ཤིས་འགྱུར༔ སྒྲུབ་གནས་བྱིན་ཆགས་ཡེ་ཤེས་སྐྱེ༔ འཇའ་ཚོན་ལུས་དང་གཡུང་དྲུང་སྲོག༔ འོད་གསལ་དགོངས་པ་མངོན་གྱུར་ནས༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ གོ་འཕང་དཀའ་བ་མེད་པར་ཐོབ༔ རིལ་བུ་གང་གིས་མཐོང་བའམ༔ དྲི་ཚོར་མགུལ་དུ་འཆང་བ་དང༔ ཅུང་ཟད་མྱང་བ་ཐམས་ཅད་ཀྱང༔ ལྕགས་ལ་གསེར་འགྱུར་རྩིས་བཏབ་བཞིན༔ བདེ་བ་ཆེན་པོའི་བྱིན་བརླབས་པས༔ འཁོར་བ་ངན་སོང་ལས་གྲོལ་ཞིང༔ མཐོ་རིས་ཐར་པའི་བདེ་བ་དང༔ བྱང་ཆུབ་མཆོག་གི་རིགས་སུ་སྐྱེ༔ ལྷ་དང་རིལ་བུ་དབྱེར་མེད་པ༔ མཐོང་བས་བུམ་དབང་རྟོགས་པ་ཐོབ༔ མྱངས་བས་གསང་བ་ཡེ་ཤེས་དང༔ བྱང་སེམས་འཁོལ་བས་དགའ་བཞི་བསྐྱེད༔ དེ་ཉིད་ངང་དུ་མཉམ་བཞག་པས༔ སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀུན༔ དོན་གྱི་བདུད་རྩིར་རྣམ་དག་པའི༔ བཞི་པའི་ལམ་མཆོག་ཚེ་འདིར་འགྲུབ༔ དེ་ཕྱིར་གསང་བའི་རྒྱུད་ཆེན་པོ༔ མཐའ་དག་ཀུན་གྱི་སྙིང་པོའི་བཅུད༔ མཆོག་གི་རྫས་ཀྱི་སྦྱོར་བ་འདི༔ རྣལ་འབྱོར་རྣམས་ཀྱིས་འབད་དེ་སྒྲུབས༔ ཞེས་དང༌། རྒྱུད་ལས། ཨེ་མ་ངོ་མཚར་ཐབས་ཆེན་པོ༔ ཡོན་ཏན་བདུད་རྩི་ཧེ་རུ་ཀ༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ འདི་ཉིད་ཁོ་ནར་ཡིད་རྟོན་ཅིག༔ ཅེས་སོགས་ཕན་ཡོན་སྨོས་ཀྱིས་མི་ལྡང་བར་གསུངས་པས་རྣལ་འབྱོར་པ་སྒྲུབ་པ་པོ་རྣམས་ཀྱིས་སྙིང་གི་ཐིག་ལེར་བཅངས་ནས་དཔལ་ཧེ་རུ་ཀའི་ཕྲིན་ལས་སྤེལ་ཞིང་ཡེ་ཤེས་ཀྱི་གདུང་འཚོབ་པའི་གཡར་དམ་ལྷུར་ལེན་པར་རིགས་སོ། །དཔག་ཡས་ནམ་མཁའི་རྗེས་འགྲོའི་རྒྱུད་སྡེའི་མཁར། ཟབ་གསང་བདུད་རྩིའི་ཐིག་ལེ་དུས་ཀྱི་མཐར། །མངོན་སུམ་འཆར་བའི་ཕྲིན་ལས་ག་བུར་རྡུལ། །དད་བརྩོན་ཤིང་རྟས་སླར་ཡང་དྲངས་འདི་རྨད། །རབ་དཀར་དགེ་བའི་ལེགས་བྱས་འཕྲུལ་འཁོར་གྱིས། །ཟུང་འཇུག་གླིང་དུ་དགྱེས་རྒུར་རྩེན་པའི་གནས། །འགྲོ་འདིས་དཀའ་བ་མེད་པར་མྱུར་ཐོབ་ནས། །དངོས་གྲུབ་རྒྱ་མཚོ་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་པའང་སྔ་འགྱུར་བསྟན་པའི་མཛེས་རྒྱན་དཔལ་ཡུལ་རྨུགས་སངས་མཆོག་སྤྲུལ་ས་མནྟ་བྷ་དྲ་པྲཛྙཱཾ་ནས་སྙིགས་དུས་བསྟན་འགྲོའི་དགེ་མཚན་སྤེལ་བའི་ཐུགས་བསྐྱེད་དུས་སུ་བབ་པའི་རྟེན་འབྱུང་གིས་ཟབ་གསང་སྙིང་པོའི་དབྱིག་མཆོག་འདི་ཡི་སྒྲུབ་ཆེན་བོད་ཡུལ་བྱང་ཕྱོགས་གནམ་མཚོ་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དང་ཉེ་བར་དོ་སྐྱ་དགོན་པ་ཆོས་སྐུ་འོད་འབར་གླིང་དུ་དོ་སྐྱ་མཆོག་གི་སྤྲུལ་སྐུའི་བདག་རྐྱེན་ལས་གསར་འཛུགས་གནང་བའི་སྐབས་མྱོང་གྲོལ་བདེ་ཆེན་བདུད་རྩི་ལེ་ཚན་དང༌། རྡོར་དྲིལ་ཤོག་བུ་བཅས་ཆེད་དུ་བཀའ་ཡིས་བསྐུལ་མ་གནང་བ་བཞིན་ཀུན་གཟིགས་འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་གཏེར་རིག་འཛིན་བརྒྱུད་པའི་གཞུང་དང་མན་ངག་གི་ཕྱག་བཞེས་མཐོང་བརྒྱུད་ཇི་ལྟར་གནང་བལ་བརྟེན་ནས་མདོཁམས་ཀྱི་ཀུ་སཱ་ལི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་བསིལ་ལྡན་བོད་ཀྱི་ཡུལ་དབུས་སུ་གནས་པའི་སྐབས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཆེན་པོའི་ཤར་ཕྱོགས་ཕྱག་འཚལ་མེ་ཏོག་ལྡུམ་རའི་གཟིམས་ཤག་ཏུ་མེ་སྤྲེལ་རྒྱལ་ཟླའི་༡༨ཚེས་ལ་དབུ་བརྩམས་པའི་སྐབས་ཡི་གེ་པ་ནི་གང་གི་སློབ་འབངས་པདྨ་ཐུགས་རྗེའི་སྣང་བས་བགྱིས་པ་འདིས་ཀྱང་སྙིང་པོའི་བསྟན་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། །།}} | །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་དྷཱ་ཏུ་བྷྱཿ བདེ་སྟོང་བདུད་རྩིའི་ཆོས་ཀུན་རྒྱས་བཏབ་པས། །འཁྲུལ་རྟོག་དབྱིངས་སུ་དག་པའི་ཡེ་ཤེས་རྩིའི། །དངོས་གྲུབ་འདོད་དགུའི་དཔལ་སྩོལ་དྷཱ་ཀི་ནི། །སྙིང་དབུས་དཔྱིད་ཀྱི་ཐིག་ལེར་དགྱེས་རྩེན་མཛོད། །ཁྱོད་ཀྱི་སྒྱུ་འཕྲུལ་རྣམ་པ་ཐམས་ཅད་པའི། །རོལ་སྒེག་ཆོས་དོན་རྟགས་ཀྱི་བདུད་རྩི་ཡིས། །རྡོ་རྗེའི་ལམ་མཆོག་བགྲོད་པའི་གསེང་ལམ་ནི། །གྲུབ་པའི་མན་ངག་བཞིན་དུ་འདིར་སྤེལ་བྱ། །དེ་ཡང་རྡོ་རྗེ་ཕག་མོ་ཡེ་ཤེས་གསང་བ་མཆོག་གི་རྒྱུད་ལས། རྒྱུད་དག་རྟོགས་པ་ལྡན་པ་ཡིསཿ འབྲེལ་ཚད་བདེ་བ་ཆེན་པོའི་སརཿ ཚོམ་བུ་གཅིག་ཏུ་གྲོལ་བའི་ཕྱིར༔ བདུད་རྩི་མཆོག་གི་ལས་སྦྱོར་བྱ༔ བསྙེན་པ་དང་ནི་ཉེ་བསྙེན་དང༔ སྒྲུབ་དང་སྒྲུབ་པ་ཆེན་པོ་ཡིས༔ ཁྲོལ་བུར་སྦྱངས་ཤིང་ཕྱེ་མར་བརླབས༔ བདུད་རྩིར་བསྐྱིལ་ཞིང་གོང་བུར་བསྡུ༔ ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ལ། གང་བསྒྲུབ་བྱའི་གཞི་སྡུག་བསྔལ་ཀུན་གྱི་ཟུག་རྔུ་ཡེ་ནས་མི་གནས་པའི་ཆོས་དབྱིངས་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་བདེ་བ་ཆེན་པོའི་ཀློང་ལས་སྣང་སྲིད་ཐམས་ཅད་རིགས་ཀྱི་དྷཱ་ཀི་ཡུམ་ཆེན་ལྔའི་ཡེ་ཤེས་ཀྱི་ངོ་བོར་ཀ་ནས་དག་པ་དོན་གྱི་བདུད་རྩིའི་བཞུགས་ཚུལ་ཡིན་པའི་གནད་ཀྱིས། དེའི་རང་རྩལ་སྣང་ཆའི་དུག་ལྔ་ཕུང་ལྔ་སོགས་སྦྱང་བྱར་བརྡར་བཏགས་པའང་རིགས་ལྔའི་དབྱིབས་དང་ཁ་དོག་ཏུ་སྣང་བའི་རྟགས་ཀྱི་བདུད་རྩིའི་བཅུད་ལེན་དུ་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ལམ་གྱིས་ཚུལ་བཞིན་བསྒྲུབས་པས་གནས་སྣང་ངོ་བོ་ཡིན་ལུགས་ཀྱིས་བཞུགས་ཚུལ་སྒྲ་ཇི་བཞིན་མངོན་དུ་གྱུར་ནས་ཤ་ལྔ་བདུད་རྩི་ལྔ་རྩ་བ་ཡན་ལག་གི་རྩི་སྨན་རོ་བཅུད་དངོས་གྲུབ་མཐའ་དག་སྒྲུབ་པའི་ནུས་ལྡན་གྱི་རྫས་སུ་གྱུར་པ་ནི་མཚན་མ་རྫས་ཀྱི་བདུད་རྩི་སྒྲུབ་པའི་རྟེན་དུ་བསྔགས་པ་ལྟར་ཉམས་སུ་བླངས་ནས། གློ་བུར་འཕོ་བའི་འཁྲུལ་རྟོག་གི་དྲི་མ་དབྱིངས་སུ་དག་ནས་རང་གནས་སྐུ་དང་ཡེ་ཤེས་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡིན་ལུགས་མངོན་དུ་གྱུར་པ་དབྱེར་མེད་པའི་བདུད་རྩི་ཞེས་བསྒྲུབས་པའི་འབྲས་བུ་སྟེ། དེ་ལྟར་གཞི་ལམ་འབྲས་བུའི་རྣམ་བཞག་དུ་མར་དབྱེ་ཡང༌། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བཞུགས་ཚུལ་ཁོ་ན་མངོན་དུ་བྱེད་པས་བདུད་རྩི་མཆོག་གི་དངོས་གྲུབ་སྒྲུབ་པའི་གསེང་ལམ་ཞེས་རྡོ་རྗེ་ཉི་མ་ཡོན་ཏན་རིན་པོ་ཆེའི་རིགས་ཀྱི་ཁྱབ་བདག་ཏུ་སྔ་འགྱུར་སྒྲུབ་སྡེ་བརྒྱད་ཀྱི་ཡ་གྱལ་དུ་མཛད་པ་སྟེ། བསྒྲུབ་བྱའི་ལམ་དེ་ཉིད་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ་བརྟེན་པ་ལྷག་པར་ཟབ་སྟེ་ལྷན་སྐྱེས་ནམ་མཁའི་གཟུགས་ཅན་གྱི་ཡེ་ཤེས་མཆོག་གི་མྱོང་བ་བདེ་མྱུར་དུ་རྒྱུད་ལ་འདྲེན་པའི་ཕོ་ཉ་སྒྱུ་མ་ཆེན་པོ་ཉིད་བསྔགས་པའི་ཕྱིར་དེའི་ཆོ་གའི་རིམ་པ་ཟབ་གསང་བྱིན་རླབས་ཀྱི་ཚན་ཀས་འཕགས་པ་ཉིད་བཤད་པ་ལ། བསྙེན་སྒྲུབ་ཡན་ལག་བཞི་ཡིས་ཆིངས་ཀྱིས་དབྱེ་བ་ལས། དང་པོ་བསྙེན་པ་ཁྲོལ་བུར་སྦྱངས་བ་ལ་གཉིས། སྔོན་འགྲོ་རྫས་དང་ཡོ་བྱད་སྟ་གོན་དུ་བྱ་བ་དང༌། ཁྲོལ་བུར་སྦྱངས་བ་དངོས་སོ། །དང་པོ་ནི། རྫས་ཀྱི་གཙོ་བོ་དངོས་གྲུབ་མཆོག་བརྙེས་པའི་བདུད་རྩི་ལྔ། ཡུལ་དག་པའི་ཤ་ལྔ། དེ་དག་གི་འཕྲོད་དང་སྐྱབས་སུ་གྱུར་པའི་སྨན་རྩ་བ་བརྒྱད་དང་ཡན་ལག་སྟོང་སྦྱར་ནས་སྒྲུབ་དགོས་ཀྱང་དེ་དག་དངོས་ཀྱི་རྫས་རིགས་གཏེར་བྱོན་དང་རིག་འཛིན་གོང་མ་རྣམས་ཀྱིས་བསྒྲུབས་པའི་ཆོས་སྨན་ལ་ཚང་བས་དེ་ཉིད་ཀྱི་ཕབ་རྒྱུན་གཞིར་བཞག །གཙང་ལ་དག་པའི་སྨན་ཕྱེ་སྔོན་དུ་ཚགས་སུ་ཚུད་པར་བྱས་ནས་ཁྲོལ་སྒྲུབ་རིགས་དབྱེ་ལྟར་མཚོན་བྱེད་ཙམ་བཞག་པ་ཉིད་བཏགས་ཚགས་ཀྱི་ཕྱག་ལེན་མཛད་དེ་བདུན་ཕྲག་ལ་སོགས་པའི་ཞག་གྲངས་ཀྱིས་བཅད་པ་ཉིད་བཤད་བྱ་དངོས་ཏེ། སྨན་གྱི་གཞི་ཨ་རུ་ར་རུས་པ་དང་བྲལ་བ། དེའི་ཕྱེད་བ་རུ་སྐྱུ་རུ། ཙནྡ་དམར་པོ། ཨ་ག་རུ། ནཱ་གི་འདུལ་མ། གི་ཝཾ་བཟང་དྲུག་གཙོ་བོར་གྱུར་པ་ལ་སྨན་ཁ་དོག་དྲི་རོ་བཟང་བ་རྣམས་མངན་ལེགས་ཤིང༌། གཞན་སྣེ་ཚང་ཙམ་དང༌། ལི་ག་དུར། རུ་རྟ་རྣམས་མང་ནའང་སྐྱོན་དུ་མི་འགྱུར། གཞན་སྔོ་སྨན་རིགས་ཉུང་ན་ལེགས། དུག་རིགས་བཤལ་སྐྱུགས་རྣམས་ཁ་དོག་དྲི་རོ་ནུས་པ་ལ་གནོད་པས་སྨན་གྱི་སྤྱང་ཀི་ཞེས་གཏང་བར་མི་མཛད། ཤིང་ཀུན། སྒོག་པ། ཤུ་དག་ནག་པོ། གཞོབ་དང་ཚྭ་རིགས། སྤང་རྒྱན་སྔོན་པོའི་རིགས་རྣམས་ཀྱང་འདྲེས་ཙམ་ལས་མི་བཏང༌། ཁ་དོག་སེར་པོར་བྱེད་ན་གུར་གུམ་དང་ཡུང་བ་སྨུག་པོ་ཙནྣ་སོགས་དང༌། དམ་རྩི་དབང་ལག་རན་ཙམ། མངར་གསུམ། ནམ་དུུས་དང་བསྟུན་པའི་ཕབ་རྩི་ཡང་ཁྲོལ་སྒྲུབ་ཀྱི་སྐབས་ནས་ཚོགས་དགོས། དེ་ལྟ་བུའི་སྨན་རྣམས་ཞིབ་མོར་བརྡུང་ནས་དར་ཚགས་ལ་དྲངས། རས་དཀར་སེར་གང་རུང་གི་ཁུག་མར་བླུགས། དེའི་ཁར་ཁྲོལ་སྒྲུབ་རྟེན་རིགས་དབྱེ་མི་དགོས་བས་འབྲས་བུ་གསུམ། བཟང་དྲུག་སོགས་སྨན་སྣ་ཉུང་ཙམ་ཐུམ་བྱས་པ་ཕོ་མོའི་ཐོད་པ་ཁ་སྦྱོར་རཀྟ་དང་ཆོས་སྨན་སྦར་བས་འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས་བྲིས་པ་ཕོ་ཐོད་ཀྱི་ལྟེ་བར་རྩིབས་བཞི་ལ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མོ་ཐོད་ལ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལྔ་བཀོད། གཉིས་ཀའི་མུ་ཁྱུད་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཤྲཱི་མ་ཧཱ་སུ་ཁ་ཧཱུྃ་ཧྲཱིཿཋ༔ ཞེས་པས་བསྐོར་བ་མོ་ཐོད་འོག་དང་ཕོ་ཐོད་སྟེང་ནས་སྦུབས་ཏེ་ཁ་སྦྱར་བའི་བར་སྨན་ཕྱེ་བཅུག །དཀྱིལ་འཁོར་གྱི་སྟེང་དུ་དགྲམ་བྱ་གདུགས་ལྟ་བུའི་དབུས་སུ་ཚངས་པ་བརྒྱ་བྱིན་གྱི་སྐུ་དང་རྔ་ཡབ་དཀར་པོ། ཀུ་ཤའི་ཆུན་པོ་རྣམས་བཏགས། ཤམ་བུའི་ནང་དུ་རྒྱུ་སྐར་ཉེར་བརྒྱད་ཀྱི་ཙཀླི་རྒྱབ་ཏུ་སྔགས་བྱང་འདོད་གསོལ་ཅན་བྱང་ཤར་བྲ་ཉེ་ནས་བརྩམས་གཡས་བསྐོར་དུ་ཕྱོགས་མ་འཆོལ་བ་དང༌། རྒྱབ་ངོས་ཕྱོགས་མཚམས་སུ་མེ་ལོང་བཅུ་ལ་ཁྲོ་བཅུའི་སྔགས་བྲིས་པ་བཏགས། རྒྱས་པ་རཏ་གླིང་ཐུགས་སྒྲུབ་ཡང་འདུས་ཀྱི་སྨན་སྒྲུབ་གཞུང་ནས་གསུངས་པའི་ཚངས་བའི་ཕོ་བྲང་དུ་གྲགས་པའི་བཅས་བཀོད་འབྱོར་ནའང་ལེགས། གཞན་འོག་ཏུ་དགོས་པའི་ཡོ་བྱད་རིགས་ཚགས་སུ་ཚུད་པར་བྱའོ། །གཉིས་པ་ལའང་གཉིས། བསྙེན་པའི་ཚུལ་གྱིས་སྦྱངས་བ་དང༌། ཉེ་བསྙེན་གྱི་ཚུལ་གྱིས་བསྒྱུར་བའོ། །དང་པོ་ནི། ཡང་གཏེར་ཕག་དཀར་ཡེ་ཤེས་འཁོར་ལོའི་ཐུགས་ཏིག་གི་གཏེར་གཞུང་ལས། ལྷ་ལ་སྙན་གསན་འབེབས་པའི་ཚུལ་གྱིས་བདག་མདུན་གྱི་སྒྲུབ་མཆོད་དང་སྐོང་བཤགས་ནན་ཏན་དུ་བྱ། ཞེས་གསུངས་པ་ལྟར། སྒྲུབ་ཆེན་གྱི་ཁོག་དབུབ་ལྟར་བདག་མདུན་གྱི་སྒྲུབ་མཆོད་བཟླས་པ་སྐོང་བཤགས་བཅས་ཉིན་ཞག་བདུན་ནམ་ལྔ་གསུམ་ལྟ་བུར་བཏང་བ་གལ་ཆེ་བས་འཇམ་མགོན་བླ་མ་རྣམ་གཉིས་ཀྱི་ཕྱག་བཞེས་སུའང་མཛད་པ་ལྟར་གྲུབ་ན་ལེགས་ཤིང༌། དཀྱིལ་འཁོར་གྱི་མདུན་ཕྱོགས་ཉེ་ལོགས་སུ་ཟུར་སྟེགས་ལྟ་བུར་སྨན་གྱི་ཕོ་བྲང་བཀོད། ཕྲིན་ལས་ཀྱི་བསྐྱེད་བཟླས་བསྡུ་ལྡང་གི་བར་དང༌། ལས་ཀྱི་བུམ་པར་ཀརྨ་དྷཱ་ཀི་ནི་བསྐྱེད་བཟླས་འོད་ཞུ་ཕྲིན་ལས་ཀྱི་སྐབས་ལྟར་བྱས་ལ། སྨན་རྣམས་ཞི་དྲག་ཕྱེད་མ་གསུམ་གྱིས་སྦྱོང་བ་དང༌། བགེགས་བསྐྲད་ལ་ཡུང་ཐུན་བྲབ་ཅིང་གུ་གུལ་བདུག །ཁྲུས་གསོལ་རྒྱས་པར་བྱ། རྒྱན་བཀོད་པའི་སྐབས། ཧཱུྃ༔ གདོད་ནས་རྣམ་དག་མཉམ་པའི་ཡེ་ཤེས་དབྱིངས༔ རིག་རྩལ་འགག་མེད་སྨན་གྱི་ཕོ་བྲང་ཆེ༔ དཀྱིལ་འཁོར་དབུས་སུ་བརྟན་པར་བཞུགས་ནས་ཀྱང༔ རྡོ་རྗེ་བདུད་རྩིའི་ཡེ་ཤེས་གྲུབ་པར་མཛོད༔ ཨོཾ་བྃ་བཛྲ་བྷཱ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཨཱཿ ཞེས་པའི་ཛབ་དབྱངས་དང་བཅས་དལ་དབུས་གཞོང་པ་འབྲུས་བཀང་བའི་ནང་རུས་སྦལ་གྱི་ཁོག་པར་ཧྲཱིཿཡིག་བྲིས་པའི་ཁར་བཀོད་ལ། དར་སྣས་བཀབ་པའི་སྟེང་དུ་སྣོད་གཙང་མར་དམ་རྫས་ཕབ་གཏའ་སེལ་མེད་ཀྱི་རིགས་རྣམས་ཆུ་ཆང་དང་སྦྱར་བ་བཞག །ཕོ་བྲང་དང་ཚངས་པ་བརྒྱ་བྱིན་གྱི་སྐུ་ལ་རྨུ་ཐག་གིས་སྦྲེལ་གཟུངས་ཐག་འཐེན་བདེ་བ་དང༌། དར་དཀར་དམར་མཐིང་གསུམ་གྱི་ཡོལ་བ་སོགས་ཕྱག་ལེན་སྤྱི་ལྟར་བྱ། ཁྲོལ་བུའི་སྨན་དབུས་སུ་བཞག་པའི་ཤར་ལྷོར་འོ་མ། ལྷོ་ནུབ་ཏུ་རིན་ཆེན་ཕྱེ་མ་ཆུར་སྦངས་བ། ནུབ་བྱང་དུ་ཆང་སྣ། བྱང་ཤར་དུ་ཆུ་སྣ་རྣམས་སྣོད་སོ་སོར་བླུགས་ཏེ་བཞག །དམ་རྩི་མདངས་བསྒྱུར་ཕབ་གཏའ་སོགས་སྨན་ནང་དུ་བཏབ་དགོས་ཚད་བར་མཚམས་སུ་བཀོད་ལ་བཞག །སྒྲུབ་ཁོག་གི་བྱིན་འབེབས་རྗེས། སྨན་གྱི་བྱིན་འབེབས་ནི། གཡབ་དར་སྤོས་རོལ་དབྱངས་དང་བཅས། ཧཱུྃ༔ ཀུན་བཟང་རྡོར་སེམས་དགའ་རབ་རྗེ༔ ཤྲཱི་སིང་པདྨ་ཐོད་ཕྲེང་སོགས༔ རིག་འཛིན་རྩལ་འཆང་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཆེ་མཆོག་བདུད་རྩིའི་དཀྱིལ་འཁོར་ལྷ༔ གསང་མཆོག་མཁའ་འགྲོ་འདུས་པའི་དལ༔ ཡོན་ཏན་ལྷ་ཚོགས་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ གནས་ཡུལ་དུར་ཁྲོད་དཔའ་བོ་དང༔ མཁའ་འགྲོ་སྨན་སྐྱོང་སྲུང་མ་སོགས༔ བཀའ་ཉན་ཚོགས་རྣམས་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་འདི་རུ་བྱིན་གྱིས་རློབས༔ བསྒྲུབ་རྫས་ཡེ་ཤེས་བདུད་རྩིར་བསྒྱུར༔ གྲོལ་བ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾཿ ཞེས་བརྗོད། མཆོད་ཚོགས་སྤྲོས་པ་གང་རྒྱས་ཁྱད་པར་མར་མེ་རྒྱུན་མི་ཆད་པར་སྦར་གསུངས་སོ། །དེ་ནས་སྔར་སྨོས་པ་ལྟར་རྩ་བའི་སྒྲུབ་ཆེན་རྒྱས་བསྡུས་གང་འགྲུབ་སྔོན་དུ་བཏང་ཟིན་རྗེས་བདུད་རྩི་སྨན་གྱི་ལས་སྦྱོར་དངོས་ལ། བདག་བསྐྱེད་བརྒྱུད་འདེབས་ནས་བརྩམས་བཟླས་པ་སྟོང་ཚིག་བཅས་གྲུབ་པ་དང༌། མདུན་དཀྱིལ་གསལ་གདབ་པ་ལ་དགུ་ལས། དང་པོ་རྟེན་དམ་ཚིག་གི་འཁོར་ལོ་གསང་ཆེན་རིགས་གཅིག་བསྐྱེད་པ་ནི། ཧཱུྃ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ རིག་རྩལ་དཀྱིལ་འཁོར་མདུན་དུ་དབྱེ༔ སྒྲུབ་པའི་རྫས་ལ་དབྱེར་མེད་ཐིམ༔ དེ་ལ་སྐད་ཅིག་དྲན་རྫོགས་སུ༔ རླུང་མེ་ཐོད་སྒྱེད་ལ་གནས་པའི༔ རང་བྱུང་བདེ་ཆེན་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ འཁོར་འདས་དྭངས་བཅུད་བདུད་རྩི་འཁྱིལ༔ དེ་དབུས་པདྨ་ཉི་ཟླའི་སྟེང༔ གསང་ཆེན་རིགས་གཅིག་རྡོ་རྗེ་སེམས༔ བདེ་བ་ཆེན་པོ་ཟླ་བའི་མདོག༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ རང་འདྲའི་ཐུགས་ཀར་ཟླ་སྟེང་ཧཱུྃ༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ ཞི་ཁྲོ་རབ་འབྱམས་རྒྱལ་བའི་ལྷ༔ མ་བསྐྱེད་ཡེ་རྫོགས་ཆེན་པོའི་ངང༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་གིས༔ རྡོ་རྗེ་གསུམ་དུ་བྱིན་བརླབས་ཤིང༔ ཁ་སྦྱོར་བདུད་རྩིའི་སྤྲིན་ཆེན་པོས༔ ཡེ་ཤེས་དབང་བསྐུར་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱི་ཨཱཿ ཞེས་གསལ་བར་རྒྱས་གདབ། དབང་བསྐུར་བཅས་བྱས་ལ། གཉིས་པ་སྤྱན་འདྲེན་ནི། སྙོམས་ཞུགས་བདེ་བའི་འོད་དང་སྒྲས༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་གྱུར༔ ཨོཾ༔ ཡོད་མེད་སྟོང་པ་འོད་གསལ་དབྱིངས༔ ཕྱག་རྒྱ་ཆེན་པོའི་སྐུར་བཞེངས་ནས༔ སྨོན་ལམ་སྙིང་རྗེའི་དམ་ཚིག་གིས༔ ཡེ་ཤེས་སྒྱུ་མར་རོལ་པས་གཤེགས༔ ཨོཾ་བཛྲ་སཏྭ་ཨེ་ཧྱ་ཧིཿ ས་མ་ཡ་ཧོ༔ ས་མ་ཡ་སྟྭྃ༔ ཛཿཧཱུྃ་བྃ་ཧོཿ ཞེས་དབྱེར་མེད་དུ་བསྟིམ། གསུམ་པ་བཞུགས་གསོལ་ནི། ཏིཥྛ་ལྷན༔ ཞེས་དམ་ཡེ་གཉིས་མེད་དུ་བརྟན་པར་བཞུགས་སུ་གསོལ། བཞི་པ་ཕྱག་འཚལ་བ་ནི། ཨ་ཏི་པཱུ་ཧོཿ ཞེས་བརྡ་ཕྱག་གིས་བཏུད་པ་ལ། པྲ་ཏཱིཙྪ་ཧོཿས་ལན་བསྩལ་བར་མོས། ལྔ་པ་མཆོད་པ་ནི། ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་སྤྲིན༔ ཕྱི་ནང་གསང་བ་བླ་མེད་པ༔ བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་དྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཧོ༔ དྲུག་པ་བསྟོད་པ་ནི། ཧཱུྃ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཡི༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ བདུན་པ་སྨན་སྲུང་སྤྱན་དྲངས་པ་ནི། སྤོས་བསྲེགས། རོལ་མོ་འཁྲོལ། མདའ་དར་གཡབ་ཅིང་གདུང་བའི་ཤུགས་བསྐྱེད་ལ། ཧཱུྃ༔ འོག་མིན་རྡོ་རྗེ་བཙུན་མོའི་ཞིང༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོ་དང༔ ཧེ་རུ་ཀ་ཡི་གནས་དང་ཡུལ༔ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔ བཅོམ་ལྡན་བཛྲ་བྷཱ་ར་ཧི༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས༔ གསུང་གི་ཛཔ་དབྱངས་སྔགས་སྒྲ་སྒྲོགས༔ ཐུགས་ཀྱི་ཡེ་ཤེས་རྩལ་བསྐྱེད་ལ༔ ཡོན་ཏན་བདེ་ཆེན་འོད་ཟེར་དང༔ ཕྲིན་ལས་ཕོ་ཉ་ཕྱོགས་བཅུར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང༔ སྙོམས་ཞུགས་ཟག་མེད་བདུད་རྩིའི་བཅུད༔ འབྱུང་བ་ལྔ་ཡི་དྭངས་མ་དང༔ ལྷ་ཀླུ་མི་ཡི་ཚེ་བསོད་སྟོབས༔ གཟི་བརྗིད་དཔལ་དང་ནུས་བཅུད་ཀུན༔ ཐོགས་པ་མེད་པར་གནས་འདིར་བསྡུས༔ འཁོར་འདས་དབྱེར་མེད་བྱིན་ཆེན་ཕོབ༔ དམ་ཚིག་བསྒྲུབ་པའི་རྫས་ལ་བསྟིམ༔ མཐོང་ཚོར་མྱོང་རེག་གྲོལ་བ་ཡི༔ བདེ་ཆེན་རྡོ་རྗེའི་གཟི་བྱིན་སྦོར༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ ལྷུན་གྱིས་གྲུབ་པའི་དབང་མཆོག་བསྐུར༔ སྣོད་བཅུད་རྡོ་རྗེ་བཙུན་མོ་ཡི༔ རྟེན་དང་བརྟེན་པར་བྱིན་རློབས་ཤིག༔ ༔ ཨོཾ་བཛྲ་བྷཱར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ་ཧཱུྃ་མ་ཧཱ་སུ་ཁ་སིདྡྷི་ཨ་བེ་ཤ་ཡ་ཨ་ཨཿ ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ན༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཚངས་དང་དྲང་སྲོང་རིག་པ་འཛིན༔ བྲམ་ཟེ་དཀའ་ཐུབ་གྲུབ་པ་དང༔ རི་དང་ནགས་ཚལ་འབྱུང་བའི་ལྷ༔ གཟའ་དང་རྒྱུ་སྐར་རྫུ་འཕྲུལ་བདག༔ སྨན་དང་བཅུད་ཀྱི་གཉེར་འཛིན་པ༔ ལྷ་དང་ལྷ་མོ་སྲུང་མའི་ཚོགས༔ ཁྱབ་བདག་དཔལ་ལྡན་ཧེ་རུ་ཀ༔ བཅོམ་ལྡན་བཛྲ་བྷཱ་ར་ཧཱི༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་དང༔ རིག་འཛིན་གྲུབ་པའི་བཀའ་བྱུང་བས༔ དམ་ཚིག་གཉན་པོ་རྗེས་དགོངས་ལ༔ ཐུགས་དམ་དབང་གིས་གནས་འདིར་གཤེགས༔ རང་རང་རིག་འཛིན་གྲུབ་པའི་ཚེ༔ ཇི་ལྟར་རྟགས་བསྟན་མ་བསྙེལ་བར༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོས༔ མཐའ་ཡས་གདུལ་བྱའི་དོན་སླད་དུ༔ རྡོ་རྗེའི་ཚེ་དང་ལང་ཚོ་དང༔ ནད་གདོན་ཞི་ཞིང་རིག་རྩལ་རྒྱས༔ མཐོང་ཚོར་མྱོང་རེག་གྲོལ་བའི་ཕྱིར༔ བདུད་རྩི་སྒྲུབ་པའི་གྲོགས་མཛད་ནས༔ དངོས་གྲུབ་དམ་པ་སྩལ་དུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་བྷེ་ཥ་ཛྱཻ་དེ་བ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭྃ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་ཐ་ཚིག་གིས་གནད་ནས་བསྐུལ་ཏེ་སྤྱན་དྲངས་པས། སྨན་གྱི་ལྷ་དང་དྲང་སྲོང་ཚོགས༔ བདུད་རྩིའི་ཕྲིན་ལས་སྒྲུབ་པའི་ཕྱིར༔ བདེ་ཆེན་དགྱེས་པའི་ཕོ་བྲང་གི༔ མཁའ་ལ་སྤྲིན་ལྟར་གཏིབས་པར་གྱུར༔ ཞེས་བསམ། བརྒྱད་པ་རྟོག་པ་བསལ་བ་ནི། སློབ་དཔོན་གྱིས་གཡོན་པའི་སྲིན་ལག་གིས་ནང་མཆོད་ཀྱི་བདུད་རྩི་འཐོར་ལ། ཧཱུྃ༔ ལྷ་དང་དྲང་སྲོང་བྲམ་ཟེ་ཀླུ༔ གཙང་ཞིང་གཙང་མའི་ཚུལ་ལ་སྤྱོད༔ ཁྱི་ཕག་ལ་སོགས་དམེ་བའི་རྫས༔ ཐམས་ཅད་དོགས་པ་མེད་པར་བཟའ༔ གང་ཡང་རྣམ་པར་རྟོག་པ་སྟེ༔ རྟོག་པར་བཅས་ན་གྲོལ་མི་འགྱུར༔ སྣོད་བཅུད་གདོད་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ ཡེ་ཤེས་རིགས་ལྔར་རྣམ་པར་དག༔ ཆོས་ཀྱི་དབྱིངས་སུ་མཉམ་པ་ཡིས༔ འཁོར་འདས་དབྱེར་མེད་ཆེན་པོར་རྟོགས༔ དེ་ལྟར་ཤེས་ནས་གྲོལ་བའི་ཕྱིར༔ དཀར་རྩི་དམར་རྩི་དྲི་ཤ་ཆེན༔ རྡོ་རྗེ་ཆུ་རྣམས་དང་དུ་བླང༔ དངོས་གྲུབ་རྫས་ཀྱིས་གཙོར་བྱས་པས༔ ནད་ལྔ་སེལ་ཞིང་གདོན་ལྔ་ཞི༔ ཕུང་པོ་གནས་འགྱུར་ཡེ་ཤེས་དང༔ རིགས་ལྔའི་དངོས་གྲུབ་མངོན་འགྱུར་ཕྱིར༔ ཐམས་ཅད་གཙང་དམེའི་རྟོག་པ་སྤོངས༔ བདེ་ཆེན་རྡོ་རྗེའི་རིགས་མཆོག་ཏུ༔ དངོས་གྲུབ་སྒྲུབ་པའི་ཕྲིན་ལས་མཛོད༔ ཅེས་བསྐུལ་ལ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་པའི་ལྟ་དགོངས་ཀྱི་བརྟུལ་ཞུགས་བསྐྱེད་དོ། །དགུ་པ་ཛཔ་ཀྱིས་ཐུགས་རྒྱུད་བསྐུལ་བ་ནི། བདག་གི་ཐུགས་སྲོག་ས་བོན་ལས་སྔགས་ཀྱིས་བསྐོར་བ་ལས་བྱུང་བའི་འོད་ཟེར་རྡོ་རྗེའི་གཟུངས་ཐག་ལ་བརྒྱུད་མདུན་གྱི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཞུགས༔ བདེ་བ་ཆེན་པོའི་ཐུགས་རྒྱུད་བསྐུལ༔ རྫས་ཀྱི་ནམ་མཁར་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདེ་བའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ སྣོད་བཅུད་ཐམས་ཅད་མེར་མེར་ཤིག་ཤིག་ཏུ་གཡོས༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་དང་དྭངས་མ་སྟོབས་རྩལ་ནུས་མཐུ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས༔ ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད༔ སྦྱོར་མཚམས་ནས་ཆར་དྲག་ཏུ་བབ་པ་བཞིན་བྱུང༔ རྫས་ལ་ཐིམ་པས་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས༔ དག་པ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ནུས་བཅུད་ཕུན་ཚོགས་པར་བསམ་ལ༔ ཨོཾ་བཛྲ་སཏྭ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ཁྲི་ཕྲག་གཅིག་ཏུ་བཟླ། འདི་ནས་བརྩམས་སྔགས་རྒྱུན་པའི་ཐུན་དཔོན་གྱིས་གཟུངས་ཐག་བླངས་ལ་ཛཔ་རྒྱུན་མ་ཆད་པར་བྱ། སྟོང་སྟོང་གི་མཚམས་ཐུན་མཐར་སྟོང་ཚིགས་འབུལ་ལ། སྒྲུབ་ཁོག་ལྟར་ཉུལ་ལེ་འདུལ་བ་རྒྱས་བསྡུས་སྐབས་སུ་གང་བབ་དང༌། བྱིན་འབེབས་བཅས་བྱ། ཉིན་མཚན་ཐུན་དྲུག་གི་ངེས་པ་ཅན་དུ་བཤད་ཅིང་ལག་ལེན་དུའང་བྱེད་བས་ཉིན་ཐུན་ཕྱི་མ་གཉིས་ལ་མཆོད་པ་ཁ་གསོ། ལས་བྱང་ལྟར་བྱིན་གྱིས་བརླབས། ཧཱུྃ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་སོགས་ནས་བཟླས་པ་སྟོང་ཚིགས་ཀྱི་བར་སྔར་ལྟར་ལ་ཉུལ་ལེ་བསྐྲད་པ་དང་བྱིན་འབེབས་བསྡུས་ཙམ་བྱས་བས་ཐུན་གཉིས་པ་གྲུབ། ཐུན་གསུམ་པ་ལའང་དེས་འགྲེ། །དེ་ནས་སྲུང་མའི་གཏོར་ཆོག །མཆོད་སྐོང་བཅས་རྒྱས་པར་བྱས་ལ་ལས་ཀྱི་གཞུག་བསྡུ། ཉུལ་ལེ་འདུལ་བ་དང་བྱིན་འབེབས་རྒྱས་པར་བྱས་ལ་སྨན་གྱི་ཛཔ་དབྱངས་ལན་གསུམ་བྱས་པས་གྲུབ་བོ། དེ་ནས་མཚན་ཐུན་གསུམ་དགོས་པའི་ཐུན་དང་པོར་ཕྲིན་ལས་ཀྱི་ཚོགས་བསགས་ནས་བརྩམས་བཟླས་པ་སྟོང་ཚིག་གི་བར་ཁྱུག་ཙམ་དང༌། དེ་ནས་སྨན་སྒྲུབ་ལ་འཇུག་པ་སོགས་དང༌། གུང་ཐུན་དང་ཐོར་ཐུན་བཅས་ཉིན་ཐུན་གསུམ་པ་ཇི་ལྟ་བ་ལས། ཐོར་ཐུན་སྟོང་ཚིགས་བཅས་ཚོགས་མཆོད་བསྡུས་ཙམ་དང༌། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་བཅས་བྱ། དེ་ལྟ་བུ་ཡང་གཏེར་རྡོ་རྗེ་བདུད་རྩི་ལས། དུས་ཀྱི་ངེས་པ་བསྙེན་པ་དང༔ ཉེར་སྒྲུབ་གཉིས་ལ་ཞག་གསུམ་སྟེ༔ སྒྲུབ་དང་སྒྲུབ་ཆེན་ཞག་གཉིས་གཉིས༔ དབང་པོ་རབ་ཀྱིས་འགྲུབ་པར་འགྱུར༔ འབྲིང་ལ་ཉིས་འགྱུར་ཐམས་ཅད་ཀྱང༔ སུམ་བསྡེབ་བརྩོན་པས་ངེས་པར་འགྲུབ༔ ཅེས་གསུངས་པས་དང་པོ་ལྟར་ལག་ཏུ་ལེན་པའི་དབང་དུ་བྱས་ཏེ་ཁྲོལ་སྒྲུབ་ཞག་གསུམ་གྱི་དབང་དུ་བྱས་པའི་ཞག་གཅིག་དང༌། ཉིན་གཉིས་པའི་གུང་ཐུན་བར་སྔ་མ་ལྟར་བཏང་རྗེས། མདུན་གྱི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་ལ་བསྟིམ། སྐབས་འདིར་ཁྲོལ་བུ་རྣམས་ཞིབ་པར་བཏགས་ལ་སྣོད་དུ་སྤུངས་པར་གསུངས་ཀྱང་བཏགས་བཙགས་ཀྱི་སྐབས་སུ་མཛད་ན་ཕྱག་ལེན་བདེ་བར་སྣང་ངོ༌། གཉིས་པ་ཕྱེ་མ་ཉེ་བར་བསྙེན་པས་སྒྲུབ་པ་ནི། ཉིན་གཉིས་པའི་ཐུན་ཕྱི་མ་ལ་བབ་པའི་ཚེ། བདག་བསྐྱེད་ཀྱི་ཕྲིན་ལས་བཟླས་པའི་བར་གྲུབ་རྗེས། དེ་ཉིད་རིགས་ལྔའི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ རིག་རྩལ་དཀྱིལ་འཁོར་མདུན་དུ་དབྱེ༔ སྒྲུབ་པའི་རྫས་ལ་དབྱེར་མེད་ཐིམ༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ རླུང་མེ་ཐོད་སྒྱེད་ལ་གནས་པའི༔ རང་བྱུང་བདེ་ཆེན་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ འཁོར་འདས་དྭངས་བཅུད་བདུད་རྩི་འཁྱིལ༔ དེ་དབུས་པདྨ་ཉི་ཟླ་ལྔར༔ ཤ་ལྔ་བདུད་རྩི་དྭངས་མའི་སྟེང༔ རིགས་ལྔའི་ས་བོན་ཡོངས་གྱུར་ལས༔ སྤྲོ་བསྡུས་ཚེ་བདག་རིགས་མཆོག་ལྔ༔ དབུས་སུ་རྡོར་སེམས་ཚེ་དཔག་མཐིང༔ ཤར་དུ་རྣམ་སྣང་ཟླ་བའི་མདོག༔ ལྷོ་རུ་རིན་འབྱུང་གསེར་མདོག་བརྗིད༔ ནུབ་ཏུ་སྣང་མཐའ་དབང་མདོག་འཚེར༔ བྱང་དུ་དོན་གྲུབ་མ་རྒད་མདངས༔ རང་རིག་ཡུམ་དང་མཉམ་པར་སྦྱོར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ ཡབ་རྣམས་མཉམ་བཞག་ཚེ་ཡི་བུམ༔ རིགས་ཀྱི་ཕྱག་རྒྱས་མཚན་པ་དང༔ ཡུམ་རྣམས་རང་རྟགས་ཚེ་བུམ་འཛིན༔ གཉིས་མེད་མཉམ་པའི་སྟབས་ཀྱིས་རོལ༔ ཞི་བའི་ཚུལ་དགུ་མཛེས་བརྗིད་ཀྱི༔ རྒྱན་ཆས་བཅུ་གསུམ་གྱིས་སྒེག་པ༔ བདེ་ཆེན་མཚན་དཔེའི་གཟི་བྱིན་འབར༔ བདེ་སྟོང་གཉིས་མེད་ངོ་བོར་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་སོགས་ནས། དབང་བསྐུར། རྒྱས་གདབ། སྤྱན་འདྲེན་ནས་བརྩམས་མཆོད་པའི་བར་དང༌། བསྟོད་པ་ལ། ཧཱུྃ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཡི༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ ཚེ་ཡི་བདག་པོ་རིགས་ལྔ་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཞེས་བསྒྱུར། སྨན་སྲུང་སྤྱན་འདྲེན་ནས་བརྩམས་རྟོག་བསལ་བར་དཀྱུས་ལྟར་དང༌། བཟླས་པ་དངོས་ནི། བདག་གི་ཐུགས་སྲོག་ས་བོན་ལ་སྔགས་ཀྱིས་བསྐོར་བ་ལས་བྱུང་བའི་འོད་ཟེར་རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་མདུན་གྱི་ཚེ་བདག་རིགས་ལྔའི་ཐུགས་ཀར་ཞུགས༔ བདེ་བ་ཆེན་པོའི་ཐུགས་རྒྱུད་བསྐུལ་རྫས་ཀྱི་ནམ་མཁའ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདེ་བའི་སྒྲ་དང་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ འཁོར་འདས་ཀྱི་ཚེ་དང་ཡེ་ཤེས་དཔལ་དང་གཟི་བརྗིད་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩིའི་རྣམ་པར་སྤྱན་དྲངས༔ ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད༔ སྦྱོར་མཚམས་ནས་ཆར་དྲག་ཏུ་བབ་པ་བཞིན་སྤྱན་དྲངས༔ རྫས་ལ་ཐིམ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩི་འཁྱིལ་བར་གྱུར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་བཛྲ་ཨ་ཡུརྫྙཱ་ན་ཨ་མྲྀ་ཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ཁྲི་ཕྲག་གཅིག་ཏུ་བཟླ། སྟོང་ཚིག་གི་མཆོད་བསྟོད། ཉུལ་ལེ་བསྐྲད་གཟིར། བྱིན་འབེབས་བཅས་པའི་འགྲོས་ཀྱིས་ཉིན་མཚན་ཐུན་དྲུག་སྔར་ལྟར་བསྲངས་བའི་ཞག་གསུམ་གྲུབ་པའི་ཉིན་བཞི་པའི་སྔ་དྲོ་ལས་བྱང༌། སྨན་སྒྲུབ་བཟླས་པ་སྟོང་ཚིག་གི་བར་སྔ་མ་རྣམས་ལྟར་གྲུབ་པ་དང༌། ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་བདེ་བ་ཆེན་པོའི་བདུད་རྩིར་འོད་དུ་ཞུ་ནས་རྫས་ལ་ཐིམ་པར་བསམ༔ དེ་ནས་སྔགས་རྒྱུན་པའི་གཟུངས་ཐག་བསྡུ། སློབ་དཔོན་གཟུངས་མ་རྒྱལ་ཐེབས་རྣམས་ཀྱིས་རྡོར་དྲིལ་བཅས་བདུད་རྩིའི་ཐོད་པ་ཐོགས་ནས་དཀྱིལ་འཁོར་ལ་ཞལ་ཕྱོགས་པར་བསྐོར། འདུས་པ་རྣམས་ཀྱང་རྡོར་དྲིལ་བཅས་བདུད་རྩི་ཐོགས་ལ། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ར་ས་ཡཱ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱིས་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་མཆོག་གི་དངོས་གྲུབ་སྩོལ། །ཞེས་དང༌། ཀུན་མཁྱེན་བླ་མ་མཉྫུའི་གསུང་རྩབ་གསུམ་གྱི་སྨན་གྱི་བརྒྱུད་མཆོད་སྦྱར་བས་རྒྱ་ཆེར་མཆོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་མཎྜལ་ལ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་བརྗོད་ནས་གདན་ལ་བཞུགས། ཐམས་ཅད་ནས་ཐལ་མོ་སྦྱར་ལ་དབྱངས་སྙན་པོས། ཨེ་མ་ཧོ་གདོད་ནས་རྣམ་པར་དག༔ དོན་གྱི་བདུད་རྩི་བླ་ན་མེད༔ རྟགས་སུ་ཡེ་ཤེས་རིགས་ལྔ་ཤར༔ རྡོ་རྗེའི་ཆོས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ལས་རྒྱའམ་བཏགས་ནས་མངའ་གསོལ་བ་དེའི་སྨན་གྱི་ཕོ་བྲང་དར་གྱི་ཁྱོགས་ལ་བཏེགས་པ་ཐོགས། སློབ་དཔོན་ལ་ཕྱོགས་པས་དབྱངས་རྟ་དང་བཅས། ཨེ་མ་ཧོ་ཆོས་རྣམས་ཐམས་ཅད་ཀྱི༔ རང་བཞིན་བདེ་ཆེན་བྱང་ཆུབ་སེམས༔ གྲུབ་པ་མཆོག་གི་ཨ་མྲྀ་ཏས༔ མི་ཕྱེད་རྡོ་རྗེ་ཡེ་ཤེས་ཐོབ༔ བཛྲ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧོ༔ ཞེས་སློབ་དཔོན་གྱི་ཕྱག་ཏུ་ཕུལ། སློབ་དཔོན་གྱིས། ཨེ་མ་ཧོ་དམ་རྫས་སྨན་གྱི་ཚོགས༔ མཐོང་ཚོར་མྱོང་རེག་གྲོལ་བ་ཐོབ༔ བདེ་བ་ཆེན་པོའི་དངོས་གྲུབ་མཆོག༔ གཉིས་མེད་ཡིད་ཀྱིས་བླང་བར་བྱ༔ བཛྲ་ཨ་མྲྀ་ཏ་ཨ་ལ་ལ་ཧོ༔ ཞེས་པས་བླངས་ལ། སྨན་གྱི་སྙིང་པོ་དྭངས་མའི་བཅུད༔ ཡེ་ཤེས་འོད་ཀྱི་གོང་བུར་འདུས༔ བདག་ཐིམ་དངོས་གྲུབ་མཆོག་ཐོབ་བསམ༔ ཞེས་བརྗོད་པ་དང་བསྟུན་སྨན་སྣོད་དཀྱིལ་འཁོར་གྱི་མདུན་སྟེགས་སུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་གམ་དམར་པོ་བཅད་ཁ་ནུབ་བསྟན་གྱི་དབུས་སུ་འཁོད་དོ། །གསུམ་པ་ལྡེ་གུ་སྒྲུབ་པས་བདུད་རྩིར་བསྐྱིལ་བ་ནི། བཏགས་ཚགས་སྦོལ་བ་དང༌། བདུད་རྩིར་བསྐྱིལ་བ། གནད་ལ་དབབ་པ། དབང་དུ་བྱ་བའོ། །དང་པོ་ནི། སྒྲུབ་པ་ཆེན་པོའི་སྤྲོས་བཅས་སྐབས་ཁོག་དབུབ་ལས་བྱུང་བ་ལྟར་དབྱངས་བོར་ལེན་དང་བཅས་རྟགས་སོ་སོར་གདབ། ཐམས་ཅད་ཀྱི་ཞྭ་བཅས་བཞེངས། སློབ་དཔོན་གྱིས་ཧསྟ་དར་སྣ་བཏགས་པ་དང་དྲིལ་བུ། ཡུམ་གྱི་ཕྲེང་བ། རྒྱལ་ཐེབས་རྣམས་གཡབ་དྲིལ་བཅས་མདུན་དུ་འཁོད། ལས་རྡོར་གྱིས་སྦྱར་སྦོས་བསྲེགས། ཐམས་ཅད་ཀྱི་ཧེ་རུ་ཀའི་ང་རྒྱལ་ལ་གནས་པ་རུ་ལུའི་སྔགས་དབྱངས་ལན་གསུམ་མཐར་ཞི་རོལ། རྐང་གླིང༌། བཤུག་པ་སོགས་བཏང༌། གཡབ་མོ་བཅས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཞིང་མདུན་དུ་འཁོད་ལས་བྱང་ལྟར་བསྐུལ་བཏང༌། གཞན་རྣམས་གདན་ལ་འཁོད། སློབ་དཔོན་གྱིས་དཀྱིལ་འཁོར་ལ་ཞལ་ཕྱོགས་བར་བཞུགས་པའི་མདུན་དུ་ཞིང་ལྤགས་ཁྲག་གི་ཐིག་ལེ་ཧཱུྃ་གིས་མཚན་པ་དགུ་བཀོད་པའི་སྟེང་ཐབས་ཤེས་ཀྱི་རྡོ་གཞོང་དང་གཏུན་བུ་བཞག་པ། ཡུམ་སློབ་དཔོན་ལ་ཕྱོགས་པས་ཡབ་ཡུམ་གྱི་ཞབས་གཉིས་སྨན་གཞོང་འགྲམ་དུ་བསྣོལ་ཏེ་བརྐྱང༌། སློབ་དཔོན་གྱི་ཕྱག་གཉིས་སོར་མོ་བསྣོལ། མཛུབ་མོ་བསྒྲེངས། མཐེ་བོང་བཀུག་ལ་བྱིན་དབབ་པའི་རྒྱས་གཏུན་བུ་བཟུང༌། ཡུམ་གྱི་མཁའ་དབྱིངས་ཀྱི་རྒྱས་གཏུན་ཁུང་གཡས་གཡོན་བཟུང་ལ། གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་ལ་གནས་པས་སྦྱོར་བའི་ལས་ཀྱིས་འདོད་ཆགས་བཏགས་པར་བསམ་ལ། བདེ་ཆེན་མཁའ་གསང་ཨེ་ཡི་དབྱིངས༔ གཟུང་འཛིན་རྟོག་ཚོགས་ཚར་བཅད་གྱུརཿ ཅེས་དམིགས་ལ་སློབ་དཔོན་ཀུན་གྱིས།ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླ་བཞིན་སྔར་ཁྲོལ་སྒྲུབ་ཏུ་བཞག་པའི་སྨན་རྣམས་ཞིབ་མོར་བཏགས། དེ་ནས་ལྷོར་ཞིང་ལྤགས་གཏིང༌། རྡོ་རྗེ་སློབ་དཔོན་ཡབ་ཡུམ་ཞལ་གོང་ལྟར་ཕྱོགས། ཡུམ་གྱིས་དར་ཚགས་བཟེད། ཡབ་ཀྱིས་སྨན་ཕྱེ་བླུགས་ལ། མཁའ་གསང་ཐོ་གཏུན་གྱིས་སྦྱོར་བས་དགྲ་བགེགས་འཐགས་ཏེ་ཞེ་སྡང་བཏགས་པར་བསམ་པས། སེམས་དང་ཡེ་ཤེས་དབྱེ་བ་ཡིས༔ འཁྲུལ་པའི་རྟོག་པ་ཞི་བར་གྱུར༔ ཐམས་ཅད་ཀྱིས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླ་བཞིན་པས་བཙགས། དེ་ནས་ནུབ་ཏུ་ཞིང་ལྤགས་བཏིང་བའི་སྟེང་ལྕགས་གཡའ་དྲི་མ་དང་སྐྱོན་མེད་པའི་སྣོད་བཞག །ཡབ་ཡུམ་སྔར་ལྟར་འཁོད་པས་ཡུམ་གྱིས་སྣོད་བཟུང༌། ཡབ་ཀྱིས་ཆང་སྣོད་ཐོགས་ལ། གཏི་མུག་རྣམ་རྟོག་གི་མཚན་མ་མཉམ་ཉིད་ཀྱི་ཀློང་དུ་བསྒྲལ་བར་བསམ་སྟེ། དབྱིངས་རིག་དབྱེར་མེད་ཐིག་ལེ་ཆེར༔ འཁོར་འདས་དྭངས་བཅུད་དབང་བསྐུར་གྱུར༔ ཅེས་མོས་ལ་ཀུན་གྱིས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་སཾ་ཤྭ་དྷ་ན་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཿ ཞེས་བཟླ་ཞིང་སྨན་སྣོད་དུ་བླུགས་ལ་སྦོལ། རིམ་པར་འོ་མ། རིན་ཆེན། ཆུ་སྣ་རྣམས་ཀྱང་བླུགས། སྨན་ཕྱེ་མང་པོ་ལ་དེ་དག་རྣམས་ཀྱིས་རླན་ཕབ་དཀའ་བས་བྱིན་རླབས་བྱས་བའི་ཆང་བཟང་པོ་གང་འོས་བླུགས་ལ། བམ་གཙང་མའི་རྡོ་རྗེའམ། དེའི་དབྱིབས་སུ་བཅོས་པས་དཀྲུགས་ཏེ་ཤིན་ཏུ་འདྲེས་པར་སྦོལ། མདངས་བསྒྱུར་བྱེད་དང་དབང་ལག་ཕྱེ་མ། དམ་རྫས་ཕབ་རྒྱུན་ཚང་ལ་སྦྱར་བ། ནམ་དུས་དང་བསྟུན་པའི་ཕབ་རྩི་རྣམས་ཀྱང་རིམ་པར་བསྲེས་ལ་གར་སླའི་ཚད་སྙིམས་པར་བཅངས་ནས་བསྐྱུར་བས་བམ་པོ་འཇིག་ཅིང་ཕྱེ་མར་མི་འདལ་བ་ཙམ་དུ་བྱ། དེ་ནས་སློབ་དཔོན་བྱང་དུ་འཁོད་ལ། སྨན་འཕེལ་རྟགས་ངེས་ཕྱིར་གཞལ་བ་ནི། ཆོས་ཉིད་གཅིག་ལ་ཐ་དད་པའི༔ ཡེ་ཤེས་མཁའ་ཁྱབ་རྒྱས་པར་གྱུར༔ ཅེས་དམིགས་ལ་ཐམས་ཅད་ཀྱིས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་བཛྲ་ཛྙཱ་ན་སྥ་ར་ཎ་ཕཊ༔ ཅེས་བཟླ་བཞིན་པས་དྲིལ་བུའམ་ཐོད་པ་ལ་འཇལ་བས་གྲངས་ངེས་པར་བྱས་ནས་དར་གོས་དམར་པོའི་སྒྱེའུར་བླུགས་པ་མོ་ཐོད་འོག་དང༌། ཕོ་ཐོད་སྟེང་དུ་བྱས་པའི་ཁ་སྦྱོར་བར་དུ་བཅུགས་པར་དར་སྣས་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས། སྟེང་དུ་དབུ་རྒྱན་གཡས་གཡོན་དུ་རྡོར་དྲིལ་བཅིངས། དཀྱིལ་འཁོར་ལ་འགོད་བའི་སྐབས་སུའང་ལྡིང་ཁྲི་བར་མར་མཉྫིའི་ཁར་བལ་བུའི་ཕུར་མའམ་འབྲུ་རླན་གྱིས་བཀང་བའི་རིན་པོ་ཆེའི་གཞོང་པའི་ནང་དུ་བླུགས་པར་གསུངས་པ་ལྟར་སྨན་ཉུང་ན་དེ་ལྟར་བྱ། སྨན་ཕྱེ་མང་པོ་ཡོད་སྐབས་ཕྱག་ལེན་བདེ་བས་ཟངས་དཀར་སོགས་དྲི་མ་དང་གཡའ་མེད་པའི་སྣོད་དུ་བལ་བུའི་ཕྱེ་མ་དང་འབྲུ་རླན་ཅན་གང་འཚམས་བླུགས་པའི་མཐིལ་དུ་རུས་སྦལ་ཁོག་པར་ཧྲཱིཿཡིག་བྲིས་པ་དང༌། མོ་ཐོད་ཁ་གྱེན་དང་དཔྲལ་བ་མདུན་བསྟན་དུ་བཞག་པའི་སྟེང་དུ་སྨན་ཕྱེ་བཅུག །དེ་སྟེང་ཕོ་ཐོད་ཀྱིས་བཀབ། ཁ་སྟེགས་ཁེབས་ཀྱིས་གཡོགས་ལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པའི་མདུད་པའི་སྟེང་དུ་རྒྱས་བཏབ། དབུ་རྒྱན་རིགས་ལྔ་དང༌། གཡས་གཡོན་དུ་རྡོར་དྲིལ་བཅིངས་ཤིང་དར་དཔྱང་གིས་བརྒྱན། ཧཱུྃ༔ བདུད་རྩི་གསང་བའི་ཕོ་བྲང་གི༔ དངོས་གྲུབ་བར་དུ་སྲུང་བ་དང༔ ཡེ་ཤེས་རྟག་ཏུ་འཕེལ་བའི་ཕྱིར༔ མི་ཕྱེད་རྡོ་རྗེའི་རྒྱས་གདབ་བོ༔ བཛྲ་རཀྵ་ཧཱུྃ་ཧཱུྃ་ཧཱུྃཿ ཞེས་སློབ་དཔོན་གྱིས་རྡོ་རྗེ་རྒྱ་གྲམ་དུ་རྒྱས་གདབ། དེ་ནས་སྨན་སྣོད་དཀྱིལ་འཁོར་མདུན་ཁྲི་འུར་བཀོད། ཛ་ཏི་ག་བུར་ཙནྡན་གླ་རྩི་དུ་རུ་ཀ་སྟེ་དྲིའི་རྒྱལ་པོ་ལྔ་དང་གུ་གུལ་ཚིལ་ཆེན་རྣམས་ཀྱི་དུད་པས་བདུག །དྲག་སྔགས་ཡུངས་ཐུན་རོལ་མོ་དང་བཅས་པས་བགེགས་བསྐྲད། སློབ་དཔོན་དྲིལ་སྤོས་ཐོགས་པས་སྣ་དྲངས། ཡུམ་གྱིས་དར་ལམ་དང༌། རྒྱལ་ཐེབས་སོགས་ཀྱིས་སྨན་སྣོད་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་རྩ་སྔགས་ཀྱི་ཛཔ་དབྱངས་ལན་གསུམ་མཐར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཏིཥྛ་ལྷན༔ ཞེས་དང༌། ཞི་རོལ་འོག་དཀྱིལ་འཁོར་གྱི་བར་ལྡིང་ཁྲིར་བརྟན་པོར་བཞུགས་སུ་གསོལ་བའི་འོག་ཏུ་དྲོད་འབེབས་ཞུན་ཆེན་གྱི་མེ་སྦར། སྟེང་དུ་གཟུངས་ཐག་བཞག་པ་ལས་སྐུད་པའི་སྣ་གཅིག་ཚངས་པ་བརྒྱ་བྱིན་དང་རྨུ་ཐག་སྦྲེལ། འདུས་པ་མང་ན་སློབ་དཔོན་དང་ཐུན་དཔོན་ལ་གཟུངས་ཐག་ལྔ་བསྒྲིལ། རྒྱལ་ཐེབས་བཞི་ལ་དཀར་སེར་དམར་ལྗང་ཕྱོགས་མདོག་འཐེན་བདེ་བར་སྦྲེལ། བསྡུ་ན་སློབ་དཔོན་དང་ཐུན་དཔོནགཉིས་ཀྱིས་ཆོག །དེ་ལྟར་གྲུབ་པ་དང་ཆོས་སྲུང་གཏོར་འབུལ། སྐོང་བཤགས་ཚོགས་མཆོད་སོགས་རྗེས་རིམ་ཉུལ་ལེ་བསྐྲད་པ། བྱིན་འབེབས། ཛཔ་དབྱངས་ཀྱི་བར་སྔ་མ་རྣམས་ལྟར་བྱ། འདི་སྐབས་མཆོད་པ་རྣམས་གསར་དུ་བཤམ་པའམ་ཁ་གསོ་བ་སོགས་གང་རྒྱས་སུ་བྱ་དགོས་སོ། །གཉིས་པ་ལྡེ་གུ་སྒྲུབ་པས་བདུད་རྩི་བསྐྱིལ་བ་དངོས་ནི། བརྒྱུད་འདེབས་ནས་བརྩམས་རྩ་བའི་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བཟླས་པ་སྟོང་ཚིགས་བཅས་སྔོན་དུ་འགྲོ་བས། མདུན་རྟེན་ལ་དམིགས་ནས་བདུད་རྩིའི་དཀྱིལ་འཁོར་བསངས་སྦྱངས། བདག་ཉིད་རྡོ་རྗེ་ཕག་མོ་ཡི། །སྐུ་ལས་བདེ་ཆེན་འོད་སྤྲོ་བསྡུས། དངོས་མཚན་མ་དག་ཐམས་ཅད་སྦྱངས། །སྟོང་པའི་ངང་ལས་ཡུམ་ལྔའི་ཀློང༌། །རབ་འཇིགས་དུར་ཁྲོད་བཀོད་པའི་དབུས། །ཡྃ་ལས་རླུང་དང་རྃ་ལས་མེ། ཀྃ་ལས་ཐོད་པའི་སྒྱེད་བུའི་སྟེང༌། །ཨ་ལས་ཡེ་ཤེས་ཀ་པཱ་ལ། །རྒྱ་ཁྱོན་ཆོས་ཀྱི་དབྱིངས་མཉམ་པར། །ཤ་ལྔའི་རི་བོ་ལྷུན་མཐོར་བརྩེགས། །བདུད་རྩི་ལྔ་ཡི་རྒྱ་མཚོར་བསྐྱིལ། །རྩ་བ་ཡན་ལག་སྨན་གྱི་ཚོགས༔ ཉི་ཟེར་རྡུལ་ཕྲན་བཞིན་དུ་འཁྲིགས༔ རང་གི་ཐུགས་ནས་འོད་འཕྲོས་པས༔ རླུང་གཡོས་མེ་སྦར་ཐོད་པ་དྲོས༔ རྫས་རྣམས་འོད་དུ་མེར་གྱིས་ཞུ༔ མ་དག་རླངས་པ་སྔོ་དམར་གྱིས༔ རྣམ་པས་ཕྱིར་ཐོན་དག་པའི་བཅུད༔ ཞུ་ཁོལ་འོད་ཀྱི་གུར་ཁྱིམ་དབུས༔ བཅོམ་ལྡན་བཛྲ་བྷཱ་ར་ཧི༔ དུས་ཀྱི་མུན་པ་སོགས་ལུས་དཀྱིལ་ལྟར་གསལ་བཏབ་ནས། སྤྱན་འདྲེན་ནས་བསྟོད་པའི་བར་མཆོད་སྐོང་གི་སྐབས་ལྟར་སྦྱར། སྨན་སྲུང་སྤྱན་འདྲེན་ནས་བཟླས་པའི་བར་སྔར་ཁྲོལ་བུའི་སྐབས་ལྟར་ལ། བཟླས་དམིགས་ནི། བདག་གི་ཐུགས་ཀ་ནས་སྔགས་ཀྱི་སྒྲ་དང་འོད་ཟེར་བདེ་བ་ཆེན་པོའི་གཟི་བྱིན་འབར་བ་བར་མ་ཆད་པར་འཕྲོས༔ མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པའི་ཐུགས་ཀར་ཕོག་པས་བདེ་བ་མཆོག་གི་དགྱེས་པའི་འོད་ཟེར་གྱི་སྤྲིན་ཆེན་པོས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཡེ་ཤེས་དང༔ བརྟན་གཡོའི་དྭངས་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས༔ ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད༔ མཁའ་གསང་ནས་ཆར་དྲག་ཏུ་བབ་པ་ཙམ་དུ་བྱུང༔ དམ་ཚིག་གི་བདུད་རྩིར་ཐིམ་པས༔ མཐོང་ཚོར་མྱོང་རེག་ཐམས་ཅད་གྲོལ་བ་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་བསམ༔ ལུས་དཀྱིལ་སྔགས་མཐར། མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཞེས་ཉེར་གཅིག་པའི་་ཛཔ་ཉིད་བཟླ། སྟོང་ཚིགས་ཀྱི་མཆོད་བསྟོད་དང༌། ཉུལ་ལེ་བསྐྲད་གཟིར། བྱིན་འབེབས་ཛཔ་རྒྱུན་བཅས་ཁྲོལ་བུའི་འགྲོས་ལྟར་ཐུན་དྲུག་གི་གཞུང་བསྲངས་བའི་ཉིན་དྲུག་པའི་སྔ་དྲོ་བར་བཏང་མཐར། རྟགས་མཐོང་བ་ན་མདོར་བསྡུས་པའི་ཚུལ་གྱིས་དངོས་གྲུབ་ལེན་པར་གསུངས་པས། ཧཱུྃ༔ བདུད་རྩི་སྒྲུབ་པའི་ཞག་གྲངས་ད་ནངས་ཚང༌། །བདུད་རྩི་སྒྲུབ་པའི་ཛཔ་ནི་དེ་རིང་རྫོགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བ། །མི་འགྱུར་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འགྲོ་དྲུག་ཐུགས་རྗེས་སྒྲོལ་བའི་གསུང་མངའ་བ། །མ་འགགས་གསུང་གི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཐུགས་རྗེས་ཁྱབ་པའི་ཐུགས་མངའ་བ། །འཆི་མེད་ཐུགས་ཀྱི་དངོས་སྩལ་དུ་གསོལ། །ས་གཞིའི་གཏོས་དང་མཉམ་པའི་སྐུ་མངའ་བ། །ཡོན་ཏན་ལྷུན་གྲུབ་དངོས་གྲུབ་སྩལ་དུ་གསོལ། །ཆོ་འཕྲུལ་མཐར་ཕྱིན་མཛད་པའི་སྐུ་མངའ་བ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་དེ་དངོས་གྲུབ་བླང༌། རྡོ་རྗེ་ཕག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་དངོས་གྲུབ་མཆོག་གི་དབྱིག་ཏུ་གྱུར། བཞི་པ་སྒྲུབ་པ་ཆེན་པོའི་གོང་བུར་བསྡུ་བ་ལ། གོང་བུར་བསྡུ་བ་དངོས་དང༌། རྗེས་རིམ་མཐར་དབྱུང་པའོ། །དང་པོ་ནི། གཏེར་གཞུང་དངོས་བསྟན་བདུད་རྩི་རིལ་བུ་དྲིལ་ནས་སྒྲུབ་པར་གསུངས་ཀྱང་ལག་ལེན་མི་མཛད་པས་རྒྱས་པར་མ་བཤད་ལ་བསྐྱེད་བཟླས་ཉིད་སྦྱར་ན་ལེགས་པས་དེ་ཡི་ཚུལ་འཆད་པ་ལ། གསོལ་འདེབས་ནས་བརྩམས་རྩ་བའི་ཕྲིན་ལས་ཀྱི་བསྐྱེད་བཟླས་སྟོང་ཚིགས་བར་སྔར་ལྟར་བྱས་ལ། མདུན་རྟེན་བདུད་རྩིའི་དཀྱིལ་འཁོར་ལ་དམིགས་ནས། བསང་སྦྱངས། བདག་ཉིད་རྡོ་རྗེ་ཕག་མོ་སོགས་ནས་རྡོ་རྗེ་ཕག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པའི་དམ་ཚིག་གི་འཁོར་ལོ་གསལ་བཏབ། ཡེ་ཤེས་པ་སྤྱན་དྲངས་བ་ནས་བརྩམས་བསྟོད་པའི་བར་དང༌། སྨན་སྲུང་སྤྱན་འདྲེན། རྟོག་བསལ་བཅས་ཁྲོལ་བུའི་སྐབས་ལྟར་མཐར་ཆགས་སུ་བཏང་ལ། བཟླས་དམིགས་ནི། གནས་ལྔའི་ཕག་མོའི་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཐུགས་སྲོག་མཐར༔ སྔགས་ཀྱི་ཕྲེང་བས་གཡོན་དུ་བསྐོར༔ རང་གི་ཐུགས་ནས་འོད་འཕྲོས་པས༔ ཡེ་ཤེས་རྒྱུད་བསྐུལ་གཟི་བྱིན་བསྐྱེད༔ བདེ་ཆེན་དགྱེས་པའི་འོད་ཟེར་སྤྲིན༔ འཁོར་འདས་བརྟན་གཡོའི་ཁམས་ཀུན་ཁྱབ༔ སྲིད་ཞིའི་དཔལ་དང་དྭངས་མའི་བཅུད༔ ཁྱད་པར་བཅོམ་ལྡན་ཧེ་རུ་ཀ༔ དཔའ་བོ་མཁའ་འགྲོ་ཡབ་ཡུམ་གྱིས༔ སྙོམས་ཞུགས་བདེ་བ་མཆོག་གི་རྒྱུན༔ རང་དབང་མེད་པར་སྤྱན་དྲངས་ཏེ༔ ལྷ་ཚོགས་ཞལ་ཞུགས་སྐུའི་དབྱིབས་བརྒྱུད༔ གསང་བའི་ལམ་ནས་ཆར་ལྟར་ཕབ༔ དམ་ཚིག་རྫས་ལ་ཐིམ་པ་ཡིས༔ ཁ་དོག་དྲི་རོ་ནུས་པ་བསྐྱེད༔ མཐོང་ཚོར་མྱོང་རེག་ཐམས་ཅད་ཀུན༔ ཉམས་ཆགས་སྐོང་ཞིང་སྡིག་སྒྲིབ་དག༔ མཆོག་ཐུན་དངོས་གྲུབ་མ་ལུས་འགྲུབ༔ བདེ་ཆེན་མཆོག་གི་དཔལ་སྟེར་བའི༔ མྱོང་གྲོལ་བདུད་རྩིའི་རྒྱ་མཚོར་བསྐྱིལ༔ ལུས་དཀྱིལ་སྔགས་མཐར། ཨོཾབཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་བཏགས་པ་བཟླ། ཐུན་མཐར་སྟོང་ཚིགས་ཀྱི་མཆོད་བསྟོད། ཉུལ་ལེ་བསྐྲད་གཟིར། བྱིན་འབེབས། ཛཔ་རྒྱུན་བཅས་སྔར་ལྟར་ཐུན་དྲུག་གི་འགྲོས་སུ་ཞག་གསུམ་མ་མཐར་བྱས་པ་བཏང་ངོ༌། གསུམ་པ་གནད་ལ་དབབ་པ་ནི། དེ་དག་གིས་ཚུལ་བཞིན་བསྒྲུབས་པས་རྟགས་མ་མཐོང་བའམ། མཐོང་ནའང་ཐ་ཚིག་བསྐུལ་བར་བྱ་སྟེ། བཟླས་པ་གྲུབ་རྗེས་སྤོས་རོལ་དབྱངས་དང་བཅས་ཏེ། ཧཱུྃ་ཧཱུྃ༔ ང་ནི་ཁྱབ་བདག་ཧེ་རུ་ཀ༔ རང་བཞིན་དཀྱིལ་འཁོར་ཆེན་པོར་རྫོགས༔ དམ་ཚིག་གཉན་ལ་རབ་དགོངས་ནས༔ ཡེ་ཤེས་དཀྱིལ་འཁོར་དབྱིངས་ནས་བཞེངས༔ བདུད་རྩི་སྤྲུལ་པའི་དཀྱིལ་འཁོར་ལ༔ བྱིན་བརླབས་རྟགས་དང་མཚན་མ་སྟོན༔ གལ་ཏེ་ཐུགས་དམ་གཡེལ་སྲིད་ན༔ སྔོན་གྱི་དམ་བཅའ་གང་དུ་གཉན༔ དེ་བས་ཐུགས་རྗེ་ཐབས་མཁས་བདག༔ ཡལ་ཡོལ་དབྲི་བསྐོལ་མ་མཛད་པར༔ མཐུ་རྩལ་དབྱུང་བའི་དུས་ལ་ཕབ༔ འཕྲུལ་གྱི་དངོས་གྲུབ་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾཕེཾ་ཕེཾ༔ ཞེས་སྟོང་ཕྲག་བཟླ། ངེས་པའི་རྟགས་མ་ཚན་མཐོང་ན་བདུད་རྩི་བསྐྱིལ་བར་གསུངས་པས། བཟླས་པ་གནད་དབབ་བཅས་གྲུབ་པ་དང༌། སྨན་སྲུང་བསྐུལ་བ་གོང་ལྟར་བྱས་ལ། སྤྲུལ་པའི་དཀྱིལ་འཁོར་ཐུགས་ཀ་ནས༔ འོད་འཕྲོས་འཁོར་འདས་དྭངས་བཅུད་བསྡུས༔ མཁའ་རུ་འདར་ཞིང་འཕྲིགས་པར་བཅས༔ དངུལ་ཆུ་དྭངས་པ་བཞིན་དུ་འཁྱིལ༔ ལྷ་དང་སྨན་སྐྱོང་སྲུང་མ་ཡིས༔ ལས་ཀྱི་ཕོ་ཉས་བདུད་རྩིར་བཀུག༔ དབྱེར་མེད་ཐིམ་པས་གསོས་བཏབ་སྟེ༔ འོད་ཟེར་གཟི་བརྗིད་རབ་འབར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋ༔ ཞེས་བཟླ། བདུད་རྩིར་དབབ་པའི་ཐོག་མར་གསང་སྒོ་དབྱེ་པ་ནི། ཚིལ་ཆེན་དང་སྦྱར་བའི་སྤོས་བསྲེགས། དབྱངས་རོལ་བཅས། ཧཱུྃ་ཧཱུྃ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྤྲུལ་པའི་དཀྱིལ་འཁོར་དབྱིངས་ནས་བཞེངས༔ བདེ་ཆེན་མཆོག་གི་དགྱེས་པ་ན༔ ཡེ་ཤེས་བདུད་རྩི་རབ་འཁྱིལ་བ༔ དམ་ཚིག་རྫས་ལ་དབབ་པའི་ཕྱིར༔ སྦྱོར་ཐབས་རྣམ་པ་ཐམས་ཅད་པའི༔ གསང་བ་མཆོག་གི་སྒོ་དབྱེ་འཚལ༔ བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་པྲ་བེ་ཤ་ཡ་ཕཊ་ཕཊ༔ ཅེས་བཟླ། ཞིང་ཆེན་གཡབ་ཅིང་གསུར་ཆེན་གྱི་དུད་པ། བཤུག་གླུ་རོལ་མོ་བཅས། ཧཱུྃ་ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ དྲེགས་པའི་སྡེ་དཔོན་བཏུལ་པའི་ཚེ༔ སྦྱོར་བའི་ཐབས་ལ་མཁས་པ་ཡིས༔ མ་མོ་བརྒྱད་པོ་དབང་དུ་མཛད༔ བཀའ་བཞིན་འཚལ་བར་དམ་བཅས་ལྟར༔ བདག་ནི་དཔལ་ཆེན་གདུང་འཛིན་ཕྱིར༔ ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ༔ གདོད་ནས་གྲུབ་པའི་དུར་ཁྲོད་ནས༔ འབར་དང་ཆགས་པའི་བརྟུལ་ཞུགས་ཀྱིས༔ རྣམ་འགྱུར་མི་བཟད་བྱིན་གཡོ་བས༔ གནས་འདིར་མྱུར་དུ་གཤེགས་ནས་ཀྱང༔ བདུད་རྩི་གསང་བའི་ཐུགས་དམ་བསྐུལ༔ བདེ་ཆེན་དགྱེས་པར་ཕེབས་པ་དང༔ བྱིན་རླབས་གཟི་བརྗིད་ནུས་སྟོབས་བསྐྱེད༔ དངོས་གྲུབ་མྱུར་དུ་འགྲུབ་པར་མཛོད༔ མ་མ་དྷཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾཕེཾ་ཕེཾ༔ ཞེས་བསྐུལ་ཏེ་དམིགས་བཟླས་ནི། དུར་ཁྲོད་གནས་ཀྱི་མ་མོའི་སྤྲིན༔ འབར་དང་ཆགས་པས་དཀྱིལ་འཁོར་པ༔ དགྱེས་པ་བསྐྱེད་པའི་དམ་ཚིག་གིས༔ འཆི་མེད་བདུད་རྩིའི་མཎྜལ་ནས༔ བཟུང་སྟེ་དཀྱིལ་འཁོར་ཐམས་ཅད་ཀྱི༔ སྦྱོར་མཚམས་ཡེ་ཤེས་བདུད་རྩིའི་བཅུད༔ ཆར་སྤྲིན་འཁྲུགས་བཞིན་དྲག་ཏུ་ཕབ༔ དམ་ཚིག་སྤྲུལ་པའི་རྫས་ལ་ཐིམ༔ བྱིན་རླབས་གཟི་བརྗིད་འབར་བར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བཟླ། ལྔ་པ་བདུད་རྩིའི་དངོས་གྲུབ་ཀྱི་དྭངས་བཅུད་བདག་ཉིད་ཀྱིས་དབང་དུ་བྱ་བ་ནི། ཧཱུྃ་ཧཱུྃ༔ ང་ནི་རྡོ་རྗེ་ཕག་མོ་སྟེ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལས༔ བདུད་རྩིའི་རང་བཞིན་དཀྱིལ་འཁོར་རྫོགས༔ རིགས་ཀྱི་འཁོར་ལོ་རབ་བསྒྱུར་བས༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་མཁའ་འགྲོའི་ཚོགས༔ སྔོན་ཚེ་ཞལ་བཞེས་དམ་བཅས་ལྟར༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ དམ་ཚིག་ཚུལ་བཞིན་མ་གཤེགས་ཤིང༔ དངོས་གྲུབ་དབང་དུ་བསྡུ་བ་དང༔ སྐལ་པ་བཞིན་དུ་མ་བསྩལ་ན༔ རྡོ་རྗེའི་ཚིག་དང་འགལ་ཏ་རེ༔ དེ་བས་དམ་ཚིག་རྗེས་དགོངས་ལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ པཉྩ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཧཱུྃ་ཧཱུྃ༔ སླར་ཡང་གཟུངས་ཐག་བླངས་ལ། དྷཱ་ཀི་རིགས་ལྔའི་སྤྲིན་གཏིབས་པས༔ ཐུགས་ཀའི་འོད་ཀྱིས་འཁོར་འདས་བཅུད༔ འོད་དམར་རྣམ་པར་སླར་ཡང་བསྡུས༔ དཀྱིལ་འཁོར་གཙོ་བོར་ཐིམ་པ་ཡིས༔ དབང་དུ་གྱུར་ཅིང་གཟི་བྱིན་སྐྱེད༔ མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་རྣམས༔ མཁའ་ཁྱབ་འདུས་པའི་ཧེ་རུ་ཀར༔ སྦྱོར་བའི་མཚམས་ནས་བྱང་ཆུབ་སེམས༔ སྲིད་ཞི་ཀུན་གྱི་དྭངས་བཅུད་དབྱིག༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་དང༔ དབྱེར་མེད་འདྲེས་པའི་འོད་ཀློང་ནས༔ རྡོ་རྗེ་གཟུངས་ཀྱི་ཐག་པར་བརྒྱུད༔ བདག་གི་སྙིང་གར་ཐིམ་པ་ཡིས༔ དངོས་གྲུབ་ཡེ་ཤེས་དབང་བསྒྱུར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱྀ་ཝ་རུ་ལུ་རུ་ལུ་བྷནྡྷ་བྷནྡྷ་ཧཱུྃ་ཧྲཱིཿཋ༔ ཞེས་བཟླས་པས་བདུད་རྩིའི་དྭངས་བཅུད་བདག་ཉིད་ཀྱི་དབང་དུ་བྱའོ། །གཉིས་པ་རྗེས་རིམ་དངོས་ལ་ལྔ་ལས། བདག་དོན་དུ་དངོས་གྲུབ་ལེན་པ། གཞན་དོན་དུ་དབང་བསྐུར་བ། རྒྱ་དགྲོལ་ཞིང་ལོངས་སྤྱད་པ། ཕྲིན་ལས་ཀྱི་མཇུག་བསྡུ་བ། ལས་སྦྱོར་མཐའ་རྒྱས་བྱ་བའོ། །དང་པོ་ལ། ཐུགས་དམ་བསྐུལ་བ། དངོས་གྲུབ་བླང་བའོ། །དང་པོ་ནི། སྒྲུབ་ཞག་སང་ཉིན་ཐེམས་པའི་དེ་རིང་ཕྱི་དྲོ་དངོས་གྲུབ་ཀྱི་རྟེན་བཤམས་དགོས་པས། དཀྱིལ་འཁོར་མདུན་དུ་སྟེགས་བུར་ཁེབས་དཀར་པོས་གཡོགས་པའི་སྟེང་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པའི་དབུས་སུ་རྣམ་བུམ། དེ་སྟེང་སྨན་སྟེགས་རྐང་གསུམ་མཐོ་བརླིང་ཅན། གཡས་སུ་ལས་བཞིའི་འབྲང་རྒྱས། གཡོན་དུ་ཐོད་ཆང༌། གཞན་ཡང་བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས་པས་བསྐོར་ཞིང་དར་གུར་ཕུབ་པ་སོགས་སྒྲུབ་ཁོག་ནས་བཤད་པ་ལྟར་བཤམས། ཚོགས་གཏོར་མཆོད་པ་རྣམས་བུངས་བསྐྱེད། སྔ་ཐུན་ལ་གནད་དབབ་དང་བསྐྱིལ་བ། གུང་ལ་དབབ་པས་དབང་དུ་བྱ་བར་སྦྱར། ཐུན་རྗེས་མ་ལ་དེ་ཐམས་ཅད་ཀྱི་རྗེས་སུ་མཆོད་བསྟོད་བྱས་ལ། སྤོས་བསྲེགས་དབྱངས་རོལ་གཡབ་དར་བཅས་པས། ཧཱུྃ༔ སྔོན་ཚེ་རྡོ་རྗེ་ཁྲག་འཐུང་གིས༔ ཆོས་ཉིད་རང་སྒྲས་བདུད་རྩིའི་རྒྱུན༔ མཁའ་ཁྱབ་འདུས་པར་གསུངས་པའི་ཚེ༔ འཇམ་དཔལ་དཔའ་བོ་ཐུགས་རྗེའི་གཏེར༔ ས་ཡི་སྙིང་པོ་ལ་སོགས་པ༔ སེམས་དཔའ་ཉེ་པའི་སྲས་མཆོག་ལ༔ གཉེར་དུ་གཏད་ཅིང་མངའ་གསོལ་བཞིན༔ ཇི་ལྟར་དམ་བཅའ་མ་བསྙེལ་བར༔ བདག་་ཅག་རྣལ་འབྱོར་སྒྲུབ་པ་པོས༔ ཡུན་རིང་བར་དུ་བསྙེན་ཅིང་བསྒྲུབས༔ རེ་ཞིང་སྨོན་པས་གསོལ་འདེབས་ན༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དཔལ་ཆེན་བདུད་རྩིའི་དཀྱིལ་འཁོར་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མཆོག་ཐུན་ལས་ཀྱི་དངོས་གྲུབ་ཀུན༔ བསྒྲུབ་པའི་རྫས་ལ་བརྟེན་ནས་ཀྱང༔ ད་ལྟ་ཉིད་དུ་སྩོལ་མཛད་གསོལ༔ ཞེས་བསྐུལ། གཟུངས་ཐག་བླངས་ལ་དམིགས་པ་རྩེ་གཅིག་པས། བདག་ཉིད་རང་བཞིན་དཀྱིལ་འཁོར་གྱི༔ ཐུགས་ནས་བདེ་ཆེན་འོད་ཟེར་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་དང༔ ཁྱད་པར་འཇམ་དཔལ་རྣོན་པོ་སོགས༔ ཉེ་བའི་སྲས་མཆོག་སྡུད་པ་པོའི༔ ཐུགས་དམ་བསྐུལ་ཞིང་གསོལ་བཏབ་པས༔ དེ་དག་རྣམ་འཕྲུལ་མཐའ་ཀླས་ཀྱིས༔ ཡོན་ཏན་བདུད་རྩིར་རོལ་པ་ཡི༔ ལྷ་ཚོགས་རྣམས་ལ་མཆོད་ཅིང་གསོལ༔ དངོས་གྲུབ་བསྐུལ་བའི་གྲོགས་མཛད་པས༔ མི་ཟད་རྒྱན་འཁོར་ཕྲིན་ལས་བཞིན༔ ཁྱད་པར་བཛྲ་ཨ་མྲྀ་ཏའི༔ ཡེ་ཤེས་ཟིལ་མངར་ཆར་ལྟར་བབ༔ བདག་ཐིམ་བྱིན་རླབས་ནུས་སྟོབས་འབར༔ ཧེ་རུ་ཀ་དང་དབྱེར་མེད་ཅིང༔ དངོས་གྲུབ་རྫས་ལ་བསྟིམ་པ་ཡིས༔ ཡིད་བཞིན་འདོད་འཇོའི་ཕུང་པོར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་བྱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱིཿཋ༔ ཤྲཱི་བཛྲ་བྷཱ་ར་ཧཱེ་ཀྲོ་དྷཱི་ཀཱ་ལི་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀྩིཏྟ་གུ་ཎ་ཀརྨ་ལོ་ཀ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ། དེ་ནས་སྲུང་མའི་གཏོར་འབུལ། བཤགས་སྐོང་ཚོགས་མཆོད་ཕྱིན་ཆད་སྔ་མ་རྣམས་ལྟར་བྱ། མཚན་ཐུན་གསུམ་པོ་ཕྱི་དྲོའི་ཐུན་ལྟར་བྱབ་དང༌། ཉུལ་ལེ་བསྐྲད་པ། བྱིན་འབེབས་ཚོགས་མཆོད་རྣམས་ཀྱང་སྔ་མ་ལྟར་རོ། །གྲོལ་བའི་ནངས་མོར་ལས་བྱང་བཟླས་པ་དང་བཅས་པ། སྨན་སྒྲུབ་ཀྱི་ཕྲིན་ལས་ཆ་ཚང་ཐུགས་དམ་བསྐུལ་པའི་བཟླས་པ་ཡན་གྲུབ་པ་དང༌། སྟོང་ཚིགས་ཀྱིས་མཆོད་ལ་གཟུངས་ཐག་བསྡུ། བསྙེན་རྒྱུན་སྔ་མ་བཞག །དངོས་གྲུབ་སྤྱིར་གསོལ་བའི་སྔགས་བཟླར་གཞུག་གོ །གཉིས་པ་ནི། ཐོག་མར་ལས་བྱང་ལྟར་བགེགས་བསྐྲད་ལ་བྱིན་དབབ། བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བས་སྒྲུབ་ཆེན་དང་སྦྲེལ་སྐབས་སྒྲུབ་ཁོག་ལྟར་དངོས་གྲུབ་ལེན་ཆོག་ཚང་བར་བྱས་ལ། སློབ་དཔོན་རྒྱལ་ཐེབས་སོགས་དཀྱིལ་འཁོར་མདུན་དུ་བཞེངས་ལ། ཨོཾ༔ འོག་མིན་གསང་བའི་པདྨོ་ཆེ༔ བདེ་ཆེན་དབྱིངས་ཀྱི་བྷ་ག་རུ༔ དེ་བཞིན་གཤེགས་ཀུན་སྐུ་གསུང་ཐུགས༔ སྙིང་པོ་བདུད་རྩིའི་དཀྱིལ་འཁོར་ཤར༔ རྡོ་རྗེ་དགྱེས་པས་རོལ་པ་ཡིས༔ ས་བཅུའི་རྒྱུན་མཐའི་བྱང་སེམས་ལ༔ ལྷག་པའི་དངོས་གྲུབ་སྩོལ་བ་ལྟར༔ དེང་འདིར་བདག་ལ་སྩལ་དུ་གསོལ༔ ཤྲཱི་བཛྲ་བྷཱ་ར་ཧཱེ་ཀྲོ་དྷཱི་ཀཱ་ལི་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་སརྦ་སིདྡྷི་ཨ་བེ་ཤ་ཡ་ཧཱུྃ་ཧཱུྃ༔ ཞེས་པའི་ཛཔ་དབྱངས་ལན་གསུམ་དང་དཀྱིལ་འཁོར་ལ་བསྐོར་བ་བྱས་ལ་གཞན་རྣམས་རང་གྲལ་དུ་བཞུགས། ཞི་རོལ་འོག་སྨན་གྱི་ཕོ་བྲང་གདན་དྲངས་ལ་མཉྫིའི་སྟེང་བཞག་གོ །གསུམ་པ་ནི། སློབ་དཔོན་དཀྱིལ་འཁོར་མདུན་ཁྲིའུར་འཁོད་པས། ལག་གཡོན་མཐེབ་སྲིན་རྩེ་སྤྲད། ལྷག་མ་བརྐྱང་བ་རྩེ་གསུམ་ཕྱག་རྒྱའི་སྨན་གྱི་ཕོ་བྲང་སྟེང་དུ་རེག་ལ། ཤྲཱི་བཛྲ་བྷཱ་ར་ཧཱེ་ཀྲོ་དྷཱི་ཀཱ་ལི་ཨ་ཧོ་མ་ཧཱ་སུ་ཁ་དྷརྨ་ཀཱ་ཡ་་ཨ་མྲྀ་ཏ་སིདྡྷི་ཧཱུྃ་ཧྲཱིཿཋ༔ ཞེས་ཛཔ་དབྱངས་བཅས་མདུན་ནམ་ཉེར་གཅིག་ཙམ་བཟླས་ལ། ལྟ་བའི་གདིང་དང་གདུང་བའི་ཤུགས་བསྐྱེད་ལ། ཧཱུྃ༔ རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་ལྷ༔ མཁའ་འགྲོ་རྒྱ་མཚོ་འཁོར་བཅས་ཀྱི༔ བདེ་ཆེན་སྐུ་ཡི་དངོས་གྲུབ་སྩོལ༔ འཇའ་ཚོན་ལྟ་བུའི་ལུས་ཐོབ་མཛོད༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ གཡུང་དྲུང་ལྟ་བུའི་གསུང་ཐོབ་མཛོད༔ ཡེ་ཤེས་ཐུགས་ཀྱི་དངོས་གྲུབ་སྩོལ༔ འོད་གསལ་དགོངས་པ་མངོན་གྱུར་མཛོད༔ ཐུན་མོང་ལས་ཀྱི་དངོས་གྲུབ་སྩོལ༔ ཚར་གཅོད་རྗེས་འཛིན་ཐོགས་མེད་མཛོད༔ ཁྱད་པར་རྫས་ཀྱི་དངོས་གྲུབ་སྩོལ༔ མཁའ་སྤྱོད་ལ་སོགས་གྲུབ་པར་མཛོད༔ མཆོག་ཏུ་དབང་བཅུའི་དངོས་གྲུབ་སྩོལ༔ བདེ་ཆེན་ལོངས་སྤྱོད་རྒྱས་པར་མཛོད༔ མ་གཡེལ་རྡོ་རྗེ་བདུད་རྩི་ལྷ༔ དེང་འདིར་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཤྲཱི་བཛྲ་བྷཱ་ར་ཧཱི་མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་ཨཱ་ཡུ་ཥེ་སརྦ་སིདྡྷིཨཱ༔ ཙིཏྟ་ཛྙཱན་སརྦ་སིདྡྷི་ཧཱུྃ༔ ཛྙཱ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་དངོས་གྲུབ་སྤྱིར་གསོལ་ནས་དབང་བླང་བ་ནི། མེ་ཏོག་ཐོགས་ལ། ཨོཾ༔ ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ དེ་ཉིད་དུ་ནི་མཉམ་སྦྱོར་བའི༔ ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག༔ ཨོཾ་བཛྲ་ཨ་མྲྀ་ཏ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་མ་ཧཱ་སུ་ཁ་ས་མ་ཡ་ཧཱུྃ་ཧོཿསྟྭྃ༔ ཞེས་མེ་ཏོག་དོར། དེ་ལྟར་གསོལ་བཏབ་དཀྱིལ་འཁོར་གྱི༔ གཙོ་མོ་རབ་ཏུ་དགྱེས་པ་ཡིས༔ སྡུད་པོ་འཇམ་དཔལ་རྣོན་པོར་གཏད༔ དེ་ཡི་རིགས་ཀྱི་གཟུངས་མར་བརྒྱུད༔ རང་གི་དཀྱིལ་འཁོར་གསལ་བར་གྱུར༔ ཅེས་མོས་ལ་རྡོ་རྗེའི་གཟུངས་མས་སྨན་གྱི་ཕོ་བྲང་དལ་གྱིས་ཁྱོགས་ལ། དབྱངས་སྙན་པོས་སློབ་དཔོན་གྱི་མདུན་དུ་འཁོད་ལ། ཨེ་མ་ཐབས་མཆོག་རྨད་དུ་བྱུང༔ བདུད་རྩི་རོལ་པའི་དཀྱིལ་འཁོར་དང༔ རང་བཞིན་དཀྱིལ་འཁོར་དབྱེར་མེད་པའི༔ རྡོ་རྗེའི་དམ་ཚིག་དང་དུ་བཞེས༔ བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ ཞེས་པས་ཕུལ་བ་སློབ་དཔོན་གྱིས་ཕྱག་གིས་བླང་ལ་དབུ་གཙུག་ཏུ་བཀོད་དེ། ཨོཾ༔ བདུད་རྩིའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ རང་བཞིན་དཀྱིལ་འཁོར་མི་ཟད་རྒྱན་འཁོར་ལྔ༔ དབྱེར་མེད་གདོད་ནས་མཉམ་པ་ཆེན་པོའི་ངང༔ ཁྱབ་བདག་ཐིག་ལེ་གཅིག་ཏུ་དབང་བསྐུར་རྫོགས༔ ཤྲཱི་བཛྲ་བྷཱ་ར་ཧཱི་ཀྲོ་དྷཱི་ཀཱ་ལི་མ་ཧཱ་སུ་ཁ་ཨ་མྲྀ་ཏ་དྷཱ་ཀི་ནཱི་མཎྜལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ས་མ་ཡ་སྟྭྃ་ཛཿཧཱུྃ་བྃ་ཧོཿ སྤྲུལ་པ་བདུད་རྩིའི་དཀྱིལ་འཁོར་པ༔ བདག་ཉིད་རང་བཞིན་དཀྱིལ་འཁོར་ལ༔ དབྱེར་མེད་ཆུ་ལ་ཆུ་བཞག་ཚུལ༔ ཐིམ་ཞིང་ཡེ་ཤེས་ལྷག་པར་འཕེལ༔ དམ་ཚིག་འོད་ཞུ་བདུད་རྩིར་ཐིམ༔ བྱིན་རླབས་གཟི་བརྗིད་ཕུང་པོར་འབར༔ ཤྲཱི་བཛྲ་བྷཱ་ར་ཧཱི་ཀྲོ་དྷཱི་ཀཱ་ལི་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་མཎྜལ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབང་བླངས་ལ་སྟེགས་བུར་བཀོད། གཉིས་པ་གཞན་ལ་དབང་བསྐུར་བ་ནི། དགོས་པའི་སྐབས་དང་འབྲེལ་ན། མཆོག་གི་ལས་ཚོགས་བདུད་རྩིའི་དབང་བསྐུར་ཉིད་གཞུང་ལྟར་མཐར་ཆགས་སུ་བསྐུར་བར་བྱའོ། །གསུམ་པ་རྒྱ་དགྲོལ་ཞིང་ལོངས་སྤྱོད་པ་ནི། མཆོད་པ་གསར་དུ་བཤམས་པ་ཕུལ་ལ། ཨོཾ་ཨཱཿཧཱུྃ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ མཁའ་ལ་སྤྲིན་ལྟར་གཏིབས་སྤུངས་པས༔ དཀྱིལ་འཁོར་ཀུན་ཏུ་ཆར་བཞིན་བབ༔ ཡེ་ཤེས་གཟི་བྱིན་བསྐྱེད་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཱུ་ཛ་ས་མ་ཡ་ཧོཿ ཨེ་མ་ཧོ་དགྱེས་མཛད་དབྱིངས་ཀྱི་ཡུམ༔ གསང་ཆེན་ཐིག་ལེ་གཅིག་ཏུ་རྫོགས༔ མ་རིག་མུན་སེལ་ཡེ་ཤེས་སྒྲོན༔ བདེ་བ་ཆེ་ལ་ཕྱག་འཚལ་བསྟོད༔ རང་བྱུང་བདུད་རྩི་བླ་མེད་ཆེ༔ སངས་རྒྱས་ཀུན་གྱི་གསང་ཆེན་མཆོག༔ ཀུན་ཀྱང་གྲོལ་བའི་དཔལ་ལ་སྦྱོར༔ གཉིས་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་ཅིང་བསྟོད། སླར་ཡང་ལས་ཀྱི་སེམས་དཔའི་ཐུགས་བརྒྱུད་བསྐུལ་བའི་དོན་དུ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ མ་ཧཱ་གུ་ཧྱ་མཉྫུ་ཤྲཱི་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ལ། མཁའ་ཁྱབ་བདེ་གཤེགས་ཞི་ཁྲོ་ཡིས༔ སྡུད་པོ་འཇམ་དཔལ་རྣོན་པོ་ལ༔ གནང་བ་སྩལ་ཏེ་གཏད་པ་ཉིད༔ རང་ལ་དངོས་སུ་བསྩལ་བར་གྱུར༔ ཞེས་མོས་ལ་སྨན་གྱི་ཕོ་བྲང་གཟུངས་མས་བཏེགས་ལ་སློབ་དཔོན་ལ་ཕུལ། དེས་ཀྱང་ཕྱག་ཏུ་བླང་སྟེ། ཧཱུྃ༔ རང་བྱུང་ཕོ་བྲང་སྟོང་ཉིད་ཡུམ་གྱི་མཁར༔ ཐམས་ཅད་རྟག་བཞུགས་བདེ་ཆེན་བདུད་རྩིའི་བཅུད༔ གཉིས་མེད་ཟུང་འཇུག་ཡེ་ཤེས་རོལ་པའི་ཕྱིར༔ དཔལ་གྱི་ཐ་རམ་བདུད་རྩིའི་མདུད་པ་དགྲོལ༔ བཛྲ་ཨ་མྲྀ་ཏ་གུ་ཧྱ་མུ་དྲ་ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་ལ་སྨན་གྱི་རྒྱ་རྣམས་བཀྲོལ། ཞལ་ཕྱེ་མ་ཐག །ཡེ་ཤེས་བདུད་རྩིའི་དྭངས་མ་ནི༔ དཀར་དམར་མཐིང་ཁའི་མདངས་འོད་རྒྱུན༔ བདག་གི་གནས་གསུམ་ཐིག་ལེར་ཐིམ༔ རྡོ་རྗེ་མི་ཕྱེད་གསུམ་འགྲུབ་བསམ༔ ཨེ་མ་ཧོ༔ རང་བྱུང་ཡེ་ཤེས་ཕག་མོའི་སྐུ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་པ༔ མཁའ་འགྲོ་རྒྱ་མཚོའི་ཀློང་དུ་རྫོགས༔ ཨེ་མ་ཧོ་རྡོ་རྗེ་ཆེ་མཆོག་གི༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ མཁའ་མཉམ་དགྱེས་པར་རོལ་པ་ཡི༔ ཡེ་ཤེས་མཆོག་གི་བདུད་རྩི་འདིས༔ སྣོད་བཅུད་གདོད་ནས་བདུད་རྩི་ལྔ༔ བྱང་ཆུབ་སེམས་སུ་དག་མཉམ་ཤོག༔ དྲན་དང་རེག་དང་མྱངས་བས་ཀྱང༔ སྣོད་བཅུད་རྡོ་རྗེ་ཕག་མོ་ཡི༔ དཀྱིལ་འཁོར་ཆེན་པོར་བྱང་ཆུབ་ནས༔ རྡོ་རྗེའི་གར་གྱིས་དགྱེས་རོལ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་བྷཱར་ཧཱི་ཀྲོ་དྷཱི་ཀ་ལི་ཤྲི་ཛྙཱ་ན་དྷཱ་ཀི་ནཱི་མཎྜལ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་ར་ས་ཡ་ན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོནཧྃ༔ ཞེས་བརྗོད་ཅིང་ལྷ་རྣམས་ཀྱི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པའི་ང་རྒྱལ་བརྟན་པོ་བཟུང༌། དེ་ནས་སྨན་ཕུད་སློབ་དཔོན་ཐམས་ཅད་ཀྱི་ནང་མཆོད་དུ་བཏབ་ལ། གཡོན་པའི་མཐེབ་སྲིད་ཀྱིས་འཐོར་བཞིན་དུ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་རྩ་གསུམ་སྤྱིའི་སྨན་མཆོད་ལྟར་འབུལ་ཞིང༌། དངོས་གྲུབ་ཀྱང་བླངས་ཏེ་དབང་པོའི་སྒོ་དང་ཡན་ལག་ཀུན་ལ་ཐིག་ལེ་བྱས་ལ། ཨོཾ༔ བདུད་རྩི་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བདག་ཅག་རྡོ་རྗེ་རྣལ་འབྱོར་འཁོར་བཅས་ཀྱི༔ མཆོག་གི་དམ་རྫས་ཚུལ་བཞིན་བསྒྲུབས་པའི་མཐུས༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པར་ཤོག༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ གསང་ཆེན་སྔགས་ཀྱི་རིགས་སུ་སྐྱེ་བ་དང༔ བླ་མ་ལྷ་དང་སྐད་ཅིག་མི་འབྲལ་བས༔ མཆོག་ཐུན་དངོས་གྲུབ་མྱུར་དུ་འགྲུབ་པར་ཤོག༔ སྐུ་ཡི་ཕྱག་རྒྱས་སྣང་བ་ལྷ་སྐུར་ཤར༔ གསུང་གི་ཕྱག་རྒྱས་རླུང་སེམས་དབང་དུ་འདུས༔ ཐུགས་ཀྱི་ཕྱག་རྒྱས་བདེ་ཆེན་ཏིང་འཛིན་བརྟན༔ ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག༔ ཅེས་སྨོན་ལམ་དང་ཤིས་བརྗོད་ཀྱང་བྱའོ། །རྒྱས་པའི་སྦྱིན་སྲེག་གྲུབ་ན་སྐབས་འདིར་བྱའོ། །བཞི་པ་ཕྲིན་ལས་ཀྱི་མཇུག་བསྡུ་བ་ནི། བཀའ་སྲུང་སྤྱི་དང་བྱེ་བྲག་གི་གསོལ་བསྐང་དང༌། ཕྱི་རོལ་དུ་ཆ་གསུམ་གྱི་ཆོ་ག །ཕྱག་བཤགས་བསྐོང་བ། ཚོགས་མཆོད་རྒྱས་པར་ཕུལ་ལ་ཞལ་བསྟབ་སྐབས་ཉུལ་ལེའི་ལིངྒ་མེར་བསྲེགས་པའི་ཐལ་བ་ཧོམ་དུ་བཞག །མཆོད་པའི་རས་མ་དང་སྔར་བཙོན་འཛིན་གྱི་ལྷག་མ་ཕྱི་རོལ་བྱང་ཤར་དུ་གོམས་པ་བདུན་ཅུའི་སར་བསྐྱལ། ཆོས་སྐྱོང་གི་གཏོར་མ་འབུལ་སྐབས་རྒྱུན་བཞག་རྣམས་ཀྱང་རིམ་གྱིས་འབུལ་ཞིང་ཕྲིན་ལས་ཀྱི་བསྐུལ་བ་ཆད་བརྟན་གྲུབ་ནས་སྒོ་དྲུང་དོང་གྲུ་གསུམ་དུ་ཉུ་ལིང་བསྲེགས་ཐལ་བླུགས་ཤིང་གཏོར་གཞོང་སྦུབ་པར་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་ལ་རྟ་དྲོ་བྲོ་བརྡུང༌། གཏང་རག་གི་མཆོད་བསྟོད་རྒྱས་པར་ཕུལ། བཟོད་གསོལ། ཡེ་ཤེས་པ་རས་བྲིས་ཡིན་ན་བརྟན་བཞུགས་དང༌། རྡུལ་ཚོན་གྱི་སྐབས་གཤེགས་གསོལ་བདག་བསྐྱེད་བསྡུ་ལྡང༌། ཕྱི་རོལ་གྱི་ཐོ་བསྡུ། ནང་དུ་ཕུར་བུ་དབྱུང་བཀྲུ། དཀྱིལ་འཁོར་བསྡུ་ཞིང་མར་མེའི་སྨོན་ལམ་ཤིས་བརྗོད་བཅས་སྒྲུབ་ཁོག་ལྟར་མཐའ་རྒྱས་སུ་བྱས་པས་དགེ་ལེགས་རྒྱ་ཆེར་སྤེལ་ལོ། །ལྔ་པ་ལས་སྦྱོར་མཐའ་རྒྱས་སུ་བྱ་བ་ལ་གསུམ། གྲོལ་བ་ལྔའི་ལས་སྦྱོར། རྒྱུན་དུ་བསྟེན་ཚུལ། དེ་དག་གི་ཕན་ཡོན་བརྗོད་པའོ། །དང་པོ་ནི། སྤྱིར་ལས་སྦྱོར་འདི་དག་བརྩམས་པ་ལ་གཞན་ཕན་བྱང་ཆུབ་ཀྱི་སེམས་སྙིང་ནས་བསྐྱེད། རྒྱས་པར་སྤྲོ་ན་ཕྲིན་ལས་ཀྱི་གཞུང་བསྲང༌། ཚོགས་མཆོད་འབུལ། ཕྲིན་ལས་ཀྱི་རྗེས་ཆོག་དང་འབྲེལ་བར་ལས་སྦྱོར་སོ་སོར་བྱ་ཞིང༌། སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བརྗོད་ལ་མེ་ཏོག་འཐོར། ནད་གདོན་སྣང་སྲིད་ཐམས་ཅད་ཡུམ་ལྔའི་མཁའ་ཀློང་ལས་མ་འདས་པས་དེའི་རང་བཞིན་ཤེས་པའི་ཡིད་ཀྱིས་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱའི་བཅུད་ལེན་བདུད་རྩི་འབྱུང་ལྔའི་ཀློང་དུ་རྒྱས་བཏབ་སྟེ་ལས་སྦྱོར་བརྩམས་ན་ཕན་ཡོན་ལྷག་པར་ཆེ་བའི་ཕྱིར་ལས་འདི་དག་བརྩམས་ན་དོན་ཆེན་པོ་དང་ལྡན་པར་ངེས་ཤིང༌། བསྡུ་ན་སེམས་བསྐྱེད་སྔོན་དུ་འགྲོ་བས་སྐད་ཅིག་དྲན་རྫོགས་སུ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་གསལ་བཏབ་ལ་བཟླས་པ་ཅི་རིགས་བྱས་ཏེ་སོ་སོའི་ལས་སྦྱོར་ལ་འཇུག་དགོས་པ་ཤེས་པར་བྱས་ནས། དང་པོ་མཐོང་གྲོལ་གྱི་ལས་སྦྱོར། གཏེར་བུམ་རིན་ཆེན་འབྲུ་སྨན་གྱིས་བཀང་བའི་སྙིང་པོར་བདུད་རྩི་དར་གྱི་བཏུམ་པ་བཅུག་ལ་རྒྱས་བཏབ། གཙུག་ལག་ཁང་གི་རྒྱབ་རི་སོགས་དཔལ་ཅན་གྱི་རི་བོའི་སྒང་ལ་སྦས་ཏེ། ཨོཾ༔ བཀྲ་ཤིས་མི་འགྱུར་བརྟན་པའི་དངོས༔ སངས་རྒྱས་སྤྱན་མའི་མཁའ་དབྱིངས་སུ༔ བདེ་ཆེན་བདུད་རྩིའི་གཏེར་སྦས་པས༔ དངོས་གྲུབ་ཡེ་ཤེས་རྒྱས་གྱུར་ཅིག༔ ཨོཾ་བུདྡྷ་ལོ་ཙ་ནི་དྷཱ་ཏུ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སིདྡྷི་ཏིཥྛནྟུ༔ ཞེས་ལན་གསུམ་བརྗོད་དེ་སྣང་སྲིད་ཀྱིས་སྲ་བའི་དབྱིངས་དང་བདུད་རྩི་བདེ་བ་ཆེན་པོ་བདེ་གཤེགས་མཁའ་འགྲོ་རྡོ་རྗེ་ཁྲོས་མ་ནག་མོའི་བཅུད་དབྱེར་མེད་དུ་འདྲེས་བས་ཕྱི་ནང་གི་འབྱུང་བ་ས་ཡི་རྒུད་པ་ཐམས་ཅད་ཞི་ཞིང༌། ས་ཡི་དྭངས་བཅུད་དང་ཡོན་ཏན་རྒྱས་པས་བརྟན་གཡོའི་དཔལ་བསྐྱེད། ས་ཡུམ་ཆེན་སྤྱན་མའི་ཆོས་དབྱིངས་ཡེ་ཤེས་སུ་དག་པས་བདུད་རྩིའི་གཏེར་སྦས་པས་རི་ཡིས་མཚོན་པ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡི་དཀྱིལ་འཁོར་ཤར་བས་མཐོང་ཚད་བདེ་བ་ཆེན་པོ་སྲ་བའི་དབྱིངས་མཁའ་འགྲོའི་ངོ་བོར་གྲོལ་བར་བསམ་ལ། ཨོཾ༔ བདུད་རྩི་གསང་བ་མཆོག་གི་སོགས་གོང་གི་སྨོན་ལམ་དང༌། ཤིས་བརྗོད་འབྲེལ་ཆགས་རྒྱས་པར་བྱའོ། །ཐོས་གྲོལ་ནི། བདུད་རྩིའི་ཕུར་མ་དྲི་བཟང་གི་ཝཾ་དང་སྦྱར་བ་དུང་དང༌། གཎྜི། སིལ་སྙན་གྱིས་མཚོན་པའི་རོལ་མོའི་རིགས་བྱེད་ལ་བྱུགས་ཤིང་དར་གྱི་ཐུམ་བུའང་གདགས་པ་གཙུག་ལག་ཁང་གི་སྟེང་སོགས་ནས་འབུད་བརྡུང་དཀྲོལ་བ་དང་ཆབས་ཅིག ཨོཾ༔ བཀྲ་ཤིས་ཆོས་ཀྱི་སྒྲ་ཆེན་ལྡན༔ རྡོ་རྗེ་སྙེམས་མའི་ཡེ་ཤེས་དང༔ བདེ་ཆེན་བདུད་རྩི་མཉམ་སྦྱོར་བས༔ སངས་རྒྱས་གསུང་དང་དབྱེར་མེད་ཤོག༔ ཨོཾ་ཧཱུྃ་སཏྭ་བཛྲཱི་ཎི་ཤབྡ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་ལན་གསུམ་དང༌། བསྔོ་སྨོན་ཤིས་བརྗོད་བྱ། བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་རྣམ་པ་ཐམས་ཅད་པའི་རང་སྒྲ་ཁྱབ་བདག་སྙེམས་མའི་ངོ་བོ་རྒྱལ་ཀུན་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ་ཤར་བས། ཐོས་ཚད་བདེ་བ་ཆེན་པོ་དབྱིངས་རིག་དབྱེར་མེད་ཧེ་རུ་ཀའི་རིགས་ཀྱི་དྷཱ་ཀི་ནཱི་ངོ་བོར་གྲོལ་བར་བསམ་མོ། །རླུང་གི་ལས་སྦྱོར་ཚོར་གྲོལ་ནི། བདུད་རྩིའི་ཟས་མཆོག་དང་སྦྱར་ལ་རྒྱས་པའི་སྦྱིན་སྲེག་ཏུ་ཕུལ་པའི་ཐལ་བ་ཡུལ་གྲུ་ཁྱབ་པའི་རླུང་ལ་བསྐུར་ཞིང༌། བཟང་ཤིང་སྣ་ཚོགས་བསྲེགས་པའི་ནང་དུ་བདུད་རྩི་བཏབ་ལ་དྲི་བསུང་གིས་ཁྱབ་པར་བྱས་ཏེ། ཨོཾ༔ བཀྲ་ཤིས་ཟག་མེད་ཡེ་ཤེས་དྲི༔ དམ་ཚིག་སྒྲོལ་མའི་ཤུགས་འཆང་བ༔ བདེ་ཆེན་རྡོ་རྗེ་བདུད་རྩི་ཡི༔ ཡེ་ཤེས་འབེབས་པ་ཉིད་གྱུར་ཅིག༔ ཨོཾ་ཏཱཾ་ཏཱ་ར་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཛྙཱན་ཨ་བེ་ཤ་ཡ་ཧཱུྃ་ཧཱུྃ༔ ཞེས་ལན་གསུམ་དང༌། བསྔོ་སྨོན་ཤིས་བརྗོད་བྱ། ཕྱི་ནང་གི་འབྱུང་བ་རླུང་གི་ཁམས་ཐམས་ཅད་དམ་ཚིག་སྒྲོལ་མའི་ངོ་བོར་རྒྱལ་ཀུན་ཕྲིན་ལས་ཀྱི་དཀྱིལ་འཁོར་གཡོ་བའི་དབྱིངས་ལས་ཀྱི་མཁའ་འགྲོ་སྣ་ཚོགས་མཐར་ཕྱིན་གྱི་ངོ་བོར་བརྟན་གཡོ་ཐམས་ཅད་གྲོལ་བར་བསམ། མྱོང་གྲོལ་ནི། རང་ཉིད་རྡོ་རྗེ་ཕག་མོའི་ལྗགས༔ པདྨ་དམར་པོ་འདབ་བརྒྱད་པའི༔ ཟེའུ་འབྲུར་ཨ་ཡིག་དམར་པོས་མཚན༔ མཐེ་བོང་པདྨ་གར་དབང་དང༔ སྲིན་ལག་གོས་དཀར་ཡུམ་དུ་གསལ༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ལྗགས་ཀྱི་ཨཱ་ལ་ཐིམ་པ་ཡིས༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ ཡེ་ཤེས་ཆུ་རྒྱུན་རབ་ཏུ་འཕེལ༔ མགྲིན་པ་ནས་བརྒྱུད་ལུས་ཀུན་གང༔ ནད་གདོན་སྡིག་སྒྲིབ་རྣམ་རྟོག་སྦྱངས༔ བདེ་ཆེན་ཡེ་ཤེས་མཆོག་ཏུ་རྒྱས༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཨོཾ༔ བཀྲ་ཤིས་འཆི་མེད་བདུད་རྩིའི་བཅུད༔ གོས་དཀར་ཡུམ་གྱི་པདྨ་ལས༔ རྡོ་རྗེ་ལྗགས་ཀྱིས་རབ་མྱངས་བས༔ དངོས་གྲུབ་རྣམ་གཉིས་བརྟན་པར་ཤོག༔ ཨོཾ་པྃ་པཎྜ་ར་རཱ་ས་ནི་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧོཿ ཞེས་དང༌། བདུད་རྩིའི་ཕུད་ཆང་སོགས་དང་སྦྱར་ཏེ་སྐྱེ་བོ་མང་པོའི་ཚོགས་ལའང་སྦྱིན་ཞིང་སྨོན་ལམ་དང་ཤིས་བརྗོད་རྒྱས་པར་བྱས་ནས། བདུད་རྩི་མགྲིན་པའི་དྭངས་མ་ནས་བརྒྱུད་ལུས་གནས་ཐམས་ཅད་དུ་ཁྱབ་པས་ཕྱི་དྲོ་བའི་དབྱིངས་དང་འདྲེས་པས་གོས་དཀར་མོའི་ངོ་བོ་རྒྱལ་ཀུན་གསུང་གི་དཀྱིལ་འཁོར་དྲོ་བའི་དབྱིངས་པདྨ་མཁའ་འགྲོ་དམར་མོ་སྒྲ་སྒྲོགས་ཀྱི་ངོ་བོར་གྲོལ་བར་བསམ་མོ། །རེག་གྲོལ་ནི། བདུད་རྩིའི་ཕྱེ་མ་ག་བུར་ལ་སོགས་པས་བཟང་པོའི་དྲི་དང་སྦྱར་བ་ལུས་ལ་བྱུགས་ཤིང༌། རིན་པོ་ཆེའི་ཟེའུ་འབྲུ་མགུལ་དུ་རྟག་པར་བཅང༌། མཚན་ཉིད་དང་ལྡན་པའི་ཕྱག་རྒྱའི་རིགས་ཀྱི་མགུལ་དུའང་བཏགས་ཏེ། ཨོཾ༔ བཀྲ་ཤིས་ཡིད་བཞིན་རིན་ཆེན་བཅུད༔ རེག་བྱ་མཱ་མ་ཀི་དང་སྦྱར༔ གང་གིས་འཆང་དང་རེག་པ་ཀུན༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བྃ་མཱ་མ་ཀི་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སིདྡྷི་ཏིཥྛནྟུ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་ལན་གསུམ་དང༌། སྨོན་ལམ་ཤིས་བརྗོད་བྱས་པས་རང་ཉིད་ཚེ་འཕེལ་ཞིང༌། ནད་གདོན་ཞིབ་དང་བསམ་པ་འགྲུབ། བདེ་ཆེན་གྱི་ཡེ་ཤེས་འཕེལ། གཞན་ལ་རེག་པས་ཀྱང་གྲོལ་བར་གསུངས་སོ། །ཆུ་བོའི་དབྱིངས་ཁྱབ་ཀྱི་ལས་སྦྱོར་ནི། བདུད་རྩི་སྨན་དང་སྦྱར་བ་རིན་པོ་ཆེའི་བུམ་པར་བླུག །རྒྱ་མཚོར་འབབ་པའི་ཆུ་བོའམ། མཚོ་དང་ཆུ་མིག་སྐམ་པར་མི་འགྱུར་བ་རྒྱུན་དུ་གནས་པའི་ཆུ་འགྲམ་དུ་རྡུལ་ཚོན་དཀར་པོའི་མཎྜལ་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ཚོམ་བུ་ལ་སྔར་གྱི་བུམ་པ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་བཅས་པས་བསྐོར་བ་སྟེགས་མཐོ་བར་བཞུགས་སུ་གསོལ། མཆོད་པ་རྣམས་བསངས་སྦྱངས། ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུའི༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཞེས་པས་བྱིན་གྱིས་བརླབས། སླར་ཡང་རྟེན་བསངས་སྦྱངས། སྟོང་པའི་ངང་ལས་ཝྃ་ཡིག་ལས༔ ཡོངས་གྱུར་རྒྱ་མཚོ་རིན་ཆེན་དང༔ མེ་ཏོག་མཛེས་པས་གང་བའི་དབུས༔ བྃ་ཡིག་ཡོངས་སུ་གྱུར་པ་ལས༔ རིན་ཆེན་བདུད་རྩི་མཱ་མ་ཀི༔ དམར་སེར་ཉི་མ་འཆར་ཁའི་འོད༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ རྗེས་ཆགས་བཞད་པའི་ཉམས་དང་ལྡན༔ ཕྱག་གཡས་ནོར་བུའི་ལྕགས་ཀྱུ་ཡིས༔ འཁོར་འདས་ཀུན་གྱི་དྭངས་བཅུད་འགུགས༔ གཡོན་པས་རིན་ཆེན་ཀ་པཱ་ལ༔ བདེ་ཆེན་དངོས་གྲུབ་རྒྱ་མཚོར་བསྐྱིལ༔ དར་དང་རིན་ཆེན་རུས་པ་དང༔ མེ་ཏོག་དམར་པོའི་རྒྱན་གྱིས་སྒེག༔ ཞབས་ཟུང་པད་ཉི་བྃ་རོའི་སྟེང༔ བདུད་རྩི་རྒྱ་མཚོའི་ཀློང་ན་བཞུགས༔ ཐུགས་ཀར་པདྨ་ཉི་མའི་དབུས༔ བརྟན་གཡོ་སྲིད་ཞི་ཀུན་གྱི་སྲོག༔ བྃ་ཡིག་དམར་སེར་སྔགས་ཀྱིས་བསྐོར༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མ་ཛཿས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷ་ཡི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེང་ཀ་དང་ལྡན་པ། སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོད་པར་གྱུར། ཨོཾ་བྃ་རཏྣ་མཱ་མ་ཀི་ཨཥྚ་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཧཱུྃ༔ གང་ཞིག་དྲན་པ་ཙམ་གྱིས་ཀྱང༔ འཇིག་རྟེན་གསུམ་པོ་གཡོ་བར་མཛད༔ དག་པའི་བདུད་རྩིའི་མཆོག་ཆེན་སྩོལ༔ དོན་ཀུན་གྲུབ་ལ་ཕྱག་འཚལ་བསྟོད༔ གདེང་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས༔ ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང༔ བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ༔ ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ལག་གཡོན་གདེང་ཀའི་ཚུལ་དང༌། གཡས་མཆོག་སྦྱིན་གྱི་རྒྱས། ཨོཾ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྤྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང༌། །ཚི་ལི་ཆེན་པོ་རྣམ་དག་གོ །ཨོཾ་བྷཀྵ་བྷཀྵ་ཨ་གཙྪ་ཨ་གཙྪ་མ་ཧཱ་ནཱ་ག་ཨདྷི་པ་ཏི་སརྦ་བྷུརྦྷུ་ཝ་ཕྲུཾ་ཕྲུཾ་སྭཱ་ཧཱ༔ ཞེས་པ་གསུམ་གྱིས་གཏོར་མ་ཕུལ་ནས། ཨོཾ༔ ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་རྣམས༔ རྡོ་རྗེའི་དམ་ཚིག་དང་དུ་བླང༔ ཡེ་ཤེས་བདུད་རྩིའི་ཕྲིན་ལས་ཀྱིས༔ མཁའ་ཁྱབ་འགྲོ་དོན་ལྷུན་གྲུབ་མཛོད༔ ཨོཾ་སརྦ་ནཱ་ག་ཨ་དྷི་པ་ཏི་བཛྲ་ཨ་མྲྀ་ཏ་སརྦ་ཀརྨ་སིདྡྷི་ཀུ་རུ་ཧོཿ ཞེས་དང༌། ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་སྙིང་པོའི་ནོར་བུ་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང༌། འདི་ཡིས་ཁྱབ་པའི་རླན་གཤེར་གྱི་བཅུད་དང་སྲིད་པའི་ཆུ་ཡི་དབྱིངས་ཀུན་གཉིས་མེད་དུ་འདྲེས་པས་མྱོང་ཚད་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་རིགས་སུ་དབུགས་དབྱུང་བར་མཛད་དུ་གསོལ། །ཞེས་ཕྲིན་ལས་གསོལ་བ་ལྟར་དགྱེས་པས་དང་དུ་བླང་བར་བསམ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་ཤིས་བརྗོད་དང༌། ཡིག་བརྒྱ། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་བཟོད་བར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་མཐར། བཛྲ་མུ་ཞེས་པས་མཱ་མ་ཀི་རང་གི་ཐུགས་ཀར་བསྡུ། གཙྪ་གཙྪ་སྭ་བྷཱ་ཝ་ནྃ། ཨོཾ་ཨཱཿཧཱུྃམཱུྃ༔ ཞེས་རོལ་མོའི་སྒྲ་དང་བཅས་པས་ཀླུ་རྣམས་གཤེགས། ཛཿཧཱུྃ་བྃ་ཧོཿས་མཱ་མ་ཀི་རང་གི་ཐུགས་ཀར་བསྡུ། བུམ་པའི་བདུད་རྩི་ཆུར་གཤེགས་པས་ཀླུ་རྒྱལ་རྣམས་ཀྱིས་དགྱེས་ཤིང་མཆོད་པ་ཆེན་པོའི་བཀུར་བསྟི་དང་བཅས་ཏེ་རྒྱ་མཚོའི་འཇིང་དུ་སྤྱན་དྲངས་ནས་ཡིད་བཞིན་ནོར་བུའི་མཆོག་ཏུ་བདག་གིར་བཟུང་ཞིང་དེ་ལས་བྱུང་བའི་འོད་ཟེར་བདུད་རྩིས་འཇིག་རྟེན་ཁམས་ཀྱི་ཆུ་དང་རླན་ཐམས་ཅད་ལ་ཁྱབ་བས་མཱ་མ་ཀིའི་ངོ་བོར་རྒྱལ་ཀུན་ཐུགས་ཀྱི་དཀྱིལ་འཁོར་མཉེན་པའི་དབྱིངས་རྡོ་རྗེ་མཁའ་འགྲོ་ཞི་བྱེད་དཀར་མོའི་ངོ་བོར་འགྲོ་ཀུན་གྲོལ་བར་བསམ་ལ། ཨོཾ༔ རྡོ་རྗེ་བདུད་རྩིའི་བྱིན་རླབས་དང༔ རིན་ཆེན་མཱ་ཀིའི་བདེན་སྟོབས་ཀྱིས༔ སྲིད་པའི་རླན་གྱིས་ཁྱབ་ཚད་ཀུན༔ བདེ་ཆེན་ཡེ་ཤེས་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སརྦ་ཨརྠ་སིདྡྷི་སིདྡྷིསྭཱ་ཧཱ༔ ཞེས་ལན་གསུམ། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །གཉིས་པ་ཇི་ལྟར་བསྟེན་ཚུལ་ནི། བདུད་རྩི་ལྷར་གསལ་བ་བྃ་ནག་པོའི་རྣམ་པས་རང་གི་ཁ་སྒོ་ནས་ཞུགས། སྙིང་དབུས་མི་ཤིགས་པའི་ཐིག་ལེ་བྃཡིག་དང་དབྱེར་མེད་དུ་ཐིམ་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བར་བརྟན་ཅིང་བྱིན་རླབས་ཀྱི་གཟི་བྱིན་འབར་བས་མཐོང་ཚོར་མྱོང་རེག་ཐམས་ཅད་བདེ་ཆེན་དགྱེས་པ་རྡོ་རྗེ་བཙུན་མོའི་ཡེ་ཤེས་ལ་འགོད་པའི་སྐལ་པ་ཅན་དུ་གྱུར་པར་བསམ་ལ་དགོངས་པའི་གདིང་བཟུང་ངོ༌། །བརྟེན་པའི་དུས་ཀྱང་རྡོ་རྗེ་བདུད་རྩི་གསང་བ་ཆེན་པོ་མན་ངག་སྙིང་ཐིག་ལས། ཐུན་དྲུག་བཞིའམ་རེ་རེའམ༔ དཀར་ནག་ཕྱོགས་ཀྱི་ཚེས་གཅིག་ལ༔ སྔགས་པས་རབ་ཏུ་བསྟེན་བྱ་སྟེ༔ སངས་རྒྱས་དམ་ཚིག་མཆོག་ཏུ་གསུངས༔ ཞེས་དང༌། བདུད་རྩིའི་གཞུང་གཞན་ལས། ཁྱད་པར་ཉམས་ཆགས་བསྐང་བ་དང༔ རྟོགས་གྲོལ་ཡེ་ཤེས་རྒྱས་པའི་ཕྱིར༔ རབ་ཀྱི་ཐུན་རྣམས་ཐམས་ཅད་དང༔ འབྲིང་གིས་ཉིན་ཞག་ཕྲུགས་རེ་སྟེ༔ ཐ་མ་དུས་བཟང་ཐམས་ཅད་དུ༔ བདུད་རྩིའི་དམ་ཚིག་ཚུལ་བཞིན་བསྟེན༔ ཞེས་གསུངས་པ་ལྟར་རྣལ་འབྱོར་པས་དུས་རྟག་ཏུ་དང༌། སྐྱེ་བོ་མང་པོའི་ཚོགས་ལ་ཡར་མར་གྱི་ཚེས་བཅུ་སོགས་ཁྱད་པར་ཅན་གྱི་དུས་སུ་བསྟེན་པར་གསུངས་སོ། །གསུམ་པ་དེ་དག་གི་ཕན་ཡོན་བརྗོད་པ་ནི། མཁའ་འགྲོའི་རྒྱུད་ལས། བཅོམ་ལྡན་རྡོ་རྗེ་བཙུན་མོ་ཡིས༔ གྲོལ་བའི་ཕྲིན་ལས་ཤུགས་ཕྱུང་བ༔ བདུད་རྩི་མཆོག་འདི་འབྲེལ་ཚད་ཀུན༔ གནས་སྐབས་ཚེ་སྲིང་ཉམས་ཆགས་སྐོང༔ ཡིད་འཕྲོག་དབང་གྱུར་ནད་གདོན་ཞི༔ གཏུམ་ཆེན་དྲག་པོའང་ལྷན་ནེ་འགྱུར༔ མཐར་ཐུག་མཐོང་ཚོར་མྱོང་དང་རེག༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ༔ དཔའ་བོ་མཁའ་འགྲོའི་འདུ་བ་ཐོབ༔ བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔ ཚེ་གཅིག་རྣམ་གྲོལ་ཆེ་ལ་སྦྱོར༔ ཞེས་དང༌། བདུད་རྩིའི་རྒྱུད་ལས། རྡོ་རྗེ་ནཱ་རའི་བཟའ་བ་ཡིས༔ ལུས་སེམས་སྡོམ་ལྡན་ཞེ་སྡང་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ རྡོ་རྗེ་གསུམ་མཆོག་མངོན་དུ་བྱེད༔ རྡོ་རྗེ་ག་བིའི་བཟའ་བ་ཡིས༔ ལུས་སེམས་བརྟན་ཅིང་ང་རྒྱལ་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ རྟག་པ་དམ་པའི་མཆོག་ཐོབ་འགྱུར༔ རྡོ་རྗེ་ལྷོ་རའི་བཟའ་བ་ཡིས༔ བློ་གསལ་ཡིད་གཞུང་འདོད་ཆགས་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ ཀུན་མཁྱེན་ཉིད་ཀྱང་ཐོབ་པར་འགྱུར༔ རྡོ་རྗེ་ཤྭ་ནའི་བཟའ་བ་ཡིས༔ བྱིང་རྨུགས་ཞི་ཞིང་གཏི་མུག་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ རིག་པ་འཛིན་པའི་གཟུགས་སུ་འགྱུར༔ རྡོ་རྗེ་ཧསྟིའི་བཟའ་བ་ཡིས༔ ཀུན་གྱི་ཡིད་འཕྲོག་ཁ་དོག་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ སྟོབས་བཅུ་དག་ཀྱང་ཐོབ་པར་འགྱུར༔ བདུད་རྩིའི་མུ་ཏྲའི་དམ་ཚིག་གིས༔ ནད་ཀུན་སེལ་ཞིང་དབྱངས་སྙན་བྱེད༔ འགོ་བའི་ནད་དང་རིམས་རྣམས་སྲུངས༔ མི་བསྐྱོད་རྡོ་རྗེའི་ཡེ་ཤེས་ཐོབ༔ བདུད་རྩི་བིཀྵའི་དམ་ཚིག་གིས༔ མདོག་བཟང་གཟི་བརྗིད་ཆེན་པོར་བྱེད༔ སྦྱར་དང་གྱུར་པའི་དུག་ཀུན་འཇོམས༔ རྡོ་རྗེ་རྟག་པའི་ཚེ་ཐོབ་འགྱུར༔ བདུད་རྩི་པུ་ཀྲའི་དམ་ཚིག་གིས༔ གཟུངས་དྲན་མངོན་ཤེས་སྣ་ཚོགས་འཆར༔ ནུས་པར་ལྡན་ཞིང་འདོད་རྒུ་འགྲུབ༔ རྡོ་རྗེ་སྟོབས་བསྐྱེད་མཆོག་ཐོབ་འགྱུར༔ བདུད་རྩི་རཀྟའི་དམ་ཚིག་གིས༔ རྒས་པ་མེད་པའི་དབང་པོ་གསལ༔ འབྱུང་བཞི་དབང་བསྒྱུར་རྫུ་འཕྲུལ་སྟོབས༔ རྡོ་རྗེ་དབང་བཅུའི་མཆོག་ཐོབ་འགྱུར༔ བདུད་རྩི་གོ་རོ་ཙ་ན་ཡིས༔ འདོད་པའི་བདེ་བ་རབ་ཏུ་འཕེལ༔ ལས་རྣམས་ཐོགས་མེད་མཐུ་དང་ལྡན༔ རྡོ་རྗེ་སེམས་དཔའི་ལུས་ཐོབ་འགྱུར༔ དེ་རྣམས་ཐམས་ཅད་རབ་སྦྱར་བས༔ དུག་ལྔ་སེལ་ཞིང་ནད་ལྔ་ཞི༔ གདོན་ལྔ་འཇོམས་ཤིང་སྟོབས་ལྔ་ཐོབ༔ སྐུ་ལྔ་ཡེ་ཤེས་ལྔ་འགྲུབ་འགྱུར༔ རྣམ་མང་སྨན་དང་སྦྱར་བ་ཡིས༔ འདུ་བའི་ནད་རྣམས་འབྱང་བ་དང༔ ཚེ་རིང་རྒས་སྲ་དབང་པོ་གསལ༔ རྩ་རླུང་ཐིག་ལེ་ལས་རུང་བྱེད༔ ཁྱད་པར་མཆོག་ཏུ་བྱིན་བརླབས་པས༔ ཕྱི་ནང་དཔའ་བོ་མཁའ་འགྲོ་འདུ༔ ཡུལ་ཕྱོགས་དགེ་ཞིང་བཀྲ་ཤིས་འགྱུར༔ སྒྲུབ་གནས་བྱིན་ཆགས་ཡེ་ཤེས་སྐྱེ༔ འཇའ་ཚོན་ལུས་དང་གཡུང་དྲུང་སྲོག༔ འོད་གསལ་དགོངས་པ་མངོན་གྱུར་ནས༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ གོ་འཕང་དཀའ་བ་མེད་པར་ཐོབ༔ རིལ་བུ་གང་གིས་མཐོང་བའམ༔ དྲི་ཚོར་མགུལ་དུ་འཆང་བ་དང༔ ཅུང་ཟད་མྱང་བ་ཐམས་ཅད་ཀྱང༔ ལྕགས་ལ་གསེར་འགྱུར་རྩིས་བཏབ་བཞིན༔ བདེ་བ་ཆེན་པོའི་བྱིན་བརླབས་པས༔ འཁོར་བ་ངན་སོང་ལས་གྲོལ་ཞིང༔ མཐོ་རིས་ཐར་པའི་བདེ་བ་དང༔ བྱང་ཆུབ་མཆོག་གི་རིགས་སུ་སྐྱེ༔ ལྷ་དང་རིལ་བུ་དབྱེར་མེད་པ༔ མཐོང་བས་བུམ་དབང་རྟོགས་པ་ཐོབ༔ མྱངས་བས་གསང་བ་ཡེ་ཤེས་དང༔ བྱང་སེམས་འཁོལ་བས་དགའ་བཞི་བསྐྱེད༔ དེ་ཉིད་ངང་དུ་མཉམ་བཞག་པས༔ སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀུན༔ དོན་གྱི་བདུད་རྩིར་རྣམ་དག་པའི༔ བཞི་པའི་ལམ་མཆོག་ཚེ་འདིར་འགྲུབ༔ དེ་ཕྱིར་གསང་བའི་རྒྱུད་ཆེན་པོ༔ མཐའ་དག་ཀུན་གྱི་སྙིང་པོའི་བཅུད༔ མཆོག་གི་རྫས་ཀྱི་སྦྱོར་བ་འདི༔ རྣལ་འབྱོར་རྣམས་ཀྱིས་འབད་དེ་སྒྲུབས༔ ཞེས་དང༌། རྒྱུད་ལས། ཨེ་མ་ངོ་མཚར་ཐབས་ཆེན་པོ༔ ཡོན་ཏན་བདུད་རྩི་ཧེ་རུ་ཀ༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ འདི་ཉིད་ཁོ་ནར་ཡིད་རྟོན་ཅིག༔ ཅེས་སོགས་ཕན་ཡོན་སྨོས་ཀྱིས་མི་ལྡང་བར་གསུངས་པས་རྣལ་འབྱོར་པ་སྒྲུབ་པ་པོ་རྣམས་ཀྱིས་སྙིང་གི་ཐིག་ལེར་བཅངས་ནས་དཔལ་ཧེ་རུ་ཀའི་ཕྲིན་ལས་སྤེལ་ཞིང་ཡེ་ཤེས་ཀྱི་གདུང་འཚོབ་པའི་གཡར་དམ་ལྷུར་ལེན་པར་རིགས་སོ། །དཔག་ཡས་ནམ་མཁའི་རྗེས་འགྲོའི་རྒྱུད་སྡེའི་མཁར། ཟབ་གསང་བདུད་རྩིའི་ཐིག་ལེ་དུས་ཀྱི་མཐར། །མངོན་སུམ་འཆར་བའི་ཕྲིན་ལས་ག་བུར་རྡུལ། །དད་བརྩོན་ཤིང་རྟས་སླར་ཡང་དྲངས་འདི་རྨད། །རབ་དཀར་དགེ་བའི་ལེགས་བྱས་འཕྲུལ་འཁོར་གྱིས། །ཟུང་འཇུག་གླིང་དུ་དགྱེས་རྒུར་རྩེན་པའི་གནས། །འགྲོ་འདིས་དཀའ་བ་མེད་པར་མྱུར་ཐོབ་ནས། །དངོས་གྲུབ་རྒྱ་མཚོ་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་པའང་སྔ་འགྱུར་བསྟན་པའི་མཛེས་རྒྱན་དཔལ་ཡུལ་རྨུགས་སངས་མཆོག་སྤྲུལ་ས་མནྟ་བྷ་དྲ་པྲཛྙཱཾ་ནས་སྙིགས་དུས་བསྟན་འགྲོའི་དགེ་མཚན་སྤེལ་བའི་ཐུགས་བསྐྱེད་དུས་སུ་བབ་པའི་རྟེན་འབྱུང་གིས་ཟབ་གསང་སྙིང་པོའི་དབྱིག་མཆོག་འདི་ཡི་སྒྲུབ་ཆེན་བོད་ཡུལ་བྱང་ཕྱོགས་གནམ་མཚོ་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དང་ཉེ་བར་དོ་སྐྱ་དགོན་པ་ཆོས་སྐུ་འོད་འབར་གླིང་དུ་དོ་སྐྱ་མཆོག་གི་སྤྲུལ་སྐུའི་བདག་རྐྱེན་ལས་གསར་འཛུགས་གནང་བའི་སྐབས་མྱོང་གྲོལ་བདེ་ཆེན་བདུད་རྩི་ལེ་ཚན་དང༌། རྡོར་དྲིལ་ཤོག་བུ་བཅས་ཆེད་དུ་བཀའ་ཡིས་བསྐུལ་མ་གནང་བ་བཞིན་ཀུན་གཟིགས་འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་གཏེར་རིག་འཛིན་བརྒྱུད་པའི་གཞུང་དང་མན་ངག་གི་ཕྱག་བཞེས་མཐོང་བརྒྱུད་ཇི་ལྟར་གནང་བལ་བརྟེན་ནས་མདོཁམས་ཀྱི་ཀུ་སཱ་ལི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་བསིལ་ལྡན་བོད་ཀྱི་ཡུལ་དབུས་སུ་གནས་པའི་སྐབས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཆེན་པོའི་ཤར་ཕྱོགས་ཕྱག་འཚལ་མེ་ཏོག་ལྡུམ་རའི་གཟིམས་ཤག་ཏུ་མེ་སྤྲེལ་རྒྱལ་ཟླའི་༡༨ཚེས་ལ་དབུ་བརྩམས་པའི་སྐབས་ཡི་གེ་པ་ནི་གང་གི་སློབ་འབངས་པདྨ་ཐུགས་རྗེའི་སྣང་བས་བགྱིས་པ་འདིས་ཀྱང་སྙིང་པོའི་བསྟན་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:04, 1 June 2024
Wylie title | mkha' 'gro gsang ba kun 'dus las/ dam rdzas bdud rtsi sman gyi sgrub thabs khrigs chags su bkod pa bde chen bdud rtsi'i myur lam | |
---|---|---|
Location | dil mgo mkhyen brtse bka' 'bum Volume 8, Text 12, Pages 136-162 (Folios 1a to 27a4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, ཇོ་མོ་སྨན་མོ་ ('jam dbyangs mkhyen brtse'i dbang po, jo mo sman mo) | |
Citation | Khyentse, Dilgo. Mkha' 'gro gsang ba kun 'dus las dam rdzas bdud rtsi sman gyi sgrub thabs khrigs chags su bkod pa bde chen bdud rtsi'i myur lam. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 136-162. Delhi: Shechen Publications, 1994. | |
Genre | Medicinal Pills - Making and Activating Practices - sman sgrub | |
Cycle | མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus) | |
Recension Link | Other Versions on this site: མཁའ་འགྲོ་གསང་བ་ཀུན་འདུས་ལས། དམ་རྫས་བདུད་རྩི་སྨན་གྱི་སྒྲུབ་ཐབས་ཁྲིགས་སུ་བཀོད་པ་བདེ་ཆེན་བདུད་རྩིའི་མྱུར་ལམ། | |
Colophon |
།ཅེས་པའང་སྔ་འགྱུར་བསྟན་པའི་མཛེས་རྒྱན་དཔལ་ཡུལ་རྨུགས་སངས་མཆོག་སྤྲུལ་ས་མནྟ་བྷ་དྲ་པྲཛྙཱཾ་ནས་སྙིགས་དུས་བསྟན་འགྲོའི་དགེ་མཚན་སྤེལ་བའི་ཐུགས་བསྐྱེད་དུས་སུ་བབ་པའི་རྟེན་འབྱུང་གིས་ཟབ་གསང་སྙིང་པོའི་དབྱིག་མཆོག་འདི་ཡི་སྒྲུབ་ཆེན་བོད་ཡུལ་བྱང་ཕྱོགས་གནམ་མཚོ་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དང་ཉེ་བར་དོ་སྐྱ་དགོན་པ་ཆོས་སྐུ་འོད་འབར་གླིང་དུ་དོ་སྐྱ་མཆོག་གི་སྤྲུལ་སྐུའི་བདག་རྐྱེན་ལས་གསར་འཛུགས་གནང་བའི་སྐབས་མྱོང་གྲོལ་བདེ་ཆེན་བདུད་རྩི་ལེ་ཚན་དང༌། རྡོར་དྲིལ་ཤོག་བུ་བཅས་ཆེད་དུ་བཀའ་ཡིས་བསྐུལ་མ་གནང་བ་བཞིན་ཀུན་གཟིགས་འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་གཏེར་རིག་འཛིན་བརྒྱུད་པའི་གཞུང་དང་མན་ངག་གི་ཕྱག་བཞེས་མཐོང་བརྒྱུད་ཇི་ལྟར་གནང་བལ་བརྟེན་ནས་མདོཁམས་ཀྱི་ཀུ་སཱ་ལི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་བསིལ་ལྡན་བོད་ཀྱི་ཡུལ་དབུས་སུ་གནས་པའི་སྐབས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཆེན་པོའི་ཤར་ཕྱོགས་ཕྱག་འཚལ་མེ་ཏོག་ལྡུམ་རའི་གཟིམས་ཤག་ཏུ་མེ་སྤྲེལ་རྒྱལ་ཟླའི་༡༨ཚེས་ལ་དབུ་བརྩམས་པའི་སྐབས་ཡི་གེ་པ་ནི་གང་གི་སློབ་འབངས་པདྨ་ཐུགས་རྗེའི་སྣང་བས་བགྱིས་པ་འདིས་ཀྱང་སྙིང་པོའི་བསྟན་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། | |
/ces pa'ang snga 'gyur bstan pa'i mdzes rgyan dpal yul rmugs sangs mchog sprul sa man+ta b+ha dra pradz+nyAM nas snyigs dus bstan 'gro'i dge mtshan spel ba'i thugs bskyed dus su bab pa'i rten 'byung gis zab gsang snying po'i dbyig mchog 'di yi sgrub chen bod yul byang phyogs gnam mtsho dpal 'khor lo sdom pa'i pho brang dang nye bar do skya dgon pa chos sku 'od 'bar gling du do skya mchog gi sprul sku'i bdag rkyen las gsar 'dzugs gnang ba'i skabs myong grol bde chen bdud rtsi le tshan dang*/_rdor dril shog bu bcas ched du bka' yis bskul ma gnang ba bzhin kun gzigs 'jam mgon bla ma pad+ma ye shes rdo rje'i bka' gter rig 'dzin brgyud pa'i gzhung dang man ngag gi phyag bzhes mthong brgyud ji ltar gnang bal brten nas mdokhams kyi ku sA li 'jigs med mkhyen brtse'i 'od zer rang byung 'od gsal thugs mchog rdo rjes bsil ldan bod kyi yul dbus su gnas pa'i skabs lha ldan sprul pa'i gtsug lag chen po'i shar phyogs phyag 'tshal me tog ldum ra'i gzims shag tu me sprel rgyal zla'i 18tshes la dbu brtsams pa'i skabs yi ge pa ni gang gi slob 'bangs pad+ma thugs rje'i snang bas bgyis pa 'dis kyang snying po'i bstan la bya ba mchog tu byed par gyur cig/ |