DKR-KABUM-21-ZHA-002: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་ཡི་དམ་ཁྲོ་བོ་རྡོ་རྗེ་གཞོན་ནུའི་བསྐྱེད་རིམ་སྲིད་པ་ཕུར་བུའི་རྩ་བའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཁམས་གསུམ་གདུག་པ་ཡོངས་སྒྲོལ། | |||
|fulltitle=rdo rje phur pa gnyags lugs kyi yi dam khro bo rdo rje gzhon nu'i bskyed rim srid pa phur bu'i rtsa ba'i las byang bklag chog tu bkod pa khams gsum gdug pa yongs sgrol | |||
|citation=[[Khyentse, Dilgo]]. ''Rdo rje phur pa gnyags lugs kyi yi dam khro bo rdo rje gzhon nu'i bskyed rim srid pa phur bu'i rtsa ba'i las byang bklag chog tu bkod pa khams gsum gdug pa yongs sgrol''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: 4-31. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |sourcerevealer=Khyentse, Dilgo | ||
| | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|volumenumber= | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |||
|tibgenre=Activity Manual - las byang, Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Six | |||
|deity=rdo rje phur pa | |||
|cycle=snyan brgyud snying gi gsang mdzod | |||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |||
|volumenumber=021 | |||
|volnumtib=༢༡ | |||
|volyigtib=ཞ་ | |||
|totalvolumes=25 | |||
|textnuminvol=002 | |textnuminvol=002 | ||
|pagenumbers=4-31 | |||
|totalpages=56 | |||
|beginfolioline=1a | |||
|endfolioline=28b5 | |||
|totalfolios=28 | |||
|multivolumework=No | |||
|rectonotes=las byang | |||
|versonotes=gnyags lugs phur pa | |||
|colophontib=།ཅེས་པའང་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའི་ཐུགས་གཏེར་པད་འབྱུང་བི་མ་གཉགས་ཆེན་རྣམས་ཀྱི་ཐུགས་དམ་གཅིག་དྲིལ་ཡང་གསང་ཕུར་གཅིག་མའི་ལས་བྱང་བཀླག་ཆོག་ཏུ་བྲིས་ཞེས་གཏེར་ཆེན་བླ་མས་བཀའ་ཡི་རྗེས་སུ་གནང་བ་ཐོབ་པ་དང༌། སངས་རྒྱས་མཉན་སྤྲུལ་རིན་པོ་ཆེ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་དང༌། ནང་ཆེན་བིས་རི་བླ་ཆུང་སྤྲུལ་སྐུ་འཇམ་དབྱངས་མཐུ་སྟོབས་དཔལ་འབར་བཅས་ནས་གསུང་གི་བསྐུལ་མས་མཚམས་སྦྱར། ཟབ་ཆོས་འདིའི་ཐོག་མའི་སྣོད་ལྡན་དུ་དབུགས་དབྱུང་ཐོབ་ཅིང་མཁྱེན་རྩེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཕྲིན་ལས་འདུས་པ་རྩལ་གྱིས་རྗེ་ཉིད་ལ་བཀའ་འདྲི་ཞུས་རིམ་བཞིན་ཤིང་རྟ་ཐ་སྐར་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་བཀླགས་ཆོག་ཏུ་བསྡེབས་པས། བསྟན་འཛིན་སྐྱེས་མཆོག་རྣམས་ཞབས་པད་བརྟན་ཅིང༌། རང་གཞན་ཐམས་ཅད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །། | |||
|colophonwylie=/ces pa'ang kun gzigs mchog sprul rin po che pad+ma gar dbang 'od gsal mdo sngags gling pa'i thugs gter pad 'byung bi ma gnyags chen rnams kyi thugs dam gcig dril yang gsang phur gcig ma'i las byang bklag chog tu bris zhes gter chen bla mas bka' yi rjes su gnang ba thob pa dang*/_sangs rgyas mnyan sprul rin po che karma bshad sgrub bstan pa'i nyi ma dang*/_nang chen bis ri bla chung sprul sku 'jam dbyangs mthu stobs dpal 'bar bcas nas gsung gi bskul mas mtshams sbyar/_zab chos 'di'i thog ma'i snod ldan du dbugs dbyung thob cing mkhyen rtse'i phrin las kyi byed por smon pa 'jam dbyangs chos kyi blo gros phrin las 'dus pa rtsal gyis rje nyid la bka' 'dri zhus rim bzhin shing rta tha skar zla ba'i dkar phyogs kyi tshes bcur bkra shis 'chi med grub pa'i dga' tshal nas bklags chog tu bsdebs pas/_bstan 'dzin skyes mchog rnams zhabs pad brtan cing*/_rang gzhan thams cad bdud bzhi'i g.yul las rnam par rgyal ba'i rgyur gyur cig__/mang+ga laM//_// | |||
|pdflink=File:DKR-KABUM-21-ZHA-002.pdf | |pdflink=File:DKR-KABUM-21-ZHA-002.pdf | ||
}} | }} | ||
Line 16: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་ཡི་དམ་ཁྲོ་བོ་རྡོ་རྗེ་གཞོན་ནུའི་བསྐྱེད་རིམ་སྲིད་པ་ཕུར་བུའི་རྩ་བའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཁམས་གསུམ་གདུག་པ་ཡོངས་སྒྲོལ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་ཡི་དམ་ཁྲོ་བོ་རྡོ་རྗེ་གཞོན་ནུའི་བསྐྱེད་རིམ་སྲིད་པ་ཕུར་བུའི་རྩ་བའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཁམས་གསུམ་གདུག་པ་ཡོངས་སྒྲོལ་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །བླ་མ་དཔལ་ཧེ་རུ་ཀ་སྤྱི་དཔལ་ཆེན་པོ་ལ་ཕྱག་འཚལ་ལོ། མཉམ་ཉིད་དབྱིངས་ལས་ཐུགས་རྗེའི་ཁྲོ་གཏུམ་ཁྲོས་པའི་གར། །རྒྱལ་ཀུན་ཕྲིན་ལས་རོལ་པའི་རྡོ་རྗེ་འབར་བའི་མཚོན། །ཁམས་གསུམ་ཡོངས་སྒྲོལ་སྣང་སྲིད་རྒྱས་འདེབས་ཀཱི་ལ་ཡ། །བྱང་ཆུབ་བར་དུ་སྙིང་གི་ཐིག་ལེར་འབྲལ་མེད་མཆོད། །རིག་མཆོག་འབུམ་སྡེའི་ཟབ་མོའི་ཆུ་གཏེར་ངོགས། །བཀའ་གཏེར་གདེངས་ཅན་དབྱིག་གིས་གཏམས་པ་ཡི། །དོན་གཉིས་འདོད་དགུའི་གཏེར་འབྱིན་ནོར་བུའི་སྙིང༌། །ཅི་དགར་རོལ་པའི་ངོ་མཚར་དེང་དུས་ཤར། །དེ་ཕྱིར་དངོས་གྲུབ་སྒོ་འཕར་འབྱེད་པ་དང༌། །བདུད་སྡེའི་རུ་མཚོན་བསྙིལ་ལ་ཟླ་མེད་ཀྱི། །རྡོ་རྗེའི་གསེང་ལམ་སྐལ་བཟང་ཀུན་དགའི་བཙས། །གསང་བ་ཟབ་མོའི་ཕྲིན་ལས་དུས་འདིར་དབྱེ། །དེ་ལ་འདིར་ཡི་དམ་རྡོ་རྗེ་གཞོན་ནུའི་བསྐྱེད་རིམ་སྲིད་པ་རྡོ་རྗེ་ཕུར་པའི་རྩ་བའི་སྒྲུབ་ཐབས་ཁྲིགས་སུ་བསྡེབས་པ་ལ་སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བ་ལ། བཤམ་བཀོད་གཏོར་འབུལ་སྐྱབས་སེམས་བདུན། །བགེགས་བསྐྲད་མཚམས་གཅོད་བརྡ་སྒོ་ཕྱག །བཤགས་པ་བྱིན་འབེབས་ཕུར་མཆོད་བརླབ། ཅེས་པ་ལྟར་བཅུ་གསུམ་ལས། དང་པོ་བཤམ་བཀོད་ནི། ཕྱག་བདར་བྱས་པའི་གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་དམ་ཚིག་གི་རྟེན་སྐུའམ་ཞལ་ཐང་བཀྲམ་པའི་སྤྱན་སྔར་བསྙེན་སྒྲུབ་སྐབས་ལྕགས་སམ་དྲག་པོའི་ཤིང་གི་ཕུར་པ་མགུལ་དུ་ཡུངས་ཀར་གྱི་ཐུམ་དང་ལྡན་པ་རྫས་གསུམ་གྱིས་གཟི་བྱིན་བསྐྱེད་པ་བྷནྡྷའམ་ལྕགས་ཧོམ་དུ་བཙུགས་པ་རས་བྲིས་སམ། ཚོམ་བུ་ལྷ་གྲངས་ཀྱི་སྟེང་དུ་བཀོད། བསྡུ་ན་རྟེན་གཏོར། སྨན་རཀ །ཞི་དྲག་གི་མཆོད་པ། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་དང་ཆད་བརྟན་རྣམས་དང༌། དཀར་བགེགས་ཀྱི་གཏོར་མ། སྒྲུབ་པ་པོ་རྣམས་ཀྱི་མདུན་དུ་རོལ་མོའི་རིགས་དང༌། ལས་ཕུར་སོགས་བཀོད་པར་བྱའོ། །གཉིས་པ་གཏོར་འབུལ་ནི། ཐོག་མར་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས་བརྒྱུད་འདེབས་ཟུར་གསལ་ལྟར་བྱས་རྗེས། བསང་ཆུ་བྱིན་རླབས་དགོས་ན། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ལྗང་ནག་ཞལ་གསུམ་ཕྱག་དྲུག་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཚུལ་གྱིས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄༔ ཅེས་བཟླ། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་མོས། དཀར་གཏོར་དང་གསེར་སྐྱེམས་བཤམས་པར་བསང་ཆུས་བྲན། རྃ་ཡྃ་ཁྃ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿས་ས་བདག་བརྟན་མ་སོགས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ཧཱུྃ༔ གང་ཞིག་དཀར་པོའི་ཕྱོགས་འཛིན་ཅིང༔ འཛམ་གླིང་ས་ལ་དབང་བྱེད་ཀུན༔ བདག་གིས་གནས་འདིར་དཀྱིལ་འཁོར་བཞེངས༔ ཀོ་ལོང་ཕྲག་དོག་མ་མཛད་པར། བརྔན་དུ་གཏོར་མ་གསེར་སྐྱེམས་འབུལ༔ དགྱེས་པར་བཞེས་ལ་ས་འདི་སྩོལ༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ བྷཱུ་མི་པ་ཏི་གཙྪས་གཤེགས་སུ་གསོལ་བ་དང་ཆབས་ཅིག་གཏོར་མ་ཕྱི་རོལ་དུ་འབུལ། གསུམ་པ་སྐྱབས་འགྲོ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར། ན་མོ༔ བདག་སོགས་འགྲོ་ཀུན་དེང་ནས་བཟུང༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ ལན་གསུམ། བཞི་པ་སེམས་བསྐྱེད་ནི། མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན༔ སྲིད་པའི་རྩ་བ་བདུད་བཞི་བཅོམ༔ བར་ཆད་གདོན་བགེགས་བསྒྲལ་བའི་ཕྱིར༔ དཔལ་ཆེན་ལྷ་ཚོགས་སྒྲུབ་པར་བགྱི༔ ལན་གསུམ། ལྔ་པ་ཚོགས་བསགས་པ་ནི། ཧོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དག་པ་གསུམ་གྱིས་ལུས་འབུལ་ལོ༔ ཚེ་རབས་བགྲང་བའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་བརྗོད་མཐར། བཛྲ་མུཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། དྲུག་པ་བགེགས་བསྐྲད་པ་ནི། ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་དོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་རང་ཉིད་གཉུག་མའི་ལྷ་ཡི་ང་རྒྱལ་བཟུང་སྟེ། བགེགས་གཏོར། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿས་ལྕགས་ཀྱུའི་རྒྱས་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། གྷྲྀཧྞ་ཨིདཾ་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱིས་བསྔོས་ཏེ། བཀའ་བསྒོ་བ་ནི། ཧཱུྃ༔ གསང་བ་བླ་མེད་ལམ་སྒྲུབ་པའི༔ རྡོ་རྗེའི་དཀྱིལ་འཁོར་གཉན་པོ་འདིར༔ འདུ་བའི་ལྷ་ནི་མ་གཏོགས་པ༔ དམ་མེད་བདུད་རིགས་ནག་པོའི་ཕྱོགས༔ བལྟ་ཞིང་ཉན་པའི་དབང་མེད་པས༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ནི་འཇིགས་བྱེད་རྡོ་རྗེ་ཅན༔ བཀའ་ལས་འདའ་བའི་སྡིག་ཅན་རྣམས༔ རྡོ་རྗེ་ཡེ་ཤེས་མཚོན་ཆེན་པོས༔ ཕྱེ་མར་འཐག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་བརྗོད་ལ་གུ་གུལ་བདུག །ཡུངས་ཐུན་གྱིས་གཟིར། རོལ་མོ་དྲག་ཏུ་འཁྲོལ་བས་ནག་ཕྱོགས་རྣམས་རྒྱང་རིང་དུ་བསྐྲད་ལ། བདུན་པ་མཚམས་གཅོད་པ་ནི། ཧཱུྃ༔ མི་ཤིགས་མཚོན་ཆའི་གུར་དང་ས་གཞི་ལ༔ དམར་ནག་དམར་སྨུག་མེ་ཡི་འདུ་འཕྲོ་འཁྱིལ༔ ཡེ་ཤེས་ཁྲོ་བོ་བཅུ་ཡང་དབྱིངས་ནས་བཞེངས༔ ཁྲག་འཐུང་རོལ་པའི་ལྷ་ཚོགས་ནང་ན་བཞུགས༔ མཚམས་ཀྱི་དཀྱིལ་འཁོར་མ་ལུས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུཾ༔ ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཚོགས་ཕུར་བུ་འབར་བའི་སྤྲིན་འཕྲོ་བ་རྣམས་ཀྱིས་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད། སླར་འདུས་ཏེ་རྡོ་རྗེ་སྲུང་བའི་འཁོར་ལོས་ཕྱོགས་ཐམས་ཅད་དུ་གཏམས་ནས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་སྲུང་བའི་མཚམས་བཅད་པར་བསམ་མོ། །བརྒྱད་པ་བརྡ་སྒོ་དབྱེ་བ་ནི། གཉིས་སྣང་འཁྲུལ་པའི་སྒྲིབ་གཡོགས་དག་སྟེ་གཉིས་མེད་མཉམ་པའི་ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་བཀྲ་ལམ་མེར་མཇལ་བར་མཚོན་ཕྱིར་དཀྱིལ་འཁོར་གྱི་སྒོ་བཤག་གིས་ཕྱེ་བར་མོས་ལ། ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ ཀུན་ཀྱང་དག་པ་ལྷའི་གྲོང་ཁྱེར༔ མ་བཅོས་དོན་གྱི་ལྷ་མཆོག་ལ༔ ཚད་མེད་སྒོ་བཞི་དབྱེ་བས་འཇུག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊ༔ དགུ་པ་ཕྱག་འཚལ་བ་ནི། ཕུང་ཁམས་སྐྱེ་མཆེད་དང་བཅས་པ་གདོད་ནས་མཉམ་པའི་དཀྱིལ་འཁོར་དག་པ་ཆེན་པོའི་རང་བཞིན་མ་བཅོས་གཤིས་ལུགས་ཟབ་མོའི་རང་ངོ་རང་གིས་རིག་སྟེ་རང་ཞལ་མཇལ་བའི་ལྟ་བའི་ངང་བསྐྱང་བ་ལ་བརྡ་དང་ཐ་སྙད་ཀྱི་ཕྱག་འཚལ་བ་ནི། ཧོཿ ལྷ་དང་རང་སེམས་བཟང་ངན་བྲལ༔ གཉིས་མེད་རང་སྣང་སྤྱི་དཔལ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ རྡོ་རྗེ་ལྟ་བའི་ཕྱག་གིས་འདུད༔ ཨ་ལ་ལ་ཧོཿ ཞེས་ངོ་ཕབ་པའི་ཚུལ་གྱིས། ཨ་ཏི་པཱུ་ཧོཿས་བཏུད་པ་ལ། པྲ་ཏཱིཙྪ་ཧོཿ ཞེས་ལན་དུ་དངོས་གྲུབ་བསྩལ་བར་བསམ། བཅུ་པ་བཤགས་པ་ནི། བཤགས་ཡུལ་ལྷ་ཡི་འཁོར་ལོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་སྡིག་ལྟུང་རྟོག་སྒྲིབ་བག་ཆགས་མཆོག་གི་དངོས་གྲུབ་ཀྱི་གེགས་སུ་གྱུར་པ་རྣམས་གནོང་འགྱོད་དྲག་པོས་འགྱོད་ཚངས་སྨྲེ་སྔགས་ཀྱི་གདུང་བས་བཤགས་པ་ཕུལ་བར་མོས་ལ། ཐལ་མོ་སྦྱར་ཏེ། ཧཱུྃ༔ སྣང་སྲིད་གདོད་ནས་དག་པའི་དཀྱིལ་འཁོར་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་རྣམས༔ ཐུགས་རྗེའི་བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཡེ་ནས་མ་རིག་འཁྲུལ་པས་སྒྲིབ་པ་ཡི༔ རྣམ་རྟོག་ཀུན་བརྟགས་བློ་ཡིས་སྒྲོ་བཏགས་པས༔ རང་རིག་ཡེ་ཤེས་དོན་ལ་རྨོངས་པ་ཡིས༔ སྲུང་མཚམས་མེད་པའི་དམ་ལས་འགལ་བ་དང༔ བླ་མར་སྨད་ཅིང་ཡི་དམ་སྤངས་བ་དང༔ བསྙེན་སྒྲུབ་ཛཔ་བཟླས་ཚད་དུ་མ་བསྐྱལ་བ༔ ཏིང་འཛིན་ལྟ་བ་ཀློང་དུ་མ་གྱུར་ཞིང༔ གསང་བཅུ་གཞན་ལ་བསྒྲགས་སོགས་མཐོལ་ལོ་བཤགས༔ གཞན་ཡང་མི་སྤང་དང་དུ་བླང་བྱ་དང༔ སྤྱད་པར་བྱ་དང་སྒྲུབ་པར་བྱ་བ་དང༔ ཤེས་བྱ་ལྔ་སོགས་ཉི་ཤུ་རྩ་ལྔ་ཡི༔ དམ་ལས་འགལ་བར་གྱུར་པ་མཐོལ་ལོ་བཤགས༔ ཉ་སྟོང་དུས་བཞིའི་མཆོད་པ་ཆག་པ་དང༔ སྡིག་ཅན་རྣམས་ལ་རྟག་ཏུ་བྱམས་བྱས་ཤིང༔ མཁའ་འགྲོ་རྣམས་ལ་ཤ་ཁྲག་གཏོར་མ་ཆག༔ སྦྱོར་སྒྲོལ་མཆོད་པ་དུས་ལས་གཡེལ་བ་སོགས༔ རྩ་ལྟུང་བཅུ་བཞི་དང་འགལ་མཐོལ་ཞིང་བཤགས༔ གཞན་ཡང་སྦོམ་པོ་ཡན་ལག་ཕྲ་ཞིབ་ཀྱི༔ དམ་ཚིག་དབྱེ་བ་ས་ཡ་གྲངས་མེད་པ༔ དེ་ལས་འགལ་བར་གྱུར་པའི་རྣལ་འབྱོར་གྱིས༔ འགྱོད་ཚངས་གདུང་བའི་སྨྲེ་སྔགས་འདི་འདོན་པས༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་སྤྱན་རས་ཀྱིས༔ ཡུད་ཙམ་གཟིགས་ཏེ་ཐུགས་རྗེས་བཟོད་བཞེས་གསོལ༔ ཚངས་པར་བསྩལ་ནས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དཀའ་བ་མེད་པར་འགྲུབ་པ་དང༔ རྫོགས་པ་ཆེན་པོའི་བསྟན་པ་མཐར་བགྱིད་ཅིང༔ ཀུན་ཏུ་བཟང་པོའི་རྒྱལ་ས་ཟིན་པར་ཤོག༔ སྤྲོ་ན་བདེ་གཤེགས་སྤྱི་བཤགས་དང་ཡིག་བརྒྱ་བཟླ། བཅུ་གཅིག་པ་བྱིན་འབེབས་པ་ནི། བླ་མ་རིག་འཛིན་རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་དང་བཅས་པ་ཡབ་ཡུམ་བདེ་བར་རོལ་པའི་སྐུ་ཡི་གནས་ནས་བྱིན་རླབས་ཀྱི་ངོ་བོ་བྱང་སེམས་བདུད་རྩིའི་ཆར་བབ་པས་སྒོ་གསུམ་གྱི་དྲི་མ་དག་ཅིང་བདག་གནས་ཡོ་བྱད་ཐམས་ཅད་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཟབ་མོའི་དངོས་གྲུབ་མངོན་དུ་གྱུར་པའི་དམིགས་པ་དང་བཅས། དབྱངས་དང་རོལ་མོའི་བརྡས་བསྐུལ། སྤོས་དང་གཡབ་དར་བཤུགས་གླུ་བཅས། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་ཕུར་བུ་སྒྲུབ་པའི་ཕྱིར༔ སྔོན་གྱི་ཞལ་བཞེས་མ་བསྙེལ་བར༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཡེ་ཤེས་ཁྲོ་རྒྱལ་འཁོར་དང་བཅས༔ འཁོར་བ་རྡོ་རྗེར་སྒྲུབ་པའི་ཕྱིར༔ ནམ་མཁའ་ཁྱབ་པའི་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཚེ་ཁས་བླང་དམ་བཅས་བཞིན༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ནམ་མཁའ་གང་བའི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་སྣ་ཚོགས་བསྒྱུར༔ རྡོ་རྗེའི་གླུ་བྲོ་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ གསུང་ནི་སྔགས་སྒྲ་འབྲུག་ལྟར་སྒྲོག༔ རྒོད་གཤེ་དྲག་ཤུལ་རོལ་པ་ཡི༔ ས་གསུམ་འཇིགས་པའི་ང་རོ་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཐུགས་ནི་ཡེ་ཤེས་རྔམ་པའི་དཔལ༔ སྙིང་རྗེ་ཞི་དང་ཁྲོ་བོ་ཡི༔ རིག་རྩལ་དགོངས་པའི་གདེང་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་མ་ལུས་པའི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨཿ ཧྲིཾ་ཧྲིཾ༔ ཕེཾ་ཕེཾ༔ བཅུ་གཉིས་པ་ཕུར་པ་བྱིན་རླབས་ནི། སྒྲུབ་ཆེན་དང་གཏོར་བཟློག་སོགས་ཀྱི་སྐབས། ལས་ཕུར་གུ་གུལ་གྱིས་བདུག་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་ཨ་དྷི་ཏིཥྛ་རྨུག་རྨུག་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོག་མཱ་ར་ཡ་ཧཱུྃ་ཕཊ྄༔ ཡུངས་ཀར་གྱིས་བྲབ་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཤ་ཏ་ར་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ྄༔ དུག་ཁྲག་གིས་བྱུག་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜ་ལ་རཀྴ་རཀྴ་དགྲ་བགེགས་འབྱུང་པོ་ཝཱ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ྄༔ ཕུར་པ་བསང་སྦྱང༌། སྟོང་པའི་ངང་ལས་ཨེ་ལས་ཕུར་གདན་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་རང་གི་ཐུགས་ཀ་ནས་ཧཱུྃ་འཕྲོས། ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཕུར་བུ་དཔལ་ཆེན་པོ་སྒྲོལ་བྱེད་ཡཀྴ་ཀྲོ་དྷ་ཞལ་གསུམ་ཕྱག་དྲུག །སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་རྣོ་དབལ་ངར་དང་ལྡན་པ། མགར་གྱི་སོལ་མེ་ནས་བཏོན་པ་ལྟ་བུ་མེ་ཡི་ཚྭ་ཚྭ་འཕྲོ་བ། སྤྱི་བོར་དཔལ་ཆེན་པོ། རྒྱ་མདུད་གོང་མ་ལ་ཁྲོ་བཅུ་ཡབ་ཡུམ། འཆང་གཟུང་ལ་ཟ་གསོད་ཉི་ཤུ། རྒྱ་མདུད་འོག་མ་ལ་སྒོ་སྲུང༌། དབལ་གསུམ་ལ་དམ་ཅན་སྲུང་མ་དང་བཅས་པའི་ཕོ་བྲང་དུ་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྗོད་ལ་ཕུར་གདན་སྟེང་དུ་བཀོད། བཅུ་གསུམ་པ་མཆོད་པ་བྱིན་བརླབ་ནི། ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་ཕྱི་མཆོད་དང༌། ཨོཾ་མ་ཧཱ་ཤྨ་ཤ་ན་རུ་དྲ་བྷོ་གཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ནང་མཆོད་དྲག་པོའི་ཉེར་སྤྱོད་དང༌། ཧཱུྃ༔ རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང༔ དབྱིངས་ཀྱི་བྷནྡྷར་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་རིགས་ལྔ་དབྱེར་མེད་བྱང་ཆུབ་སེམས༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་བདུད་རྩིར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་སྨན། ཧཱུྃ༔ ལྕང་ལོར་བཅས་པའི་དུང་ཆེན་སྣོད་ཡངས་སུ༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཁྲག་མཚོར་བསྐྱིལ༔ གཱིརྟིའི་མཁའ་ནས་ཡེ་ཤེས་བདེ་བའི་རྒྱུན༔ མི་ཕྱེད་སོ་སོར་རྟོག་པའི་ལྦུ་ཕྲེང་གཡོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་རཀྟ། ཧཱུྃ༔ གཏོར་སྣོད་རིན་ཆེན་བྷཉྫ་སྟོང་གསུམ་ཁྱབ༔ གཏོར་མའི་ངོ་བོ་བླ་མེད་དམ་ཚིག་རྫས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ ལྷ་ཚོགས་དགྱེས་སྐོང་མཆོད་པའི་ཕུང་པོར་སྤུངས༔ ཨོཾ་ཨཱཿ་ཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་གཏོར་མ་རྣམས་བྱིན་གྱིས་བརླབས། བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ། གཉིས་པ་དངོས་གཞི་ལ། ཏིང་འཛིན་གསུམ་རྟེན་དཀྱིལ་འཁོར་གསུམ། །བསྐྱེད་ཅིང་སྤྱན་དྲངས་བསྟིམ་ཕྱག་བྱ། །མཆོད་བསྟོད་བཟླས་པ་རྣམ་པ་དགུ། །ཞེས་པའི་དང་པོ་ལའང༌། དེ་ཏིང་ཀུན་སྣང་རྒྱུའི་ཏིང་འཛིན། །ཞེས་པའི་དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་སྤྲོས་བྲལ་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་རྡོ་རྗེའི་ཏིང་ངེ་འཛིན་གྱིས་དངོས་འཛིན་མཚན་མའི་སྤྲོས་པ་ཐམས་ཅད་བཅོམ་པས་ཆོས་ཉིད་ངང་གིས་ཁྲོས་པའོ། །དེ་ཉིད་གཏེར་ཚིག་གིས་གསལ་འདེབས་པ་ནི། ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ ཆོས་ཉིད་ངང་གིས་དག་པའི་ཀློང༔ གཟུང་འཛིན་མཚན་མ་མི་གནས་པ༔ རྣམ་པར་ཐར་པའི་སྒོ་གསུམ་མོ༔ ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་ཧོཿ གཉིས་པ་ཀུན་སྣང་ནི། སྟོང་ཉིད་མངོན་གྱུར་གྱི་ཡེ་ཤེས་དམིགས་མེད་སྙིང་རྗེ་སྒྱུ་མ་ལྟ་བུ་དང་ཟུང་དུ་འཇུག་པས་སྲིད་པའི་རྩ་བ་གཟུང་འཛིན་རྩད་ནས་གཅོད་པའི་སྙིང་རྗེ་མཁའ་ཁྱབ་ཏུ་ཤར་བའོ། །སྙིང་རྗེ་ཆེན་པོའི་མཚོན་ཆ་ནི༔ སྲིད་པའི་རྩ་བ་གཅོད་བྱེད་པའི༔ ཐུགས་རྗེའི་ཤུགས་ཀྱིས་ཁྲོ་བ་ལས༔ སྡུག་བསྔལ་འཇོམས་པའི་ཏིང་འཛིན་བསྒོམ༔ ཨཱཿམ་ཧཱ་ཀ་རུ་ཎི་ཀ་ཧོཿ གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། འཁོར་འདས་ཀྱི་སྲོག་མཚོན་བྱེད་ཆེན་པོ་ཡེ་ཤེས་ལྔའི་ངོ་བོ་ཧཱུྃ་ཡིག་ཟབ་གསལ་གཉིས་མེད་ནམ་མཁའི་དབྱིངས་སུ་ཐིག་ལེའི་རྣམ་པར་འབྲེལ་བའོ། །སྟོང་ཉིད་ནམ་མཁའི་ཁམས་གནས་པའི༔ འཁོར་འདས་ཀུན་གྱི་སྲོག་གི་གོ༔ རང་བྱུང་ཡི་གེ་འདུས་མ་བྱས༔ ཧཱུྃ་ཆེན་བསྐལ་པའི་མེ་ལྟར་འབར༔ ཧཱུྃ་བཛྲ་ཛྙཱ་ན་དྷཱ་ཏུ་ཧོཿ གཉིས་པ་རྟེན་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་བཅས་གསལ་གདབ་པ་ནི། རྒྱུ་ཡི་ཧཱུྃ་ཡིག་ལས་ས་བོན་རྣམས་ཆད་པ་ཡོངས་སུ་གྱུར་པ་ལས་ཕྱི་ལྟར་འབྱུང་བའི་དཀྱིལ་འཁོར། ནང་དུ་ཕུང་པོ་ལྔ། གསང་བ་ཉོན་མོངས་དུག་ལྔ་རྣམ་པར་དག་པའི་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་གྱི་འབྱུང་བ་རིམ་བརྩེགས་རི་རབ་གཞལ་ཡས་ཁང་དང་ལྷ་གནས་གསལ་བ་ནི། ཧཱུྃ་ལས་ཨེ་ཡཾ་རཾ་སུཾ་ར༔ ཀེཾ་རཾ་ཆད་པ་འོག་གཞི་ནི༔ ཆོས་འབྱུང་དབྱིངས་དང་མཉམ་པའི་དབུས༔ རླུང་མེ་ཤ་ཆེན་ས་གཞི་བརྡལ༔ ཁྲག་མཚོ་ཀེང་རུས་རི་རབ་སྟེང༔ ཁོར་ཡུག་དྲག་པོའི་མེ་རླུང་ཚོགས༔ ཀུན་ཏུ་འབར་ཞིང་འཚུབས་མ་འཁྱིལ༔ མ་ཧཱ་ཛྭ་ལ་རཾ༔ མེ་ཀློང་བྷྲཱུྃ་ཡིག་ལྔ་ལྡན་ཆད༔ ཡོངས་གྱུར་པད་ཉི་རྒྱ་གྲམ་སྟེང༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང༔ རང་བྱུང་དུར་ཁྲོད་བཀོད་པ་ཅན༔ ཕྱི་ནི་རྩིག་པ་ཁ་དོག་ལྔ༔ ནང་ནི་སྐམ་རློན་རྙིད་པའི་མགོ༔ གནམ་ལྕགས་གཟེར་བཏབ་རཀྟས་སྦྱར༔ རིན་ཆེན་ཕ་གུ་དྲྭ་བ་ཕྱེད༔ ཆུ་སྲིན་རྔམ་པའི་ཁ་ལས་དཔྱང༔ ཤར་བུ་མདའ་ཡབ་པུ་ཤུ་དང༔ གཟའ་དང་ལྷ་ཀླུ་ཀ་གདུང་ཕྱམ༔ རྒྱུ་སྐར་དྲལ་གཟེབ་ཞིང་གི་ཐོག༔ ལྷ་ཆེན་ཐོད་པ་དབུས་ཕྱུར་བུ༔ མ་ཧཱ་རུ་ཏྲའི་ཙིཏྟའི་ཏོག༔ ཡེ་ཤེས་ཟེར་འཕྲོ་འོད་ཕུང་འཁྱིལ༔ རོ་སྐྲའི་རྔ་ཡབ་ཞིང་གི་འཕན༔ གཅན་གཟན་ལྤགས་པའི་རྒྱལ་མཚན་གདུགས༔ ཕྱི་ནང་སྒོ་བཞི་རྟ་བབ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཏོག་མཛེས༔ དལ་དབུས་གནམ་ལྕགས་འཁོར་ལོ་དང༔ ལྟེ་བ་ཟླུམ་པོ་ཨེ་ཡིས་མཚན༔ ཟླ་གམ་གསུམ་ལ་ཁྲག་མཚོ་འཁྱིལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཀྲོ་དྷ་མཎྜ་ལ་ཧཱུྃ༔ དེ་ཡི་ནང་དུ་ལྷ་གནས་སོ་སོར་གདན་གསལ་བ་ནི། གཞལ་ཡས་དབུས་སུ་རྡོ་རྗེ་ཡི༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུག་ཟླ་གམ་གསུམ་གྱི་སྟེང༔ པད་ཉི་དགྲ་བགེགས་དྲག་པོ་ཡི༔ འཁོར་ལོ་རྩིབས་བཅུ་རེ་རེ་བཞིན༔ ཕྱོགས་སྐྱོང་ཕོ་མོ་པད་ཉི་དང༔ སྒོ་བཞིར་ཞིང་རྐྱང་གདན་བཅས་གསལ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པྃ་པདྨ་མཎྜ་ལ༔ གསུམ་པ་བརྟེན་པ་ལྷའི་འཁོར་ལོ་བསྒོམ་པའི་དང་པོ་ཆོས་སྐུའི་ངོ་བོ་བདག་རྩ་བའི་དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་བསྒོམ་པ་ནི། ས་བོན་རྒྱུ་ཡི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཆོས་སྐུའི་ངོ་བོ་རྡོ་རྗེ་གཞོན་ནུ། ལོངས་སྐུ་བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་བཅས། སྤྲུལ་སྐུ་སྲས་མཆོག་སྒོ་མ་བཀའ་སྡོད་དང་བཅས་པ་རིགས་ལྔའི་ཡེ་ཤེས། སྟོབས་དང་ཕ་རོལ་ཕྱིན་པས་དུག་ལྔ་ཉེ་བའི་ཉོན་མོངས་འཇོམས་ཤིང་ཚད་མེད་དང་བསྡུ་དངོས་བཞི་ཡིས་སྲིད་ཞིའི་མཐའ་ལས་སྒྲོལ་ཏེ་བདེན་དོན་གནས་སུ་དག་པའི་བརྟེན་པ་ལྷ་ཡི་འཁོར་ལོ་རྣམས་བསྒོམ་ལ། ཧཱུྃ༔ དབུས་ཀྱི་ཆོས་འབྱུང་ལྟེ་བ་རུ༔ རང་རིག་ཧཱུྃ་བབ་ཡོངས་གྱུར་ལས༔ སྤྲོ་བསྡུས་འོད་ཀྱིས་དོན་གཉིས་བྱས༔ འོད་ཀྱི་ཕུང་པོ་རྡོ་རྗེར་གྱུར༔ བཛྲ་ཧཱུྃ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ༔ སྤྱི་དཔལ་ཀརྨ་ཀཱི་ལ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ རྩ་ཞལ་སྲིན་པོ་ཁྲོས་པའི་ཞལ༔ གཡས་པ་དཀར་བ་ཀུ་མུཏ་དཱ༔ གཡོན་པ་དམར་ནག་ཨམ་གཙིགས་བསྡམས༔ དེ་སྟེང་ཞལ་གསུམ་ལྗང་སེར་ནག༔ སྟེང་གི་ཞལ་གསུམ་སྨུག་མཐིང་དམར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱི་བོར་རྡོ་རྗེ་ཕྱེད་པའི་ཏོག༔ རྭ་གདེང་ཟར་བུ་སྦྲུལ་གྱིས་བཅིངས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཞལ་བགྲད་མཆེ་གཙིགས་ལྗགས་བརྐྱང་འདྲིལ༔ ཧཱུྃ་ཕཊ་ཕཻཾ་གྱི་སྒྲ་དྲག་སྒྲོག༔ ཁྲོ་གཉེར་ཆུ་རླབས་ལྟ་བུར་འཁྲུགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ རྡོ་རྗེའི་སྐུ་མཆོག་སྤྲིན་བཞིན་གནག༔ གཡས་དགུའི་དང་པོས་རྡོ་རྗེ་གདེང༔ འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༔ ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས༔ གཡོན་དགུས་མེ་དཔུང་ཁཊྭཱཾ་ག༔ རི་རབ་ཞགས་པ་བྷནྡྷ་དམར༔ སྡིག་མཛུབ་མདའ་དང་བདུད་བཞིའི་མགོ༔ ཐ་མའི་ཕྱག་གཉིས་ཕུར་བུ་འདྲིལ༔ དྲག་པོའི་སྟང་སྟབས་ཕྱོགས་བཅུར་གཡོ༔ འབར་བའི་ཞབས་བཞི་བརྐྱང་བསྐུམ་གྱིས༔ བར་ཆད་བདུད་བཞི་བརྫིས་ཤིང་མནན༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང༔ སྟག་གི་ཤམ་ཐབས་གྲོལ་ཞིང་འཆིང༔ སྐུ་ལ་རུས་པའི་ཕྱག་རྒྱ་དྲུག༔ མགོ་ཕྲེང་དཔལ་གྱི་ཆས་གོས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་གསལ༔ པང་དུ་བདེ་ཆེན་སྐྱེད་པའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་གཏུམ་སྒེག༔ གཅེར་བུ་གཟིག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རུས་པའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་ཡབ་མགུལ་འཁྱུད༔ ཨུཏྤལ་མཐེབ་སྲིན་སྦྱར་བས་འཛིན༔ གཡོན་པས་དམར་གྱི་བྷནྡྷ་སྟོབ༔ ནུ་འབུར་བྷ་ག་རྒྱས་པས་སྦྱོར༔ སྐེད་སྐབས་ཕྲ་ལྡེམ་གཡས་པའི་ཞབས༔ ཡབ་ཀྱི་དཀུ་ལ་འཁྱུད་ཅིང་ལྡེམ༔ གཡོན་པ་བརྐྱངས་ཏེ་དགྲ་བགེགས་བརྫིས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ གཙོ་བོའི་གཡོན་དུ་སྒྲོལ་བྱེད་ཀྱི༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཁྲོ་གཏུམ་སྒེག་པའི་གཟི་བྱིན་གྱིས༔ ཡབ་ལ་ལྟ་ཞིང་ཆགས་པའི་ཚུལ༔ གཡས་པས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཙིཏྟ་ཁྲག་འཛག་ཟ༔ གཅེར་བུ་རུས་པའི་རྒྱན་འཆང་བའི༔ གཡེར་ཁའི་སྒྲ་ལས་ཆོས་སྒྲ་སྒྲོག༔ གཉིས་པ་ལོངས་སྐུའི་ངོ་བོ་ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་སྤྲོ་བ་ནི། ཨ་ཧོ་ཨ་ཧོ་ཨ་ཧོ་ཧཱུྃ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨ་ནུ་རཱ་ག་ཡ་མི༔ ཨ་ནུ་རཱ་ག་ཡ་ཧོཿ རྡོ་རྗེ་པདྨ་རྒྱས་མཛད་དེ༔ སྦྱོར་བས་སྐུ་ནི་སྒེག་བཞད་དཔའ༔ པདྨ་བྷཉྫ་མོ་ཀྵ་ཧོཿ ཞལ་ནས་ཨ་ཧོ་ཧཾ་ཞེས་སྒྲོགས༔ རྡོ་རྗེའི་གསུང་མཆོག་རྒོད་གཤེ་རྔམས༔ ཐུགས་ནི་བདེ་བ་ཆེར་འབར་བའི༔ སྙིང་རྗེ་རྔམས་དང་ཞི་བར་བཅས༔ སྲུབ་ཅིང་སྲུབ་པའི་སྦྱོར་བའི་སྒྲས༔ སངས་རྒྱས་སྲས་བཅས་རྗེས་ཆགས་བསྐུལ༔ ཞལ་ཞུགས་བྱང་ཆུབ་སེམས་སུ་ཞུ༔ དྭངས་མའི་སེམས་སྤྲིན་ཧཱུྃ་དུ་སྤྲོས༔ ཕྱོགས་བཅུའི་རྩིབས་ལ་བབ་པ་ལས༔ འོད་ཟེར་རྣོན་པོས་ཕྱོགས་སྐྱོང་བའི༔ གདོན་ཚོགས་བཏུལ་ཏེ་ཚུར་འདུས་པ༔ པད་ཉི་ཕྱོགས་སྐྱོང་ཕོ་མོའི་སྟེང༔ ཧཱུྃ་བབ་ཡོངས་གྱུར་ཁྲོ་བཅུར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ྄༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་མཛད་སྔོ་སྐྱ་མཐིང་སེར་དམར༔ ཞལ་གསུམ་ཕྱག་དྲུག་དང་པོ་གཉིས༔ རྡོ་རྗེ་དུང་དམར་བར་པ་ཡིས༔ མདའ་གཞུ་འགེངས་ཞིང་རོལ་པའི་ཡུམ༔ སྒྲ་འབྱིན་མར་སྦྱོར་ཕྲ་མེན་ནི༔ ཕག་དང་རྨིགས་བུའི་མགོ་ཅན་ནོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ རྣམ་པར་རྒྱལ་བ་དཀར་སྔོ་ལྗང༔ དང་པོས་རྡོ་རྗེ་བྷན་དམར་དཀྲུག༔ བར་པས་འཁོར་ལོ་རྩེ་གསུམ་གདེངས༔ རྣམ་སྙེམས་ཡུམ་སྦྱོར་ཕྲ་མེན་མ༔ སྟག་དང་བྱ་རྒོད་མགོ་ཅན་ནོ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ྄༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ དབྱུག་སྔོན་མཐིང་ནག་དཀར་དམར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་ཁྲག༔ མེ་དབལ་རྡོ་རྗེའི་དབྱུག་ཐོ་འཕྱར༔ རྡོ་རྗེ་སྡེར་མོ་དང་སྦྱོར་བའི༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ྄༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ གཤིན་རྗེ་གཤེད་སྔོན་སྔོ་ལྗང་ཞལ༔ ཕྱག་དྲུག་རྡོ་རྗེ་ཐོད་པ་དང༔ དགྲ་སྟྭ་འབར་བའི་བེ་ཅོན་འཕྱར༔ དུར་ཁྲོད་བདག་མོ་ཡུམ་དང་སྦྱོར༔ ཕྲ་མེན་ཤ་བ་འུག་པའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ མི་གཡོ་མཐིང་ག་ཞལ་དཀར་དམར༔ དང་པོས་རྡོ་རྗེ་ཀ་པཱ་ལ༔ རལ་གྲི་ཞགས་པ་འཕེན་པའི་ཡུམ༔ གཏུན་ཁུང་མ་དང་སྦྱོར་བ་ཡི༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ནུབ་ཕྱོགས་ཆུ་ལྷའི་གདན་སྟེང་དུ༔ རྟ་མགྲིན་དམར་པོ་དཀར་སྔོའི་ཞལ༔ ཕྱག་དྲུག་རྡོ་རྗེ་བྷན་དམར་འཛིན༔ ཞགས་པ་སྤུ་གྲི་གདེངས་པའི་ཡུམ༔ གཏུམ་མོ་མར་སྦྱོར་རོལ་པ་ཡི༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔ འདོད་རྒྱལ་དམར་སྐྱ་ཞལ་ལྗང་སེར༔ ཕྱག་དྲུག་རྡོ་རྗེ་ཐོད་ཁྲག་དང༔ བ་དན་རྔ་ཡབ་འཛིན་པའི་ཡུམ༔ མདའ་སྙེམས་མ་དང་འཁྲིལ་བ་ཡི༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ བདུད་རྩི་འཁྱིལ་ལྗང་སེར་དུད་ཁ༔ རྡོ་རྗེ་དུང་ཁྲག་རྒྱ་གྲམ་དང༔ དབྱུག་ཐོ་བསྣམ་པའི་ཡུམ་རླུང་འབྱིན༔ ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄༔ བྱང་ཤར་དབང་ལྡན་གདན་སྟེང་དུ༔ ཁམས་གསུམ་རྣམ་རྒྱལ་སེར་ནག་ཞལ༔ དཀར་ལྗང་རྡོ་རྗེ་དུང་ཆེན་བསྣམ༔ མདའ་གཞུ་འགེངས་པའི་ཡུམ་གསོད་བྱེད༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ སྟོབས་ཆེན་དུད་ཁ་ནག་སེར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་དང༔ ཐོ་བ་ཞགས་འཛིན་ཡུམ་བསྐྱོད་བྱེད༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ ཁྲོ་བོ་ཆེན་པོ་དེ་དག་ཀྱང༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ ཆ་བྱེད་གཙོ་མཚུངས་ཐ་མའི་ཕྱག༔ ཕྲིན་ལས་དོན་རྟགས་ཕུར་པ་འདྲིལ༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ བརྐྱང་བསྐུམ་སྲིན་པོའི་སྟབས་སུ་འགྱིང༔ ཡུམ་མཆོག་བདེ་སྦྱོར་གཙོ་མོ་འདྲ༔ ཕྲ་མེན་གཅེར་བུ་སྟང་སྟབས་ཅན༔ སྟག་གཟིག་ཤམ་ཐབས་འཕྱང་ཞིང་རྒྱུག༔ གཡས་པས་ལྕགས་ཀྱུ་གཡོན་པ་ན༔ ཕུར་བུ་འདྲིལ་ཞིང་བགེགས་ལ་འདེབས༔ མེ་དཔུང་རྔམས་པའི་ཀློང་ན་འགྱིང༔ ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་རྫོགས༔ གསུམ་པ་སྤྲུལ་སྐུ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་ཐུན་མོང་དང༌། ཁྱད་པར་གཉིས་ལས། དང་པོ་ནི། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ ཟླ་གམ་འཁྱིལ་པ་གསུམ་གྱི་སྟེང༔ གཙོ་བོ་ཡབ་ཡུམ་སྦྱོར་མཚམས་ནས༔ ཧཱུྃ་ཡིག་བདུན་ཚན་གསུམ་དུ་སྤྲོས༔ འོད་ཀྱིས་ཁམས་གསུམ་གདུག་ཅན་བསྒྲལ༔ སྣང་སྲིད་ཕུར་བུའི་ད་ལར་རྫོགས༔ བདེ་གཤེགས་རྒྱལ་བ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ ཧཱུྃ་ལ་ཐིམ་པས་སྐད་ཅིག་གིས༔ མདུན་དུ་ཐུགས་ཀྱི་སྲས་མཆོག་མཐིང༔ གཡས་སུ་སྐུ་ཡི་སྲས་ལྗང་ནག༔ གཡོན་དུ་གསུང་གི་སྲས་དམར་ནག༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་ཅན༔ གཡས་གཡོན་དཀར་དམར་ཞལ་ནི་བརྗིད༔ དང་པོས་རྡོ་རྗེ་མེ་ཆེན་སྤྲོ༔ བར་པས་དགྲ་སྟྭ་ཁཊྭཱཾ་གདེངས༔ ཐ་མས་ཕུར་བུ་འདྲིལ་བ་ཡི༔ སྐུ་ལ་དུར་ཁྲོད་དཔལ་ཆས་རྫོགས༔ སྐུ་སྨད་འབར་བའི་ཕུར་བུའི་དབལ༔ གནམ་ལྕགས་མེ་འཁྲུགས་ཚྭ་ཚྭ་འཕྲོ༔ ཆུ་སྲིན་ཁ་ནས་ཐོན་པ་ཡི༔ དུག་སྦྲུལ་སྡོམ་དང་སྡིག་པ་འཕྱོ༔ དགྲ་བགེགས་སྙིང་གི་དཀར་ནག་མཚམས༔ ཕུར་རྩེ་གཟིར་བས་སྲིད་གསུམ་བསྒྲལ༔ མཚན་མ་རྫས་ཀྱི་དཀྱིལ་འཁོར་རྫོགས༔ དཔལ་ཆེན་གསང་བ་གསུམ་དུ་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ གཉིས་པ་སླར་ཡང་ཕྲིན་ལས་བཞིའི་སྲས་མཆོག་བསྐྱེད་པ་ནི། སླར་ཡང་ཡབ་ཡུམ་སྦྱོར་མཚམས་ནས༔ ཧཱུྃ་སྤྲོས་གཞལ་ཡས་གྲྭ་བཞིར་བབ༔ ཤར་ལྷོར་བུདྡྷ་ཀཱི་ལ་ཡ༔ དཀར་གསལ་དམར་དང་ནག་པོའི་ཞལ༔ ཕྱག་དྲུག་དང་པོས་འཁོར་ལོ་དང༔ དུང་ཁྲག་བར་པས་ཁཊྭཱཾ་མེ༔ ཐ་གཉིས་དངུལ་ཕུར་དཀར་པོ་འདྲིལ༔ སྐུ་སྨད་དབལ་ཟླུམ་ཕུར་བུའི་རྩེ༔ ལྷ་བུའི་བདུད་ཀྱི་སྙིང་གར་གཟིར༔ ལྷོ་ནུབ་རིན་ཆེན་ཀཱི་ལ་ཡ༔ སེར་སྨུག་གཡས་མཐིང་གཡོན་དམར་པོ༔ ཕྱག་དྲུག་རིན་ཆེན་དུང་ཁྲག་དང༔ ཁཊྭཱཾ་མེ་དཔུང་བསྣམས་པ་ཡི༔ ཐ་མས་གསེར་ཕུར་སེར་པོ་འདྲིལ༔ སྐུ་སྨད་གྲུ་བཞི་དབལ་སེར་པོ༔ ཕུང་པོའི་བདུད་ཀྱི་སྙིང་གར་གཟིར༔ ནུབ་བྱང་པདྨ་ཀཱི་ལ་ཡ༔ དམར་སྨུག་གཡས་སེར་གཡོན་ལྗང་གུ༔ ཕྱག་དྲུག་པདྨ་དུང་ཁྲག་དང༔ ཁཊྭཱཾ་ག་དང་མེ་དཔུང་པར༔ ཐ་མས་ཟངས་ཕུར་དམར་པོ་འདྲིལ༔ སྐུ་སྨད་ཟླ་གམ་འབར་བའི་དབལ༔ ཉོན་མོངས་བདུད་ཀྱི་སྙིང་གར་གཟིར༔ བྱང་ཤར་ཀརྨ་ཀཱི་ལ་ཡ༔ ལྗང་ནག་གཡས་དཀར་གཡོན་དམར་པོ༔ ཕྱག་དྲུག་རྒྱ་གྲམ་དུང་ཁྲག་དང༔ ཁཊྭཱཾ་རྩེ་གསུམ་མེ་ཞགས་བསྣམས༔ ཐ་མས་གཡུ་ཕུར་ལྗང་གུ་འདྲིལ༔ སྐུ་སྨད་གནམ་ལྕགས་ཟུར་གསུམ་དབལ༔ འཆི་བདག་བདུད་ཀྱི་སྙིང་གར་གཟིར༔ ཀུན་ཀྱང་ཁྲོ་བོ་ཆེན་པོ་ནི༔ དཔལ་དང་དུར་ཁྲོད་འབར་བའི་ཆས༔ ཡེ་ཤེས་མེ་ཡི་ཟེར་འཕྲོ་ཞིང༔ བདུད་བཞི་འདུལ་བའི་ཕྲིན་ལས་རྫོགས༔ ཨོཾ་བུདྡྷ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ དེ་ནས་སྒོ་བ་དང་བཀའ་སྡོད་ཀྱི་དཀྱིལ་འཁོར་བསྒོམ་པ་ནི། གཙོ་བོའི་སྦྱོར་མཚམས་ཛཿཧཱུྃ་བྃ༔ ཧོཿཡི་ཡི་གེ་བཞི་སྤྲོས་པས༔ ཤར་དུ་སྒོ་མ་ལྕགས་ཀྱུ་མ༔ དཀར་མོ་རྟ་ཡི་གདོང་པ་ཅན༔ ལྷོ་རུ་སྒོ་མ་ཞགས་པ་མ༔ སེར་མོ་ཕག་གི་གདོང་པ་ཅན༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ༔ དམར་མོ་ཀངྐའི་གདོང་པ་ཅན༔ བྱང་དུ་སྒོ་མ་དྲིལ་བུ་མ༔ ལྗང་གུ་སྤྱང་ཀིའི་གདོང་པ་ཅན༔ ཀུན་ཀྱང་གཡོན་པས་ཕུར་པ་འདྲིལ༔ གཅེར་མོ་རལ་གསིགས་གཟིག་ཤམ་ཅན༔ གཏུམ་ཆེན་རྔམ་པའི་གད་རྒྱང་ཅན༔ པད་ཉི་བམ་རོའི་སྟེང་ན་འགྱིང༔ ཛཿཧཱུྃ་བྃ་ཧོཿ ཁྲག་ཁྱམས་དཔལ་གྱི་དཀའ་སྡོད་ཆེ༔ ཤྭ་ན་བདག་ཉིད་ས་བདག་བཞི༔ བསྭེ་མོ་བསྭེ་ལྕགས་དུང་གི་གིང༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་རང་རང་རྒྱན་ཆས་ཚོགས༔ རྫོགས་པ་བཀའ་སྡོད་ཚུལ་དུ་གནས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷཱ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ྄༔ དེ་ལྟར་སྣང་སྲིད་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་གསལ་གདབ་པ་ལ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་འདེབས་པ་ནི། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པའི༔ སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས་གནས་གསུམ་དུ་ཐིམ་པས་དེ་རྣམས་ཀྱི་གསང་བ་གསུམ་དང་གཉིས་སུ་མེད་པར་གྱུར། དབང་བསྐུར་བ་ནི། ཡང་ཐུགས་ཀ་ནས་འོད་འཕྲོས་དབང་གི་ལྷ་ཐམས་ཅད་སྤྱན་དྲངས་པས་དབང་བསྐུར་བར་གྱུར། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་བྱིན་རླབས་དེང་སྩོལ་ཅིག༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཨཱདརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཀྲྀ་ཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྤྱི་བོའི་གནས་ལྔར་དབང་ལྷ་ཡབ་ཡུམ་རྗེས་ཆགས་རྒྱས་པའི་ཞུ་བདེའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུ་ཡི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་གཙོ་བོ་ལ་རྡོ་རྗེ་མི་བསྐྱོད་པ་དང༌། འཁོར་རྣམས་ལ་སོ་སོའི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། བཞི་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་རང་བཞིན་གྱི་གནས་ནས་བླ་མ་རིག་འཛིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་རྣམ་རོལ་མི་བཟད་འབར་བ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ རང་བྱུང་ཡེ་ཤེས་ཧེ་རུ་ཀ༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ ཐབས་ཀྱི་སྤྱོད་པས་གང་འདུལ་དུ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཡེ་ཤེས་ཁྲོ་བོ་ཆེན་པོ་ནི༔ འཁོར་གྱི་དཔལ་ཆེན་ཁྲོ་རྒྱལ་བཅུ༔ སྲས་དང་སྤྲུལ་པ་བཀའ་སྡོད་བཅས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ གནས་འདི་ཉིད་དུ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛཿཛཿ ལྔ་པ་དམ་ཡེ་གཉིས་མེད་དུ་བསྟིམ་པ་ནི། ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བདུན་པ་མཆོད་པ་ལ། ཉེར་སྤྱོད་སྨན་རཀ་གཏོར་མ་དང༌། །སྦྱོར་དང་སྒྲོལ་བའི་མཆོད་པ་གསུམ། །ཞེས་ནང་གསེས་སུ་གསུམ་དུ་དབྱེ་བའི་དང་པོ་ཐུན་མོང་ཉེར་སྤྱོད་ཀྱི་མཆོད་པ་ལ་ཞི་དྲག་གཉིས་ལས། དང་པོ་ནི། ཧཱུྃ། རྣམ་བཀྲའི་མེ་ཏོག་ཕྲེང་མཛེས་སྤོས་སྤྲིན་གཏིབས། །གསལ་བྱེད་མར་མེ་དྲི་ལྡན་གངྒའི་རྒྱུན། །རོ་བརྒྱའི་ཞལ་ཟས་དབྱངས་སྙན་རོལ་མོ་སོགས། ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་སྤེལ་ཏེ་མཆོད། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང༌། །རེག་བདེ་འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་མཐོ་རིས་འབྱོར་པའི་ཚོགས། །མི་ཟད་ནམ་མཁའ་མཛོད་དུ་སྦར་ཏེ་མཆོད། །བདེ་སྟོང་སྒྱུ་མའི་ཆོ་འཕྲུལ་ལས་སྐྱེས་པའི། །ཡིད་འོང་བཅུ་དྲུག་ལང་ཚོའི་དཔལ་འཛིན་མ། །རྡོ་རྗེ་ལྷ་མོས་དགྱེས་པའི་གླུ་གར་བཅས། །ཕུན་ཚོགས་མཛེས་པའི་ཁྱད་པར་དུ་མས་མཆོད། །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་མཎྜ་ལ་ས་པ་རི་ཝ་ར་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་དེ་ཝི་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། གཉིས་པ་ནི། ཧཱུྃ་ཧྲཱིཿ འབར་བའི་ང་རྒྱལ་ཆེན་པོ་ཡིས༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔ དམ་ཉམས་སྙིང་ཁྲག་མཆོད་ཡོན་དང༔ མྱོས་བྱེད་དུག་ཆུའི་ཞབས་བསིལ་འཁྲུགས༔ དབང་པོ་ལྔ་ཡི་མེ་ཏོག་དང༔ ཚིལ་ཆེན་དུད་པ་འཁྲིགས་པའི་སྤོས༔ ཞུན་གྱི་མར་མེ་མདངས་གསལ་ཞིང༔ མཁྲིས་སྣ་ཁྲག་ཞག་བྱུག་པའི་རྩི༔ ཤ་རུས་དོན་སྣོད་མཱཾ་སའི་ཟས༔ ཐོད་རྔ་མི་རྐང་གླིང་བུ་སོགས༔ རུ་ཏྲ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཁྲག་འཐུང་རྡོ་རྗེའི་ལྷ་ཚོགས་བསྐང༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་རུ་ཏྲ་པཱུ་ཛ་ས་མ་ཡ་ཧོཿ གཉིས་པ་ཁྱད་པར་གྱི་མཆོད་པ་ལ་གསུམ་ལས། སྨན་གྱི་མཆོད་པ་ནི། ཧཱུྃ༔ རང་བྱུང་པདྨ་བྷཉྫའི་སྣོད༔ བདེ་ཆེན་རྡོ་རྗེའི་སྦྱོར་བ་ལས༔ འབར་བ་དཀྱིལ་འཁོར་དགུའི་བྱང་སེམས༔ ཡེ་ཤེས་ཀློང་དགུའི་ཕྱག་རྒྱའི་སྤྲིན༔ རང་བཞིན་ལྷུན་རྫོགས་མཆོད་པ་ཆེ༔ བདུད་རྩི་ར་ས་ཡཱ་ནའི་དངོས༔ བླ་མེད་དམ་ཚིག་རྫས་ཀྱི་མཆོག༔ ཨོཾ་ཨ་མྲྀ་ཏ་ཁཱ་ཧི༔ བརྒྱུད་མཆོད་ནི། དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི། །བྱིན་རླབས་སྤྲིན་ཕུང་ཡེ་ཤེས་ཆར་ཆེན་འབེབས། །རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁྱབ་བདག་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང༌། །ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་སེམས་དཔའ་དང༌། །སྤྲུལ་སྐུ་མཁའ་འགྲོ་ལས་ཀྱི་དབང་མོ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕུར་པའི་རིག་འཛིན་པྲ་བྷ་ཧསྟི་དང༌། །འཕོ་ཆེན་སྐུ་བརྙེས་བི་མ་ལ་མི་ཏྲ། །དཀྱིལ་འཁོར་ཀུན་བདག་པདྨ་འབྱུང་གནས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དབྱིངས་ཕྱུག་ཌཱ་ཀི་བདེ་ཆེན་མཚོ་རྒྱལ་དང༌། བདུད་རྩི་ཕུར་གྲུབ་ཛྙཱ་ན་ཀུ་མཱ་ར། །མངའ་བདག་ཆེན་པོ་སོག་པོ་ལྷ་དཔལ་རྗེར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བཀའ་བབ་བདུན་ལྡན་རྡོ་རྗེ་གཟི་བརྗིད་དང༌། །གཏེར་འབྱིན་མདོ་སྔགས་གླིང་དང་མ་ཏིའི་མཚན། །ཆོས་བདག་རིག་འཛིན་བརྒྱུད་པར་བཅས་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྡོ་རྗེ་གཞོན་ནུ་བདུད་འདུལ་ཁྲོ་བོ་བཅུ། །ཕྲ་ཐབས་སྲས་མཆོག་སྒོ་མ་ཕུར་སྲུང་སོགས། །དངོས་གྲུབ་མཆོག་སྩོལ་བསམ་ཡས་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དཔལ་གྱི་བཀའ་སྡོད་ཕྲིན་ལས་གློག་ལྟར་འཁྱུག །མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང༌། །སྣང་སྲིད་གཞིར་བཞེངས་རྡོ་རྗེའི་མཎྜ་ལར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ དམ་ཚིག་རྫས་ཀྱི་བདུད་རྩི་ལས༔ ཡེ་ཤེས་སྙིང་པོའི་དངོས་གྲུབ་དབྱིག༔ མཐེབ་སྲིན་ཉི་ཟླའི་གྭའུ་ཡིས༔ རྡོ་རྗེའི་ལྕེ་ལ་བཞག་ཅིང་མྱང༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧོ༔ གཏོར་མའི་མཆོད་པ་ནི། ཧཱུྃ་ཧྲཱིཿ རྡོ་རྗེའི་ཕུང་ཁམས་ཐམས་ཅད་ཀྱང༔ འདོད་ཡོན་རྨད་བྱུང་གཏོར་མར་ཤར༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་ཆེ༔ ལྷུན་གྱིས་གྲུབ་པའི་བ་ལིཾ་ཏ༔ སྣང་སྲིད་མ་ལུས་ལྷུན་རྫོགས་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ རཀྟའི་མཆོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ཧཱུྃ་ཧྲཱིཿ གདུག་པའི་སྙིང་གི་ཁྲག་རྒྱུན་དང༔ གཱིརྟིའི་རང་བྱུང་གསང་བའི་ཁྲག༔ ཁམས་གསུམ་ཆགས་པའི་བཅུད་ཆེན་པོ༔ དམར་ནག་ལྦུ་ཕྲེང་འཁྲུགས་པའི་མཚོ༔ འབར་བ་གཏུམ་ཆེན་རྔམ་པ་ལ༔ གཉིས་མེད་རོལ་པས་དགྱེས་དགུར་བཞེས༔ མ་ཧཱ་རཀྟ་ཁཱ་ཧི༔ གཉིས་པ་བྱེ་བྲག་རཀྟ་ཚར་གསུམ་ནི། ཕུད་དང་རཀྟ་བསྲེས་པ་དང་པོ་བཀའ་སྒོ་བའི་ཕྱིར་ཕུལ་ལ། ཧཱུྃ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྱོར་ཆུག་ཅིག༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ང་ཡིས་དབང་དུ་གྱུར་ནས་ཀྱང༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ མ་ཧཱ་རཀྟ་ཁཱ་ཧི༔ གཉིས་པ་དམ་ཅན་གནད་དུ་དབབ་པའི་ཕྱིར་འབུལ་བ་ནི། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཇི་བཞིན་བཅས་པ་ཡི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར་འབུལ་བ་ནི། ཧཱུྃ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷའམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ་སྒྲོལ་མཆོད་ནི། ཧཱུྃ་ཧྲཱིཿ ཁམས་གསུམ་མ་ཧཱ་རུ་ཏྲའི་ཚོགས༔ ཀུན་ཏུ་ཁྲོས་པས་བསྒྲལ་བ་ལས༔ ཤ་ཆེན་བརྩེགས་པའི་རི་རབ་དང༔ རུས་ཆེན་བསྒྲལ་བའི་གྲམ་བུར་སྤུངས༔ དམར་ནག་ཁྲག་གི་རྒྱ་མཚོ་འབུལ༔ དུག་གསུམ་དག་པའི་དངོས་གྲུབ་སྩོལ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ སྦྱོར་མཆོད་ནི། ཧཱུྃ་ཧྲཱིཿ འབར་བ་ཁྲོ་མོའི་ཨེ་ཀློང་དུ༔ གཏུམ་ཆེན་ཁྲོ་བོའི་རྡོ་རྗེས་བརྡུང༔ བར་དུ་གཅོད་ན་ལྷ་ཡང་རུང༔ བསྒྲལ་བའི་ལས་ཀྱི་མཆོད་པ་འབུལ༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཧ་ཧ་ཧ༔ བརྒྱད་པ་བསྟོད་པ་ནི། ཧཱུྃ་ཧྲཱིཿ བསྐལ་པ་མེ་ལྟར་འབར་བའི་ཀློང༔ རང་བྱུང་དུར་ཁྲོད་ཆེན་པོའི་དབུས༔ དཔལ་ཆེན་འབར་བ་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུར་ཕྱག་འཚལ་བསྟོད༔ འཇིགས་རུང་སྐུ་ནི་གར་དགུས་སྒེག༔ མཐིང་ནག་བཻཌཱུའི་ལྷུན་པོ་བཞིན༔ ཉི་མ་འབུམ་གྱི་གཟི་བརྗིད་ཀྱིས༔ ཁམས་གསུམ་ཟིལ་གྱིས་གནོན་ལ་བསྟོད༔ རབ་འཇིགས་རྡོ་རྗེའི་གད་མོ་ཆེས༔ གདུག་པ་ཅན་རྣམས་སྲོག་རྩ་འདར༔ རྒོད་གཤེ་དྲག་ཤུལ་རོལ་པ་ཆེའི༔ ཧཱུྃ་ཕཊ་གད་རྒྱངས་སྒྲོག་ལ་བསྟོད༔ མི་གཡོ་ཐུགས་ནི་རབ་ཏུ་ཞི༔ སྙིང་རྗེ་རྔམས་པའི་གདུང་བ་ཆེས༔ བདུད་དང་རུ་ཏྲ་གདུལ་དཀའ་འདུལ༔ རྡོ་རྗེ་སྲིན་པོའི་ཚུལ་ལ་བསྟོད༔ ཡོན་ཏན་བསམ་ཡས་ཆོ་འཕྲུལ་གྱིས༔ འཕགས་པའི་རྣམ་ཐར་མ་ལུས་རྫོགས༔ མི་སློབ་འབྲས་བུའི་དེ་ཉིད་ཀྱི༔ གསང་བ་རྒྱན་གྱི་འཁོར་ལོར་བསྟོད༔ མཁའ་ཁྱབ་འགྲོ་བ་ཀུན་འདུལ་བའི༔ ཕྲིན་ལས་དཔག་ཡས་གང་འདུལ་སྟོན༔ སྲིད་ཞིའི་རྒྱན་དུ་རྫོགས་པའི་ལྷ༔ གཉིས་མེད་མཉམ་པའི་ངང་དུ་བསྟོད༔ དངོས་གཅིག་ཐིག་ལེ་ཆེན་པོའི་གཟུགས༔ རབ་འབྱམས་གཙོ་དང་འཁོར་གྱི་ཚུལ༔ བསམ་ཡས་བཀོད་པའི་ཆོ་འཕྲུལ་ཅན༔ མ་ལུས་ཀུན་ལ་གུས་པས་བསྟོད༔ དགུ་པ་བཟླས་པ་ལ། ཛཔ་ཁང་དབྱེ་བསྐུལ་བསྙེན་སྒྲུབ་ལས། །ཞེས་ལྔ་ལས། དང་པོ་དབང་དང་སྒྲུབ་མཆོད་སྒྲུབ་ཆེན་ལས་སྦྱོར་རྣམས་ལ་བདག་མདུན་ཐ་དད་དུ་དབྱེ་དགོས་པས། སྔར་དམ་ཡེ་གཉིས་མེད་ཀྱི་དཀྱིལ་འཁོར་གསལ་བཏབ་པ་ཉིད་དབྱེ་གཞི་བྱས་ཏེ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་གྱི་ནམ་མཁར་བཞུགས་པ་ཡི༔ གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐར༔ སྔགས་ཕྲེང་སྒྲར་བཅས་འཁོར་བ་ལས༔ འོད་ཟེར་དཔག་ཡས་འཕྲོ་བར་བསམ༔ གཉིས་པ་ལ། སྒྲུབ་ཆེན་གྱི་སྐབས་དཀྱིལ་འཁོར་གྱི་ལྷ་ཚོགས་རེ་རེ་བཞིན་ཛཔ་བསྐུལ་དང་སྟོང་ཚིག་འབུལ་དགོས་ཀྱང༌། བསྙེན་སྒྲུབ་ལས་སྦྱོར་དཀྱུས་མ་ལ་སྤྲོས་པ་འཚམ་པའི་དབང་དུ་བྱས་ཏེ། ལྷ་ཚོགས་སྤྱིར་བསྐུལ་བ་ནི། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཞི་དབུས་ལྔའི་འཇིག་རྟེན་གྱི༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ ཀུན་ཀྱང་རྡོ་རྗེ་ཕུར་པའི་ལྷ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ མཐིང་ནག་མེ་ཡི་འོད་འཕྲོ་ཞིང༔ རྒོད་དང་གཤེ་དང་ཁྲོ་བའི་ཚུལ༔ ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས༔ འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར༔ ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན༔ ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང༔ ཁྲོ་མོའི་སྤྲུལ་པས་ས་གཞི་གང༔ ཕྲ་མེན་སྤྲུལ་པས་བར་སྣང་གང༔ སྒོ་མའི་སྤྲུལ་པ་ཕྱོགས་བཅུར་འགྱེད༔ ཐམས་ཅད་བདེ་བའི་ཀློང་ནས་ཤར༔ བསམ་གྱིས་མི་ཁྱབ་ཀུན་ལས་འདས༔ བརྗོད་མེད་དབྱིངས་ཀྱི་ཐིག་ལེ་ཆེ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ལྷའི༔ ཞལ་ནས་ཕུར་པའི་སྔགས་སྒྲ་སྒྲོག༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང༔ དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ ཕུར་པ་འདི་ལ་དབང་ཞིག་བསྐུར༔ ཕུར་པ་འདི་ལ་བྱིན་གྱིས་རློབས༔ རྟགས་དང་མཚན་མ་བསྟན་པ་དང༔ རིག་འཛིན་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གསུམ་པ་བསྙེན་དམིགས་ནི༔ བདག་ཉིད་ཐུགས་ཀར་ཡེ་ཤེས་སེམས༔ རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས༔ རྡོ་རྗེ་དྲིལ་བསྣམས་ཕྱེད་སྐྱིལ་བཞུགས༔ ཚོན་གང་འོད་ཀྱི་ཕུང་པོ་ནི༔ རིན་ཆེན་ཟུར་བརྒྱད་དབུས་ན་བཞུགས༔ དེ་ཡི་ཐུགས་ཀར་ཙིཏྟ་ནི༔ མཐིང་སྨུག་མཆོང་གི་གུར་ལྟར་མཛེས༔ ལྟེ་བར་ཉི་སྟེང་རྡོ་རྗེ་ནི༔ རྩེ་དགུ་ནས་ཀྱི་འབྲུ་ཙམ་སྒྲེང༔ རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག༔ མཐའ་བསྐོར་སྙིང་པོ་འབྲུ་དགུ་འབར༔ སྔགས་ཕྲེང་མཚམས་སུ་གསུང་རྡོ་རྗེ༔ རྟ་མགྲིན་དམར་པོས་བར་ཆད་སྲུང༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ དཔལ་ཆེན་སྐུ་དང་གཉིས་མེད་གྱུར༔ ཞེས་གསལ་སྣང་རྩེ་གཅིག་ཏུ་སྒྲུབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཅེས་བསྙེན་སྔགས་འབྲུ་དགུ་པ་ཉིད་བཟླ། གོམས་པ་བརྟན་པ་དང༌། བཞི་པ་སྒྲུབ་པ་དོ་ལིའི་བཟླས་དམིགས་ནི། སྔགས་ཕྲེང་བདག་མདུན་ཞལ་དང་མཁའི༔ སྦྱོར་མཚམས་ནས་བརྒྱུད་འོད་ཟེར་ལས༔ སྐུ་སྔགས་ཕྱག་མཚན་མཚོན་ཆ་མེ༔ སྤྲོ་བསྡུས་སྣང་སྲིད་ལྷ་དང་སྔགས༔ ཡེ་ཤེས་རོལ་པར་འབྱམས་ཀླས་ཏེ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀྱང༔ ཐམས་ཅད་ཕུར་པའི་དལ་དུ་རྫོགས༔ ཞལ་ནས་སྔགས་ཀྱི་སྒྲ་སྒྲོག་ཅིང༔ ཀུན་ཀྱང་ཀཱི་ལིའི་ཛཔ་སྒྲ་སྒྲོགས༔ སྣང་སྲིད་ཕྱག་རྒྱ་ཆེན་པོའི་དབྱིངས༔ དག་པའི་ཡེ་ཤེས་རོལ་པར་ཤར༔ ཞེས་སྤྲོ་བསྡུའི་ཏིང་འཛིན་དང་བཅས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཞེས་སྒྲུབ་སྔགས་འབྲུ་བཅུ་བདུན་པ་གཙོ་འཁོར་སྤྱི་དྲིལ་གྱི་སྙིང་པོ་བཟླ། སྐབས་འདིར་བསྙེན་སྒྲུབ་རྒྱས་པ་དང༌། སྒྲུབ་ཆེན་ལ་ཁྲོ་བཅུ་ཡབ་ཡུམ། ཕྲ་ཕྱག །སྲས་མཆོག་རྣམས་ཀྱི་རྩ་སྔགས་བཟླ་བ་དང༌། སོ་སོའི་སྤྲོ་བསྡུ་བྱ་དགོས་པས་བསྙེན་ཡིག་དང༌། སྒྲུབ་ཁོག་ལས་ཤེས་པར་བྱ། ལྔ་པ་ལས་སྦྱོར་ནི། དཀྱིལ་འཁོར་གསུམ་ལས་འོད་ཟེར་ནི༔ ལྗང་ནག་མཚོན་ཆའི་ཟེགས་མ་འཕྲོས༔ ཀུན་ཀྱང་མངོན་སྤྱོད་ལས་ལ་བསྐུལ༔ ཕོ་ཉ་ཉི་ཟེར་རྡུལ་ལྟར་འཚུབས༔ མཚོན་ཆའི་ཆར་ཕབ་དྲག་སྔགས་སྒྲོག༔ གང་ལ་དམིགས་པའི་དགྲ་དང་བགེགས༔ མངོན་སྤྱོད་དྲུག་གི་ཕྲིན་ལས་ཀྱིས༔ དགྲ་བོ་མིང་མེད་བརླག་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་མ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ ཅེས་ལས་སྦྱོར་དྲག་སྔགས་སྤུ་གྲི་བཟླ། འདི་ནི་སྤྲོས་མེད་ཏིང་འཛིན་གཙོ་བོར་བཏོན་པའི་བསྙེན་སྒྲུབ་ལས་གསུམ་ཆིག་རྫོགས་སུ་བྱ་བའི་དོན་དུ་སྟེ། རྫས་ཀྱི་ཕུར་བུས་དགྲ་བགེགས་སྒྲོལ་བའི་ལས་རིམ་རྒྱས་པ་དང༌། ཁྲོ་བོ་བཅུ་སོགས་ཀྱི་ལས་སྦྱོར་སྦྲགས་པའི་སྐབས་ཀྱི་དམིགས་བཟླས་ཀྱི་ཁྱད་པར་ནི་སོ་སོའི་ཡི་གེ་ལས་ཤེས་དགོས་སོ། །གང་ལྟར་ཡང་ཐུན་ལས་ལྡང་བ་ན་དབྱངས་གསལ་རྟེན་སྙིང་བཟླས་པས་ལྷག་ཆད་བསྐང་ཞིང་བྱིན་རླབས་བརྟན་པར་བྱས་ཏེ། གཏང་རག་གི་མཆོད་བསྟོད་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཧཱུྃ༔ སྒེག་པ་འཇིགས་རུང་རྡོ་རྗེའི་གཟི་བྱིན་འབར༔ རྒོད་གཤེ་དྲག་ཤུལ་མཐའ་ཡས་སྔགས་ཀྱི་ཚོགས༔ སྙིང་རྗེ་རྔམ་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཁྲག་འཐུང་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱ་བཟླ། བཀའ་གཏེར་སྲུང་མ་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་བཀའ་སྲུང་ཡེ་ཤེས་མགོན་པོ་དང༌། གཏེར་སྲུང་དྲེགས་པ་སྡེ་ལྔའི་གཏོར་ཆོག་རྒྱས་པར་བཏང༌། གསུམ་པ་རྗེས་རིམ་ལ། ཚོགས་མཆོད་བསྐུལ་དང་ཆད་ཐོ་འབུལ། །བརྟན་མ་རྟ་བྲོ་དངོས་གྲུབ་བླང༌། །ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་གདབ། །ཤིས་བརྗོད་རྒྱུན་སྤྱོད་འཇུག་པ་བཅུ། །ཞེས་པའི་དང་པོ་ལའང༌། ཐོག་མར་བྱིན་གྱིས་བརླབ་པ་ནི། དཀྱིལ་འཁོར་གྱི་མདུན་དུ་ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་ཐབས་ཤེས་བཟའ་བཏུང་གི་རྫས་རྣམས་བཀྲམ། དགོས་པ་དང་འབྲེལ་ན་ཕྱག་དང་སྐོང་བཤགས་ཀྱི་ཆོ་ག་སྤྱི་ལྟར་བྱ། ཚོགས་ཀྱི་དམ་རྫས་ལ་ཆུ་ཆང་ནང་མཆོད་ཀྱིས་བྲན་ཏེ། ཞུ་བསྐུལ་སྔོན་དུ་འགྲོ་བས། རྃ་ཡྃ་ཁྃ༔ ཆོས་ཀུན་སྒྱུ་མ་ལྟ་བུ་ཡི༔ རིག་པའི་ཡེ་ཤེས་རྃ་ཡྃ་ཁྃ༔ སྟོང་གསལ་རྣམ་པར་མི་རྟོག་པའི༔ རང་བཞིན་དཔལ་གྱི་ཐུགས་ལས་སྤྲོས༔ ཚོགས་ཀྱི་རྫས་ཀུན་བསྲེགས་གཏོར་བཀྲུས༔ རླུང་མེ་ཐོད་སྒྱེད་གསུམ་གྱི་སྟེང༔ ཨཱཿལས་ཡེ་ཤེས་ཀ་པཱ་ལར༔ ངོ་བོ་ཡེ་ཤེས་ལྔའི་རང་བཞིན༔ རྣམ་པ་ཤ་ལྔ་བདུད་རྩི་ལྔ༔ བྱེད་ལས་ཟག་མེད་བདེ་སྐྱེད་པའི༔ རང་བཞིན་བླ་མེད་དམ་ཚིག་རྫས༔ འབྲུ་གསུམ་ལས་བྱུང་ཁ་དོག་དང༔ དྲི་རོ་མཆོག་ལྡན་ཟེགས་མ་ལས༔ འདོད་ཡོན་དཔག་མེད་འཆར་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་མང་དུ་བརྗོད། གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། སྤོས་རོལ་ཅང་ཏེའུ་དྲིལ་བུ་དང་བཅས་ཏེ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་རོལ་པའི་སྲས་མཆོག་དང༔ ཁྲོ་བཅུ་ཡབ་ཡུམ་ཕྱག་བརྙན་བཅས༔ ཕྲིན་ལས་སྒོ་མ་ཕུར་སྐྱོང་རྣམས༔ ཧེ་རུ་ཀ་ཡི་འདུ་བར་སྤྱོན༔ ཚོགས་ཁང་རང་སྣང་རྒྱན་གྱི་ཞིང༔ རྣལ་འབྱོར་ཕོ་མོ་རིག་པ་འཛིན༔ སྣང་སྲིད་རྣམ་དག་བརྡལ་བ་ཆེ༔ རྒྱ་ཆད་ཕྱོགས་ལྷུང་མ་དམིགས་པའི༔ གནས་འདིར་དཔལ་གྱི་ཐ་ཚིག་དགོངས༔ དཀྱིལ་འཁོར་ཆེན་པོར་བྱིན་གྱིས་རློབས༔ དམ་རྫས་བདུད་རྩིའི་ཕུད་ཆེན་པོར༔ དངོས་གྲུབ་གནས་སུ་མཛད་དུ་གསོལ༔ ཤྲཱི་ཧེ་རུ་ཀ་ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛཿཛཿ ཞེས་སྤྱན་དྲངས་པ་ལ། མཆོད་པའི་ལྷ་མོའི་ཚོགས་སྤྲོས་པས་མཆོད་པ་ནི། རྡོ་རྗེ་སྒེག་མོས་དགའ་བས་མཆོད་བྱ་ཞིང༌། །རྡོ་རྗེ་ཕྲེང་མས་རབ་ཏུ་བརྒྱན་བྱས་ཏེ། །རྡོ་རྗེ་གླུ་མས་གསང་བའི་གླུ་བླངས་ནས། །རྡོ་རྗེ་གར་མས་མཛེས་པའི་གར་བསྒྱུར་མ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་མོས་པའི་བློ་ཡིས་བདག་འབུལ་ན། །བཞེས་ཤིག་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མཱ་ལྱ་ཏྲཱྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ རྡོ་རྗེ་བདུག་པས་མ་ལུས་ཚིམ་བྱས་ནས། །རྡོ་རྗེ་མེ་ཏོག་མ་ཡིས་མཛེས་པར་བཀྲམ། །རྡོ་རྗེ་སྒྲོན་མེ་མ་ཡིས་དགྱེས་པ་བསྐྱེད། །དྲི་མཆོག་མ་ཡིས་དྲི་ཞིམ་བྱུག་བྱེད་པ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་མོས་པའི་བློ་ཡིས་བདག་འབུལ་ན། །བཞེས་ཤིག་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གྷནྡྷེ་ཨཱཿ གསུམ་པ་ཚོགས་དང་པོ་མཆོད་པ་ནི། ཧཱུྃ༔ རྡོ་རྗེའི་དམ་ཚིག་བླ་ན་མེད༔ གཙང་དམེ་བྲལ་བའི་རྫས་ཀྱི་མཆོག༔ གཉིས་འཛིན་དག་པས་འབུལ་ལགས་ན༔ དགྱེས་དགུར་རོལ་ལ་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ བཞི་པ་བསྐང་ཞིང་བཤགས་པ་ནི། བསྐང་རྫས་བྱིན་བརླབ་སྔོན་དུ་འགྲོ་བས་རྩ་གསུམ་སྤྱི་དང༌། ཁྱད་པར་རྡོ་རྗེ་ཕུར་པ་བཀའ་གཏེར་སྲུང་མ་དང་བཅས་པའི་བསྐང་བཤགས་རྒྱས་པར་སྦྱར། ཚོགས་ཀྱི་བཤགས་པ་དངོས་ནི། ཧོཿ ཐོག་མེད་དུས་ནས་ད་ལྟའི་བར༔ འགལ་འཁྲུལ་ནོངས་པ་མཆིས་སོ་ཅོག༔ མི་འཆབ་གནོང་ཞིང་འགྱོད་སེམས་ཀྱིས༔ ཡེ་ཤེས་ཆེན་པོའི་རྫས་ཀྱིས་བཤགས༔ ས་མ་ཡ་ཤུདྡྷེ་ཨཱཿ ཡིག་བརྒྱ་བཟླ། ལྔ་པ་བསྒྲལ་བསྟབ་ལ་བཞི། རྒྱས་པར་མཚན་མ་རྫས་ཀྱི་ཕུར་བུའི་སྨད་ལས་དགྲ་བགེགས་བསྒྲལ་བ་དང༌། དེ་དང་རྗེས་འབྲེལ་དམར་ཆེན་གཏོར་ཟློག་གི་སྐབས་ཀྱི་བསད་ལས་ནི་སོ་སོའི་གཞུང་དུ་ཤེས་ལ། འདིར་ལས་བྱང་དཀྱུས་ཙམ་དུ། ཚོགས་ཕུད་གསུམ་པ་ལ་དམིགས་རྟེན་དུ་བྱས་ཏེ། དང་པོ་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས་མ་རུང་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་དགུག་གཞུག་བཅིངས་ཏེ། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བསྒྲལ་བར་བྱ་བའི་དུས་ལ་བབ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ གསུམ་པ་བསྒྲལ་བ་ནི། ཕུར་པ་འདྲིལ་ཏེ། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་བཀུག་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ མོ་ཧ་ཡ་བྷ་ག་ཝཱན་ཧྲཱིཿཥིཊ་བི་ཏྲི་ཏ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨ༔ ཞེས་ཚེ་ཁྲུས་གནས་གསུམ་གྱི་དགོངས་པ་ལྡན་པས་བསྒྲལ། བཞི་པ་ཞལ་དུ་བསྟབ་པ་ནི། ཧཱུྃ༔ ཁམས་གསུམ་གདུག་ཅན་བསྒྲལ་བ་ཡི༔ དུག་གསུམ་ཤ་ཁྲག་རུས་པ་ཀུན༔ ཁྲག་འཐུང་རྡོ་རྗེའི་ལྷ་ལ་འབུལ༔ འཁོར་བ་རྡོ་རྗེར་སྒྲུབ་མཛོད་ཅིག༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི༔ ཞེས་ཕུལ་བ་དང་ཆབས་ཅིག ཧཱུྃ༔ འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བ༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ པདྨ་ལ་ནི་རྡོ་རྗེ་ཞུགས༔ བདག་ཉིད་མཆོད་པས་མཉེས་པར་བྱའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བྃ་ཧོཿ བོ་དྷི་ཙིཏྟ་མ་ཧཱ་སུ་ཁཾ༔ ཨ་ནུ་རཱ་ག་ཡ་མི༔ ལྷ་ཚོགས་ཐམས་ཅད་རང་རང་གི་ཕྱག་རྒྱ་དང་སྙོམ་པར་ཞུགས་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམ་པར་གྱུར། དྲུག་པ་ཚོགས་ལ་རོལ་པ་ནི། མཆེད་ལྕམ་རྣམས་ལ་ཐབས་ཤེས་ཀྱི་རྫས་བསྣོལ་མར་སྟོབ་པའི་བརྡ་ཡི་འབུལ་ལེན་བྱས་ལ་ཕྱི་ནང་གསང་བའི་ཚོགས་ཀྱི་རྣལ་འབྱོར་དང་ལྡན་པས་ཚིམ་པར་རོལ་ལ། སྤྲོ་ན་ཕུར་པ་རྩ་དུམ་སོགས་རྒྱུད་ཀློག་པ་ཆོ་ག་བཞིན་དང༌། རྡོ་རྗེའི་གླུ་ལེན་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་པར་བྱ། བདུན་པ་ལྷག་མ་ནི། སྟེགས་བུ་ཞིང་ལྤགས་ཀྱིས་བཀབ་པའི་སྟེང་གཙང་དམེའི་ལྷག་མ་དཀྱིལ་འཁོར་གྱི་དྲུང་དུ་མཐོ་དམན་དུ་བཀོད་ལ་མཆོད་པས་བསྐོར་ཏེ། ཀྱཻ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ དཔལ་ཆེན་དཀྱིལ་འཁོར་ཚོགས་ཀྱི་བདག༔ བར་དུ་བཤགས་པ་མི་བགྱིད་རྒྱུ༔ རྣལ་འབྱོར་ལྡན་ལ་དམ་ཚིག་གཉན༔ ཐ་མ་བསྒྲལ་བསྟབ་མི་བགྱིད་རྒྱུ༔ རྟོགས་པས་བདག་རྒྱུད་སྔོན་བསྒྲལ་ཕྱིར༔ ད་ལྟ་ལྷག་མས་མི་མཆོད་རྒྱུ༔ མ་ཚོགས་དབང་ཕྱུག་གིང་ལངྐ༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས༔ ཀུན་ཀྱང་དཔལ་ཆེན་སྤྲུལ་པ་ཡིན༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར༔ འབངས་ཐོག་རྗེ་ཡིས་མི་མནན་རྒྱུ༔ ཅི་བཅོལ་ལས་ལ་བསྐུལ་བའི་ཕྱིར༔ རྗེ་ལ་འབངས་ཀྱིས་མི་རྒོལ་རྒྱུ༔ དྲག་ཤུལ་ལས་ཐབས་མྱུར་བའི་ཕྱིར༔ པཉྩ་ཨ་མྲྀ་ཏ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཞེས་བདུད་རྩིས་བྲན་ཏེ་བྱིན་གྱིས་བརླབས། ཨེ་ཨ་རལླི་ཧྲིཾ་ཛཿཕེཾ༔ བཤུགས་གླུ་རོལ་མོས་མགྲོན་རྣམས་དམ་ཚིག་གི་གནས་སུ་སྤྱན་དྲངས་པ་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ལ། ལྷག་གཏོར་དངོས་ནི། ཧཱུྃ་བྷྱོ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ དཀྱིལ་འཁོར་ཆེན་པོའི་མུ་རན་སྐྱོང༔ ཕུར་པའི་སྲུང་མར་ཞལ་བཞེས་པའི༔ མཁའ་འགྲོ་གིང་ལང་དབང་ཕྱུག་ཆེ༔ མ་སྲིང་ཤ་ཟ་ཕྲ་མེན་མ༔ ཤུགས་འགྲོ་གནས་ཉུལ་ཆེན་མོ་རྣམས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་ཧོཿ ཞེས་རོལ་མོའི་སྒྲ་དང་བཅས་ཏེ་ཕྱི་རོལ་གཙང་སར་འབུལ། བརྒྱད་པ་ཐམས་ཅད་རྡོ་རྗེའི་རིགས་སུ་སྨོན་ལམ་གདབ་པ་ནི། ཧོཿ ཆོས་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉེན་དང་གཟུངས་མ་དང༔ རྡོ་རྗེའི་སྲོག་གིས་འབྲེལ་བའི་མཆེད་ལྕམ་རྣམས༔ ནམ་ཡང་མི་འབྲལ་ཏིང་འཛིན་རྩེ་གཅིག་པས༔ རྡོ་རྗེ་ཐེག་པའི་རིགས་སུ་སྐྱེ་བ་དང༔ བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་པའི༔ སྐལ་པ་མཆོག་དང་ལྡན་པར་རབ་གྱུར་ཏེ༔ དེ་དང་དེ་ཡི་དམ་ཚིག་རྣམ་དག་ཤོག༔ བསྐྱེད་པའི་རིམ་པས་སྣང་བ་ལྷ་སྐུར་དག༔ རྫོགས་རིམ་ཟབ་མོས་རྩ་རླུང་ཐིག་ལེར་རྫོགས༔ རྫོགས་པ་ཆེན་པོའི་ཡེ་ཤེས་མངོན་སྨིན་ཏེ༔ སྤང་ཐོབ་མེད་པའི་འབྲས་བུ་ལྷུན་གྲུབ་ཤོག༔ ཛྙཱ་ན་ས་མ་ཡ་ཨ་ཨ་ཨ༔ གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་དབྱིངས་སྤྲོས་པ་ཀུན་བྲལ་ཡང༔ མ་འགག་བདེ་ཆེན་སྒྱུ་མར་རོལ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཁྲོ་བཅུ་ཕྲ་ཕྱག་སྒོ་མའི་ཚོགས༔ ལས་ལ་བཞེངས་ཤིག་ས་མ་ཡ༔ ད་དུས་སྙིགས་མ་ལྔ་བདོ་བས༔ བདུད་དང་བར་ཆད་འབྱུང་པོས་འཚེ༔ བྱང་ཆུབ་སྒྲུབ་པའི་གེགས་གྱུར་ཀུན༔ དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཁྱེད་རྣམས་སྟོབས་བཅུ་མཐར་སོན་པས༔ འདོད་པའི་ལས་ལ་ཐོགས་པ་མེད༔ མ་གཡེལ་ཐུགས་དམ་རྩལ་སྤྲུགས་ལ༔ ཡེ་ཤེས་དགོངས་པའི་མཐུ་རྩལ་བསྐྱེད༔ འགལ་རྐྱེན་མི་མཐུན་ཀུན་ཞི་ཞིང༔ ཚེ་དཔལ་ལུང་རྟོགས་ཡེ་ཤེས་བསྐྱེད༔ སྣང་སྲིད་དབང་དུ་འདུ་བ་དང༔ ཁམས་གསུམ་སྙིང་རྗེས་སྒྲོལ་བར་མཛོད༔ གསུམ་པ་ཆད་ཐོ་བསྒྲགས་པ་ནི། བཀའ་གཏེར་སྲུང་མའི་གཏོར་འབུལ་རྣམས་སྐབས་འདིར་ཆོ་ག་བཞིན་ཕུལ་ལ་ཕྲིན་ལས་བཅོལ། ཆད་ཐོའི་གཏོར་མ་སྨན་རཀ་གིས་བྲན་ལ་འབྲུ་གསུམ་གྱིས་བྱིན་རླབས་བྱས་ཏེ། ཧཱུྃ་བྷྱོ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀས༔ ཆོས་དབྱིངས་བྱ་རྩོལ་བྲལ་བའི་རྒྱུད༔ རིག་མཆོག་འབུམ་ཕྲག་བསྟན་པའི་ཚེ༔ ཞལ་བཞེས་རིག་རྩལ་ཕོ་ཉའི་ཚོགས༔ ཐ་ཚིག་མ་བསྙེལ་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ བྲམ་ཟེ་པྲ་བྷ་ཧསྟི་ཆེར༔ མཆོད་རྟེན་བདེ་བྱེད་བརྩེགས་པ་རུ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ ཕྲ་མེན་གཡུ་སྒྲོམ་གཏད་པའི་ཚེ༔ བཀའ་སྲུང་ཞལ་བཞེས་སྲུང་མ་རྣམས༔ གཏོར་མ་ལོངས་ལ་ཕྲིན་ལས་མཛོད༔ དེ་རྗེས་བསྐལ་པའི་དུས་གཉན་ལ༔ པཎ་ཆེན་བི་མ་མི་ཏྲ་ཡིས༔ སྣང་སྲིད་ཕུར་བུའི་ཞིང་ཆེན་དུ༔ བསྒྱུར་ནས་གཉགས་ཆེན་ལོ་ཙཱ་བར༔ རྒྱུད་ལུང་མན་ངག་ཀུན་བསྟན་ཚེ༔ བཀའ་གཏེར་སྲུང་མར་ཞལ་བཞེས་ཀུན༔ ཐོགས་པ་མེད་པའི་ཕྲིན་ལས་མཛོད༔ གཞན་ཡང་གྲུབ་པའི་རིག་པ་འཛིན༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་སོགས༔ ཕུར་བུའི་རིག་འཛིན་ཆེ་རྣམས་ཀྱི༔ སྤྱན་སྔར་ཁས་བླངས་བཀའ་སྲུང་ཚོགས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ མ་ལུས་ཕྲིན་ལས་མྱུར་དུ་མཛོད༔ ཐ་མ་ལས་ཅན་དག་པའི་ངོར༔ གར་གྱི་དབང་ཕྱུག་ཧེ་རུ་ཀ༔ ཀློང་ཆེན་ནམ་མཁའ་འོད་གསལ་ལ༔ སྔོན་གྱི་སྨོན་ལམ་དུས་བབ་པས༔ བཀའ་སྲུང་ཡེ་ཤེས་མགོན་པོ་ཆེས༔ ཤོག་སེར་དངོས་སུ་གཏད་ནས་ཀྱང༔ རྡོ་རྗེ་ཕུར་པའི་སྨིན་གྲོལ་གྱི༔ བཀའ་བབ་དབང་བསྐུར་ཐོབ་པའི་ཚེ༔ ཞལ་བཞེས་ཆོས་སྲུང་རྒྱ་མཚོ་ཡིས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མ་ལུས་མཛོད༔ བཞི་པ་བརྟན་མ་མཆོད་པ་ནི། བཤལ་ཆུའི་བདུད་རྩིས་གཏོར་མར་བྲན་པ་བྱིན་གྱིས་རླབས་ཏེ། ཧཱུྃ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ རླངས་ཆེན་དཔལ་སེང་ལ་སོགས་པས༔ ཞིང་ཆེན་བརྡལ་བའི་ཁྲི་སྟེང་དུ༔ ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང༔ དཔལ་གྱི་ཕོ་ཉར་མངའ་གསོལ་བའི༔ བདུད་དང་གནོད་སྦྱིན་སྨན་མོ་ཆེའི༔ བུ་མོ་བརྟན་མ་བཅུ་གཉིས་རྣམས༔ གངས་རི་ཅན་གྱི་ཡུལ་ལྷ་སྟེ༔ རྣལ་འབྱོར་སྐྱོང་བའི་མ་མོ་མཆོག༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ གསང་སྔགས་བསྟན་པ་སྐྱོང་བ་དང༔ མུ་སྟེགས་ཀླ་ཀློའི་རྒྱུ་འགྲུལ་སྲུངས༔ མཐའ་བཞིའི་དམག་གི་སོ་ཁ་གྱིས༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་པཱུ་ཛ་ཧོཿ ལྔ་པ་རྟ་བྲོ་ནི། གཏོར་གཞོང་རི་རབ་ཏུ་གསལ་བའི་འོག་ཏུ་སྒབ་འདྲེ་དམ་སྲི་མནན་པར་རྡོ་རྗེའི་རྒྱས་བཏབ་སྟེ། ཧཱུྃ༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷ༔ ཞལ་ནས་ཀཱི་ལིའི་ཛཔ་བཟླ་ཞིང༔ སྐུ་ནི་ཅིར་ཡང་འགྱུར་བ་ཆེ༔ ཁམས་གསུམ་ཨེ་ཡི་ད་ལར་རྫོགས༔ བདག་ལྟའི་དམ་སྲི་སྒབ་འདྲེ་རྣམས༔ མནན་ནོ་རི་རབ་འོག་ཏུ་གཟིར༔ ཞབས་གཉིས་རྡོ་རྗེའི་བྲོ་ཆེན་པོས༔ ཕོ་ཉ་སྤྲིན་ལྟར་གཏིབས་པ་ཀུན༔ འབར་བ་ཆེན་པོའི་གླུ་དང་བྲོ༔ ཅིར་ཡང་བསྒྱུར་བས་སྟྭཾ་བྷ་ཡ༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ དྲུག་པ་དངོས་གྲུབ་བླང་བ་ནི། བསྙེན་སྒྲུབ་ལས་སྦྱོར་གྲུབ་པའམ་རྒྱུན་གྱི་དངོས་གྲུབ་ལེན་པའི་དོན་དུ་གཏང་རག་གི་མཆོད་བསྟོད་མདོར་བསྡུས་སྔོན་དུ་འགྲོ་བ་དང་བཅས། ཧཱུྃ༔ དཔལ་ཆེན་འབར་བ་ཀཱི་ལ་ཡ༔ སངས་རྒྱས་ཀུན་དང་གཉིས་སུ་མེད༔ བདེ་ཆེན་ཡུམ་དང་མཉམ་པར་སྦྱོར༔ སྤྲུལ་པའི་དཀྱིལ་འཁོར་བསམ་ཡས་སྟོན༔ ཀུན་ཀྱང་ཐུགས་དམ་རྗེས་སུ་དགོངས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ སྒྲུབ་པའི་དམ་ཚིག་ད་ནང་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྣང་སྟོང་ཡེ་ཤེས་རྡོ་རྗེའི་སྐུས༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྡོ་རྗེ་གསུང་གི་དཀྱིལ་འཁོར་ནས༔ ཟབ་རྒྱས་གསང་བའི་དངོས་གྲུབ་སྩོལ༔ མི་ཤིགས་ཐུགས་ཀྱི་དགོངས་པ་ཡིས༔ སྲིད་ཞིའི་དཔལ་གྱུར་དངོས་གྲུབ་སྩོལ༔ མདོར་ན་མཆོག་དང་ཐུན་མོང་གི༔ གྲུབ་པ་མ་ལུས་བསྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུག་ལ་དབང་བླང༌། བདུད་རྩིར་རོལ་པ་སོགས་བྱའོ། །བདུན་པ་ནོངས་བཤགས་ནི། ཧོཿ དཔལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཏ་ན་སྒྲོལ་བ་གནས་སུ་མ་སྟོབ་པ་དང༌། ག་ཎ་སྦྱོར་བ་བྱིན་གྱིས་མ་བརླབ་པ་དང༌། མཆོད་སྔགས་ཏིང་འཛིན་མ་དག་ཅིང་ཉམས་པ་དང༌། དགེ་བ་བཅུ་དང་དུ་མ་ལོན་ཞིང་མི་དགེ་བ་བཅུ་རྩ་བ་ནས་མ་ཆོད་པ་དང༌། བཀའ་བཞིན་གཞུང་མ་བསྲངས་བ་དང༌། དམ་ཚིག་གི་རྩ་བ་ཡན་ལག་ཆག་ཉམས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་ན་བཟོད་པ་དམ་པ་མཛད་དུ་གསོལ། ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་ཚངས་པ་དམ་པ་སྩོལ་བར་ཅི་གནང༌། ཞེས་དང༌། ཡིག་བརྒྱ་བཟླས་པས་ཉེས་ལྟུང་སོར་ཆུད་པར་བྱ། བརྒྱད་པ་བསྡུ་ལྡང་ནི། ཚོགས་མགྲོན་དང་མདུན་བསྐྱེད་རྣམས་སྒྲུབ་པའི་རྟེན་ལ་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་རིམ་པ་ནི། སྣང་སྲིད་ཕུར་པའི་དཀྱིལ་འཁོར་དུ་བསྒོམས་པ་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་གྱི་ལྷ་ཚོགས་ལ་ཐིམ། དེ་གཙོ་བོ་ཡབ་ཡུམ། དེ་ཡེ་ཤེས་སེམས་དཔའ། དེ་ཐུགས་སྲོག་ཧཱུྃ། དེ་ཡང་ཞབས་ཀྱུ་ནས་ནཱ་དའི་བར་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་དང་རོ་གཅིག་ཏུ་གྱུར་པར་བསམ་ལ་མཉམ་པར་བཞག །སླར་ཡང་རང་ཉིད་སྐད་ཅིག་གིས་སྤྱི་དཔལ་ཆེན་པོ་ཀརྨ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བའི་སྐུར་གསལ་ཞིང་སྣང་གྲགས་རིག་པ་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་གྱི་འཁོར་ལོར་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾཿ ཞེས་གོ་བགོ་བར་བྱའོ། །དགུ་པ་བསྔོ་སྨོན་ནི། ཧོཿ དགོངས་སུ་གསོལ་ལོ༔ ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་གྱིས་བརླབ་བོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙརྻའི་དུས་ལ་བབ་བོ༔ བརྣགས་པ་དེ་ཁོ་ན་ལའོ༔ དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་སྤྱད་པའི་མཐུ་བྱིན་གྱིས་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལོངས་སྤྱོད་ཅིང་སྐལ་པ་དང་མཉམ་པར་གྱུར་ཅིག །ཁྲག་འཐུང་རིགས་སུ་སྐྱེས་པ་དང༌། །སྙེམས་མེད་རྡོ་རྗེ་གཞོན་ནུ་ཉན། །སྙིང་རྗེ་ལྡན་ཞིང་བླ་མར་གུས། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་ན་རྡོ་རྗེ་ཕུར་བུ་འཛིན། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །མཉམ་ཉིད་ངང་ལས་ཐུགས་རྗེ་ཁྲོས་པ་ཡིས། །གདུག་པའི་ཚོགས་ཀུན་མཐར་བྱེད་ཡེ་ཤེས་སྐུ། །དེ་བཞིན་གཤེགས་པ་ཀུན་གྱི་དམ་ཚིག་མཆོག །རྡོ་རྗེ་ཁྲོས་པའི་རྒྱལ་པོ་འགྲུབ་གྱུར་ཅིག །བཅུ་པ་ཤིས་བརྗོད་ནི། ཧོཿ ཡེ་ཤེས་དབྱིངས་ལས་བདུད་འདུལ་རོལ་པའི་གར། །མཐུ་སྟོབས་རྡོ་རྗེའི་གཟི་བརྗིད་དཔལ་དུ་འབར། །བརྒྱུད་པ་དྲུག་ལྡན་རིག་འཛིན་བླ་མ་ཡིས། །བྱིན་རླབས་སྤྲིན་ལྟར་འཁྲིགས་པའི་བཀྲ་ཤིས་ཤོག །རྡོ་རྗེ་ཁྲོས་པའི་མཚོན་ཆེན་བསྐལ་པའི་མེས། བདུད་འདུལ་འབར་བ་གར་དགུའི་རྣམ་པར་རོལ། །བཅོམ་ལྡན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷས། །དངོས་གྲུབ་ཆར་དུ་འབེབས་པའི་བཀྲ་ཤིས་ཤོག །བདེ་སྟོང་སྒྱུ་མས་དགྱེས་པའི་གར་དང་བཅས། །རབ་འབྱམས་ཕྲིན་ལས་ཐོགས་མེད་བསྟན་པ་སྐྱོང༌། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་ཡིས། །ཕྲིན་ལས་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག །སྣང་སྲིད་རྣམ་དག་རྡོ་རྗེ་ཕུར་པའི་ལྷ། །བདུད་བཞི་འཇོམས་པའི་སྟོབས་རྩལ་རྨད་དུ་བྱུང༌། །དོན་གཉིས་ལྷུན་གྲུབ་རྡོ་རྗེ་བཀོད་པ་ཡིས། །དགེ་ལེགས་དཔལ་གྱིས་འབྱོར་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་བས་ཕྱོགས་དུས་ཀུན་ཏུ་ཤིས་པའི་སྣང་བ་སྤེལ་བར་བྱ་ཞིང་རྒྱུན་གྱི་སྤྱོད་ལམ་ལ་འཇུག་སྟེ། དེ་དག་ཀྱང་ཁྱེར་སོ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བ་གནད་དོ། །སླར་སྨྲས་པ། ཨོ་རྒྱན་མཁན་པོའི་ཐུགས་བཅུད་ཀཱི་ལ་ཡ། །རིག་མཆོག་འབུམ་སྡེའི་རྒྱུད་ཀྱི་བཅུད་ཕྱུང་ཞིང༌། །བི་མའི་ཟབ་གསང་མན་ངག་སྙིང་པོའི་སྲོག །གཉགས་ཆེན་ཛྙཱ་ནའི་སྙན་བརྒྱུད་མཛོད་ཆེན་པོ། །དྲི་མེད་བཤེས་གཉེན་སྙིགས་དུས་ཐམས་ཅད་མཁྱེན། །འོད་གསལ་སྤྲུལ་པའི་རྡོ་རྗེར་ཤར་བ་ཉིད། །སླར་ཡང་གར་དབང་འོད་གསལ་མདོ་སྔགས་གླིང༌། །གང་དེའི་ཟབ་མོ་དགོངས་པའི་གཏེར་གྱི་བཅུད། །འདིར་ཞུགས་དད་མོས་འབྲེལ་པ་ཐོབ་པ་རྣམས། །བར་ཆད་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ། །དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཡོངས་གྲོལ་ནས། །ཕྲིན་ལས་རྩལ་རྫོགས་མངོན་པར་བྱང་ཆུབ་ཤོག །ཀུན་མཁྱེན་བླ་མའི་ཞབས་པད་ཡུན་དུ་བརྟན། །ཟབ་གཏེར་བསྟན་པས་ཕྱོགས་རྣམས་ཀུན་ཏུ་ཁྱབ། །བཀྲ་ཤིས་ཞལ་དྲོ་བྱིན་རླབས་དཔལ་དུ་འབར། །འཇིག་རྟེན་ཀུན་ཏུ་བདེ་དགེས་འབྱོར་བར་ཤོག །ཅེས་པའང་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའི་ཐུགས་གཏེར་པད་འབྱུང་བི་མ་གཉགས་ཆེན་རྣམས་ཀྱི་ཐུགས་དམ་གཅིག་དྲིལ་ཡང་གསང་ཕུར་གཅིག་མའི་ལས་བྱང་བཀླག་ཆོག་ཏུ་བྲིས་ཞེས་གཏེར་ཆེན་བླ་མས་བཀའ་ཡི་རྗེས་སུ་གནང་བ་ཐོབ་པ་དང༌། སངས་རྒྱས་མཉན་སྤྲུལ་རིན་པོ་ཆེ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་དང༌། ནང་ཆེན་བིས་རི་བླ་ཆུང་སྤྲུལ་སྐུ་འཇམ་དབྱངས་མཐུ་སྟོབས་དཔལ་འབར་བཅས་ནས་གསུང་གི་བསྐུལ་མས་མཚམས་སྦྱར། ཟབ་ཆོས་འདིའི་ཐོག་མའི་སྣོད་ལྡན་དུ་དབུགས་དབྱུང་ཐོབ་ཅིང་མཁྱེན་རྩེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཕྲིན་ལས་འདུས་པ་རྩལ་གྱིས་རྗེ་ཉིད་ལ་བཀའ་འདྲི་ཞུས་རིམ་བཞིན་ཤིང་རྟ་ཐ་སྐར་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་བཀླགས་ཆོག་ཏུ་བསྡེབས་པས། བསྟན་འཛིན་སྐྱེས་མཆོག་རྣམས་ཞབས་པད་བརྟན་ཅིང༌། རང་གཞན་ཐམས་ཅད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །། །།}} | ༄༅། །བླ་མ་དཔལ་ཧེ་རུ་ཀ་སྤྱི་དཔལ་ཆེན་པོ་ལ་ཕྱག་འཚལ་ལོ། མཉམ་ཉིད་དབྱིངས་ལས་ཐུགས་རྗེའི་ཁྲོ་གཏུམ་ཁྲོས་པའི་གར། །རྒྱལ་ཀུན་ཕྲིན་ལས་རོལ་པའི་རྡོ་རྗེ་འབར་བའི་མཚོན། །ཁམས་གསུམ་ཡོངས་སྒྲོལ་སྣང་སྲིད་རྒྱས་འདེབས་ཀཱི་ལ་ཡ། །བྱང་ཆུབ་བར་དུ་སྙིང་གི་ཐིག་ལེར་འབྲལ་མེད་མཆོད། །རིག་མཆོག་འབུམ་སྡེའི་ཟབ་མོའི་ཆུ་གཏེར་ངོགས། །བཀའ་གཏེར་གདེངས་ཅན་དབྱིག་གིས་གཏམས་པ་ཡི། །དོན་གཉིས་འདོད་དགུའི་གཏེར་འབྱིན་ནོར་བུའི་སྙིང༌། །ཅི་དགར་རོལ་པའི་ངོ་མཚར་དེང་དུས་ཤར། །དེ་ཕྱིར་དངོས་གྲུབ་སྒོ་འཕར་འབྱེད་པ་དང༌། །བདུད་སྡེའི་རུ་མཚོན་བསྙིལ་ལ་ཟླ་མེད་ཀྱི། །རྡོ་རྗེའི་གསེང་ལམ་སྐལ་བཟང་ཀུན་དགའི་བཙས། །གསང་བ་ཟབ་མོའི་ཕྲིན་ལས་དུས་འདིར་དབྱེ། །དེ་ལ་འདིར་ཡི་དམ་རྡོ་རྗེ་གཞོན་ནུའི་བསྐྱེད་རིམ་སྲིད་པ་རྡོ་རྗེ་ཕུར་པའི་རྩ་བའི་སྒྲུབ་ཐབས་ཁྲིགས་སུ་བསྡེབས་པ་ལ་སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བ་ལ། བཤམ་བཀོད་གཏོར་འབུལ་སྐྱབས་སེམས་བདུན། །བགེགས་བསྐྲད་མཚམས་གཅོད་བརྡ་སྒོ་ཕྱག །བཤགས་པ་བྱིན་འབེབས་ཕུར་མཆོད་བརླབ། ཅེས་པ་ལྟར་བཅུ་གསུམ་ལས། དང་པོ་བཤམ་བཀོད་ནི། ཕྱག་བདར་བྱས་པའི་གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་དམ་ཚིག་གི་རྟེན་སྐུའམ་ཞལ་ཐང་བཀྲམ་པའི་སྤྱན་སྔར་བསྙེན་སྒྲུབ་སྐབས་ལྕགས་སམ་དྲག་པོའི་ཤིང་གི་ཕུར་པ་མགུལ་དུ་ཡུངས་ཀར་གྱི་ཐུམ་དང་ལྡན་པ་རྫས་གསུམ་གྱིས་གཟི་བྱིན་བསྐྱེད་པ་བྷནྡྷའམ་ལྕགས་ཧོམ་དུ་བཙུགས་པ་རས་བྲིས་སམ། ཚོམ་བུ་ལྷ་གྲངས་ཀྱི་སྟེང་དུ་བཀོད། བསྡུ་ན་རྟེན་གཏོར། སྨན་རཀ །ཞི་དྲག་གི་མཆོད་པ། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་དང་ཆད་བརྟན་རྣམས་དང༌། དཀར་བགེགས་ཀྱི་གཏོར་མ། སྒྲུབ་པ་པོ་རྣམས་ཀྱི་མདུན་དུ་རོལ་མོའི་རིགས་དང༌། ལས་ཕུར་སོགས་བཀོད་པར་བྱའོ། །གཉིས་པ་གཏོར་འབུལ་ནི། ཐོག་མར་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས་བརྒྱུད་འདེབས་ཟུར་གསལ་ལྟར་བྱས་རྗེས། བསང་ཆུ་བྱིན་རླབས་དགོས་ན། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ལྗང་ནག་ཞལ་གསུམ་ཕྱག་དྲུག་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཚུལ་གྱིས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄༔ ཅེས་བཟླ། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་མོས། དཀར་གཏོར་དང་གསེར་སྐྱེམས་བཤམས་པར་བསང་ཆུས་བྲན། རྃ་ཡྃ་ཁྃ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿས་ས་བདག་བརྟན་མ་སོགས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ཧཱུྃ༔ གང་ཞིག་དཀར་པོའི་ཕྱོགས་འཛིན་ཅིང༔ འཛམ་གླིང་ས་ལ་དབང་བྱེད་ཀུན༔ བདག་གིས་གནས་འདིར་དཀྱིལ་འཁོར་བཞེངས༔ ཀོ་ལོང་ཕྲག་དོག་མ་མཛད་པར། བརྔན་དུ་གཏོར་མ་གསེར་སྐྱེམས་འབུལ༔ དགྱེས་པར་བཞེས་ལ་ས་འདི་སྩོལ༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ བྷཱུ་མི་པ་ཏི་གཙྪས་གཤེགས་སུ་གསོལ་བ་དང་ཆབས་ཅིག་གཏོར་མ་ཕྱི་རོལ་དུ་འབུལ། གསུམ་པ་སྐྱབས་འགྲོ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར། ན་མོ༔ བདག་སོགས་འགྲོ་ཀུན་དེང་ནས་བཟུང༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ ལན་གསུམ། བཞི་པ་སེམས་བསྐྱེད་ནི། མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན༔ སྲིད་པའི་རྩ་བ་བདུད་བཞི་བཅོམ༔ བར་ཆད་གདོན་བགེགས་བསྒྲལ་བའི་ཕྱིར༔ དཔལ་ཆེན་ལྷ་ཚོགས་སྒྲུབ་པར་བགྱི༔ ལན་གསུམ། ལྔ་པ་ཚོགས་བསགས་པ་ནི། ཧོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དག་པ་གསུམ་གྱིས་ལུས་འབུལ་ལོ༔ ཚེ་རབས་བགྲང་བའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་བརྗོད་མཐར། བཛྲ་མུཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། དྲུག་པ་བགེགས་བསྐྲད་པ་ནི། ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་དོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་རང་ཉིད་གཉུག་མའི་ལྷ་ཡི་ང་རྒྱལ་བཟུང་སྟེ། བགེགས་གཏོར། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿས་ལྕགས་ཀྱུའི་རྒྱས་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། གྷྲྀཧྞ་ཨིདཾ་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱིས་བསྔོས་ཏེ། བཀའ་བསྒོ་བ་ནི། ཧཱུྃ༔ གསང་བ་བླ་མེད་ལམ་སྒྲུབ་པའི༔ རྡོ་རྗེའི་དཀྱིལ་འཁོར་གཉན་པོ་འདིར༔ འདུ་བའི་ལྷ་ནི་མ་གཏོགས་པ༔ དམ་མེད་བདུད་རིགས་ནག་པོའི་ཕྱོགས༔ བལྟ་ཞིང་ཉན་པའི་དབང་མེད་པས༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ནི་འཇིགས་བྱེད་རྡོ་རྗེ་ཅན༔ བཀའ་ལས་འདའ་བའི་སྡིག་ཅན་རྣམས༔ རྡོ་རྗེ་ཡེ་ཤེས་མཚོན་ཆེན་པོས༔ ཕྱེ་མར་འཐག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་བརྗོད་ལ་གུ་གུལ་བདུག །ཡུངས་ཐུན་གྱིས་གཟིར། རོལ་མོ་དྲག་ཏུ་འཁྲོལ་བས་ནག་ཕྱོགས་རྣམས་རྒྱང་རིང་དུ་བསྐྲད་ལ། བདུན་པ་མཚམས་གཅོད་པ་ནི། ཧཱུྃ༔ མི་ཤིགས་མཚོན་ཆའི་གུར་དང་ས་གཞི་ལ༔ དམར་ནག་དམར་སྨུག་མེ་ཡི་འདུ་འཕྲོ་འཁྱིལ༔ ཡེ་ཤེས་ཁྲོ་བོ་བཅུ་ཡང་དབྱིངས་ནས་བཞེངས༔ ཁྲག་འཐུང་རོལ་པའི་ལྷ་ཚོགས་ནང་ན་བཞུགས༔ མཚམས་ཀྱི་དཀྱིལ་འཁོར་མ་ལུས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུཾ༔ ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཚོགས་ཕུར་བུ་འབར་བའི་སྤྲིན་འཕྲོ་བ་རྣམས་ཀྱིས་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད། སླར་འདུས་ཏེ་རྡོ་རྗེ་སྲུང་བའི་འཁོར་ལོས་ཕྱོགས་ཐམས་ཅད་དུ་གཏམས་ནས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་སྲུང་བའི་མཚམས་བཅད་པར་བསམ་མོ། །བརྒྱད་པ་བརྡ་སྒོ་དབྱེ་བ་ནི། གཉིས་སྣང་འཁྲུལ་པའི་སྒྲིབ་གཡོགས་དག་སྟེ་གཉིས་མེད་མཉམ་པའི་ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་བཀྲ་ལམ་མེར་མཇལ་བར་མཚོན་ཕྱིར་དཀྱིལ་འཁོར་གྱི་སྒོ་བཤག་གིས་ཕྱེ་བར་མོས་ལ། ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ ཀུན་ཀྱང་དག་པ་ལྷའི་གྲོང་ཁྱེར༔ མ་བཅོས་དོན་གྱི་ལྷ་མཆོག་ལ༔ ཚད་མེད་སྒོ་བཞི་དབྱེ་བས་འཇུག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊ༔ དགུ་པ་ཕྱག་འཚལ་བ་ནི། ཕུང་ཁམས་སྐྱེ་མཆེད་དང་བཅས་པ་གདོད་ནས་མཉམ་པའི་དཀྱིལ་འཁོར་དག་པ་ཆེན་པོའི་རང་བཞིན་མ་བཅོས་གཤིས་ལུགས་ཟབ་མོའི་རང་ངོ་རང་གིས་རིག་སྟེ་རང་ཞལ་མཇལ་བའི་ལྟ་བའི་ངང་བསྐྱང་བ་ལ་བརྡ་དང་ཐ་སྙད་ཀྱི་ཕྱག་འཚལ་བ་ནི། ཧོཿ ལྷ་དང་རང་སེམས་བཟང་ངན་བྲལ༔ གཉིས་མེད་རང་སྣང་སྤྱི་དཔལ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ རྡོ་རྗེ་ལྟ་བའི་ཕྱག་གིས་འདུད༔ ཨ་ལ་ལ་ཧོཿ ཞེས་ངོ་ཕབ་པའི་ཚུལ་གྱིས། ཨ་ཏི་པཱུ་ཧོཿས་བཏུད་པ་ལ། པྲ་ཏཱིཙྪ་ཧོཿ ཞེས་ལན་དུ་དངོས་གྲུབ་བསྩལ་བར་བསམ། བཅུ་པ་བཤགས་པ་ནི། བཤགས་ཡུལ་ལྷ་ཡི་འཁོར་ལོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་སྡིག་ལྟུང་རྟོག་སྒྲིབ་བག་ཆགས་མཆོག་གི་དངོས་གྲུབ་ཀྱི་གེགས་སུ་གྱུར་པ་རྣམས་གནོང་འགྱོད་དྲག་པོས་འགྱོད་ཚངས་སྨྲེ་སྔགས་ཀྱི་གདུང་བས་བཤགས་པ་ཕུལ་བར་མོས་ལ། ཐལ་མོ་སྦྱར་ཏེ། ཧཱུྃ༔ སྣང་སྲིད་གདོད་ནས་དག་པའི་དཀྱིལ་འཁོར་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་རྣམས༔ ཐུགས་རྗེའི་བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཡེ་ནས་མ་རིག་འཁྲུལ་པས་སྒྲིབ་པ་ཡི༔ རྣམ་རྟོག་ཀུན་བརྟགས་བློ་ཡིས་སྒྲོ་བཏགས་པས༔ རང་རིག་ཡེ་ཤེས་དོན་ལ་རྨོངས་པ་ཡིས༔ སྲུང་མཚམས་མེད་པའི་དམ་ལས་འགལ་བ་དང༔ བླ་མར་སྨད་ཅིང་ཡི་དམ་སྤངས་བ་དང༔ བསྙེན་སྒྲུབ་ཛཔ་བཟླས་ཚད་དུ་མ་བསྐྱལ་བ༔ ཏིང་འཛིན་ལྟ་བ་ཀློང་དུ་མ་གྱུར་ཞིང༔ གསང་བཅུ་གཞན་ལ་བསྒྲགས་སོགས་མཐོལ་ལོ་བཤགས༔ གཞན་ཡང་མི་སྤང་དང་དུ་བླང་བྱ་དང༔ སྤྱད་པར་བྱ་དང་སྒྲུབ་པར་བྱ་བ་དང༔ ཤེས་བྱ་ལྔ་སོགས་ཉི་ཤུ་རྩ་ལྔ་ཡི༔ དམ་ལས་འགལ་བར་གྱུར་པ་མཐོལ་ལོ་བཤགས༔ ཉ་སྟོང་དུས་བཞིའི་མཆོད་པ་ཆག་པ་དང༔ སྡིག་ཅན་རྣམས་ལ་རྟག་ཏུ་བྱམས་བྱས་ཤིང༔ མཁའ་འགྲོ་རྣམས་ལ་ཤ་ཁྲག་གཏོར་མ་ཆག༔ སྦྱོར་སྒྲོལ་མཆོད་པ་དུས་ལས་གཡེལ་བ་སོགས༔ རྩ་ལྟུང་བཅུ་བཞི་དང་འགལ་མཐོལ་ཞིང་བཤགས༔ གཞན་ཡང་སྦོམ་པོ་ཡན་ལག་ཕྲ་ཞིབ་ཀྱི༔ དམ་ཚིག་དབྱེ་བ་ས་ཡ་གྲངས་མེད་པ༔ དེ་ལས་འགལ་བར་གྱུར་པའི་རྣལ་འབྱོར་གྱིས༔ འགྱོད་ཚངས་གདུང་བའི་སྨྲེ་སྔགས་འདི་འདོན་པས༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་སྤྱན་རས་ཀྱིས༔ ཡུད་ཙམ་གཟིགས་ཏེ་ཐུགས་རྗེས་བཟོད་བཞེས་གསོལ༔ ཚངས་པར་བསྩལ་ནས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དཀའ་བ་མེད་པར་འགྲུབ་པ་དང༔ རྫོགས་པ་ཆེན་པོའི་བསྟན་པ་མཐར་བགྱིད་ཅིང༔ ཀུན་ཏུ་བཟང་པོའི་རྒྱལ་ས་ཟིན་པར་ཤོག༔ སྤྲོ་ན་བདེ་གཤེགས་སྤྱི་བཤགས་དང་ཡིག་བརྒྱ་བཟླ། བཅུ་གཅིག་པ་བྱིན་འབེབས་པ་ནི། བླ་མ་རིག་འཛིན་རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་དང་བཅས་པ་ཡབ་ཡུམ་བདེ་བར་རོལ་པའི་སྐུ་ཡི་གནས་ནས་བྱིན་རླབས་ཀྱི་ངོ་བོ་བྱང་སེམས་བདུད་རྩིའི་ཆར་བབ་པས་སྒོ་གསུམ་གྱི་དྲི་མ་དག་ཅིང་བདག་གནས་ཡོ་བྱད་ཐམས་ཅད་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཟབ་མོའི་དངོས་གྲུབ་མངོན་དུ་གྱུར་པའི་དམིགས་པ་དང་བཅས། དབྱངས་དང་རོལ་མོའི་བརྡས་བསྐུལ། སྤོས་དང་གཡབ་དར་བཤུགས་གླུ་བཅས། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་ཕུར་བུ་སྒྲུབ་པའི་ཕྱིར༔ སྔོན་གྱི་ཞལ་བཞེས་མ་བསྙེལ་བར༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཡེ་ཤེས་ཁྲོ་རྒྱལ་འཁོར་དང་བཅས༔ འཁོར་བ་རྡོ་རྗེར་སྒྲུབ་པའི་ཕྱིར༔ ནམ་མཁའ་ཁྱབ་པའི་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཚེ་ཁས་བླང་དམ་བཅས་བཞིན༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ནམ་མཁའ་གང་བའི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་སྣ་ཚོགས་བསྒྱུར༔ རྡོ་རྗེའི་གླུ་བྲོ་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ གསུང་ནི་སྔགས་སྒྲ་འབྲུག་ལྟར་སྒྲོག༔ རྒོད་གཤེ་དྲག་ཤུལ་རོལ་པ་ཡི༔ ས་གསུམ་འཇིགས་པའི་ང་རོ་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཐུགས་ནི་ཡེ་ཤེས་རྔམ་པའི་དཔལ༔ སྙིང་རྗེ་ཞི་དང་ཁྲོ་བོ་ཡི༔ རིག་རྩལ་དགོངས་པའི་གདེང་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་མ་ལུས་པའི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨཿ ཧྲིཾ་ཧྲིཾ༔ ཕེཾ་ཕེཾ༔ བཅུ་གཉིས་པ་ཕུར་པ་བྱིན་རླབས་ནི། སྒྲུབ་ཆེན་དང་གཏོར་བཟློག་སོགས་ཀྱི་སྐབས། ལས་ཕུར་གུ་གུལ་གྱིས་བདུག་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་ཨ་དྷི་ཏིཥྛ་རྨུག་རྨུག་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོག་མཱ་ར་ཡ་ཧཱུྃ་ཕཊ྄༔ ཡུངས་ཀར་གྱིས་བྲབ་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཤ་ཏ་ར་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ྄༔ དུག་ཁྲག་གིས་བྱུག་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜ་ལ་རཀྴ་རཀྴ་དགྲ་བགེགས་འབྱུང་པོ་ཝཱ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ྄༔ ཕུར་པ་བསང་སྦྱང༌། སྟོང་པའི་ངང་ལས་ཨེ་ལས་ཕུར་གདན་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་རང་གི་ཐུགས་ཀ་ནས་ཧཱུྃ་འཕྲོས། ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཕུར་བུ་དཔལ་ཆེན་པོ་སྒྲོལ་བྱེད་ཡཀྴ་ཀྲོ་དྷ་ཞལ་གསུམ་ཕྱག་དྲུག །སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་རྣོ་དབལ་ངར་དང་ལྡན་པ། མགར་གྱི་སོལ་མེ་ནས་བཏོན་པ་ལྟ་བུ་མེ་ཡི་ཚྭ་ཚྭ་འཕྲོ་བ། སྤྱི་བོར་དཔལ་ཆེན་པོ། རྒྱ་མདུད་གོང་མ་ལ་ཁྲོ་བཅུ་ཡབ་ཡུམ། འཆང་གཟུང་ལ་ཟ་གསོད་ཉི་ཤུ། རྒྱ་མདུད་འོག་མ་ལ་སྒོ་སྲུང༌། དབལ་གསུམ་ལ་དམ་ཅན་སྲུང་མ་དང་བཅས་པའི་ཕོ་བྲང་དུ་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྗོད་ལ་ཕུར་གདན་སྟེང་དུ་བཀོད། བཅུ་གསུམ་པ་མཆོད་པ་བྱིན་བརླབ་ནི། ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་ཕྱི་མཆོད་དང༌། ཨོཾ་མ་ཧཱ་ཤྨ་ཤ་ན་རུ་དྲ་བྷོ་གཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ནང་མཆོད་དྲག་པོའི་ཉེར་སྤྱོད་དང༌། ཧཱུྃ༔ རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང༔ དབྱིངས་ཀྱི་བྷནྡྷར་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་རིགས་ལྔ་དབྱེར་མེད་བྱང་ཆུབ་སེམས༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་བདུད་རྩིར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་སྨན། ཧཱུྃ༔ ལྕང་ལོར་བཅས་པའི་དུང་ཆེན་སྣོད་ཡངས་སུ༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཁྲག་མཚོར་བསྐྱིལ༔ གཱིརྟིའི་མཁའ་ནས་ཡེ་ཤེས་བདེ་བའི་རྒྱུན༔ མི་ཕྱེད་སོ་སོར་རྟོག་པའི་ལྦུ་ཕྲེང་གཡོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་རཀྟ། ཧཱུྃ༔ གཏོར་སྣོད་རིན་ཆེན་བྷཉྫ་སྟོང་གསུམ་ཁྱབ༔ གཏོར་མའི་ངོ་བོ་བླ་མེད་དམ་ཚིག་རྫས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ ལྷ་ཚོགས་དགྱེས་སྐོང་མཆོད་པའི་ཕུང་པོར་སྤུངས༔ ཨོཾ་ཨཱཿ་ཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་གཏོར་མ་རྣམས་བྱིན་གྱིས་བརླབས། བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ། གཉིས་པ་དངོས་གཞི་ལ། ཏིང་འཛིན་གསུམ་རྟེན་དཀྱིལ་འཁོར་གསུམ། །བསྐྱེད་ཅིང་སྤྱན་དྲངས་བསྟིམ་ཕྱག་བྱ། །མཆོད་བསྟོད་བཟླས་པ་རྣམ་པ་དགུ། །ཞེས་པའི་དང་པོ་ལའང༌། དེ་ཏིང་ཀུན་སྣང་རྒྱུའི་ཏིང་འཛིན། །ཞེས་པའི་དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་སྤྲོས་བྲལ་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་རྡོ་རྗེའི་ཏིང་ངེ་འཛིན་གྱིས་དངོས་འཛིན་མཚན་མའི་སྤྲོས་པ་ཐམས་ཅད་བཅོམ་པས་ཆོས་ཉིད་ངང་གིས་ཁྲོས་པའོ། །དེ་ཉིད་གཏེར་ཚིག་གིས་གསལ་འདེབས་པ་ནི། ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ ཆོས་ཉིད་ངང་གིས་དག་པའི་ཀློང༔ གཟུང་འཛིན་མཚན་མ་མི་གནས་པ༔ རྣམ་པར་ཐར་པའི་སྒོ་གསུམ་མོ༔ ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་ཧོཿ གཉིས་པ་ཀུན་སྣང་ནི། སྟོང་ཉིད་མངོན་གྱུར་གྱི་ཡེ་ཤེས་དམིགས་མེད་སྙིང་རྗེ་སྒྱུ་མ་ལྟ་བུ་དང་ཟུང་དུ་འཇུག་པས་སྲིད་པའི་རྩ་བ་གཟུང་འཛིན་རྩད་ནས་གཅོད་པའི་སྙིང་རྗེ་མཁའ་ཁྱབ་ཏུ་ཤར་བའོ། །སྙིང་རྗེ་ཆེན་པོའི་མཚོན་ཆ་ནི༔ སྲིད་པའི་རྩ་བ་གཅོད་བྱེད་པའི༔ ཐུགས་རྗེའི་ཤུགས་ཀྱིས་ཁྲོ་བ་ལས༔ སྡུག་བསྔལ་འཇོམས་པའི་ཏིང་འཛིན་བསྒོམ༔ ཨཱཿམ་ཧཱ་ཀ་རུ་ཎི་ཀ་ཧོཿ གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། འཁོར་འདས་ཀྱི་སྲོག་མཚོན་བྱེད་ཆེན་པོ་ཡེ་ཤེས་ལྔའི་ངོ་བོ་ཧཱུྃ་ཡིག་ཟབ་གསལ་གཉིས་མེད་ནམ་མཁའི་དབྱིངས་སུ་ཐིག་ལེའི་རྣམ་པར་འབྲེལ་བའོ། །སྟོང་ཉིད་ནམ་མཁའི་ཁམས་གནས་པའི༔ འཁོར་འདས་ཀུན་གྱི་སྲོག་གི་གོ༔ རང་བྱུང་ཡི་གེ་འདུས་མ་བྱས༔ ཧཱུྃ་ཆེན་བསྐལ་པའི་མེ་ལྟར་འབར༔ ཧཱུྃ་བཛྲ་ཛྙཱ་ན་དྷཱ་ཏུ་ཧོཿ གཉིས་པ་རྟེན་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་བཅས་གསལ་གདབ་པ་ནི། རྒྱུ་ཡི་ཧཱུྃ་ཡིག་ལས་ས་བོན་རྣམས་ཆད་པ་ཡོངས་སུ་གྱུར་པ་ལས་ཕྱི་ལྟར་འབྱུང་བའི་དཀྱིལ་འཁོར། ནང་དུ་ཕུང་པོ་ལྔ། གསང་བ་ཉོན་མོངས་དུག་ལྔ་རྣམ་པར་དག་པའི་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་གྱི་འབྱུང་བ་རིམ་བརྩེགས་རི་རབ་གཞལ་ཡས་ཁང་དང་ལྷ་གནས་གསལ་བ་ནི། ཧཱུྃ་ལས་ཨེ་ཡཾ་རཾ་སུཾ་ར༔ ཀེཾ་རཾ་ཆད་པ་འོག་གཞི་ནི༔ ཆོས་འབྱུང་དབྱིངས་དང་མཉམ་པའི་དབུས༔ རླུང་མེ་ཤ་ཆེན་ས་གཞི་བརྡལ༔ ཁྲག་མཚོ་ཀེང་རུས་རི་རབ་སྟེང༔ ཁོར་ཡུག་དྲག་པོའི་མེ་རླུང་ཚོགས༔ ཀུན་ཏུ་འབར་ཞིང་འཚུབས་མ་འཁྱིལ༔ མ་ཧཱ་ཛྭ་ལ་རཾ༔ མེ་ཀློང་བྷྲཱུྃ་ཡིག་ལྔ་ལྡན་ཆད༔ ཡོངས་གྱུར་པད་ཉི་རྒྱ་གྲམ་སྟེང༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང༔ རང་བྱུང་དུར་ཁྲོད་བཀོད་པ་ཅན༔ ཕྱི་ནི་རྩིག་པ་ཁ་དོག་ལྔ༔ ནང་ནི་སྐམ་རློན་རྙིད་པའི་མགོ༔ གནམ་ལྕགས་གཟེར་བཏབ་རཀྟས་སྦྱར༔ རིན་ཆེན་ཕ་གུ་དྲྭ་བ་ཕྱེད༔ ཆུ་སྲིན་རྔམ་པའི་ཁ་ལས་དཔྱང༔ ཤར་བུ་མདའ་ཡབ་པུ་ཤུ་དང༔ གཟའ་དང་ལྷ་ཀླུ་ཀ་གདུང་ཕྱམ༔ རྒྱུ་སྐར་དྲལ་གཟེབ་ཞིང་གི་ཐོག༔ ལྷ་ཆེན་ཐོད་པ་དབུས་ཕྱུར་བུ༔ མ་ཧཱ་རུ་ཏྲའི་ཙིཏྟའི་ཏོག༔ ཡེ་ཤེས་ཟེར་འཕྲོ་འོད་ཕུང་འཁྱིལ༔ རོ་སྐྲའི་རྔ་ཡབ་ཞིང་གི་འཕན༔ གཅན་གཟན་ལྤགས་པའི་རྒྱལ་མཚན་གདུགས༔ ཕྱི་ནང་སྒོ་བཞི་རྟ་བབ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཏོག་མཛེས༔ དལ་དབུས་གནམ་ལྕགས་འཁོར་ལོ་དང༔ ལྟེ་བ་ཟླུམ་པོ་ཨེ་ཡིས་མཚན༔ ཟླ་གམ་གསུམ་ལ་ཁྲག་མཚོ་འཁྱིལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཀྲོ་དྷ་མཎྜ་ལ་ཧཱུྃ༔ དེ་ཡི་ནང་དུ་ལྷ་གནས་སོ་སོར་གདན་གསལ་བ་ནི། གཞལ་ཡས་དབུས་སུ་རྡོ་རྗེ་ཡི༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུག་ཟླ་གམ་གསུམ་གྱི་སྟེང༔ པད་ཉི་དགྲ་བགེགས་དྲག་པོ་ཡི༔ འཁོར་ལོ་རྩིབས་བཅུ་རེ་རེ་བཞིན༔ ཕྱོགས་སྐྱོང་ཕོ་མོ་པད་ཉི་དང༔ སྒོ་བཞིར་ཞིང་རྐྱང་གདན་བཅས་གསལ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པྃ་པདྨ་མཎྜ་ལ༔ གསུམ་པ་བརྟེན་པ་ལྷའི་འཁོར་ལོ་བསྒོམ་པའི་དང་པོ་ཆོས་སྐུའི་ངོ་བོ་བདག་རྩ་བའི་དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་བསྒོམ་པ་ནི། ས་བོན་རྒྱུ་ཡི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཆོས་སྐུའི་ངོ་བོ་རྡོ་རྗེ་གཞོན་ནུ། ལོངས་སྐུ་བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་བཅས། སྤྲུལ་སྐུ་སྲས་མཆོག་སྒོ་མ་བཀའ་སྡོད་དང་བཅས་པ་རིགས་ལྔའི་ཡེ་ཤེས། སྟོབས་དང་ཕ་རོལ་ཕྱིན་པས་དུག་ལྔ་ཉེ་བའི་ཉོན་མོངས་འཇོམས་ཤིང་ཚད་མེད་དང་བསྡུ་དངོས་བཞི་ཡིས་སྲིད་ཞིའི་མཐའ་ལས་སྒྲོལ་ཏེ་བདེན་དོན་གནས་སུ་དག་པའི་བརྟེན་པ་ལྷ་ཡི་འཁོར་ལོ་རྣམས་བསྒོམ་ལ། ཧཱུྃ༔ དབུས་ཀྱི་ཆོས་འབྱུང་ལྟེ་བ་རུ༔ རང་རིག་ཧཱུྃ་བབ་ཡོངས་གྱུར་ལས༔ སྤྲོ་བསྡུས་འོད་ཀྱིས་དོན་གཉིས་བྱས༔ འོད་ཀྱི་ཕུང་པོ་རྡོ་རྗེར་གྱུར༔ བཛྲ་ཧཱུྃ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ༔ སྤྱི་དཔལ་ཀརྨ་ཀཱི་ལ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ རྩ་ཞལ་སྲིན་པོ་ཁྲོས་པའི་ཞལ༔ གཡས་པ་དཀར་བ་ཀུ་མུཏ་དཱ༔ གཡོན་པ་དམར་ནག་ཨམ་གཙིགས་བསྡམས༔ དེ་སྟེང་ཞལ་གསུམ་ལྗང་སེར་ནག༔ སྟེང་གི་ཞལ་གསུམ་སྨུག་མཐིང་དམར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱི་བོར་རྡོ་རྗེ་ཕྱེད་པའི་ཏོག༔ རྭ་གདེང་ཟར་བུ་སྦྲུལ་གྱིས་བཅིངས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཞལ་བགྲད་མཆེ་གཙིགས་ལྗགས་བརྐྱང་འདྲིལ༔ ཧཱུྃ་ཕཊ་ཕཻཾ་གྱི་སྒྲ་དྲག་སྒྲོག༔ ཁྲོ་གཉེར་ཆུ་རླབས་ལྟ་བུར་འཁྲུགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ རྡོ་རྗེའི་སྐུ་མཆོག་སྤྲིན་བཞིན་གནག༔ གཡས་དགུའི་དང་པོས་རྡོ་རྗེ་གདེང༔ འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༔ ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས༔ གཡོན་དགུས་མེ་དཔུང་ཁཊྭཱཾ་ག༔ རི་རབ་ཞགས་པ་བྷནྡྷ་དམར༔ སྡིག་མཛུབ་མདའ་དང་བདུད་བཞིའི་མགོ༔ ཐ་མའི་ཕྱག་གཉིས་ཕུར་བུ་འདྲིལ༔ དྲག་པོའི་སྟང་སྟབས་ཕྱོགས་བཅུར་གཡོ༔ འབར་བའི་ཞབས་བཞི་བརྐྱང་བསྐུམ་གྱིས༔ བར་ཆད་བདུད་བཞི་བརྫིས་ཤིང་མནན༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང༔ སྟག་གི་ཤམ་ཐབས་གྲོལ་ཞིང་འཆིང༔ སྐུ་ལ་རུས་པའི་ཕྱག་རྒྱ་དྲུག༔ མགོ་ཕྲེང་དཔལ་གྱི་ཆས་གོས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་གསལ༔ པང་དུ་བདེ་ཆེན་སྐྱེད་པའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་གཏུམ་སྒེག༔ གཅེར་བུ་གཟིག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རུས་པའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་ཡབ་མགུལ་འཁྱུད༔ ཨུཏྤལ་མཐེབ་སྲིན་སྦྱར་བས་འཛིན༔ གཡོན་པས་དམར་གྱི་བྷནྡྷ་སྟོབ༔ ནུ་འབུར་བྷ་ག་རྒྱས་པས་སྦྱོར༔ སྐེད་སྐབས་ཕྲ་ལྡེམ་གཡས་པའི་ཞབས༔ ཡབ་ཀྱི་དཀུ་ལ་འཁྱུད་ཅིང་ལྡེམ༔ གཡོན་པ་བརྐྱངས་ཏེ་དགྲ་བགེགས་བརྫིས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ གཙོ་བོའི་གཡོན་དུ་སྒྲོལ་བྱེད་ཀྱི༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཁྲོ་གཏུམ་སྒེག་པའི་གཟི་བྱིན་གྱིས༔ ཡབ་ལ་ལྟ་ཞིང་ཆགས་པའི་ཚུལ༔ གཡས་པས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཙིཏྟ་ཁྲག་འཛག་ཟ༔ གཅེར་བུ་རུས་པའི་རྒྱན་འཆང་བའི༔ གཡེར་ཁའི་སྒྲ་ལས་ཆོས་སྒྲ་སྒྲོག༔ གཉིས་པ་ལོངས་སྐུའི་ངོ་བོ་ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་སྤྲོ་བ་ནི། ཨ་ཧོ་ཨ་ཧོ་ཨ་ཧོ་ཧཱུྃ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨ་ནུ་རཱ་ག་ཡ་མི༔ ཨ་ནུ་རཱ་ག་ཡ་ཧོཿ རྡོ་རྗེ་པདྨ་རྒྱས་མཛད་དེ༔ སྦྱོར་བས་སྐུ་ནི་སྒེག་བཞད་དཔའ༔ པདྨ་བྷཉྫ་མོ་ཀྵ་ཧོཿ ཞལ་ནས་ཨ་ཧོ་ཧཾ་ཞེས་སྒྲོགས༔ རྡོ་རྗེའི་གསུང་མཆོག་རྒོད་གཤེ་རྔམས༔ ཐུགས་ནི་བདེ་བ་ཆེར་འབར་བའི༔ སྙིང་རྗེ་རྔམས་དང་ཞི་བར་བཅས༔ སྲུབ་ཅིང་སྲུབ་པའི་སྦྱོར་བའི་སྒྲས༔ སངས་རྒྱས་སྲས་བཅས་རྗེས་ཆགས་བསྐུལ༔ ཞལ་ཞུགས་བྱང་ཆུབ་སེམས་སུ་ཞུ༔ དྭངས་མའི་སེམས་སྤྲིན་ཧཱུྃ་དུ་སྤྲོས༔ ཕྱོགས་བཅུའི་རྩིབས་ལ་བབ་པ་ལས༔ འོད་ཟེར་རྣོན་པོས་ཕྱོགས་སྐྱོང་བའི༔ གདོན་ཚོགས་བཏུལ་ཏེ་ཚུར་འདུས་པ༔ པད་ཉི་ཕྱོགས་སྐྱོང་ཕོ་མོའི་སྟེང༔ ཧཱུྃ་བབ་ཡོངས་གྱུར་ཁྲོ་བཅུར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ྄༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་མཛད་སྔོ་སྐྱ་མཐིང་སེར་དམར༔ ཞལ་གསུམ་ཕྱག་དྲུག་དང་པོ་གཉིས༔ རྡོ་རྗེ་དུང་དམར་བར་པ་ཡིས༔ མདའ་གཞུ་འགེངས་ཞིང་རོལ་པའི་ཡུམ༔ སྒྲ་འབྱིན་མར་སྦྱོར་ཕྲ་མེན་ནི༔ ཕག་དང་རྨིགས་བུའི་མགོ་ཅན་ནོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ རྣམ་པར་རྒྱལ་བ་དཀར་སྔོ་ལྗང༔ དང་པོས་རྡོ་རྗེ་བྷན་དམར་དཀྲུག༔ བར་པས་འཁོར་ལོ་རྩེ་གསུམ་གདེངས༔ རྣམ་སྙེམས་ཡུམ་སྦྱོར་ཕྲ་མེན་མ༔ སྟག་དང་བྱ་རྒོད་མགོ་ཅན་ནོ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ྄༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ དབྱུག་སྔོན་མཐིང་ནག་དཀར་དམར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་ཁྲག༔ མེ་དབལ་རྡོ་རྗེའི་དབྱུག་ཐོ་འཕྱར༔ རྡོ་རྗེ་སྡེར་མོ་དང་སྦྱོར་བའི༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ྄༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ གཤིན་རྗེ་གཤེད་སྔོན་སྔོ་ལྗང་ཞལ༔ ཕྱག་དྲུག་རྡོ་རྗེ་ཐོད་པ་དང༔ དགྲ་སྟྭ་འབར་བའི་བེ་ཅོན་འཕྱར༔ དུར་ཁྲོད་བདག་མོ་ཡུམ་དང་སྦྱོར༔ ཕྲ་མེན་ཤ་བ་འུག་པའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ མི་གཡོ་མཐིང་ག་ཞལ་དཀར་དམར༔ དང་པོས་རྡོ་རྗེ་ཀ་པཱ་ལ༔ རལ་གྲི་ཞགས་པ་འཕེན་པའི་ཡུམ༔ གཏུན་ཁུང་མ་དང་སྦྱོར་བ་ཡི༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ནུབ་ཕྱོགས་ཆུ་ལྷའི་གདན་སྟེང་དུ༔ རྟ་མགྲིན་དམར་པོ་དཀར་སྔོའི་ཞལ༔ ཕྱག་དྲུག་རྡོ་རྗེ་བྷན་དམར་འཛིན༔ ཞགས་པ་སྤུ་གྲི་གདེངས་པའི་ཡུམ༔ གཏུམ་མོ་མར་སྦྱོར་རོལ་པ་ཡི༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔ འདོད་རྒྱལ་དམར་སྐྱ་ཞལ་ལྗང་སེར༔ ཕྱག་དྲུག་རྡོ་རྗེ་ཐོད་ཁྲག་དང༔ བ་དན་རྔ་ཡབ་འཛིན་པའི་ཡུམ༔ མདའ་སྙེམས་མ་དང་འཁྲིལ་བ་ཡི༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ བདུད་རྩི་འཁྱིལ་ལྗང་སེར་དུད་ཁ༔ རྡོ་རྗེ་དུང་ཁྲག་རྒྱ་གྲམ་དང༔ དབྱུག་ཐོ་བསྣམ་པའི་ཡུམ་རླུང་འབྱིན༔ ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄༔ བྱང་ཤར་དབང་ལྡན་གདན་སྟེང་དུ༔ ཁམས་གསུམ་རྣམ་རྒྱལ་སེར་ནག་ཞལ༔ དཀར་ལྗང་རྡོ་རྗེ་དུང་ཆེན་བསྣམ༔ མདའ་གཞུ་འགེངས་པའི་ཡུམ་གསོད་བྱེད༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ སྟོབས་ཆེན་དུད་ཁ་ནག་སེར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་དང༔ ཐོ་བ་ཞགས་འཛིན་ཡུམ་བསྐྱོད་བྱེད༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ ཁྲོ་བོ་ཆེན་པོ་དེ་དག་ཀྱང༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ ཆ་བྱེད་གཙོ་མཚུངས་ཐ་མའི་ཕྱག༔ ཕྲིན་ལས་དོན་རྟགས་ཕུར་པ་འདྲིལ༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ བརྐྱང་བསྐུམ་སྲིན་པོའི་སྟབས་སུ་འགྱིང༔ ཡུམ་མཆོག་བདེ་སྦྱོར་གཙོ་མོ་འདྲ༔ ཕྲ་མེན་གཅེར་བུ་སྟང་སྟབས་ཅན༔ སྟག་གཟིག་ཤམ་ཐབས་འཕྱང་ཞིང་རྒྱུག༔ གཡས་པས་ལྕགས་ཀྱུ་གཡོན་པ་ན༔ ཕུར་བུ་འདྲིལ་ཞིང་བགེགས་ལ་འདེབས༔ མེ་དཔུང་རྔམས་པའི་ཀློང་ན་འགྱིང༔ ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་རྫོགས༔ གསུམ་པ་སྤྲུལ་སྐུ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་ཐུན་མོང་དང༌། ཁྱད་པར་གཉིས་ལས། དང་པོ་ནི། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ ཟླ་གམ་འཁྱིལ་པ་གསུམ་གྱི་སྟེང༔ གཙོ་བོ་ཡབ་ཡུམ་སྦྱོར་མཚམས་ནས༔ ཧཱུྃ་ཡིག་བདུན་ཚན་གསུམ་དུ་སྤྲོས༔ འོད་ཀྱིས་ཁམས་གསུམ་གདུག་ཅན་བསྒྲལ༔ སྣང་སྲིད་ཕུར་བུའི་ད་ལར་རྫོགས༔ བདེ་གཤེགས་རྒྱལ་བ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ ཧཱུྃ་ལ་ཐིམ་པས་སྐད་ཅིག་གིས༔ མདུན་དུ་ཐུགས་ཀྱི་སྲས་མཆོག་མཐིང༔ གཡས་སུ་སྐུ་ཡི་སྲས་ལྗང་ནག༔ གཡོན་དུ་གསུང་གི་སྲས་དམར་ནག༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་ཅན༔ གཡས་གཡོན་དཀར་དམར་ཞལ་ནི་བརྗིད༔ དང་པོས་རྡོ་རྗེ་མེ་ཆེན་སྤྲོ༔ བར་པས་དགྲ་སྟྭ་ཁཊྭཱཾ་གདེངས༔ ཐ་མས་ཕུར་བུ་འདྲིལ་བ་ཡི༔ སྐུ་ལ་དུར་ཁྲོད་དཔལ་ཆས་རྫོགས༔ སྐུ་སྨད་འབར་བའི་ཕུར་བུའི་དབལ༔ གནམ་ལྕགས་མེ་འཁྲུགས་ཚྭ་ཚྭ་འཕྲོ༔ ཆུ་སྲིན་ཁ་ནས་ཐོན་པ་ཡི༔ དུག་སྦྲུལ་སྡོམ་དང་སྡིག་པ་འཕྱོ༔ དགྲ་བགེགས་སྙིང་གི་དཀར་ནག་མཚམས༔ ཕུར་རྩེ་གཟིར་བས་སྲིད་གསུམ་བསྒྲལ༔ མཚན་མ་རྫས་ཀྱི་དཀྱིལ་འཁོར་རྫོགས༔ དཔལ་ཆེན་གསང་བ་གསུམ་དུ་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ གཉིས་པ་སླར་ཡང་ཕྲིན་ལས་བཞིའི་སྲས་མཆོག་བསྐྱེད་པ་ནི། སླར་ཡང་ཡབ་ཡུམ་སྦྱོར་མཚམས་ནས༔ ཧཱུྃ་སྤྲོས་གཞལ་ཡས་གྲྭ་བཞིར་བབ༔ ཤར་ལྷོར་བུདྡྷ་ཀཱི་ལ་ཡ༔ དཀར་གསལ་དམར་དང་ནག་པོའི་ཞལ༔ ཕྱག་དྲུག་དང་པོས་འཁོར་ལོ་དང༔ དུང་ཁྲག་བར་པས་ཁཊྭཱཾ་མེ༔ ཐ་གཉིས་དངུལ་ཕུར་དཀར་པོ་འདྲིལ༔ སྐུ་སྨད་དབལ་ཟླུམ་ཕུར་བུའི་རྩེ༔ ལྷ་བུའི་བདུད་ཀྱི་སྙིང་གར་གཟིར༔ ལྷོ་ནུབ་རིན་ཆེན་ཀཱི་ལ་ཡ༔ སེར་སྨུག་གཡས་མཐིང་གཡོན་དམར་པོ༔ ཕྱག་དྲུག་རིན་ཆེན་དུང་ཁྲག་དང༔ ཁཊྭཱཾ་མེ་དཔུང་བསྣམས་པ་ཡི༔ ཐ་མས་གསེར་ཕུར་སེར་པོ་འདྲིལ༔ སྐུ་སྨད་གྲུ་བཞི་དབལ་སེར་པོ༔ ཕུང་པོའི་བདུད་ཀྱི་སྙིང་གར་གཟིར༔ ནུབ་བྱང་པདྨ་ཀཱི་ལ་ཡ༔ དམར་སྨུག་གཡས་སེར་གཡོན་ལྗང་གུ༔ ཕྱག་དྲུག་པདྨ་དུང་ཁྲག་དང༔ ཁཊྭཱཾ་ག་དང་མེ་དཔུང་པར༔ ཐ་མས་ཟངས་ཕུར་དམར་པོ་འདྲིལ༔ སྐུ་སྨད་ཟླ་གམ་འབར་བའི་དབལ༔ ཉོན་མོངས་བདུད་ཀྱི་སྙིང་གར་གཟིར༔ བྱང་ཤར་ཀརྨ་ཀཱི་ལ་ཡ༔ ལྗང་ནག་གཡས་དཀར་གཡོན་དམར་པོ༔ ཕྱག་དྲུག་རྒྱ་གྲམ་དུང་ཁྲག་དང༔ ཁཊྭཱཾ་རྩེ་གསུམ་མེ་ཞགས་བསྣམས༔ ཐ་མས་གཡུ་ཕུར་ལྗང་གུ་འདྲིལ༔ སྐུ་སྨད་གནམ་ལྕགས་ཟུར་གསུམ་དབལ༔ འཆི་བདག་བདུད་ཀྱི་སྙིང་གར་གཟིར༔ ཀུན་ཀྱང་ཁྲོ་བོ་ཆེན་པོ་ནི༔ དཔལ་དང་དུར་ཁྲོད་འབར་བའི་ཆས༔ ཡེ་ཤེས་མེ་ཡི་ཟེར་འཕྲོ་ཞིང༔ བདུད་བཞི་འདུལ་བའི་ཕྲིན་ལས་རྫོགས༔ ཨོཾ་བུདྡྷ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ དེ་ནས་སྒོ་བ་དང་བཀའ་སྡོད་ཀྱི་དཀྱིལ་འཁོར་བསྒོམ་པ་ནི། གཙོ་བོའི་སྦྱོར་མཚམས་ཛཿཧཱུྃ་བྃ༔ ཧོཿཡི་ཡི་གེ་བཞི་སྤྲོས་པས༔ ཤར་དུ་སྒོ་མ་ལྕགས་ཀྱུ་མ༔ དཀར་མོ་རྟ་ཡི་གདོང་པ་ཅན༔ ལྷོ་རུ་སྒོ་མ་ཞགས་པ་མ༔ སེར་མོ་ཕག་གི་གདོང་པ་ཅན༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ༔ དམར་མོ་ཀངྐའི་གདོང་པ་ཅན༔ བྱང་དུ་སྒོ་མ་དྲིལ་བུ་མ༔ ལྗང་གུ་སྤྱང་ཀིའི་གདོང་པ་ཅན༔ ཀུན་ཀྱང་གཡོན་པས་ཕུར་པ་འདྲིལ༔ གཅེར་མོ་རལ་གསིགས་གཟིག་ཤམ་ཅན༔ གཏུམ་ཆེན་རྔམ་པའི་གད་རྒྱང་ཅན༔ པད་ཉི་བམ་རོའི་སྟེང་ན་འགྱིང༔ ཛཿཧཱུྃ་བྃ་ཧོཿ ཁྲག་ཁྱམས་དཔལ་གྱི་དཀའ་སྡོད་ཆེ༔ ཤྭ་ན་བདག་ཉིད་ས་བདག་བཞི༔ བསྭེ་མོ་བསྭེ་ལྕགས་དུང་གི་གིང༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་རང་རང་རྒྱན་ཆས་ཚོགས༔ རྫོགས་པ་བཀའ་སྡོད་ཚུལ་དུ་གནས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷཱ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ྄༔ དེ་ལྟར་སྣང་སྲིད་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་གསལ་གདབ་པ་ལ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་འདེབས་པ་ནི། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པའི༔ སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས་གནས་གསུམ་དུ་ཐིམ་པས་དེ་རྣམས་ཀྱི་གསང་བ་གསུམ་དང་གཉིས་སུ་མེད་པར་གྱུར། དབང་བསྐུར་བ་ནི། ཡང་ཐུགས་ཀ་ནས་འོད་འཕྲོས་དབང་གི་ལྷ་ཐམས་ཅད་སྤྱན་དྲངས་པས་དབང་བསྐུར་བར་གྱུར། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་བྱིན་རླབས་དེང་སྩོལ་ཅིག༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཨཱདརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཀྲྀ་ཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྤྱི་བོའི་གནས་ལྔར་དབང་ལྷ་ཡབ་ཡུམ་རྗེས་ཆགས་རྒྱས་པའི་ཞུ་བདེའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུ་ཡི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་གཙོ་བོ་ལ་རྡོ་རྗེ་མི་བསྐྱོད་པ་དང༌། འཁོར་རྣམས་ལ་སོ་སོའི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། བཞི་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་རང་བཞིན་གྱི་གནས་ནས་བླ་མ་རིག་འཛིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་རྣམ་རོལ་མི་བཟད་འབར་བ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ རང་བྱུང་ཡེ་ཤེས་ཧེ་རུ་ཀ༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ ཐབས་ཀྱི་སྤྱོད་པས་གང་འདུལ་དུ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཡེ་ཤེས་ཁྲོ་བོ་ཆེན་པོ་ནི༔ འཁོར་གྱི་དཔལ་ཆེན་ཁྲོ་རྒྱལ་བཅུ༔ སྲས་དང་སྤྲུལ་པ་བཀའ་སྡོད་བཅས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ གནས་འདི་ཉིད་དུ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛཿཛཿ ལྔ་པ་དམ་ཡེ་གཉིས་མེད་དུ་བསྟིམ་པ་ནི། ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བདུན་པ་མཆོད་པ་ལ། ཉེར་སྤྱོད་སྨན་རཀ་གཏོར་མ་དང༌། །སྦྱོར་དང་སྒྲོལ་བའི་མཆོད་པ་གསུམ། །ཞེས་ནང་གསེས་སུ་གསུམ་དུ་དབྱེ་བའི་དང་པོ་ཐུན་མོང་ཉེར་སྤྱོད་ཀྱི་མཆོད་པ་ལ་ཞི་དྲག་གཉིས་ལས། དང་པོ་ནི། ཧཱུྃ། རྣམ་བཀྲའི་མེ་ཏོག་ཕྲེང་མཛེས་སྤོས་སྤྲིན་གཏིབས། །གསལ་བྱེད་མར་མེ་དྲི་ལྡན་གངྒའི་རྒྱུན། །རོ་བརྒྱའི་ཞལ་ཟས་དབྱངས་སྙན་རོལ་མོ་སོགས། ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་སྤེལ་ཏེ་མཆོད། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང༌། །རེག་བདེ་འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་མཐོ་རིས་འབྱོར་པའི་ཚོགས། །མི་ཟད་ནམ་མཁའ་མཛོད་དུ་སྦར་ཏེ་མཆོད། །བདེ་སྟོང་སྒྱུ་མའི་ཆོ་འཕྲུལ་ལས་སྐྱེས་པའི། །ཡིད་འོང་བཅུ་དྲུག་ལང་ཚོའི་དཔལ་འཛིན་མ། །རྡོ་རྗེ་ལྷ་མོས་དགྱེས་པའི་གླུ་གར་བཅས། །ཕུན་ཚོགས་མཛེས་པའི་ཁྱད་པར་དུ་མས་མཆོད། །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་མཎྜ་ལ་ས་པ་རི་ཝ་ར་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་དེ་ཝི་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། གཉིས་པ་ནི། ཧཱུྃ་ཧྲཱིཿ འབར་བའི་ང་རྒྱལ་ཆེན་པོ་ཡིས༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔ དམ་ཉམས་སྙིང་ཁྲག་མཆོད་ཡོན་དང༔ མྱོས་བྱེད་དུག་ཆུའི་ཞབས་བསིལ་འཁྲུགས༔ དབང་པོ་ལྔ་ཡི་མེ་ཏོག་དང༔ ཚིལ་ཆེན་དུད་པ་འཁྲིགས་པའི་སྤོས༔ ཞུན་གྱི་མར་མེ་མདངས་གསལ་ཞིང༔ མཁྲིས་སྣ་ཁྲག་ཞག་བྱུག་པའི་རྩི༔ ཤ་རུས་དོན་སྣོད་མཱཾ་སའི་ཟས༔ ཐོད་རྔ་མི་རྐང་གླིང་བུ་སོགས༔ རུ་ཏྲ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཁྲག་འཐུང་རྡོ་རྗེའི་ལྷ་ཚོགས་བསྐང༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་རུ་ཏྲ་པཱུ་ཛ་ས་མ་ཡ་ཧོཿ གཉིས་པ་ཁྱད་པར་གྱི་མཆོད་པ་ལ་གསུམ་ལས། སྨན་གྱི་མཆོད་པ་ནི། ཧཱུྃ༔ རང་བྱུང་པདྨ་བྷཉྫའི་སྣོད༔ བདེ་ཆེན་རྡོ་རྗེའི་སྦྱོར་བ་ལས༔ འབར་བ་དཀྱིལ་འཁོར་དགུའི་བྱང་སེམས༔ ཡེ་ཤེས་ཀློང་དགུའི་ཕྱག་རྒྱའི་སྤྲིན༔ རང་བཞིན་ལྷུན་རྫོགས་མཆོད་པ་ཆེ༔ བདུད་རྩི་ར་ས་ཡཱ་ནའི་དངོས༔ བླ་མེད་དམ་ཚིག་རྫས་ཀྱི་མཆོག༔ ཨོཾ་ཨ་མྲྀ་ཏ་ཁཱ་ཧི༔ བརྒྱུད་མཆོད་ནི། དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི། །བྱིན་རླབས་སྤྲིན་ཕུང་ཡེ་ཤེས་ཆར་ཆེན་འབེབས། །རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁྱབ་བདག་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང༌། །ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་སེམས་དཔའ་དང༌། །སྤྲུལ་སྐུ་མཁའ་འགྲོ་ལས་ཀྱི་དབང་མོ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕུར་པའི་རིག་འཛིན་པྲ་བྷ་ཧསྟི་དང༌། །འཕོ་ཆེན་སྐུ་བརྙེས་བི་མ་ལ་མི་ཏྲ། །དཀྱིལ་འཁོར་ཀུན་བདག་པདྨ་འབྱུང་གནས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དབྱིངས་ཕྱུག་ཌཱ་ཀི་བདེ་ཆེན་མཚོ་རྒྱལ་དང༌། བདུད་རྩི་ཕུར་གྲུབ་ཛྙཱ་ན་ཀུ་མཱ་ར། །མངའ་བདག་ཆེན་པོ་སོག་པོ་ལྷ་དཔལ་རྗེར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བཀའ་བབ་བདུན་ལྡན་རྡོ་རྗེ་གཟི་བརྗིད་དང༌། །གཏེར་འབྱིན་མདོ་སྔགས་གླིང་དང་མ་ཏིའི་མཚན། །ཆོས་བདག་རིག་འཛིན་བརྒྱུད་པར་བཅས་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྡོ་རྗེ་གཞོན་ནུ་བདུད་འདུལ་ཁྲོ་བོ་བཅུ། །ཕྲ་ཐབས་སྲས་མཆོག་སྒོ་མ་ཕུར་སྲུང་སོགས། །དངོས་གྲུབ་མཆོག་སྩོལ་བསམ་ཡས་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དཔལ་གྱི་བཀའ་སྡོད་ཕྲིན་ལས་གློག་ལྟར་འཁྱུག །མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང༌། །སྣང་སྲིད་གཞིར་བཞེངས་རྡོ་རྗེའི་མཎྜ་ལར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ དམ་ཚིག་རྫས་ཀྱི་བདུད་རྩི་ལས༔ ཡེ་ཤེས་སྙིང་པོའི་དངོས་གྲུབ་དབྱིག༔ མཐེབ་སྲིན་ཉི་ཟླའི་གྭའུ་ཡིས༔ རྡོ་རྗེའི་ལྕེ་ལ་བཞག་ཅིང་མྱང༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧོ༔ གཏོར་མའི་མཆོད་པ་ནི། ཧཱུྃ་ཧྲཱིཿ རྡོ་རྗེའི་ཕུང་ཁམས་ཐམས་ཅད་ཀྱང༔ འདོད་ཡོན་རྨད་བྱུང་གཏོར་མར་ཤར༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་ཆེ༔ ལྷུན་གྱིས་གྲུབ་པའི་བ་ལིཾ་ཏ༔ སྣང་སྲིད་མ་ལུས་ལྷུན་རྫོགས་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ རཀྟའི་མཆོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ཧཱུྃ་ཧྲཱིཿ གདུག་པའི་སྙིང་གི་ཁྲག་རྒྱུན་དང༔ གཱིརྟིའི་རང་བྱུང་གསང་བའི་ཁྲག༔ ཁམས་གསུམ་ཆགས་པའི་བཅུད་ཆེན་པོ༔ དམར་ནག་ལྦུ་ཕྲེང་འཁྲུགས་པའི་མཚོ༔ འབར་བ་གཏུམ་ཆེན་རྔམ་པ་ལ༔ གཉིས་མེད་རོལ་པས་དགྱེས་དགུར་བཞེས༔ མ་ཧཱ་རཀྟ་ཁཱ་ཧི༔ གཉིས་པ་བྱེ་བྲག་རཀྟ་ཚར་གསུམ་ནི། ཕུད་དང་རཀྟ་བསྲེས་པ་དང་པོ་བཀའ་སྒོ་བའི་ཕྱིར་ཕུལ་ལ། ཧཱུྃ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྱོར་ཆུག་ཅིག༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ང་ཡིས་དབང་དུ་གྱུར་ནས་ཀྱང༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ མ་ཧཱ་རཀྟ་ཁཱ་ཧི༔ གཉིས་པ་དམ་ཅན་གནད་དུ་དབབ་པའི་ཕྱིར་འབུལ་བ་ནི། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཇི་བཞིན་བཅས་པ་ཡི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར་འབུལ་བ་ནི། ཧཱུྃ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷའམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ་སྒྲོལ་མཆོད་ནི། ཧཱུྃ་ཧྲཱིཿ ཁམས་གསུམ་མ་ཧཱ་རུ་ཏྲའི་ཚོགས༔ ཀུན་ཏུ་ཁྲོས་པས་བསྒྲལ་བ་ལས༔ ཤ་ཆེན་བརྩེགས་པའི་རི་རབ་དང༔ རུས་ཆེན་བསྒྲལ་བའི་གྲམ་བུར་སྤུངས༔ དམར་ནག་ཁྲག་གི་རྒྱ་མཚོ་འབུལ༔ དུག་གསུམ་དག་པའི་དངོས་གྲུབ་སྩོལ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ སྦྱོར་མཆོད་ནི། ཧཱུྃ་ཧྲཱིཿ འབར་བ་ཁྲོ་མོའི་ཨེ་ཀློང་དུ༔ གཏུམ་ཆེན་ཁྲོ་བོའི་རྡོ་རྗེས་བརྡུང༔ བར་དུ་གཅོད་ན་ལྷ་ཡང་རུང༔ བསྒྲལ་བའི་ལས་ཀྱི་མཆོད་པ་འབུལ༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཧ་ཧ་ཧ༔ བརྒྱད་པ་བསྟོད་པ་ནི། ཧཱུྃ་ཧྲཱིཿ བསྐལ་པ་མེ་ལྟར་འབར་བའི་ཀློང༔ རང་བྱུང་དུར་ཁྲོད་ཆེན་པོའི་དབུས༔ དཔལ་ཆེན་འབར་བ་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུར་ཕྱག་འཚལ་བསྟོད༔ འཇིགས་རུང་སྐུ་ནི་གར་དགུས་སྒེག༔ མཐིང་ནག་བཻཌཱུའི་ལྷུན་པོ་བཞིན༔ ཉི་མ་འབུམ་གྱི་གཟི་བརྗིད་ཀྱིས༔ ཁམས་གསུམ་ཟིལ་གྱིས་གནོན་ལ་བསྟོད༔ རབ་འཇིགས་རྡོ་རྗེའི་གད་མོ་ཆེས༔ གདུག་པ་ཅན་རྣམས་སྲོག་རྩ་འདར༔ རྒོད་གཤེ་དྲག་ཤུལ་རོལ་པ་ཆེའི༔ ཧཱུྃ་ཕཊ་གད་རྒྱངས་སྒྲོག་ལ་བསྟོད༔ མི་གཡོ་ཐུགས་ནི་རབ་ཏུ་ཞི༔ སྙིང་རྗེ་རྔམས་པའི་གདུང་བ་ཆེས༔ བདུད་དང་རུ་ཏྲ་གདུལ་དཀའ་འདུལ༔ རྡོ་རྗེ་སྲིན་པོའི་ཚུལ་ལ་བསྟོད༔ ཡོན་ཏན་བསམ་ཡས་ཆོ་འཕྲུལ་གྱིས༔ འཕགས་པའི་རྣམ་ཐར་མ་ལུས་རྫོགས༔ མི་སློབ་འབྲས་བུའི་དེ་ཉིད་ཀྱི༔ གསང་བ་རྒྱན་གྱི་འཁོར་ལོར་བསྟོད༔ མཁའ་ཁྱབ་འགྲོ་བ་ཀུན་འདུལ་བའི༔ ཕྲིན་ལས་དཔག་ཡས་གང་འདུལ་སྟོན༔ སྲིད་ཞིའི་རྒྱན་དུ་རྫོགས་པའི་ལྷ༔ གཉིས་མེད་མཉམ་པའི་ངང་དུ་བསྟོད༔ དངོས་གཅིག་ཐིག་ལེ་ཆེན་པོའི་གཟུགས༔ རབ་འབྱམས་གཙོ་དང་འཁོར་གྱི་ཚུལ༔ བསམ་ཡས་བཀོད་པའི་ཆོ་འཕྲུལ་ཅན༔ མ་ལུས་ཀུན་ལ་གུས་པས་བསྟོད༔ དགུ་པ་བཟླས་པ་ལ། ཛཔ་ཁང་དབྱེ་བསྐུལ་བསྙེན་སྒྲུབ་ལས། །ཞེས་ལྔ་ལས། དང་པོ་དབང་དང་སྒྲུབ་མཆོད་སྒྲུབ་ཆེན་ལས་སྦྱོར་རྣམས་ལ་བདག་མདུན་ཐ་དད་དུ་དབྱེ་དགོས་པས། སྔར་དམ་ཡེ་གཉིས་མེད་ཀྱི་དཀྱིལ་འཁོར་གསལ་བཏབ་པ་ཉིད་དབྱེ་གཞི་བྱས་ཏེ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་གྱི་ནམ་མཁར་བཞུགས་པ་ཡི༔ གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐར༔ སྔགས་ཕྲེང་སྒྲར་བཅས་འཁོར་བ་ལས༔ འོད་ཟེར་དཔག་ཡས་འཕྲོ་བར་བསམ༔ གཉིས་པ་ལ། སྒྲུབ་ཆེན་གྱི་སྐབས་དཀྱིལ་འཁོར་གྱི་ལྷ་ཚོགས་རེ་རེ་བཞིན་ཛཔ་བསྐུལ་དང་སྟོང་ཚིག་འབུལ་དགོས་ཀྱང༌། བསྙེན་སྒྲུབ་ལས་སྦྱོར་དཀྱུས་མ་ལ་སྤྲོས་པ་འཚམ་པའི་དབང་དུ་བྱས་ཏེ། ལྷ་ཚོགས་སྤྱིར་བསྐུལ་བ་ནི། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཞི་དབུས་ལྔའི་འཇིག་རྟེན་གྱི༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ ཀུན་ཀྱང་རྡོ་རྗེ་ཕུར་པའི་ལྷ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ མཐིང་ནག་མེ་ཡི་འོད་འཕྲོ་ཞིང༔ རྒོད་དང་གཤེ་དང་ཁྲོ་བའི་ཚུལ༔ ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས༔ འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར༔ ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན༔ ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང༔ ཁྲོ་མོའི་སྤྲུལ་པས་ས་གཞི་གང༔ ཕྲ་མེན་སྤྲུལ་པས་བར་སྣང་གང༔ སྒོ་མའི་སྤྲུལ་པ་ཕྱོགས་བཅུར་འགྱེད༔ ཐམས་ཅད་བདེ་བའི་ཀློང་ནས་ཤར༔ བསམ་གྱིས་མི་ཁྱབ་ཀུན་ལས་འདས༔ བརྗོད་མེད་དབྱིངས་ཀྱི་ཐིག་ལེ་ཆེ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ལྷའི༔ ཞལ་ནས་ཕུར་པའི་སྔགས་སྒྲ་སྒྲོག༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང༔ དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ ཕུར་པ་འདི་ལ་དབང་ཞིག་བསྐུར༔ ཕུར་པ་འདི་ལ་བྱིན་གྱིས་རློབས༔ རྟགས་དང་མཚན་མ་བསྟན་པ་དང༔ རིག་འཛིན་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གསུམ་པ་བསྙེན་དམིགས་ནི༔ བདག་ཉིད་ཐུགས་ཀར་ཡེ་ཤེས་སེམས༔ རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས༔ རྡོ་རྗེ་དྲིལ་བསྣམས་ཕྱེད་སྐྱིལ་བཞུགས༔ ཚོན་གང་འོད་ཀྱི་ཕུང་པོ་ནི༔ རིན་ཆེན་ཟུར་བརྒྱད་དབུས་ན་བཞུགས༔ དེ་ཡི་ཐུགས་ཀར་ཙིཏྟ་ནི༔ མཐིང་སྨུག་མཆོང་གི་གུར་ལྟར་མཛེས༔ ལྟེ་བར་ཉི་སྟེང་རྡོ་རྗེ་ནི༔ རྩེ་དགུ་ནས་ཀྱི་འབྲུ་ཙམ་སྒྲེང༔ རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག༔ མཐའ་བསྐོར་སྙིང་པོ་འབྲུ་དགུ་འབར༔ སྔགས་ཕྲེང་མཚམས་སུ་གསུང་རྡོ་རྗེ༔ རྟ་མགྲིན་དམར་པོས་བར་ཆད་སྲུང༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ དཔལ་ཆེན་སྐུ་དང་གཉིས་མེད་གྱུར༔ ཞེས་གསལ་སྣང་རྩེ་གཅིག་ཏུ་སྒྲུབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཅེས་བསྙེན་སྔགས་འབྲུ་དགུ་པ་ཉིད་བཟླ། གོམས་པ་བརྟན་པ་དང༌། བཞི་པ་སྒྲུབ་པ་དོ་ལིའི་བཟླས་དམིགས་ནི། སྔགས་ཕྲེང་བདག་མདུན་ཞལ་དང་མཁའི༔ སྦྱོར་མཚམས་ནས་བརྒྱུད་འོད་ཟེར་ལས༔ སྐུ་སྔགས་ཕྱག་མཚན་མཚོན་ཆ་མེ༔ སྤྲོ་བསྡུས་སྣང་སྲིད་ལྷ་དང་སྔགས༔ ཡེ་ཤེས་རོལ་པར་འབྱམས་ཀླས་ཏེ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀྱང༔ ཐམས་ཅད་ཕུར་པའི་དལ་དུ་རྫོགས༔ ཞལ་ནས་སྔགས་ཀྱི་སྒྲ་སྒྲོག་ཅིང༔ ཀུན་ཀྱང་ཀཱི་ལིའི་ཛཔ་སྒྲ་སྒྲོགས༔ སྣང་སྲིད་ཕྱག་རྒྱ་ཆེན་པོའི་དབྱིངས༔ དག་པའི་ཡེ་ཤེས་རོལ་པར་ཤར༔ ཞེས་སྤྲོ་བསྡུའི་ཏིང་འཛིན་དང་བཅས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཞེས་སྒྲུབ་སྔགས་འབྲུ་བཅུ་བདུན་པ་གཙོ་འཁོར་སྤྱི་དྲིལ་གྱི་སྙིང་པོ་བཟླ། སྐབས་འདིར་བསྙེན་སྒྲུབ་རྒྱས་པ་དང༌། སྒྲུབ་ཆེན་ལ་ཁྲོ་བཅུ་ཡབ་ཡུམ། ཕྲ་ཕྱག །སྲས་མཆོག་རྣམས་ཀྱི་རྩ་སྔགས་བཟླ་བ་དང༌། སོ་སོའི་སྤྲོ་བསྡུ་བྱ་དགོས་པས་བསྙེན་ཡིག་དང༌། སྒྲུབ་ཁོག་ལས་ཤེས་པར་བྱ། ལྔ་པ་ལས་སྦྱོར་ནི། དཀྱིལ་འཁོར་གསུམ་ལས་འོད་ཟེར་ནི༔ ལྗང་ནག་མཚོན་ཆའི་ཟེགས་མ་འཕྲོས༔ ཀུན་ཀྱང་མངོན་སྤྱོད་ལས་ལ་བསྐུལ༔ ཕོ་ཉ་ཉི་ཟེར་རྡུལ་ལྟར་འཚུབས༔ མཚོན་ཆའི་ཆར་ཕབ་དྲག་སྔགས་སྒྲོག༔ གང་ལ་དམིགས་པའི་དགྲ་དང་བགེགས༔ མངོན་སྤྱོད་དྲུག་གི་ཕྲིན་ལས་ཀྱིས༔ དགྲ་བོ་མིང་མེད་བརླག་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་མ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ ཅེས་ལས་སྦྱོར་དྲག་སྔགས་སྤུ་གྲི་བཟླ། འདི་ནི་སྤྲོས་མེད་ཏིང་འཛིན་གཙོ་བོར་བཏོན་པའི་བསྙེན་སྒྲུབ་ལས་གསུམ་ཆིག་རྫོགས་སུ་བྱ་བའི་དོན་དུ་སྟེ། རྫས་ཀྱི་ཕུར་བུས་དགྲ་བགེགས་སྒྲོལ་བའི་ལས་རིམ་རྒྱས་པ་དང༌། ཁྲོ་བོ་བཅུ་སོགས་ཀྱི་ལས་སྦྱོར་སྦྲགས་པའི་སྐབས་ཀྱི་དམིགས་བཟླས་ཀྱི་ཁྱད་པར་ནི་སོ་སོའི་ཡི་གེ་ལས་ཤེས་དགོས་སོ། །གང་ལྟར་ཡང་ཐུན་ལས་ལྡང་བ་ན་དབྱངས་གསལ་རྟེན་སྙིང་བཟླས་པས་ལྷག་ཆད་བསྐང་ཞིང་བྱིན་རླབས་བརྟན་པར་བྱས་ཏེ། གཏང་རག་གི་མཆོད་བསྟོད་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཧཱུྃ༔ སྒེག་པ་འཇིགས་རུང་རྡོ་རྗེའི་གཟི་བྱིན་འབར༔ རྒོད་གཤེ་དྲག་ཤུལ་མཐའ་ཡས་སྔགས་ཀྱི་ཚོགས༔ སྙིང་རྗེ་རྔམ་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཁྲག་འཐུང་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱ་བཟླ། བཀའ་གཏེར་སྲུང་མ་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་བཀའ་སྲུང་ཡེ་ཤེས་མགོན་པོ་དང༌། གཏེར་སྲུང་དྲེགས་པ་སྡེ་ལྔའི་གཏོར་ཆོག་རྒྱས་པར་བཏང༌། གསུམ་པ་རྗེས་རིམ་ལ། ཚོགས་མཆོད་བསྐུལ་དང་ཆད་ཐོ་འབུལ། །བརྟན་མ་རྟ་བྲོ་དངོས་གྲུབ་བླང༌། །ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་གདབ། །ཤིས་བརྗོད་རྒྱུན་སྤྱོད་འཇུག་པ་བཅུ། །ཞེས་པའི་དང་པོ་ལའང༌། ཐོག་མར་བྱིན་གྱིས་བརླབ་པ་ནི། དཀྱིལ་འཁོར་གྱི་མདུན་དུ་ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་ཐབས་ཤེས་བཟའ་བཏུང་གི་རྫས་རྣམས་བཀྲམ། དགོས་པ་དང་འབྲེལ་ན་ཕྱག་དང་སྐོང་བཤགས་ཀྱི་ཆོ་ག་སྤྱི་ལྟར་བྱ། ཚོགས་ཀྱི་དམ་རྫས་ལ་ཆུ་ཆང་ནང་མཆོད་ཀྱིས་བྲན་ཏེ། ཞུ་བསྐུལ་སྔོན་དུ་འགྲོ་བས། རྃ་ཡྃ་ཁྃ༔ ཆོས་ཀུན་སྒྱུ་མ་ལྟ་བུ་ཡི༔ རིག་པའི་ཡེ་ཤེས་རྃ་ཡྃ་ཁྃ༔ སྟོང་གསལ་རྣམ་པར་མི་རྟོག་པའི༔ རང་བཞིན་དཔལ་གྱི་ཐུགས་ལས་སྤྲོས༔ ཚོགས་ཀྱི་རྫས་ཀུན་བསྲེགས་གཏོར་བཀྲུས༔ རླུང་མེ་ཐོད་སྒྱེད་གསུམ་གྱི་སྟེང༔ ཨཱཿལས་ཡེ་ཤེས་ཀ་པཱ་ལར༔ ངོ་བོ་ཡེ་ཤེས་ལྔའི་རང་བཞིན༔ རྣམ་པ་ཤ་ལྔ་བདུད་རྩི་ལྔ༔ བྱེད་ལས་ཟག་མེད་བདེ་སྐྱེད་པའི༔ རང་བཞིན་བླ་མེད་དམ་ཚིག་རྫས༔ འབྲུ་གསུམ་ལས་བྱུང་ཁ་དོག་དང༔ དྲི་རོ་མཆོག་ལྡན་ཟེགས་མ་ལས༔ འདོད་ཡོན་དཔག་མེད་འཆར་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་མང་དུ་བརྗོད། གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། སྤོས་རོལ་ཅང་ཏེའུ་དྲིལ་བུ་དང་བཅས་ཏེ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་རོལ་པའི་སྲས་མཆོག་དང༔ ཁྲོ་བཅུ་ཡབ་ཡུམ་ཕྱག་བརྙན་བཅས༔ ཕྲིན་ལས་སྒོ་མ་ཕུར་སྐྱོང་རྣམས༔ ཧེ་རུ་ཀ་ཡི་འདུ་བར་སྤྱོན༔ ཚོགས་ཁང་རང་སྣང་རྒྱན་གྱི་ཞིང༔ རྣལ་འབྱོར་ཕོ་མོ་རིག་པ་འཛིན༔ སྣང་སྲིད་རྣམ་དག་བརྡལ་བ་ཆེ༔ རྒྱ་ཆད་ཕྱོགས་ལྷུང་མ་དམིགས་པའི༔ གནས་འདིར་དཔལ་གྱི་ཐ་ཚིག་དགོངས༔ དཀྱིལ་འཁོར་ཆེན་པོར་བྱིན་གྱིས་རློབས༔ དམ་རྫས་བདུད་རྩིའི་ཕུད་ཆེན་པོར༔ དངོས་གྲུབ་གནས་སུ་མཛད་དུ་གསོལ༔ ཤྲཱི་ཧེ་རུ་ཀ་ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛཿཛཿ ཞེས་སྤྱན་དྲངས་པ་ལ། མཆོད་པའི་ལྷ་མོའི་ཚོགས་སྤྲོས་པས་མཆོད་པ་ནི། རྡོ་རྗེ་སྒེག་མོས་དགའ་བས་མཆོད་བྱ་ཞིང༌། །རྡོ་རྗེ་ཕྲེང་མས་རབ་ཏུ་བརྒྱན་བྱས་ཏེ། །རྡོ་རྗེ་གླུ་མས་གསང་བའི་གླུ་བླངས་ནས། །རྡོ་རྗེ་གར་མས་མཛེས་པའི་གར་བསྒྱུར་མ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་མོས་པའི་བློ་ཡིས་བདག་འབུལ་ན། །བཞེས་ཤིག་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མཱ་ལྱ་ཏྲཱྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ རྡོ་རྗེ་བདུག་པས་མ་ལུས་ཚིམ་བྱས་ནས། །རྡོ་རྗེ་མེ་ཏོག་མ་ཡིས་མཛེས་པར་བཀྲམ། །རྡོ་རྗེ་སྒྲོན་མེ་མ་ཡིས་དགྱེས་པ་བསྐྱེད། །དྲི་མཆོག་མ་ཡིས་དྲི་ཞིམ་བྱུག་བྱེད་པ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་མོས་པའི་བློ་ཡིས་བདག་འབུལ་ན། །བཞེས་ཤིག་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གྷནྡྷེ་ཨཱཿ གསུམ་པ་ཚོགས་དང་པོ་མཆོད་པ་ནི། ཧཱུྃ༔ རྡོ་རྗེའི་དམ་ཚིག་བླ་ན་མེད༔ གཙང་དམེ་བྲལ་བའི་རྫས་ཀྱི་མཆོག༔ གཉིས་འཛིན་དག་པས་འབུལ་ལགས་ན༔ དགྱེས་དགུར་རོལ་ལ་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ བཞི་པ་བསྐང་ཞིང་བཤགས་པ་ནི། བསྐང་རྫས་བྱིན་བརླབ་སྔོན་དུ་འགྲོ་བས་རྩ་གསུམ་སྤྱི་དང༌། ཁྱད་པར་རྡོ་རྗེ་ཕུར་པ་བཀའ་གཏེར་སྲུང་མ་དང་བཅས་པའི་བསྐང་བཤགས་རྒྱས་པར་སྦྱར། ཚོགས་ཀྱི་བཤགས་པ་དངོས་ནི། ཧོཿ ཐོག་མེད་དུས་ནས་ད་ལྟའི་བར༔ འགལ་འཁྲུལ་ནོངས་པ་མཆིས་སོ་ཅོག༔ མི་འཆབ་གནོང་ཞིང་འགྱོད་སེམས་ཀྱིས༔ ཡེ་ཤེས་ཆེན་པོའི་རྫས་ཀྱིས་བཤགས༔ ས་མ་ཡ་ཤུདྡྷེ་ཨཱཿ ཡིག་བརྒྱ་བཟླ། ལྔ་པ་བསྒྲལ་བསྟབ་ལ་བཞི། རྒྱས་པར་མཚན་མ་རྫས་ཀྱི་ཕུར་བུའི་སྨད་ལས་དགྲ་བགེགས་བསྒྲལ་བ་དང༌། དེ་དང་རྗེས་འབྲེལ་དམར་ཆེན་གཏོར་ཟློག་གི་སྐབས་ཀྱི་བསད་ལས་ནི་སོ་སོའི་གཞུང་དུ་ཤེས་ལ། འདིར་ལས་བྱང་དཀྱུས་ཙམ་དུ། ཚོགས་ཕུད་གསུམ་པ་ལ་དམིགས་རྟེན་དུ་བྱས་ཏེ། དང་པོ་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས་མ་རུང་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་དགུག་གཞུག་བཅིངས་ཏེ། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བསྒྲལ་བར་བྱ་བའི་དུས་ལ་བབ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ གསུམ་པ་བསྒྲལ་བ་ནི། ཕུར་པ་འདྲིལ་ཏེ། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་བཀུག་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ མོ་ཧ་ཡ་བྷ་ག་ཝཱན་ཧྲཱིཿཥིཊ་བི་ཏྲི་ཏ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨ༔ ཞེས་ཚེ་ཁྲུས་གནས་གསུམ་གྱི་དགོངས་པ་ལྡན་པས་བསྒྲལ། བཞི་པ་ཞལ་དུ་བསྟབ་པ་ནི། ཧཱུྃ༔ ཁམས་གསུམ་གདུག་ཅན་བསྒྲལ་བ་ཡི༔ དུག་གསུམ་ཤ་ཁྲག་རུས་པ་ཀུན༔ ཁྲག་འཐུང་རྡོ་རྗེའི་ལྷ་ལ་འབུལ༔ འཁོར་བ་རྡོ་རྗེར་སྒྲུབ་མཛོད་ཅིག༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི༔ ཞེས་ཕུལ་བ་དང་ཆབས་ཅིག ཧཱུྃ༔ འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བ༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ པདྨ་ལ་ནི་རྡོ་རྗེ་ཞུགས༔ བདག་ཉིད་མཆོད་པས་མཉེས་པར་བྱའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བྃ་ཧོཿ བོ་དྷི་ཙིཏྟ་མ་ཧཱ་སུ་ཁཾ༔ ཨ་ནུ་རཱ་ག་ཡ་མི༔ ལྷ་ཚོགས་ཐམས་ཅད་རང་རང་གི་ཕྱག་རྒྱ་དང་སྙོམ་པར་ཞུགས་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམ་པར་གྱུར། དྲུག་པ་ཚོགས་ལ་རོལ་པ་ནི། མཆེད་ལྕམ་རྣམས་ལ་ཐབས་ཤེས་ཀྱི་རྫས་བསྣོལ་མར་སྟོབ་པའི་བརྡ་ཡི་འབུལ་ལེན་བྱས་ལ་ཕྱི་ནང་གསང་བའི་ཚོགས་ཀྱི་རྣལ་འབྱོར་དང་ལྡན་པས་ཚིམ་པར་རོལ་ལ། སྤྲོ་ན་ཕུར་པ་རྩ་དུམ་སོགས་རྒྱུད་ཀློག་པ་ཆོ་ག་བཞིན་དང༌། རྡོ་རྗེའི་གླུ་ལེན་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་པར་བྱ། བདུན་པ་ལྷག་མ་ནི། སྟེགས་བུ་ཞིང་ལྤགས་ཀྱིས་བཀབ་པའི་སྟེང་གཙང་དམེའི་ལྷག་མ་དཀྱིལ་འཁོར་གྱི་དྲུང་དུ་མཐོ་དམན་དུ་བཀོད་ལ་མཆོད་པས་བསྐོར་ཏེ། ཀྱཻ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ དཔལ་ཆེན་དཀྱིལ་འཁོར་ཚོགས་ཀྱི་བདག༔ བར་དུ་བཤགས་པ་མི་བགྱིད་རྒྱུ༔ རྣལ་འབྱོར་ལྡན་ལ་དམ་ཚིག་གཉན༔ ཐ་མ་བསྒྲལ་བསྟབ་མི་བགྱིད་རྒྱུ༔ རྟོགས་པས་བདག་རྒྱུད་སྔོན་བསྒྲལ་ཕྱིར༔ ད་ལྟ་ལྷག་མས་མི་མཆོད་རྒྱུ༔ མ་ཚོགས་དབང་ཕྱུག་གིང་ལངྐ༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས༔ ཀུན་ཀྱང་དཔལ་ཆེན་སྤྲུལ་པ་ཡིན༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར༔ འབངས་ཐོག་རྗེ་ཡིས་མི་མནན་རྒྱུ༔ ཅི་བཅོལ་ལས་ལ་བསྐུལ་བའི་ཕྱིར༔ རྗེ་ལ་འབངས་ཀྱིས་མི་རྒོལ་རྒྱུ༔ དྲག་ཤུལ་ལས་ཐབས་མྱུར་བའི་ཕྱིར༔ པཉྩ་ཨ་མྲྀ་ཏ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཞེས་བདུད་རྩིས་བྲན་ཏེ་བྱིན་གྱིས་བརླབས། ཨེ་ཨ་རལླི་ཧྲིཾ་ཛཿཕེཾ༔ བཤུགས་གླུ་རོལ་མོས་མགྲོན་རྣམས་དམ་ཚིག་གི་གནས་སུ་སྤྱན་དྲངས་པ་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ལ། ལྷག་གཏོར་དངོས་ནི། ཧཱུྃ་བྷྱོ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ དཀྱིལ་འཁོར་ཆེན་པོའི་མུ་རན་སྐྱོང༔ ཕུར་པའི་སྲུང་མར་ཞལ་བཞེས་པའི༔ མཁའ་འགྲོ་གིང་ལང་དབང་ཕྱུག་ཆེ༔ མ་སྲིང་ཤ་ཟ་ཕྲ་མེན་མ༔ ཤུགས་འགྲོ་གནས་ཉུལ་ཆེན་མོ་རྣམས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་ཧོཿ ཞེས་རོལ་མོའི་སྒྲ་དང་བཅས་ཏེ་ཕྱི་རོལ་གཙང་སར་འབུལ། བརྒྱད་པ་ཐམས་ཅད་རྡོ་རྗེའི་རིགས་སུ་སྨོན་ལམ་གདབ་པ་ནི། ཧོཿ ཆོས་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉེན་དང་གཟུངས་མ་དང༔ རྡོ་རྗེའི་སྲོག་གིས་འབྲེལ་བའི་མཆེད་ལྕམ་རྣམས༔ ནམ་ཡང་མི་འབྲལ་ཏིང་འཛིན་རྩེ་གཅིག་པས༔ རྡོ་རྗེ་ཐེག་པའི་རིགས་སུ་སྐྱེ་བ་དང༔ བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་པའི༔ སྐལ་པ་མཆོག་དང་ལྡན་པར་རབ་གྱུར་ཏེ༔ དེ་དང་དེ་ཡི་དམ་ཚིག་རྣམ་དག་ཤོག༔ བསྐྱེད་པའི་རིམ་པས་སྣང་བ་ལྷ་སྐུར་དག༔ རྫོགས་རིམ་ཟབ་མོས་རྩ་རླུང་ཐིག་ལེར་རྫོགས༔ རྫོགས་པ་ཆེན་པོའི་ཡེ་ཤེས་མངོན་སྨིན་ཏེ༔ སྤང་ཐོབ་མེད་པའི་འབྲས་བུ་ལྷུན་གྲུབ་ཤོག༔ ཛྙཱ་ན་ས་མ་ཡ་ཨ་ཨ་ཨ༔ གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་དབྱིངས་སྤྲོས་པ་ཀུན་བྲལ་ཡང༔ མ་འགག་བདེ་ཆེན་སྒྱུ་མར་རོལ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཁྲོ་བཅུ་ཕྲ་ཕྱག་སྒོ་མའི་ཚོགས༔ ལས་ལ་བཞེངས་ཤིག་ས་མ་ཡ༔ ད་དུས་སྙིགས་མ་ལྔ་བདོ་བས༔ བདུད་དང་བར་ཆད་འབྱུང་པོས་འཚེ༔ བྱང་ཆུབ་སྒྲུབ་པའི་གེགས་གྱུར་ཀུན༔ དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཁྱེད་རྣམས་སྟོབས་བཅུ་མཐར་སོན་པས༔ འདོད་པའི་ལས་ལ་ཐོགས་པ་མེད༔ མ་གཡེལ་ཐུགས་དམ་རྩལ་སྤྲུགས་ལ༔ ཡེ་ཤེས་དགོངས་པའི་མཐུ་རྩལ་བསྐྱེད༔ འགལ་རྐྱེན་མི་མཐུན་ཀུན་ཞི་ཞིང༔ ཚེ་དཔལ་ལུང་རྟོགས་ཡེ་ཤེས་བསྐྱེད༔ སྣང་སྲིད་དབང་དུ་འདུ་བ་དང༔ ཁམས་གསུམ་སྙིང་རྗེས་སྒྲོལ་བར་མཛོད༔ གསུམ་པ་ཆད་ཐོ་བསྒྲགས་པ་ནི། བཀའ་གཏེར་སྲུང་མའི་གཏོར་འབུལ་རྣམས་སྐབས་འདིར་ཆོ་ག་བཞིན་ཕུལ་ལ་ཕྲིན་ལས་བཅོལ། ཆད་ཐོའི་གཏོར་མ་སྨན་རཀ་གིས་བྲན་ལ་འབྲུ་གསུམ་གྱིས་བྱིན་རླབས་བྱས་ཏེ། ཧཱུྃ་བྷྱོ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀས༔ ཆོས་དབྱིངས་བྱ་རྩོལ་བྲལ་བའི་རྒྱུད༔ རིག་མཆོག་འབུམ་ཕྲག་བསྟན་པའི་ཚེ༔ ཞལ་བཞེས་རིག་རྩལ་ཕོ་ཉའི་ཚོགས༔ ཐ་ཚིག་མ་བསྙེལ་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ བྲམ་ཟེ་པྲ་བྷ་ཧསྟི་ཆེར༔ མཆོད་རྟེན་བདེ་བྱེད་བརྩེགས་པ་རུ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ ཕྲ་མེན་གཡུ་སྒྲོམ་གཏད་པའི་ཚེ༔ བཀའ་སྲུང་ཞལ་བཞེས་སྲུང་མ་རྣམས༔ གཏོར་མ་ལོངས་ལ་ཕྲིན་ལས་མཛོད༔ དེ་རྗེས་བསྐལ་པའི་དུས་གཉན་ལ༔ པཎ་ཆེན་བི་མ་མི་ཏྲ་ཡིས༔ སྣང་སྲིད་ཕུར་བུའི་ཞིང་ཆེན་དུ༔ བསྒྱུར་ནས་གཉགས་ཆེན་ལོ་ཙཱ་བར༔ རྒྱུད་ལུང་མན་ངག་ཀུན་བསྟན་ཚེ༔ བཀའ་གཏེར་སྲུང་མར་ཞལ་བཞེས་ཀུན༔ ཐོགས་པ་མེད་པའི་ཕྲིན་ལས་མཛོད༔ གཞན་ཡང་གྲུབ་པའི་རིག་པ་འཛིན༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་སོགས༔ ཕུར་བུའི་རིག་འཛིན་ཆེ་རྣམས་ཀྱི༔ སྤྱན་སྔར་ཁས་བླངས་བཀའ་སྲུང་ཚོགས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ མ་ལུས་ཕྲིན་ལས་མྱུར་དུ་མཛོད༔ ཐ་མ་ལས་ཅན་དག་པའི་ངོར༔ གར་གྱི་དབང་ཕྱུག་ཧེ་རུ་ཀ༔ ཀློང་ཆེན་ནམ་མཁའ་འོད་གསལ་ལ༔ སྔོན་གྱི་སྨོན་ལམ་དུས་བབ་པས༔ བཀའ་སྲུང་ཡེ་ཤེས་མགོན་པོ་ཆེས༔ ཤོག་སེར་དངོས་སུ་གཏད་ནས་ཀྱང༔ རྡོ་རྗེ་ཕུར་པའི་སྨིན་གྲོལ་གྱི༔ བཀའ་བབ་དབང་བསྐུར་ཐོབ་པའི་ཚེ༔ ཞལ་བཞེས་ཆོས་སྲུང་རྒྱ་མཚོ་ཡིས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མ་ལུས་མཛོད༔ བཞི་པ་བརྟན་མ་མཆོད་པ་ནི། བཤལ་ཆུའི་བདུད་རྩིས་གཏོར་མར་བྲན་པ་བྱིན་གྱིས་རླབས་ཏེ། ཧཱུྃ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ རླངས་ཆེན་དཔལ་སེང་ལ་སོགས་པས༔ ཞིང་ཆེན་བརྡལ་བའི་ཁྲི་སྟེང་དུ༔ ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང༔ དཔལ་གྱི་ཕོ་ཉར་མངའ་གསོལ་བའི༔ བདུད་དང་གནོད་སྦྱིན་སྨན་མོ་ཆེའི༔ བུ་མོ་བརྟན་མ་བཅུ་གཉིས་རྣམས༔ གངས་རི་ཅན་གྱི་ཡུལ་ལྷ་སྟེ༔ རྣལ་འབྱོར་སྐྱོང་བའི་མ་མོ་མཆོག༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ གསང་སྔགས་བསྟན་པ་སྐྱོང་བ་དང༔ མུ་སྟེགས་ཀླ་ཀློའི་རྒྱུ་འགྲུལ་སྲུངས༔ མཐའ་བཞིའི་དམག་གི་སོ་ཁ་གྱིས༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་པཱུ་ཛ་ཧོཿ ལྔ་པ་རྟ་བྲོ་ནི། གཏོར་གཞོང་རི་རབ་ཏུ་གསལ་བའི་འོག་ཏུ་སྒབ་འདྲེ་དམ་སྲི་མནན་པར་རྡོ་རྗེའི་རྒྱས་བཏབ་སྟེ། ཧཱུྃ༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷ༔ ཞལ་ནས་ཀཱི་ལིའི་ཛཔ་བཟླ་ཞིང༔ སྐུ་ནི་ཅིར་ཡང་འགྱུར་བ་ཆེ༔ ཁམས་གསུམ་ཨེ་ཡི་ད་ལར་རྫོགས༔ བདག་ལྟའི་དམ་སྲི་སྒབ་འདྲེ་རྣམས༔ མནན་ནོ་རི་རབ་འོག་ཏུ་གཟིར༔ ཞབས་གཉིས་རྡོ་རྗེའི་བྲོ་ཆེན་པོས༔ ཕོ་ཉ་སྤྲིན་ལྟར་གཏིབས་པ་ཀུན༔ འབར་བ་ཆེན་པོའི་གླུ་དང་བྲོ༔ ཅིར་ཡང་བསྒྱུར་བས་སྟྭཾ་བྷ་ཡ༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ དྲུག་པ་དངོས་གྲུབ་བླང་བ་ནི། བསྙེན་སྒྲུབ་ལས་སྦྱོར་གྲུབ་པའམ་རྒྱུན་གྱི་དངོས་གྲུབ་ལེན་པའི་དོན་དུ་གཏང་རག་གི་མཆོད་བསྟོད་མདོར་བསྡུས་སྔོན་དུ་འགྲོ་བ་དང་བཅས། ཧཱུྃ༔ དཔལ་ཆེན་འབར་བ་ཀཱི་ལ་ཡ༔ སངས་རྒྱས་ཀུན་དང་གཉིས་སུ་མེད༔ བདེ་ཆེན་ཡུམ་དང་མཉམ་པར་སྦྱོར༔ སྤྲུལ་པའི་དཀྱིལ་འཁོར་བསམ་ཡས་སྟོན༔ ཀུན་ཀྱང་ཐུགས་དམ་རྗེས་སུ་དགོངས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ སྒྲུབ་པའི་དམ་ཚིག་ད་ནང་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྣང་སྟོང་ཡེ་ཤེས་རྡོ་རྗེའི་སྐུས༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྡོ་རྗེ་གསུང་གི་དཀྱིལ་འཁོར་ནས༔ ཟབ་རྒྱས་གསང་བའི་དངོས་གྲུབ་སྩོལ༔ མི་ཤིགས་ཐུགས་ཀྱི་དགོངས་པ་ཡིས༔ སྲིད་ཞིའི་དཔལ་གྱུར་དངོས་གྲུབ་སྩོལ༔ མདོར་ན་མཆོག་དང་ཐུན་མོང་གི༔ གྲུབ་པ་མ་ལུས་བསྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུག་ལ་དབང་བླང༌། བདུད་རྩིར་རོལ་པ་སོགས་བྱའོ། །བདུན་པ་ནོངས་བཤགས་ནི། ཧོཿ དཔལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཏ་ན་སྒྲོལ་བ་གནས་སུ་མ་སྟོབ་པ་དང༌། ག་ཎ་སྦྱོར་བ་བྱིན་གྱིས་མ་བརླབ་པ་དང༌། མཆོད་སྔགས་ཏིང་འཛིན་མ་དག་ཅིང་ཉམས་པ་དང༌། དགེ་བ་བཅུ་དང་དུ་མ་ལོན་ཞིང་མི་དགེ་བ་བཅུ་རྩ་བ་ནས་མ་ཆོད་པ་དང༌། བཀའ་བཞིན་གཞུང་མ་བསྲངས་བ་དང༌། དམ་ཚིག་གི་རྩ་བ་ཡན་ལག་ཆག་ཉམས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་ན་བཟོད་པ་དམ་པ་མཛད་དུ་གསོལ། ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་ཚངས་པ་དམ་པ་སྩོལ་བར་ཅི་གནང༌། ཞེས་དང༌། ཡིག་བརྒྱ་བཟླས་པས་ཉེས་ལྟུང་སོར་ཆུད་པར་བྱ། བརྒྱད་པ་བསྡུ་ལྡང་ནི། ཚོགས་མགྲོན་དང་མདུན་བསྐྱེད་རྣམས་སྒྲུབ་པའི་རྟེན་ལ་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་རིམ་པ་ནི། སྣང་སྲིད་ཕུར་པའི་དཀྱིལ་འཁོར་དུ་བསྒོམས་པ་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་གྱི་ལྷ་ཚོགས་ལ་ཐིམ། དེ་གཙོ་བོ་ཡབ་ཡུམ། དེ་ཡེ་ཤེས་སེམས་དཔའ། དེ་ཐུགས་སྲོག་ཧཱུྃ། དེ་ཡང་ཞབས་ཀྱུ་ནས་ནཱ་དའི་བར་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་དང་རོ་གཅིག་ཏུ་གྱུར་པར་བསམ་ལ་མཉམ་པར་བཞག །སླར་ཡང་རང་ཉིད་སྐད་ཅིག་གིས་སྤྱི་དཔལ་ཆེན་པོ་ཀརྨ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བའི་སྐུར་གསལ་ཞིང་སྣང་གྲགས་རིག་པ་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་གྱི་འཁོར་ལོར་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾཿ ཞེས་གོ་བགོ་བར་བྱའོ། །དགུ་པ་བསྔོ་སྨོན་ནི། ཧོཿ དགོངས་སུ་གསོལ་ལོ༔ ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་གྱིས་བརླབ་བོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙརྻའི་དུས་ལ་བབ་བོ༔ བརྣགས་པ་དེ་ཁོ་ན་ལའོ༔ དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་སྤྱད་པའི་མཐུ་བྱིན་གྱིས་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལོངས་སྤྱོད་ཅིང་སྐལ་པ་དང་མཉམ་པར་གྱུར་ཅིག །ཁྲག་འཐུང་རིགས་སུ་སྐྱེས་པ་དང༌། །སྙེམས་མེད་རྡོ་རྗེ་གཞོན་ནུ་ཉན། །སྙིང་རྗེ་ལྡན་ཞིང་བླ་མར་གུས། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་ན་རྡོ་རྗེ་ཕུར་བུ་འཛིན། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །མཉམ་ཉིད་ངང་ལས་ཐུགས་རྗེ་ཁྲོས་པ་ཡིས། །གདུག་པའི་ཚོགས་ཀུན་མཐར་བྱེད་ཡེ་ཤེས་སྐུ། །དེ་བཞིན་གཤེགས་པ་ཀུན་གྱི་དམ་ཚིག་མཆོག །རྡོ་རྗེ་ཁྲོས་པའི་རྒྱལ་པོ་འགྲུབ་གྱུར་ཅིག །བཅུ་པ་ཤིས་བརྗོད་ནི། ཧོཿ ཡེ་ཤེས་དབྱིངས་ལས་བདུད་འདུལ་རོལ་པའི་གར། །མཐུ་སྟོབས་རྡོ་རྗེའི་གཟི་བརྗིད་དཔལ་དུ་འབར། །བརྒྱུད་པ་དྲུག་ལྡན་རིག་འཛིན་བླ་མ་ཡིས། །བྱིན་རླབས་སྤྲིན་ལྟར་འཁྲིགས་པའི་བཀྲ་ཤིས་ཤོག །རྡོ་རྗེ་ཁྲོས་པའི་མཚོན་ཆེན་བསྐལ་པའི་མེས། བདུད་འདུལ་འབར་བ་གར་དགུའི་རྣམ་པར་རོལ། །བཅོམ་ལྡན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷས། །དངོས་གྲུབ་ཆར་དུ་འབེབས་པའི་བཀྲ་ཤིས་ཤོག །བདེ་སྟོང་སྒྱུ་མས་དགྱེས་པའི་གར་དང་བཅས། །རབ་འབྱམས་ཕྲིན་ལས་ཐོགས་མེད་བསྟན་པ་སྐྱོང༌། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་ཡིས། །ཕྲིན་ལས་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག །སྣང་སྲིད་རྣམ་དག་རྡོ་རྗེ་ཕུར་པའི་ལྷ། །བདུད་བཞི་འཇོམས་པའི་སྟོབས་རྩལ་རྨད་དུ་བྱུང༌། །དོན་གཉིས་ལྷུན་གྲུབ་རྡོ་རྗེ་བཀོད་པ་ཡིས། །དགེ་ལེགས་དཔལ་གྱིས་འབྱོར་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་བས་ཕྱོགས་དུས་ཀུན་ཏུ་ཤིས་པའི་སྣང་བ་སྤེལ་བར་བྱ་ཞིང་རྒྱུན་གྱི་སྤྱོད་ལམ་ལ་འཇུག་སྟེ། དེ་དག་ཀྱང་ཁྱེར་སོ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བ་གནད་དོ། །སླར་སྨྲས་པ། ཨོ་རྒྱན་མཁན་པོའི་ཐུགས་བཅུད་ཀཱི་ལ་ཡ། །རིག་མཆོག་འབུམ་སྡེའི་རྒྱུད་ཀྱི་བཅུད་ཕྱུང་ཞིང༌། །བི་མའི་ཟབ་གསང་མན་ངག་སྙིང་པོའི་སྲོག །གཉགས་ཆེན་ཛྙཱ་ནའི་སྙན་བརྒྱུད་མཛོད་ཆེན་པོ། །དྲི་མེད་བཤེས་གཉེན་སྙིགས་དུས་ཐམས་ཅད་མཁྱེན། །འོད་གསལ་སྤྲུལ་པའི་རྡོ་རྗེར་ཤར་བ་ཉིད། །སླར་ཡང་གར་དབང་འོད་གསལ་མདོ་སྔགས་གླིང༌། །གང་དེའི་ཟབ་མོ་དགོངས་པའི་གཏེར་གྱི་བཅུད། །འདིར་ཞུགས་དད་མོས་འབྲེལ་པ་ཐོབ་པ་རྣམས། །བར་ཆད་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ། །དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཡོངས་གྲོལ་ནས། །ཕྲིན་ལས་རྩལ་རྫོགས་མངོན་པར་བྱང་ཆུབ་ཤོག །ཀུན་མཁྱེན་བླ་མའི་ཞབས་པད་ཡུན་དུ་བརྟན། །ཟབ་གཏེར་བསྟན་པས་ཕྱོགས་རྣམས་ཀུན་ཏུ་ཁྱབ། །བཀྲ་ཤིས་ཞལ་དྲོ་བྱིན་རླབས་དཔལ་དུ་འབར། །འཇིག་རྟེན་ཀུན་ཏུ་བདེ་དགེས་འབྱོར་བར་ཤོག །ཅེས་པའང་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའི་ཐུགས་གཏེར་པད་འབྱུང་བི་མ་གཉགས་ཆེན་རྣམས་ཀྱི་ཐུགས་དམ་གཅིག་དྲིལ་ཡང་གསང་ཕུར་གཅིག་མའི་ལས་བྱང་བཀླག་ཆོག་ཏུ་བྲིས་ཞེས་གཏེར་ཆེན་བླ་མས་བཀའ་ཡི་རྗེས་སུ་གནང་བ་ཐོབ་པ་དང༌། སངས་རྒྱས་མཉན་སྤྲུལ་རིན་པོ་ཆེ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་དང༌། ནང་ཆེན་བིས་རི་བླ་ཆུང་སྤྲུལ་སྐུ་འཇམ་དབྱངས་མཐུ་སྟོབས་དཔལ་འབར་བཅས་ནས་གསུང་གི་བསྐུལ་མས་མཚམས་སྦྱར། ཟབ་ཆོས་འདིའི་ཐོག་མའི་སྣོད་ལྡན་དུ་དབུགས་དབྱུང་ཐོབ་ཅིང་མཁྱེན་རྩེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཕྲིན་ལས་འདུས་པ་རྩལ་གྱིས་རྗེ་ཉིད་ལ་བཀའ་འདྲི་ཞུས་རིམ་བཞིན་ཤིང་རྟ་ཐ་སྐར་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་བཀླགས་ཆོག་ཏུ་བསྡེབས་པས། བསྟན་འཛིན་སྐྱེས་མཆོག་རྣམས་ཞབས་པད་བརྟན་ཅིང༌། རང་གཞན་ཐམས་ཅད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:12, 1 June 2024
Wylie title | rdo rje phur pa gnyags lugs kyi yi dam khro bo rdo rje gzhon nu'i bskyed rim srid pa phur bu'i rtsa ba'i las byang bklag chog tu bkod pa khams gsum gdug pa yongs sgrol | |
---|---|---|
Location | dil mgo mkhyen brtse bka' 'bum Volume 21, Text 2, Pages 4-31 (Folios 1a to 28b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Rdo rje phur pa gnyags lugs kyi yi dam khro bo rdo rje gzhon nu'i bskyed rim srid pa phur bu'i rtsa ba'i las byang bklag chog tu bkod pa khams gsum gdug pa yongs sgrol. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 4-31. Delhi: Shechen Publications, 1994. | |
Genre | Activity Manual - las byang · Sadhanas - Evocation Ritual - sgrub thabs | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rdo rje phur pa | |
Colophon |
།ཅེས་པའང་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའི་ཐུགས་གཏེར་པད་འབྱུང་བི་མ་གཉགས་ཆེན་རྣམས་ཀྱི་ཐུགས་དམ་གཅིག་དྲིལ་ཡང་གསང་ཕུར་གཅིག་མའི་ལས་བྱང་བཀླག་ཆོག་ཏུ་བྲིས་ཞེས་གཏེར་ཆེན་བླ་མས་བཀའ་ཡི་རྗེས་སུ་གནང་བ་ཐོབ་པ་དང༌། སངས་རྒྱས་མཉན་སྤྲུལ་རིན་པོ་ཆེ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་དང༌། ནང་ཆེན་བིས་རི་བླ་ཆུང་སྤྲུལ་སྐུ་འཇམ་དབྱངས་མཐུ་སྟོབས་དཔལ་འབར་བཅས་ནས་གསུང་གི་བསྐུལ་མས་མཚམས་སྦྱར། ཟབ་ཆོས་འདིའི་ཐོག་མའི་སྣོད་ལྡན་དུ་དབུགས་དབྱུང་ཐོབ་ཅིང་མཁྱེན་རྩེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཕྲིན་ལས་འདུས་པ་རྩལ་གྱིས་རྗེ་ཉིད་ལ་བཀའ་འདྲི་ཞུས་རིམ་བཞིན་ཤིང་རྟ་ཐ་སྐར་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་བཀླགས་ཆོག་ཏུ་བསྡེབས་པས། བསྟན་འཛིན་སྐྱེས་མཆོག་རྣམས་ཞབས་པད་བརྟན་ཅིང༌། རང་གཞན་ཐམས་ཅད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །། | |
/ces pa'ang kun gzigs mchog sprul rin po che pad+ma gar dbang 'od gsal mdo sngags gling pa'i thugs gter pad 'byung bi ma gnyags chen rnams kyi thugs dam gcig dril yang gsang phur gcig ma'i las byang bklag chog tu bris zhes gter chen bla mas bka' yi rjes su gnang ba thob pa dang*/_sangs rgyas mnyan sprul rin po che karma bshad sgrub bstan pa'i nyi ma dang*/_nang chen bis ri bla chung sprul sku 'jam dbyangs mthu stobs dpal 'bar bcas nas gsung gi bskul mas mtshams sbyar/_zab chos 'di'i thog ma'i snod ldan du dbugs dbyung thob cing mkhyen rtse'i phrin las kyi byed por smon pa 'jam dbyangs chos kyi blo gros phrin las 'dus pa rtsal gyis rje nyid la bka' 'dri zhus rim bzhin shing rta tha skar zla ba'i dkar phyogs kyi tshes bcur bkra shis 'chi med grub pa'i dga' tshal nas bklags chog tu bsdebs pas/_bstan 'dzin skyes mchog rnams zhabs pad brtan cing*/_rang gzhan thams cad bdud bzhi'i g.yul las rnam par rgyal ba'i rgyur gyur cig__/mang+ga laM//_// |