DKR-KABUM-18-TSHA-019: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(5 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རྩ་གསུམ་འཇམ་དཔལ་སྙིང་ཐིག་ལས༔ རྡོ་རྗེའི་དབང་གི་ཆོ་ག༔ | |||
|fulltitle=rtsa gsum 'jam dpal snying thig las rdo rje'i dbang gi cho ga | |||
|citation=[[Khyentse, Dilgo]]. ''Rtsa gsum 'jam dpal snying thig las rdo rje'i dbang gi cho ga''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: 116-120. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer='jam dbyangs mkhyen brtse chos kyi blo gros | |||
|sourcerevealertib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Six | |||
|cycle=rtsa gsum 'jam dpal snying thig | |||
|cycletib=རྩ་གསུམ་འཇམ་དཔལ་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=018 | ||
| | |volnumtib=༡༨ | ||
|volyigtib=ཚ་ | |||
|totalvolumes=25 | |||
|textnuminvol=019 | |textnuminvol=019 | ||
|pagenumbers=116-120 | |||
|totalpages=10 | |||
|beginfolioline=1a | |||
|endfolioline=5b5 | |||
|totalfolios=5 | |||
|multivolumework=No | |||
|rectonotes=dbang chog | |||
|versonotes='jam dpal snying thig | |||
|colophontib=ཅེས་ལས་བྱང་རྩ་བ་འདི་ཉིད་ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥའི་འཇམ་དཔལ་བཤེས་གཉེན་ཐུགས་ཏིག་ཆ་ཤས་ཙམ་གཏན་ལ་ཕབ་པའི་ཕྱག་དཔེ་ནམ་གཟིགས་ལས་བྱང་འདི་ཐུགས་ལ་ཤར་བའི་གསུང་འཕྲོས་ཕེབས་གསལ་སྐོར། མཆོད་དཔོན་བླ་མ་འཇམ་དཔལ་བློ་གྲོས་མཆོག་ལྡན་ནས་གསོལ་བ་བཏབ་པ་བཞིན་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གཏན་ལ་ཕབ་པའི་དགོངས་གཏེར་ཡང་དག་པའོ། །དགེའོ། །མངྒ་ལཾ།། | |||
|colophonwylie=ces las byang rtsa ba 'di nyid thams cad mkhyen gzigs many+dzu g+ho Sha'i 'jam dpal bshes gnyen thugs tig cha shas tsam gtan la phab pa'i phyag dpe nam gzigs las byang 'di thugs la shar ba'i gsung 'phros phebs gsal skor/_mchod dpon bla ma 'jam dpal blo gros mchog ldan nas gsol ba btab pa bzhin 'jam mgon chos kyi blo gros rin po ches gtan la phab pa'i dgongs gter yang dag pa'o/__/dge'o/__/mang+ga laM// | |||
|recensionlink=JKCL-KABUM-10-THA-024 | |||
|pdflink=File:DKR-KABUM-18-TSHA-019.pdf | |pdflink=File:DKR-KABUM-18-TSHA-019.pdf | ||
}} | }} | ||
Line 16: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ རྩ་གསུམ་འཇམ་དཔལ་སྙིང་ཐིག་ལས༔ རྡོ་རྗེའི་དབང་གི་ཆོ་ག་བཞུགས༔ | {{TibP|༁ྃ༔ རྩ་གསུམ་འཇམ་དཔལ་སྙིང་ཐིག་ལས༔ རྡོ་རྗེའི་དབང་གི་ཆོ་ག་བཞུགས༔<br><br> | ||
འཇམ་དཔལ་ཡེ་ཤེས་སྒྲོན་མར་འདུད༔ གདོད་ནས་བཞུགས་པའི་ཡེ་ཤེས་སེམས༔ སྲིད་ཞི་ལས་འདས་སྲིད་ཞིའི་བདག༔ ཡེ་ཤེས་གཉིས་མེད་ཚུལ་འཆང་བ༔ གཞོན་ནུའི་ལུས་ཅན་ཉིད་དུ་བཞུགས༔ མ་རྟོགས་འཁྲུལ་པའི་ཡིད་ཅན་རྣམས༔ རྒྱུན་རིང་འཁོར་བ་ཡ་རེ་ང༔ གཟུང་འཛིན་གཉིས་སུ་སྣང་བས་འཁྲུལ༔ རང་ངོ་ཤེས་ལ་ད་ལྟ་ཡང༔ ཡེ་ཤེས་དབྱིངས་སུ་འདུ་བྲལ་མེད༔ འཕེལ་འགྲིབ་བྲི་གང་བྲལ་བར་བཞུགས༔ རྡོ་རྗེ་ཐེག་པའི་གསང་བ་འདི༔ ཐབས་མང་དཀའ་བ་མེད་པ་དང༔ དབང་པོའི་ཐབས་ཀྱི་ཁྱད་པར་གྱིས༔ གཏོར་དང་བླུག་པའི་ཆོ་ག་ཡིས༔ ང་བདག་འཛིན་ན་མངོན་སུམ་མཐོང༔ ལམ་ཀུན་རྩ་བ་དབང་ཉིད་ཏེ༔ དབང་ནི་རང་སེམས་ཉིད་ལ་རྫོགས༔ ཀུན་རྫོབ་བརྡ་ཡི་ནུས་པ་ལ༔ བརྟེན་པས་དོན་གྱི་དབང་བཀའ་ཐོབ༔ མངོན་དུ་གྱུར་ན་རྒྱུད་དང་ལུང༔ མན་ངག་མ་ལུས་གཅིག་ཏུ་དྲིལ༔ དེ་ཕྱིར་ཐོག་མར་དབང་ཉིད་གཅེས༔ བསྒྲུབ་གཞི་གཉུག་མའི་ཡེ་ཤེས་འདི༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ༔ སྒྲུབ་བྱེད་དབང་ནི་བུམ་པ་དང༔ གསང་བ་ཤེར་ཡེ་བཞི་པ་སྟེ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ ཚུལ་དུ་ངེས་པར་ཡང་དག་གནས༔ སྒྲུབ་པོ་རྡོ་རྗེ་སློབ་དཔོན་གྱི༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ སྒྲུབ་ནི་དབྱེར་མེད་ཧེ་རུ་ཀ༔ དྲུག་པ་རྡོ་རྗེ་འཆང་དུ་བཞེངས༔ ཐབས་རྣམས་ཚོགས་པའི་རྟེན་འབྱུང་གི༔ ནུས་པས་ཕྱིར་ཡང་རུང་བས་ན༔ རང་བཞིན་ཡོན་ཏན་བརྒྱད་ལྡན་པས༔ རིམ་པ་དབང་གི་ཆོ་ག་ཡི༔ རྡོ་རྗེ་སློབ་མ་རྗེས་འཛིན་བྱ༔ ས་མ་ཡ༔ དེ་ལ་དང་པོ་སའི་ཆོ་ག༔ ཡན་ལག་བཅས་པ་ལས་རུང་ཚེ༔ ལྷ་དང་བུམ་པ་སློབ་མ་རྣམས༔ ལྷག་པར་གནས་པས་ཉེ་བར་བསྙེན༔ དངོས་གཞི་བཀྲ་ཤིས་སྟེགས་ཡངས་པར༔ རྡུལ་ཚོན་ཆོ་གས་སྒྲུབ་པ་ཡི༔ དཀྱིལ་འཁོར་ཚད་དང་ལྡན་པར་བཞེངས༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང༔ བུམ་པ་བྷནྡྷ་བདུད་རྩིས་གཏམས༔ མེ་ལོང་ལི་ཁྲིའི་རྡུལ་ལྡན་པར༔ རྡོ་རྗེ་སེམས་དཔའི་མན་ཤེལ་འགོད༔ མཆོད་པ་རྒྱན་གྱིས་མཛེས་པར་བྲེས༔ བདག་མདུན་ཆོ་གས་ཡང་དག་བསྒྲུབས༔ བསྐྱེད་དང་བཟླས་པས་ལས་རུང་བྱ༔ སྣོད་དུ་གྱུར་པའི་སློབ་མ་རྣམས༔ བྱུར་བསལ་བགེགས་ཀྱི་འཇུག་པ་བསྐྲད༔ ཕྱོགས་བཅིངས་དད་པས་འཁོད་པ་ལ༔ བློ་བཅོས་ལོ་རྒྱུས་རྒྱས་པར་བཤད༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཨེ་མ་ཡང་དག་དཀྱིལ་འཁོར་ཆེ༔ རྡོ་རྗེ་འཆང་བ་ཀུན་གྱི་རྗེ༔ དམིགས་མེད་བརྩེ་བས་ཉེར་དགོངས་ལ༔ བདག་ཅག་དཀྱིལ་འཁོར་འཇུག་པར་མཛོད༔ སྐྱབས་སེམས་བསག་སྦྱང་སྡོམ་པ་གཟུང༔ མིག་དར་འཆིང་ཞིང་མེ་ཏོག་གཏད༔ སློབ་མ་རང་གི་སྲས་སུ་བསྐྲུན༔ རྒྱས་གདབ་མིག་འབྱེད་མཐོང་བ་བསྟན༔ རིགས་ངེས་ཤེས་ཕྱིར་མེ་ཏོག་དོར༔ དབང་རྟགས་ཚུལ་དུ་སྤྱི་བོར་བཅིངས༔ མདུན་བསྐྱེད་འོད་ཀྱིས་ཡེ་ཤེས་བསྐུལ༔ མངོན་སུམ་བྱིན་རླབས་དམིགས་པ་གཟིར༔ བརྡ་དང་སྤོས་རོལ་དབྱངས་ཀྱིས་བསྐུལ༔ བརྟན་པར་བྱེད་པ་ནང་འཇུག་གོ༔ སླར་ཡང་གསོལ་བ་གདབ་པ་ནི༔ བྱང་ཆུབ་རྡོ་རྗེའི་དཀྱིལ་འཁོར་གཙོ༔ ཡེ་ཤེས་གཉིས་མེད་ཚུལ་འཆང་བ༔ གསང་བ་རྡོ་རྗེའི་ཡང་དག་དབང༔ བདག་ལ་ངེས་པར་བསྩལ་དུ་གསོལ༔ སློབ་དཔོན་ལྷ་ཡི་འོད་ཟེར་གྱིས༔ མཁའ་ཁྱབ་གདན་གསུམ་དབང་གི་ལྷ༔ མདུན་དུ་སྤྱན་དྲངས་མཆོད་ཅིང་བསྟོད༔ གསོལ་བ་གདབ་པས་ཉེར་བསྐུལ་ཏེ༔ ཐོག་མར་བུམ་དབང་སྦྱིན་པ་ནི༔ ཧཱུྃ༔ བཀྲ་ཤིས་རིན་ཆེན་བུམ་པ་ན༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གཏམས༔ སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་ཕྱིར༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨ༔ བདུད་རྩི་སྦྱིན་ཞིང་འཐོར་འཐུང་བྱ༔ སྤྲོ་ན་རིག་པའི་དབང་ལྔ་བསྐུར༔ ལུས་གང་ཡེ་ཤེས་མངོན་དུ་གྱུར༔ སྣང་སྟོང་ལྷ་ཡི་ཕྱག་རྒྱར་སད༔ བརྟན་ཕྱིར་ནུས་པ་འཇུག་དབང་ནི༔ ཨོཾ༔ ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག༔ གཞོན་ནུའི་ལུས་ཅན་མཉྫུ་ཤྲཱི༔ དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གིས༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཟག་པ་ཟད་པ་རྡོ་རྗེའི་རིགས༔ དཀྱིལ་འཁོར་ཀུན་བདག་ཆེ་བའི་མཆོག༔ རིགས་ཀྱི་བདག་པོ་ལྔ་རྣམས་ཀྱིས༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ་ཨ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐྱེ་མཆེད་དག་པ་གཟུང་འཛིན་འདས༔ གཉིས་སུ་མེད་ཀྱང་དུ་མར་སྣང༔ རྒྱལ་སྲས་སེམས་དཔའ་ལྕམ་དྲལ་ཏེ༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཨོཾ་བོ་དྷི་སཏྭ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ༔ ཧཱུྃ༔ ཉོན་མོངས་དག་པའི་ཡེ་ཤེས་ཀྱིས༔ མ་ལུས་འགྲོ་བ་སྒྲོལ་བའི་ལྷ༔ རིག་པའི་སྐྱེས་བུ་ཆེན་པོ་ནི༔ ཐུབ་པ་དྲུག་གི་དབང་བསྐུར་རོ༔ མ་ཧཱ་མུ་ནེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ༔ ཧཱུྃ༔ ཚད་མེད་དག་པ་འགྲོ་བའི་མགོན༔ རང་བྱུང་ཁྲོ་རྒྱལ་དཀྱིལ་འཁོར་སྐྱེས༔ མཐར་བྱེད་སྒོ་བ་རྣམ་པ་བཞི༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཛཿཧཱུྃ་བཾ་ཧོཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨ༔ རྡོ་རྗེའི་བཟླས་པའི་ལུང་སྦྱིན་ཞིང༔ སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག༔ ཨཱཿ གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༔ དངོས་གྲུབ་ཀུན་གྱི་གཞི་འཛིན་པ༔ བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག༔ ཡང་དག་རོལ་པའི་དབང་བསྐུར་རོ༔ ཝཱཀ་ཨ་བྷི་ཥིཉྩ་ཨཿ ཕྱག་མཚན་གཏད་ལ་དོན་ངོ་སྤྲད༔ ཧཱུྃ༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཉིས་མེད་རྡོ་རྗེ་བདེ་བ་ཆེའི༔ དཀྱིལ་འཁོར་འདི་ནི་རྟག་ཏུ་གནས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་རྒྱན་ཆས་ཡང་དག་གཏད༔ ཧོཿ ཕ་རོལ་ཕྱིན་བཅུས་དག་པའི་མཐའ༔ ཟག་མེད་དཀྱིལ་འཁོར་འབྱུང་བའི་གཞི༔ ཡོན་ཏན་ལྡན་པ་ཡོན་ཏན་ཤེས༔ རིན་ཆེན་ཀུན་བདག་དབང་མཆོག་ཕྱིར༔ རཏྣ་ཨཱ་ལངྐ་ར་གུ་ཎ་ཨ་བྷི་ཥིཉྩ་ཏྲཾ༔ ཕྲིན་ལས་སྣ་ཚོགས་རྡོ་རྗེ་གཏད༔ ཧོཿ སངས་རྒྱས་ཕྲིན་ལས་བྱེད་པའི་མགོན༔ འགྲོ་ལ་ཕན་པའི་བྱེད་པ་ཅན༔ ཚར་གཅོད་རྗེས་སུ་འཛིན་པ་ཡི༔ སྒྱུ་འཕྲུལ་འདི་ནི་ཁྱོད་ལ་སྦྱིན༔ བི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ གསང་བའི་དབང་ལ་དཀྱིལ་འཁོར་གཙོ༔ སྦྱོར་བའི་སྒྲ་དང་འོད་ཟེར་གྱིས༔ ཕྱོགས་བཅུའི་བུདྡྷ་བཀུག་ཅིང་བསྟིམ༔ ཞལ་ཞུགས་ཐུགས་ཀར་ཆགས་པས་ཞུ༔ མཁའ་གསང་ནས་སྤྲོས་ལྷག་པའི་སེམས༔ བུ་ཡིས་ལེན་ནམ་ཡང་ན་སྦྱིན༔ ཨཿ བདེ་ཆེན་རོལ་པའི་ཡེ་ཤེས་འདི༔ དཀར་དམར་བྱང་ཆུབ་སེམས་ཀྱི་གཟུགས༔ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༔ རྟོག་བྲལ་གསང་བའི་དབང་བསྐུར་རོ༔ ཨོཾ་བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་ཧོཿ མགྲིན་པར་རོ་རྣམས་འདུས་པའི་རྩར༔ བརྒྱུད་ཏེ་ལུས་གང་རྟོག་པ་བཅོམ༔ ཐབས་ཀྱི་བདེ་བས་དྲངས་པ་ཡི༔ ཡེ་ཤེས་ཉིད་ལ་ཡང་དག་བལྟ༔ ཤིན་ཏུ་གསང་བ་རྡོ་རྗེའི་ལུས༔ དོན་གྱི་ངེས་པའི་དབང་ཉིད་དོ༔ བློ་ལྡན་བརྟུལ་ཞུགས་རིགས་ཅན་ལ༔ མཚན་ལྡན་རིགས་ཀྱི་བུ་མོ་བཙལ༔ རྒྱུད་སྦྱངས་སྣོད་དུ་གྱུར་པ་དག༔ རྡོ་རྗེའི་གཟུང་མར་གཏད་ནས་སུ༔ ཧོཿ ཡང་དག་སངས་རྒྱས་ཀུན་གྱི་ལམ༔ སྣ་ཚོགས་གཟུགས་ཅན་དབྱིངས་ལས་བྱུང༔ ཁྱེར་ལ་རོལ་ཅིག་དཔའ་བོ་ཆེ༔ བདེ་ཆེན་བརྟུལ་ཞུགས་གྲུབ་པར་གྱིས༔ ཀརྨ་མུ་དྲ་ཛྙཱ་ན་མཎྜལ་ལ་ཨ་བྷི་ཥིཉྩ་ཨཿ འདུ་ཤེས་གསུམ་གྱིས་རོལ་པ་ལས༔ བྱུང་བའི་ཡས་བབ་མས་བརྟན་གྱི༔ རྒྱུ་འབྲས་དགའ་བ་ངོ་སྤྲད་བསམ༔ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༔ ཞུ་བས་དགའ་བ་སྐྱེས་པ་ན༔ བདེ་བས་མྱོས་ཚེ་སྟོང་པར་བལྟ༔ གཉིས་མེད་གཉིས་སུ་ལྷུན་གྲུབ་པས༔ ནམ་མཁའ་དེ་ཉིད་ངོ་སྤྲོད་གཅེས༔ ཐབས་ཀྱི་གསང་བ་བླ་མེད་པའི༔ ལམ་འདི་སངས་རྒྱས་ཀུན་གྱི་སྲོག༔ རྣམ་གྲོལ་ཞི་བའི་མཐར་ཐུག་པ༔ རང་ངོ་འཕྲོད་པ་ཤིན་ཏུ་གནད༔ བཞི་པ་ཡེ་ཤེས་དབང་བསྐུར་ནི༔ མི་ཕྱེད་ཅོད་པན་འཆང་བ་སྟེ༔ ཤེལ་དང་མེ་ལོང་བརྡ་ཡི་ཐབས༔ བདེ་བའི་རྗེས་སྐྱོང་གནད་ཀྱི་གསང༔ རྡོ་རྗེའི་ཚིག་གིས་མཚམས་སྦྱར་བས༔ ཡེ་ཤེས་སེམས་དཔའི་ཞལ་མཐོང་འགྱུར༔ ཨཿ ཀ་དག་མེ་ལོང་དྭངས་མའི་ངོགས༔ ལྷུན་གྲུབ་འོད་གསལ་ཟེར་དང་ལྡན༔ ཀུན་ཁྱབ་ཀུན་ལས་འདས་པ་ཡི༔ ཡེ་ཤེས་དམ་པས་ཁྱོད་སྨིན་བྱ༔ ཨེ་མ་སངས་རྒྱས་གདོད་ནས་དག༔ རྡོ་རྗེ་རིགས་ཏེ་དཀྱིལ་འཁོར་གཙོ༔ མཉམ་ཉིད་དབང་གི་བླ་མེད་པ༔ རང་ཉིད་དེ་ཉིད་ངང་ལྟོས་ཤིག༔ འཇམ་དཔལ་དཔལ་གྱུར་རྫོགས་པའི་སྐུ༔ ཕྱག་བྱར་འོས་པ་བླ་མའི་རབ༔ ངོ་བོ་ཉིད་དུ་ལྷུན་གྲུབ་པ༔ ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ༔ སྙིང་དབུས་ཡེ་ཤེས་གསང་བ་ཆེའི༔ ཤེས་རབ་རང་བྱུང་སྒྲོན་མེ་ནི༔ ཆོས་ཀུན་འབྱུང་གནས་དམ་པ་སྟེ༔ སྐུ་ལྔའི་བདག་ཉིད་ཤེས་པར་གྱིས༔ དབྱིངས་དང་རིག་པ་གཉིས་སུ་མེད༔ ངོ་བོ་བལྟས་པས་ས་ལེར་མཐོང༔ འོད་གསལ་བླ་ན་མེད་པའི་ལམ༔ རང་ངོ་འདི་ལ་ཡང་དག་རྫོགས༔ ལམ་འདི་དོན་གྱི་མཉྫུ་ཤྲཱི༔ ནམ་མཁའ་ཆེན་པོ་ཡོངས་སུ་དག༔ དེ་ཀོ་ངེས་པའི་རྡོ་རྗེ་འཆང༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨཿ ངོ་བོ་མ་བཅོས་ངང་ལ་བཞག༔ ཕཊ྄་ཀྱིས་རྟོག་པའི་འཕྲོ་འདུ་བཅད༔ ས་ལེ་ཧྲིག་གེའི་དོན་ངོས་བཟུང༔ སྙིང་པོའི་གནད་ཀྱི་ངོ་སྤྲོད་གདབ༔ དབང་ལྷ་སློབ་མ་ཉིད་ལ་བསྟིམ༔ དག་བྱ་དག་བྱེད་ངོ་འཕྲོད་པས༔ དབང་བསྐུར་བས་ཀྱང་ལམ་རྣམས་རྫོགས༔ རྡོ་རྗེ་གསང་བའི་སྣོད་དུ་འགྱུར༔ ཉན་འཆད་སྒོམ་དང་སློབ་མ་བསྡུ༔ ཆོས་ཀྱི་རྒྱལ་པོར་མངའ་དབང་བསྐུར༔ རྗེས་སུ་གཏང་རག་ལུས་འབུལ་ཞིང༔ དམ་ཚིག་ཁས་བླང་བསྔོ་སྨོན་བྱ༔ ཕྲིན་ལས་རིག་པས་མཐར་དབྱུང་བས༔ ཡང་དག་འབྲས་བུའི་སར་སྦྱོར་འགྱུར༔ ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི༔ ལྷ་དང་སྔགས་ཀྱི་གསང་བ་ནི༔ དུས་གསུམ་རྒྱལ་བའི་ཐུགས་ལ་གནས༔ ངེས་པའི་མཐར་ཐུག་འདི་ཡིན་པས༔ ཟབ་ཅིང་རྒྱ་ཆེ་བླ་ན་མེད༔ བསམ་མི་ཁྱབ་པར་སྣང་བ་ལས༔ ཀུན་གྱི་མཐར་ཐུག་སྙིང་པོའི་ལམ༔ དེ་ཉིད་ངེས་པའི་དོན་སྟོན་པ༔ ཐུགས་ཀྱི་ཏི་ལ་ཀ་འདི་ཉིད༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ༔ ཡེ་ཤེས་སེམས་དཔའ་ཉིད་ཀྱིས་བསྩལ༔ དངོས་གྲུབ་འབད་མེད་ཐོབ་པར་འབྱུང༔ ཁྱབ་བརྡལ་སྤེལ་བ་ཤིན་ཏུ་ཕངས༔ འོན་ཀྱང་མཐའ་མའི་གདུལ་བྱ་རྣམས༔ ཡལ་བར་འདོར་བར་བློས་མ་བཟོད༔ སྨོན་པ་ཆེན་པོས་རྒྱས་བཏབ་པས༔ བདག་གི་ཡེ་ཤེས་སྒྱུ་མ་ནི༔ དུས་གསུམ་ཅིར་ཡང་སྣང་བ་ལས༔ སྙིགས་མའི་དུས་ཀྱི་སྐྱེས་བུ་ནི༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཞེས༔ ཟབ་རྒྱས་ཆོས་ཀྱི་བཀའ་བབ་བདུན༔ ཐུབ་པའི་བསྟན་ལ་མཆོག་ཏུ་སྨན༔ དེ་ཡི་སྐལ་པར་གཏད་རྒྱས་གདབ༔ ཕྱི་ནང་རྟེན་འབྱུང་ལེགས་ཚོགས་ན༔ རིག་པའི་རྩལ་གྱི་ཆོ་འཕྲུལ་འདི༔ ཡི་གེ་སྤྲིན་གྱི་འཁོར་ལོར་སྣང༔ བཅས་བཅོས་མ་བྱེད་གཏན་ལ་ཕོབ༔ དད་བརྩོན་བརྟུལ་ཞུགས་ལྡན་ལ་སྦྱིན༔ ཚུལ་བཞིན་ཉམས་བླངས་དྲོད་ཐོབ་པས༔ དོན་གཉིས་རྒྱ་ཆེར་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཐི༔ གུ་ཧྱ༔ བརྡ་ཐིམ༔ ཅེས་ལས་བྱང་རྩ་བ་འདི་ཉིད་ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥའི་འཇམ་དཔལ་བཤེས་གཉེན་ཐུགས་ཏིག་ཆ་ཤས་ཙམ་གཏན་ལ་ཕབ་པའི་ཕྱག་དཔེ་ནམ་གཟིགས་ལས་བྱང་འདི་ཐུགས་ལ་ཤར་བའི་གསུང་འཕྲོས་ཕེབས་གསལ་སྐོར། མཆོད་དཔོན་བླ་མ་འཇམ་དཔལ་བློ་གྲོས་མཆོག་ལྡན་ནས་གསོལ་བ་བཏབ་པ་བཞིན་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གཏན་ལ་ཕབ་པའི་དགོངས་གཏེར་ཡང་དག་པའོ། །དགེའོ། །མངྒ་ལཾ།། །།}} | འཇམ་དཔལ་ཡེ་ཤེས་སྒྲོན་མར་འདུད༔ གདོད་ནས་བཞུགས་པའི་ཡེ་ཤེས་སེམས༔ སྲིད་ཞི་ལས་འདས་སྲིད་ཞིའི་བདག༔ ཡེ་ཤེས་གཉིས་མེད་ཚུལ་འཆང་བ༔ གཞོན་ནུའི་ལུས་ཅན་ཉིད་དུ་བཞུགས༔ མ་རྟོགས་འཁྲུལ་པའི་ཡིད་ཅན་རྣམས༔ རྒྱུན་རིང་འཁོར་བ་ཡ་རེ་ང༔ གཟུང་འཛིན་གཉིས་སུ་སྣང་བས་འཁྲུལ༔ རང་ངོ་ཤེས་ལ་ད་ལྟ་ཡང༔ ཡེ་ཤེས་དབྱིངས་སུ་འདུ་བྲལ་མེད༔ འཕེལ་འགྲིབ་བྲི་གང་བྲལ་བར་བཞུགས༔ རྡོ་རྗེ་ཐེག་པའི་གསང་བ་འདི༔ ཐབས་མང་དཀའ་བ་མེད་པ་དང༔ དབང་པོའི་ཐབས་ཀྱི་ཁྱད་པར་གྱིས༔ གཏོར་དང་བླུག་པའི་ཆོ་ག་ཡིས༔ ང་བདག་འཛིན་ན་མངོན་སུམ་མཐོང༔ ལམ་ཀུན་རྩ་བ་དབང་ཉིད་ཏེ༔ དབང་ནི་རང་སེམས་ཉིད་ལ་རྫོགས༔ ཀུན་རྫོབ་བརྡ་ཡི་ནུས་པ་ལ༔ བརྟེན་པས་དོན་གྱི་དབང་བཀའ་ཐོབ༔ མངོན་དུ་གྱུར་ན་རྒྱུད་དང་ལུང༔ མན་ངག་མ་ལུས་གཅིག་ཏུ་དྲིལ༔ དེ་ཕྱིར་ཐོག་མར་དབང་ཉིད་གཅེས༔ བསྒྲུབ་གཞི་གཉུག་མའི་ཡེ་ཤེས་འདི༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ༔ སྒྲུབ་བྱེད་དབང་ནི་བུམ་པ་དང༔ གསང་བ་ཤེར་ཡེ་བཞི་པ་སྟེ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ ཚུལ་དུ་ངེས་པར་ཡང་དག་གནས༔ སྒྲུབ་པོ་རྡོ་རྗེ་སློབ་དཔོན་གྱི༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ སྒྲུབ་ནི་དབྱེར་མེད་ཧེ་རུ་ཀ༔ དྲུག་པ་རྡོ་རྗེ་འཆང་དུ་བཞེངས༔ ཐབས་རྣམས་ཚོགས་པའི་རྟེན་འབྱུང་གི༔ ནུས་པས་ཕྱིར་ཡང་རུང་བས་ན༔ རང་བཞིན་ཡོན་ཏན་བརྒྱད་ལྡན་པས༔ རིམ་པ་དབང་གི་ཆོ་ག་ཡི༔ རྡོ་རྗེ་སློབ་མ་རྗེས་འཛིན་བྱ༔ ས་མ་ཡ༔ དེ་ལ་དང་པོ་སའི་ཆོ་ག༔ ཡན་ལག་བཅས་པ་ལས་རུང་ཚེ༔ ལྷ་དང་བུམ་པ་སློབ་མ་རྣམས༔ ལྷག་པར་གནས་པས་ཉེ་བར་བསྙེན༔ དངོས་གཞི་བཀྲ་ཤིས་སྟེགས་ཡངས་པར༔ རྡུལ་ཚོན་ཆོ་གས་སྒྲུབ་པ་ཡི༔ དཀྱིལ་འཁོར་ཚད་དང་ལྡན་པར་བཞེངས༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང༔ བུམ་པ་བྷནྡྷ་བདུད་རྩིས་གཏམས༔ མེ་ལོང་ལི་ཁྲིའི་རྡུལ་ལྡན་པར༔ རྡོ་རྗེ་སེམས་དཔའི་མན་ཤེལ་འགོད༔ མཆོད་པ་རྒྱན་གྱིས་མཛེས་པར་བྲེས༔ བདག་མདུན་ཆོ་གས་ཡང་དག་བསྒྲུབས༔ བསྐྱེད་དང་བཟླས་པས་ལས་རུང་བྱ༔ སྣོད་དུ་གྱུར་པའི་སློབ་མ་རྣམས༔ བྱུར་བསལ་བགེགས་ཀྱི་འཇུག་པ་བསྐྲད༔ ཕྱོགས་བཅིངས་དད་པས་འཁོད་པ་ལ༔ བློ་བཅོས་ལོ་རྒྱུས་རྒྱས་པར་བཤད༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཨེ་མ་ཡང་དག་དཀྱིལ་འཁོར་ཆེ༔ རྡོ་རྗེ་འཆང་བ་ཀུན་གྱི་རྗེ༔ དམིགས་མེད་བརྩེ་བས་ཉེར་དགོངས་ལ༔ བདག་ཅག་དཀྱིལ་འཁོར་འཇུག་པར་མཛོད༔ སྐྱབས་སེམས་བསག་སྦྱང་སྡོམ་པ་གཟུང༔ མིག་དར་འཆིང་ཞིང་མེ་ཏོག་གཏད༔ སློབ་མ་རང་གི་སྲས་སུ་བསྐྲུན༔ རྒྱས་གདབ་མིག་འབྱེད་མཐོང་བ་བསྟན༔ རིགས་ངེས་ཤེས་ཕྱིར་མེ་ཏོག་དོར༔ དབང་རྟགས་ཚུལ་དུ་སྤྱི་བོར་བཅིངས༔ མདུན་བསྐྱེད་འོད་ཀྱིས་ཡེ་ཤེས་བསྐུལ༔ མངོན་སུམ་བྱིན་རླབས་དམིགས་པ་གཟིར༔ བརྡ་དང་སྤོས་རོལ་དབྱངས་ཀྱིས་བསྐུལ༔ བརྟན་པར་བྱེད་པ་ནང་འཇུག་གོ༔ སླར་ཡང་གསོལ་བ་གདབ་པ་ནི༔ བྱང་ཆུབ་རྡོ་རྗེའི་དཀྱིལ་འཁོར་གཙོ༔ ཡེ་ཤེས་གཉིས་མེད་ཚུལ་འཆང་བ༔ གསང་བ་རྡོ་རྗེའི་ཡང་དག་དབང༔ བདག་ལ་ངེས་པར་བསྩལ་དུ་གསོལ༔ སློབ་དཔོན་ལྷ་ཡི་འོད་ཟེར་གྱིས༔ མཁའ་ཁྱབ་གདན་གསུམ་དབང་གི་ལྷ༔ མདུན་དུ་སྤྱན་དྲངས་མཆོད་ཅིང་བསྟོད༔ གསོལ་བ་གདབ་པས་ཉེར་བསྐུལ་ཏེ༔ ཐོག་མར་བུམ་དབང་སྦྱིན་པ་ནི༔ ཧཱུྃ༔ བཀྲ་ཤིས་རིན་ཆེན་བུམ་པ་ན༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གཏམས༔ སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་ཕྱིར༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨ༔ བདུད་རྩི་སྦྱིན་ཞིང་འཐོར་འཐུང་བྱ༔ སྤྲོ་ན་རིག་པའི་དབང་ལྔ་བསྐུར༔ ལུས་གང་ཡེ་ཤེས་མངོན་དུ་གྱུར༔ སྣང་སྟོང་ལྷ་ཡི་ཕྱག་རྒྱར་སད༔ བརྟན་ཕྱིར་ནུས་པ་འཇུག་དབང་ནི༔ ཨོཾ༔ ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག༔ གཞོན་ནུའི་ལུས་ཅན་མཉྫུ་ཤྲཱི༔ དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གིས༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཟག་པ་ཟད་པ་རྡོ་རྗེའི་རིགས༔ དཀྱིལ་འཁོར་ཀུན་བདག་ཆེ་བའི་མཆོག༔ རིགས་ཀྱི་བདག་པོ་ལྔ་རྣམས་ཀྱིས༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ་ཨ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐྱེ་མཆེད་དག་པ་གཟུང་འཛིན་འདས༔ གཉིས་སུ་མེད་ཀྱང་དུ་མར་སྣང༔ རྒྱལ་སྲས་སེམས་དཔའ་ལྕམ་དྲལ་ཏེ༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཨོཾ་བོ་དྷི་སཏྭ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ༔ ཧཱུྃ༔ ཉོན་མོངས་དག་པའི་ཡེ་ཤེས་ཀྱིས༔ མ་ལུས་འགྲོ་བ་སྒྲོལ་བའི་ལྷ༔ རིག་པའི་སྐྱེས་བུ་ཆེན་པོ་ནི༔ ཐུབ་པ་དྲུག་གི་དབང་བསྐུར་རོ༔ མ་ཧཱ་མུ་ནེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ༔ ཧཱུྃ༔ ཚད་མེད་དག་པ་འགྲོ་བའི་མགོན༔ རང་བྱུང་ཁྲོ་རྒྱལ་དཀྱིལ་འཁོར་སྐྱེས༔ མཐར་བྱེད་སྒོ་བ་རྣམ་པ་བཞི༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཛཿཧཱུྃ་བཾ་ཧོཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨ༔ རྡོ་རྗེའི་བཟླས་པའི་ལུང་སྦྱིན་ཞིང༔ སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག༔ ཨཱཿ གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༔ དངོས་གྲུབ་ཀུན་གྱི་གཞི་འཛིན་པ༔ བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག༔ ཡང་དག་རོལ་པའི་དབང་བསྐུར་རོ༔ ཝཱཀ་ཨ་བྷི་ཥིཉྩ་ཨཿ ཕྱག་མཚན་གཏད་ལ་དོན་ངོ་སྤྲད༔ ཧཱུྃ༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཉིས་མེད་རྡོ་རྗེ་བདེ་བ་ཆེའི༔ དཀྱིལ་འཁོར་འདི་ནི་རྟག་ཏུ་གནས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་རྒྱན་ཆས་ཡང་དག་གཏད༔ ཧོཿ ཕ་རོལ་ཕྱིན་བཅུས་དག་པའི་མཐའ༔ ཟག་མེད་དཀྱིལ་འཁོར་འབྱུང་བའི་གཞི༔ ཡོན་ཏན་ལྡན་པ་ཡོན་ཏན་ཤེས༔ རིན་ཆེན་ཀུན་བདག་དབང་མཆོག་ཕྱིར༔ རཏྣ་ཨཱ་ལངྐ་ར་གུ་ཎ་ཨ་བྷི་ཥིཉྩ་ཏྲཾ༔ ཕྲིན་ལས་སྣ་ཚོགས་རྡོ་རྗེ་གཏད༔ ཧོཿ སངས་རྒྱས་ཕྲིན་ལས་བྱེད་པའི་མགོན༔ འགྲོ་ལ་ཕན་པའི་བྱེད་པ་ཅན༔ ཚར་གཅོད་རྗེས་སུ་འཛིན་པ་ཡི༔ སྒྱུ་འཕྲུལ་འདི་ནི་ཁྱོད་ལ་སྦྱིན༔ བི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ གསང་བའི་དབང་ལ་དཀྱིལ་འཁོར་གཙོ༔ སྦྱོར་བའི་སྒྲ་དང་འོད་ཟེར་གྱིས༔ ཕྱོགས་བཅུའི་བུདྡྷ་བཀུག་ཅིང་བསྟིམ༔ ཞལ་ཞུགས་ཐུགས་ཀར་ཆགས་པས་ཞུ༔ མཁའ་གསང་ནས་སྤྲོས་ལྷག་པའི་སེམས༔ བུ་ཡིས་ལེན་ནམ་ཡང་ན་སྦྱིན༔ ཨཿ བདེ་ཆེན་རོལ་པའི་ཡེ་ཤེས་འདི༔ དཀར་དམར་བྱང་ཆུབ་སེམས་ཀྱི་གཟུགས༔ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༔ རྟོག་བྲལ་གསང་བའི་དབང་བསྐུར་རོ༔ ཨོཾ་བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་ཧོཿ མགྲིན་པར་རོ་རྣམས་འདུས་པའི་རྩར༔ བརྒྱུད་ཏེ་ལུས་གང་རྟོག་པ་བཅོམ༔ ཐབས་ཀྱི་བདེ་བས་དྲངས་པ་ཡི༔ ཡེ་ཤེས་ཉིད་ལ་ཡང་དག་བལྟ༔ ཤིན་ཏུ་གསང་བ་རྡོ་རྗེའི་ལུས༔ དོན་གྱི་ངེས་པའི་དབང་ཉིད་དོ༔ བློ་ལྡན་བརྟུལ་ཞུགས་རིགས་ཅན་ལ༔ མཚན་ལྡན་རིགས་ཀྱི་བུ་མོ་བཙལ༔ རྒྱུད་སྦྱངས་སྣོད་དུ་གྱུར་པ་དག༔ རྡོ་རྗེའི་གཟུང་མར་གཏད་ནས་སུ༔ ཧོཿ ཡང་དག་སངས་རྒྱས་ཀུན་གྱི་ལམ༔ སྣ་ཚོགས་གཟུགས་ཅན་དབྱིངས་ལས་བྱུང༔ ཁྱེར་ལ་རོལ་ཅིག་དཔའ་བོ་ཆེ༔ བདེ་ཆེན་བརྟུལ་ཞུགས་གྲུབ་པར་གྱིས༔ ཀརྨ་མུ་དྲ་ཛྙཱ་ན་མཎྜལ་ལ་ཨ་བྷི་ཥིཉྩ་ཨཿ འདུ་ཤེས་གསུམ་གྱིས་རོལ་པ་ལས༔ བྱུང་བའི་ཡས་བབ་མས་བརྟན་གྱི༔ རྒྱུ་འབྲས་དགའ་བ་ངོ་སྤྲད་བསམ༔ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༔ ཞུ་བས་དགའ་བ་སྐྱེས་པ་ན༔ བདེ་བས་མྱོས་ཚེ་སྟོང་པར་བལྟ༔ གཉིས་མེད་གཉིས་སུ་ལྷུན་གྲུབ་པས༔ ནམ་མཁའ་དེ་ཉིད་ངོ་སྤྲོད་གཅེས༔ ཐབས་ཀྱི་གསང་བ་བླ་མེད་པའི༔ ལམ་འདི་སངས་རྒྱས་ཀུན་གྱི་སྲོག༔ རྣམ་གྲོལ་ཞི་བའི་མཐར་ཐུག་པ༔ རང་ངོ་འཕྲོད་པ་ཤིན་ཏུ་གནད༔ བཞི་པ་ཡེ་ཤེས་དབང་བསྐུར་ནི༔ མི་ཕྱེད་ཅོད་པན་འཆང་བ་སྟེ༔ ཤེལ་དང་མེ་ལོང་བརྡ་ཡི་ཐབས༔ བདེ་བའི་རྗེས་སྐྱོང་གནད་ཀྱི་གསང༔ རྡོ་རྗེའི་ཚིག་གིས་མཚམས་སྦྱར་བས༔ ཡེ་ཤེས་སེམས་དཔའི་ཞལ་མཐོང་འགྱུར༔ ཨཿ ཀ་དག་མེ་ལོང་དྭངས་མའི་ངོགས༔ ལྷུན་གྲུབ་འོད་གསལ་ཟེར་དང་ལྡན༔ ཀུན་ཁྱབ་ཀུན་ལས་འདས་པ་ཡི༔ ཡེ་ཤེས་དམ་པས་ཁྱོད་སྨིན་བྱ༔ ཨེ་མ་སངས་རྒྱས་གདོད་ནས་དག༔ རྡོ་རྗེ་རིགས་ཏེ་དཀྱིལ་འཁོར་གཙོ༔ མཉམ་ཉིད་དབང་གི་བླ་མེད་པ༔ རང་ཉིད་དེ་ཉིད་ངང་ལྟོས་ཤིག༔ འཇམ་དཔལ་དཔལ་གྱུར་རྫོགས་པའི་སྐུ༔ ཕྱག་བྱར་འོས་པ་བླ་མའི་རབ༔ ངོ་བོ་ཉིད་དུ་ལྷུན་གྲུབ་པ༔ ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ༔ སྙིང་དབུས་ཡེ་ཤེས་གསང་བ་ཆེའི༔ ཤེས་རབ་རང་བྱུང་སྒྲོན་མེ་ནི༔ ཆོས་ཀུན་འབྱུང་གནས་དམ་པ་སྟེ༔ སྐུ་ལྔའི་བདག་ཉིད་ཤེས་པར་གྱིས༔ དབྱིངས་དང་རིག་པ་གཉིས་སུ་མེད༔ ངོ་བོ་བལྟས་པས་ས་ལེར་མཐོང༔ འོད་གསལ་བླ་ན་མེད་པའི་ལམ༔ རང་ངོ་འདི་ལ་ཡང་དག་རྫོགས༔ ལམ་འདི་དོན་གྱི་མཉྫུ་ཤྲཱི༔ ནམ་མཁའ་ཆེན་པོ་ཡོངས་སུ་དག༔ དེ་ཀོ་ངེས་པའི་རྡོ་རྗེ་འཆང༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨཿ ངོ་བོ་མ་བཅོས་ངང་ལ་བཞག༔ ཕཊ྄་ཀྱིས་རྟོག་པའི་འཕྲོ་འདུ་བཅད༔ ས་ལེ་ཧྲིག་གེའི་དོན་ངོས་བཟུང༔ སྙིང་པོའི་གནད་ཀྱི་ངོ་སྤྲོད་གདབ༔ དབང་ལྷ་སློབ་མ་ཉིད་ལ་བསྟིམ༔ དག་བྱ་དག་བྱེད་ངོ་འཕྲོད་པས༔ དབང་བསྐུར་བས་ཀྱང་ལམ་རྣམས་རྫོགས༔ རྡོ་རྗེ་གསང་བའི་སྣོད་དུ་འགྱུར༔ ཉན་འཆད་སྒོམ་དང་སློབ་མ་བསྡུ༔ ཆོས་ཀྱི་རྒྱལ་པོར་མངའ་དབང་བསྐུར༔ རྗེས་སུ་གཏང་རག་ལུས་འབུལ་ཞིང༔ དམ་ཚིག་ཁས་བླང་བསྔོ་སྨོན་བྱ༔ ཕྲིན་ལས་རིག་པས་མཐར་དབྱུང་བས༔ ཡང་དག་འབྲས་བུའི་སར་སྦྱོར་འགྱུར༔ ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི༔ ལྷ་དང་སྔགས་ཀྱི་གསང་བ་ནི༔ དུས་གསུམ་རྒྱལ་བའི་ཐུགས་ལ་གནས༔ ངེས་པའི་མཐར་ཐུག་འདི་ཡིན་པས༔ ཟབ་ཅིང་རྒྱ་ཆེ་བླ་ན་མེད༔ བསམ་མི་ཁྱབ་པར་སྣང་བ་ལས༔ ཀུན་གྱི་མཐར་ཐུག་སྙིང་པོའི་ལམ༔ དེ་ཉིད་ངེས་པའི་དོན་སྟོན་པ༔ ཐུགས་ཀྱི་ཏི་ལ་ཀ་འདི་ཉིད༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ༔ ཡེ་ཤེས་སེམས་དཔའ་ཉིད་ཀྱིས་བསྩལ༔ དངོས་གྲུབ་འབད་མེད་ཐོབ་པར་འབྱུང༔ ཁྱབ་བརྡལ་སྤེལ་བ་ཤིན་ཏུ་ཕངས༔ འོན་ཀྱང་མཐའ་མའི་གདུལ་བྱ་རྣམས༔ ཡལ་བར་འདོར་བར་བློས་མ་བཟོད༔ སྨོན་པ་ཆེན་པོས་རྒྱས་བཏབ་པས༔ བདག་གི་ཡེ་ཤེས་སྒྱུ་མ་ནི༔ དུས་གསུམ་ཅིར་ཡང་སྣང་བ་ལས༔ སྙིགས་མའི་དུས་ཀྱི་སྐྱེས་བུ་ནི༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཞེས༔ ཟབ་རྒྱས་ཆོས་ཀྱི་བཀའ་བབ་བདུན༔ ཐུབ་པའི་བསྟན་ལ་མཆོག་ཏུ་སྨན༔ དེ་ཡི་སྐལ་པར་གཏད་རྒྱས་གདབ༔ ཕྱི་ནང་རྟེན་འབྱུང་ལེགས་ཚོགས་ན༔ རིག་པའི་རྩལ་གྱི་ཆོ་འཕྲུལ་འདི༔ ཡི་གེ་སྤྲིན་གྱི་འཁོར་ལོར་སྣང༔ བཅས་བཅོས་མ་བྱེད་གཏན་ལ་ཕོབ༔ དད་བརྩོན་བརྟུལ་ཞུགས་ལྡན་ལ་སྦྱིན༔ ཚུལ་བཞིན་ཉམས་བླངས་དྲོད་ཐོབ་པས༔ དོན་གཉིས་རྒྱ་ཆེར་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཐི༔ གུ་ཧྱ༔ བརྡ་ཐིམ༔ ཅེས་ལས་བྱང་རྩ་བ་འདི་ཉིད་ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥའི་འཇམ་དཔལ་བཤེས་གཉེན་ཐུགས་ཏིག་ཆ་ཤས་ཙམ་གཏན་ལ་ཕབ་པའི་ཕྱག་དཔེ་ནམ་གཟིགས་ལས་བྱང་འདི་ཐུགས་ལ་ཤར་བའི་གསུང་འཕྲོས་ཕེབས་གསལ་སྐོར། མཆོད་དཔོན་བླ་མ་འཇམ་དཔལ་བློ་གྲོས་མཆོག་ལྡན་ནས་གསོལ་བ་བཏབ་པ་བཞིན་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གཏན་ལ་ཕབ་པའི་དགོངས་གཏེར་ཡང་དག་པའོ། །དགེའོ། །མངྒ་ལཾ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:11, 1 June 2024
Wylie title | rtsa gsum 'jam dpal snying thig las rdo rje'i dbang gi cho ga | |
---|---|---|
Location | dil mgo mkhyen brtse bka' 'bum Volume 18, Text 19, Pages 116-120 (Folios 1a to 5b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros) | |
Citation | Khyentse, Dilgo. Rtsa gsum 'jam dpal snying thig las rdo rje'i dbang gi cho ga. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 116-120. Delhi: Shechen Publications, 1994. | |
Genre | Sadhanas - Evocation Ritual - sgrub thabs | |
Cycle | རྩ་གསུམ་འཇམ་དཔལ་སྙིང་ཐིག་ (rtsa gsum 'jam dpal snying thig) | |
Recension Link | Other Versions on this site: རྩ་གསུམ་འཇམ་དཔལ་སྙིང་ཐིག་ལས༔ རྡོ་རྗེའི་དབང་གི་ཆོ་ག༔ | |
Colophon |
ཅེས་ལས་བྱང་རྩ་བ་འདི་ཉིད་ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥའི་འཇམ་དཔལ་བཤེས་གཉེན་ཐུགས་ཏིག་ཆ་ཤས་ཙམ་གཏན་ལ་ཕབ་པའི་ཕྱག་དཔེ་ནམ་གཟིགས་ལས་བྱང་འདི་ཐུགས་ལ་ཤར་བའི་གསུང་འཕྲོས་ཕེབས་གསལ་སྐོར། མཆོད་དཔོན་བླ་མ་འཇམ་དཔལ་བློ་གྲོས་མཆོག་ལྡན་ནས་གསོལ་བ་བཏབ་པ་བཞིན་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གཏན་ལ་ཕབ་པའི་དགོངས་གཏེར་ཡང་དག་པའོ། །དགེའོ། །མངྒ་ལཾ།། | |
ces las byang rtsa ba 'di nyid thams cad mkhyen gzigs many+dzu g+ho Sha'i 'jam dpal bshes gnyen thugs tig cha shas tsam gtan la phab pa'i phyag dpe nam gzigs las byang 'di thugs la shar ba'i gsung 'phros phebs gsal skor/_mchod dpon bla ma 'jam dpal blo gros mchog ldan nas gsol ba btab pa bzhin 'jam mgon chos kyi blo gros rin po ches gtan la phab pa'i dgongs gter yang dag pa'o/__/dge'o/__/mang+ga laM// |