DKR-KABUM-05-CA-014: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-014
No edit summary
m (Text replacement - "Khyentse Metadata" to "Text")
 
(7 intermediate revisions by 2 users not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=དག་སྣང་བཀའ་བརྒྱད་ཞི་ཁྲོ་རྣམ་རོལ་གྱི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེ་བཞི་ཡི་མཆོག་སྦྱིན།
|fulltitle=dag snang bka' brgyad zhi khro rnam rol gyi smin byed bklag chog tu bkod pa rdo rje bzhi yi mchog sbyin
|citation=[[Khyentse, Dilgo]]. ''Dag snang bka' brgyad zhi khro rnam rol gyi smin byed bklag chog tu bkod pa rdo rje bzhi yi mchog sbyin''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 5: 51-82. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=Dalai Lama, 5th
|sourcerevealertib=ངག་དབང་བློ་བཟང་རྒྱ་མཚོ་
|tibgenre=Empowerment Ritual - dbang chog - dbang skur
|terma=Yes
|dkroutline=Three
|deity=bka' brgyad
|cycle=lde mig rgya can
|cycletib=ལྡེ་མིག་རྒྱ་ཅན་
|parentcycle=dag snang rgya can
|parentcycletib=དག་སྣང་རྒྱ་ཅན་
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=005
|volumenumber=CA
|volnumtib=༥
|volyigtib=ཅ་
|totalvolumes=25
|textnuminvol=014
|textnuminvol=014
|pagenumbers=51-82
|totalpages=64
|beginfolioline=1a
|endfolioline=32b2
|totalfolios=32
|multivolumework=No
|rectonotes=dbang chog
|versonotes=dag snang rgya can
|colophontib=།འགྱུརྃ་བཅས་སྲིད་པའི་འཁྲུལ་སྣང་འཕོ་མེདྃ་ཀྱི། །རྡོ་རྗེ་བཞིར་སྡོམ་གསང་ཆེན་བསྟནྃ་པྃ་ཡི། །སྒོ་འབྱེད་སྨིན་ལམ་རྒྱལྃ་མཚནྃ་རྩེར་མཆོད་ནས། །གྲུབ་གཉིས་འདོད་འཇོའི་དགའ་ཚལ་གྱིས་ལ་གཟིགས། །དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀུན་འདུས་ཞི་ཁྲོ་རྣམ་རོལ་དབང་བསྐུར་གྱི་ལེའུ་ཚན་ནོ།།
|colophonwylie=/'gyur bcas srid pa'i 'khrul snang 'pho med kyi/_/rdo rje bzhir sdom gsang chen bstan pa yi/_/sgo 'byed smin lam rgyal mtshan rtser mchod nas/_/grub gnyis 'dod 'jo'i dga' tshal gyis la gzigs/_/dpal chen sgrub sde brgyad kun 'dus zhi khro rnam rol dbang bskur gyi le'u tshan no//
|pdflink=File:DKR-KABUM-05-CA-014.pdf
|pdflink=File:DKR-KABUM-05-CA-014.pdf
}}
}}
Line 25: Line 50:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-05-CA]]
[[Category:DKR-KABUM-Volume-05-CA]]
[[Category:DKR-KABUM-Volume-05-CA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Latest revision as of 08:02, 1 June 2024

Wylie title dag snang bka' brgyad zhi khro rnam rol gyi smin byed bklag chog tu bkod pa rdo rje bzhi yi mchog sbyin DKR-KABUM-05-CA-014.pdf
Location dil mgo mkhyen brtse bka' 'bum
Volume 5, Text 14, Pages 51-82 (Folios 1a to 32b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Dag snang bka' brgyad zhi khro rnam rol gyi smin byed bklag chog tu bkod pa rdo rje bzhi yi mchog sbyin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 51-82. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur
Cycle ལྡེ་མིག་རྒྱ་ཅན་ (lde mig rgya can)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity bka' brgyad
Colophon

།འགྱུརྃ་བཅས་སྲིད་པའི་འཁྲུལ་སྣང་འཕོ་མེདྃ་ཀྱི། །རྡོ་རྗེ་བཞིར་སྡོམ་གསང་ཆེན་བསྟནྃ་པྃ་ཡི། །སྒོ་འབྱེད་སྨིན་ལམ་རྒྱལྃ་མཚནྃ་རྩེར་མཆོད་ནས། །གྲུབ་གཉིས་འདོད་འཇོའི་དགའ་ཚལ་གྱིས་ལ་གཟིགས། །དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀུན་འདུས་ཞི་ཁྲོ་རྣམ་རོལ་དབང་བསྐུར་གྱི་ལེའུ་ཚན་ནོ།།

/'gyur bcas srid pa'i 'khrul snang 'pho med kyi/_/rdo rje bzhir sdom gsang chen bstan pa yi/_/sgo 'byed smin lam rgyal mtshan rtser mchod nas/_/grub gnyis 'dod 'jo'i dga' tshal gyis la gzigs/_/dpal chen sgrub sde brgyad kun 'dus zhi khro rnam rol dbang bskur gyi le'u tshan no//

[edit]
༄༅། དག་སྣང་བཀའ་བརྒྱད་ཞི་ཁྲོ་རྣམ་རོལ་གྱི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེ་བཞི་ཡི་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ།། ༄༅། །འཁོར་འདས་སྤྱི་དཔལ་བདེ་ཆེན་ཧེ་རུ་ཀ །ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ཁྱབ་བདག་གི །སྐུར་བཞེངས་འཁོར་ལོའི་དབང་ཕྱུག་ཐོད་ཕྲེང་རྩལ། །དབྱེར་མེད་བླ་མ་མཆོག་གི་ཞབས་ལ་འདུད། །མཚོ་སྐྱེས་རྒྱལ་བས་མངའ་བདག་ཆོས་སྐལ་དུ། །རྩལ་མཐུས་སྒྲུབ་སྡེ་བརྒྱད་འདུས་རྒྱུད་ལུང་དང༌། །མན་ངག་བཅུད་དྲིལ་ཞི་ཁྲོ་རྣམ་རོལ་གྱི། །སྨིན་བྱེད་ངོ་མཚར་བདུད་རྩི་འདིར་གསལ་བྱ། །དེ་ལ་འདིར་བཀའ་བརྒྱད་ཞི་ཁྲོ་རྣམ་རོལ་གྱི་དབང་གི་ཆོ་ག་བཀོད་པ་ལ་རྩ་བའི་ཡིག་ཆར་སྒྲུབ་དབང་དུ་མཛད་ཀྱང་འདིར་སྤྱི་འགྲོའི་ཚུལ་དུ་བཀོད་པ་ལ་བཞི། བསྒྲུབ་པའི་གཞི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་འདུ་བྱ། སྒྲུབ་བྱེད་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་ཞིང་བསྙེན་པ། བསྒྲུབས་པའི་འབྲས་བུ་སློབ་མ་འཇུག་ཅིང་སྨིན་པ། སྒྲུབ་པ་མཐར་ཕྱིན་པ་རྗེས་ཀྱི་བྱ་བའོ། །དང་པོ་ནི། དབེན་ཞིང་བྱིན་རླབས་དང་ལྡན་པའི་གནས་སུ། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སློབ་མ་རྗེས་འཛིན་གྱི་ཆོ་ག་འཇུག་བདེའི་ཚུལ་དུ་བྱ་བ་ལ། དང་པོ་ས་སློང་བ་ནི། དཀྱིལ་འཁོར་བྱ་བའི་གཞིར་གཏོར་མ་དཀར་དམར། ཕྱི་མཆོད་བཅས་བཤམ། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། ཧཱུྃ། །རང་སེམས་སྐད་ཅིག་ཧཱུྃ་ཡིག་ཡོངས་གྱུར་ལས། །ཧེ་རུ་ཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དུང་ཁྲག་ཐུགས་ཀར་བསྣམས་པའི་སྐུ། །དུར་ཁྲོད་ཆས་རྫོགས་འབར་བའི་གར་དགུ་ལྡན། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ཅུང་ཟད་བཟླས་པས་ང་རྒྱལ་བཟུང་ལ། མཆོད་གཏོར་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་བདུད་རྩིའི་རྒྱ་མཚོ་དང་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད་པ་དང༌། །ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབས། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། །ས་བདག་ལྷ་ཀླུ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གིས་གྲུབ་པ་མ་ཐོན་བར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །གནང་བ་ལེགས་པར་བསྩལ་ནས་ཀྱང༌། །ཅི་བདེ་བར་ནི་གཞན་དུ་སོང༌། །ཞེས་ཕྲིན་ལས་གསོལ་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་རང་གནས་སུ་གཤེགས་པར་བསམ། གཏོར་མ་གཉིས་པ། ཨོཾ་སརྦ་བིགྷྣཱ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། དཔལ་ཆེན་བཀའ་བརྒྱད་ཡོངས་རྫོགས་དཀྱིལ་འཁོར་དུ། །སྣང་སྲིད་རྣམ་དག་ཡེ་ཤེས་ལྷ་ཡི་ཚོགས། །ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །རིག་རྩལ་རྣམ་དག་ཐབས་ཤེས་གཡུང་དྲུང་ལྷ། །འདི་ལ་ལོག་པར་ལྟ་བའི་དགྲ་དང་བགེགས། །བདུད་སྡེ་དཔུང་བཅས་ཐམས་ཅད་ཕྱིར་དེངས་ཤིག །ཨོཾ་སུམ་བྷ་ནི་སོགས་བརྗོད། སྲུང་འཁོར་ནི། ཧཱུྃ། བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས། །དྲག་པོའི་བྱིན་རླབས་མཚོན་ཆའི་འོད་ཟེར་འཕྲོ། མཚོན་ཆའི་གུར་དང་ཡེ་ཤེས་མེ་དཔུང་འབར། །ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ་པར་སྲུངས༌། །ཨོཾ་བཛྲ་ཙཀྲ་ཏཱིཀྵྞ་ཀཱི་ལ་ཡ་ཛྭ་ལ་རཾ། བྷྲཱུཾ་པྲ་བེ་ཤ་ཡ་ཕཊ། གཉིས་པ་ལྷ་སྟ་གོན་ནི། མཎྜལ་ལས་རྡོར་གྱིས་དྲི་བཟང་གི་ཐིག་ལེ་བྱས་པའི་སྟེང་སློབ་དཔོན་གྱིས་འབྲུ་དཀར་དྲི་བཟང་གིས་སྦགས་པའི་ཚོམ་བུ་དགུ་བཀོད་ལ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ་ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཨོཾ་པདྨཱནྟ་ཀྲྀཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སྟྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ། ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ། དེ་ཉིད་དབུས་སུ་བཞག་སྟེ་མཐར་ཕྱི་མཆོད་གཡས་བསྐོར། གཡས་གཡོན་རྒྱབ་ཏུ་སྨན་རཀ་གཏོར་མ་བཤམས། བདག་ཉིད་ཧེ་རུ་ཀར་གསལ་བའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་ལྷ༔ མདུན་གྱི་ནམ་མཁར་སྤྱན་དྲངས་བསམ༔ ཨོཾ། ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ དཀྱིལ་འཁོར་དགྱེས་པ་བསྐྱེད་པ་དང་༔ སློབ་མ་རྣམས་ལ་སྙིང་བརྩེ་བས༔ གནས་འདིར་དཔལ་ཆེན་ཧེ་རུ་ཀའི༔ ཕོ་བྲང་ཆེན་པོ་འདེབས་འཚལ་ན༔ ཐུགས་ཀྱིས་དགོངས་ཏེ་གནང་བ་དང༔ སྣོད་བཅུད་བྱིན་གྱིས་བརླབ་མཛད་གསོལ༔ ཞེས་གསོལ་བ་ལན་གསུམ་བཏབ་པས་ལྷ་རྣམས་དགྱེས་པ་ཆེན་པོས། རྡོ་རྗེ་སློབ་དཔོན་སྙིང་རྗེ་ཆེ༔ ཁྱེད་ཀྱིས་རང་གཞན་ཕན་པའི་ཕྱིར༔ སྒྲུབ་པའི་ཆོ་ག་ཚུལ་བཞིན་གྱིས༔ བདེ་གཤེགས་རྒྱལ་བས་བྱིན་རློབས་འགྱུར༔ གནང་བ་བསྩལ་ནས་འོད་དུ་ཞུ༔ བདག་དང་གནས་ལ་ཐིམ་པ་ཡིས༔ ཐ་མལ་སྣང་ཞེན་རབ་སྦྱངས་ཏེ༔ ཡེ་ཤེས་ཆེན་པོས་བྱིན་བརླབས་གྱུར༔ གསུམ་པ་བུམ་པ་སྟ་གོན་ནི། སྟེགས་བུར་རྣམ་བུམ་སོ་ལྔའི་བཅུད་ལྡན་ཁ་རྒྱན་དང་མགུལ་ཆིངས་སྔོན་པོས་སྤྲས་པ་འབྱོར་ན་དགུ་དང་མ་འབྱོར་ན་གཅིག་གཟུངས་རྡོར་བཅས་དང༌། ལས་བུམ་མགུལ་ཆིངས་ལྗང་ཁུ་ཅན། ཕྱི་མཆོད་དང་སྨན་གཏོར་རཀྟ་བཅས་བཀོད་ལ། མཆོད་པ་བྱིན་རླབས་ནི། ཧཱུྃ། ཐུགས་ལས་རྃ་ཡྃ་ཁྃ་འཕྲོས་པས། །ཕྱི་ནང་གསང་བའི་མཆོད་རྫས་ཀྱི། །མ་དག་ཉེས་སྐྱོན་ཀུན་སྦྱངས་ནས། །མི་ཟད་ནམ་མཁའི་མཛོད་དུ་གྱུར། །ཨོཾ་ཨཱཿཧཱུྃཿབཛྲ་དྷཱུ་པེ་ཧཱུྃ། བཛྲ་པུཥྤེ་ཧཱུྃ། བཛྲ་ཨཱ་ལོ་ཀེ་ཧཱུྃ། བཛྲ་གྷནྡྷེ་ཧཱུྃ། བཛྲ་ནཻ་བེ་དྱ་ཧཱུྃ། བཛྲ་ཤཔྟ་ཧཱུྃ། བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུྃ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜལ་ལ་ཧཱུྃ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ། མ་ཧཱ་པཉྩ། མ་ཧཱ་བ་ལིཾ་ཏ། མ་ཧཱ་རཀྟ། ཨ་ཧོ་སུ་ཁ་ས་མ་ཡེ་སྭཱ་ཧཱ། བུམ་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་དཀར་པོ་ལས་བྱུང་བའི་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ཡངས་ཤིང་རྒྱ་ཆེ་བ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཚོ་རྫིང་དྭངས་པར་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། སྔགས་ཙམ་གྱིས་མཆོད། ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང༌། །རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ །ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲག་སྔགས་སོགས། །བཀའ་བརྒྱད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། གཟུང་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་བུམ་པའི་ལྷ་རྣམས་ལ་ཕོག །སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་བར་བསམ་ལ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། དཔལ་དགུའི་སྔགས་སོ་སོར་ཇི་ཙམ་འོས་པར་བཟླ། མཐར་ཧཱུྃ་ཞེས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བྱང་ཆུབ་སེམས་ཀྱི་ཆུས་གང་བར་གྱུར། ལས་ཐམས་ཅད་ཀྱི་བུམ་པར། པད་ཉི་དྲེགས་པའི་གདན་གྱི་སྟེང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་རིགས་ཀྱི་བདག་པོ་ཨོ་རྒྱན་ཟ་ཧོར་མའི་ཚུལ་དུ་བཞུགས་པའི་སྐུར་གྱུར། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་ཐིམ་པར་བསམ། ཨོཾ་བཛྲ་པུཥྤེ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངགས་གཞུག་ཕོ་ཉའི་ལས་མཛད་པ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡིས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ལ་འོད་ཞུ་བྱ། བཞི་པ་སློབ་མ་སྟ་གོན་ལ། །སོ་ཤིང༌། དཔུང་སྐུད། ཁྱོར་ཆུ། ཀུ་ཤ་རྣམས་དང་སློབ་མ་མཆོད་པ་བཅས་འདུ་བྱས་ལ། སྣོད་དུ་གྱུར་པ་རྣམས་ཕྱི་རོལ་ཁྲུས་ནས་དབྱུང༌། བགེགས་གཏོར་བཏང༌། ལས་བྱང་ལྟར་བཀའ་བསྒོ་ཞིང་མཚམས་བཅད་ལ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ་ཆོས་བཤད་ཇི་ལྟར་འོས་པ་དང༌། དེ་ཡང་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པས་གདུལ་བྱ་སེམས་ཅན་གྱི་ཁམས་དབང་བསམ་པ་མོས་པའི་རིམ་པ་དང་རྗེས་སུ་མཐུན་པའི་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་བ་ལས། འདིར་ནི་རྒྱུ་མཚན་ཉིད་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་སྟེ། དེ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲི་ཡོག་སྡེ་གསུམ། ནང་ཐབས་རྒྱུད་ཀྱི་ཐེག་པ་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་ཕྱེ་བ་ལས་འདི་ནི་ནང་པ་ཐབས་ཀྱི་རྒྱུད། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས་ཕྱི་མ་སྒྲུབ་པའི་སྡེ་སྟེ། དེ་ཡང་འཛམ་གླིང་གདུལ་བྱའི་དུས་ལ་བབ་པ་ན། དཔལ་ཆེན་པོ་དང་གཉིས་སུ་མེད་པའི་རིག་འཛིན་རྒྱལ་པོ་ཀུཉྫ་རའི་ཐུགས་ཡེ་ཤེས་ཀློང་དགུའི་རང་རྩལ་བཀའ་བབས་རིག་འཛིན་བརྒྱད་དང༌། རྒྱལ་དབང་པདྨ་ཐོད་ཕྲེང་རྩལ་དགུར་སྣང་སྟེ། སྨུག་ནག་དབང་གི་མཁའ་འགྲོས་སྒྲུབ་ཆེན་བརྒྱད་ཀྱི་གཏེར་སྒྲོམ་སློབ་དཔོན་སོ་སོ་ལ་གཏད། རྒྱལ་དབང་པདྨཱ་ཀ་རས་མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་སྔར་རྒྱ་མ་ཁྲོལ་བའི་སྒྲུབ་སྡེ་སྤྱི་དང༌། རྫོགས་ཆེན་སོགས་ལྷག་མ་མ་ལུས་པར་སྤྱན་དྲངས། དཀྱིལ་འཁོར་གྱི་བདག་པོ་རྣམས་ཀྱིས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལ་བཀའ་དབང་བསྒྱུར་བར་མངའ་གསོལ་གསང་སྔགས་ཆུ་བོ་བཞིའི་དབང་གི་བཀའ་བརྙེས། སྔོན་གྱི་སློབ་དཔོན་བརྒྱད་ལ་ཆོས་ཀྱི་སྐྱེས་ཕུལ་ཏེ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད། འཇམ་དཔལ་སྤྲུལ་པའི་རྒྱལ་པོས་བོད་དུ་སྤྱན་དྲངས་ནས་སངས་རྒྱས་ཀྱི་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བའི་དུས་ན། སངས་རྒྱས་ལས་ཀྱང་དཀོན་པའི་གསང་ཆེན་འབྲས་བུའི་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པས་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་ལས་ཅན་སྙིང་གི་བུ་དགུ་པོ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བས་བདེ་གཤེགས་འདུས་པ་ཡོངས་རྫོགས་ཀྱི་བཀའ་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ཉིད་ལ་བབས་ཏེ་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བདག་པོར་གྱུར། རྗེ་འབངས་སོ་སོའི་དབང་སྐལ་སྒྲུབ་སྡེའི་ཆོས་སྐོར་རྣམས་ཀྱང་བསྟན་ཅིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་རྣམས་སུ་སྒྲུབ་པས་ལྷ་དང་གཉིས་སུ་མེད་པའི་གོ་འཕང་མངོན་དུ་མཛད་ནས་ཆོས་བཀའ་རྒྱས་བསྡུས་དུ་མ་བོད་ཡུལ་མཐའ་དབུས་ཀུན་ཏུ་གཏེར་དུ་སྦ་བར་མཛད་པ་གདུལ་བྱ་དུས་ལ་བབ་པའི་ཚེ་གུ་རུ་རིན་པོ་ཆེ་ཉིད་དང་རྗེ་འབངས་སོ་སོའི་རྣམ་འཕྲུལ་དུ་མས་ཐུན་མོང་སྐལ་བཟང་རྣམས་ཀྱི་བཙས་སུ་སྣང་བར་མཛད་པ་ལས། འདིར་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་ཡང་ཡང་བསྔགས་པར་མཛད་པ་ལྟར། འཇམ་པའི་དབྱངས་དངོས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཉིད་འབྲས་བུ་མཐར་ཕྱིན་པའི་ཕྲིན་ལས་ཀྱི་སྤྲུལ་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་གྱི་ཟབ་མོ་དག་སྣང་གི་ཆོས་སྡེ་སྟེ། དེ་ཡང་སྣང་སྤྱོད་ཐམས་ཅད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པར་རྟག་ཏུ་གཟིགས་པ་ལས་གཞན་དུ་མ་གྱུར་པ་ལས་ཡོངས་སུ་སྦྱངས་པའི་འཕགས་ཆེན་རྣམས་ཀྱི་རྣམ་པར་ཐར་པ་རྒྱ་མཚོ་དང་རྗེས་སུ་འབྲེལ་བ་མངོན་སུམ་དག་པའི་སྣང་བ་ལས་བྱོན་པའི་ཆོས་སྡེ་སྟེ། དེ་དག་སྐལ་མེད་རྣམས་ཀྱིས་འཆོལ་བར་མི་སྤྱོད་པའི་དོན་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། རྒྱ་བདུན་གྱིས་བཏབ་པ་བཞིན་དུ་ཕྱག་རྒྱ་སོ་སོའི་རྒྱས་བཏབ་པའི་མཚན་ལས་ཟབ་མོ་རྒྱ་ཅན་དུ་གྲགས་པའི་ཆོས་སྡེ་ཉེར་ལྔར་བཞུགས་པ་ལ་ཟབ་རྒྱས་ཀྱི་གདམས་པ་ཇི་སྙེད་ཅིག་ཡོད་པ་ལས་སྐབས་སུ་བབ་པ་ལྡེ་མིག་རྒྱ་ཅན་གྱི་ནང་ཚན་བཀའ་བརྒྱད་སྤྱི་དྲིལ་ཞི་ཁྲོ་རྣམ་རོལ་གྱི་སྨིན་བྱེད་འབོག་པ་སྟེ། དེ་ལའང་སྔོན་འགྲོ་སྟ་གོན་དང་དངོས་གཞི་དབང་བསྐུར་བའི་རིམ་པ་གཉིས་སུ་ཡོད་པ་ལས་ཐོག་མར་སྔོན་དུ་འགྲོ་བ་ལྷ་དང༌། བུམ་པ་ལྷག་གནས་གྲུབ་ཟིན་ནས། སྐབས་སུ་བབ་པ་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་འདི་ཡི་རྗེས་ཟློས། ཧོཿ བླ་མ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །བླ་མ་སྐུ་གསུང་ཐུགས་ཀྱིས་གཟུང་སླད་དུ། །བདག་ཀྱང་སྐྱོབ་ཕྱིར་དཀྱིལ་འཁོར་དུ་གཞུག་ཕྱིར། །ལྷག་པར་གནས་པའི་རིམ་པ་མཛད་དུ་གསོལ། །ལན་གསུམ། ཞེས་གསོལ་བ་བཏབ་པ་ལ་རྗེས་སུ་གནང་བ་སྦྱིན་པས་སྐབས་དབྱེ་བ་ནི། བུ་ཚུར་ཤོག་ཁྱོད་ནི་ཐེག་ཆེན་སྣོད་ཡིན་ཏེ། །ཧེ་རུ་ཀ་དཔལ་དཔལ་ཆེན་བཀའ་བརྒྱད་ཀྱི། །དབང་བསྐུར་དཀྱིལ་འཁོར་ལྷ་ངོ་བསྟན་བྱའི་ཕྱིར། །ལྷག་པར་གནས་པའི་རིམ་པ་ཚུལ་བཞིན་བགྱི། །དབང་ནོད་ནས་དམ་ཚིག་ཚུལ་བཞིན་དུ་མ་བསྲུངས་ན་དབང་གི་སྣོད་དུ་མི་རུང་བས་དམ་ཚིག་སྲུང་ནུས་མིན་དྲི་བ་ནི། །སྒྲུབ་པ་བཀའ་བརྒྱད་ལྷ་ཡི་དཀྱིལ་འཁོར་དུ། །བུ་ཁྱོད་རབ་གནས་བྱ་ཡི་དུས་རྟག་ཏུ། །དམ་ཚིག་བསྲུང་དང་སྔགས་ཀྱི་སྦྱོར་བ་དང༌། །སྒྲུབ་པའི་ལྷ་བསྐྱེད་ནུས་ན་ལྷག་གནས་སྦྱིན། །ཞེས་དྲིས་པ་ལ་ལན་གསོལ་བ་འདི་ཡི་རྗེས་ཟློས་མཛོད། ཧོཿ བླ་མས་ཇི་ལྟར་བསྒོས་པའི་རིམ་པ་རྣམས། །དུས་གསུམ་སངས་རྒྱས་རྣམས་ཀྱིས་བསྒོས་པ་ཡིན། །རྟག་ཏུ་དམ་སྲུང་ཏིང་འཛིན་མཆོད་པ་དང༌། །ལས་ཀྱི་མཆོད་པ་བདག་བགྱིད་དངོས་གྲུབ་སྩོལ། །བསགས་སྦྱང་གི་སྙིང་པོ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་ཕྱིར་བརྗོད་ཚིག་རྣམས་ཀྱི་སྒོམ་དོན་རེ་རེ་བཞིན་གསལ་ཐོབ་ལ་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ལན་གསུམ། རྒྱུད་རྣམ་པར་དག་པའི་སླད་དུ། རང་གི་ཐུགས་ཀར་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་ལས་ཡེ་ཤེས་ཀྱི་མེ་འོད་འཕྲོས་པས་སློབ་མ་ལ་ཕོག །ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བསྲེགས་པར་བསམ་ཞིང༌། སྔོན་དུ་སྡིག་པ་བསྲེག་པ་ནི་སྔགས་འདི་ཡི་རྗེས་ཟློས་མཛོད་ལ། ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧཱུྃ་ཕཊ། ཅེས་སློབ་མ་རྣམས་ཀྱིས་བརྒྱ་རྩ་བརྒྱད་ཛཔ་དབྱངས་བཟླ། སློབ་དཔོན་གྱིས་ཀྱང་བཟླས་ཤིང༌། ཡུངས་ཀར་ལ་བཏབ་ཏེ་དོར་རོ། །བགེགས་བསྐྲད་པ་ནི། འབྱོར་ན་མེ་ཐུན་དང་ཆུ་ཐུན་གྱི་བྲབ་པ་དང་བཅས། ཧཱུྃ། གསང་བ་མཆོག་གི་དཀྱིལ་འཁོར་དུ། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བཀང་ཟིན་གྱིས། །རང་རང་གནས་སུ་བཀའ་བསྩལ་བྱེར། །སུམྦྷ་ནི་སུམྦྷ་ནི་སོགས་བརྗོད། སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་བཤད་ནི། རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེ་ཐེག་པའི་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པ་འདི་ནི་ཆེས་སྐལ་པ་བཟང་པོ་ཡིན་སྟེ། བུ་ཚུར་ཤོག་གསང་བའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་གསང་བའི་སྣོད་ཡིན་ཏེ། །གསང་སྔགས་ཟབ་མོའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འགྲོ་ལ་ཕན་ཕྱིར་མཛད་པའི་ཚུལ། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཚོགས་ཞིང་མཁའ་ཁྱབ་དུ་སད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་འདི་ཡི་རྗེས་ཟློས་མཛོད། །བླ་མ་དཀོན་མཆོག་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་ནས། །ཇི་སྲིད་བྱང་ཆུབ་མ་ཐོབ་བར། །སྐྱོབ་པ་ཁྱོད་ལ་སྐྱབས་སུ་མཆི། །ལན་གསུམ། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སྨོན་པ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བླ་མེད་བྱང་ཆུབ་གནས་སུ་སྒྲུབ་པ་དང༌། །བདེ་བར་གཤེགས་པའི་དངོས་གྲུབ་ཐོབ་བྱའི་ཕྱིར། །ཡང་དག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིག །བོ་དྷི་ཙིཏྟ་ཨུ་པ་ཏ་ཡ་མི། ལན་གསུམ། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་གཞན་དོན་བྱེད་པར་ཁས་བླང་བ་འདིའི་རྗེས་ཟློས་མཛོད། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པ། །དེ་ཕྱིར་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། ལན་གསུམ་བརྗོད། སྨིན་བྱེད་ཀྱི་སྲོག་དང་རྩ་བར་གྱུར་པ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་མཐའ་དག་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདི་ཡི་རྗེས་ཟློས་མཛོད། །སྡོམ་པ་དང་ནི་ཚུལ་ཁྲིམས་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །ནམ་ཡང་བདག་གིས་མི་སྤང་ངོ༌། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །སྡོམ་པ་རྣམ་བཞི་རྟག་ཏུ་གཟུང༌། །བདག་ནི་སྡོམ་པ་མ་ལུས་གཟུང༌། །ལན་གསུམ། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་སྐྱིལ་མོ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་སྐུར་གསལ་བའི། དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གས་མཚན་པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པར་གྱུར་པ་ལ། སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པར་བལྟ་བ་ལ་བསླབ་པའི་ཕྱིར་མེ་ཏོག་ལ་སོགས་པས་སློབ་མའི་དབང་པོ་སོ་སོར་མཆོད་པར་མོས་ཤིག །ཉེར་སྤྱོད་བཏེགས་ལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ནཻ་བིདྱའི་བར། སོ་ཤིང་ལ་ལས་བུམ་གྱི་ཆུས་བྲན། ལས་སྔགས་ཀྱིས་བསངས་ནས། སོ་ཤིང་འདི་ཉིད་ཐལ་མོ་སྦྱར་བའི་བར་དུ་བཟུང་ལ་སོ་དྲུད་པའི་ཚུལ་བྱས་པས་ལུས་ཁམས་རྩ་ཡི་དྲི་མ་ཐམས་ཅད་སྐྱུག་པའི་ཚུལ་གྱིས་ཕྱིར་དོར་ནས་སྦྱངས། ལས་ཀྱི་དངོས་གྲུབ་གང་ཐོབ་པའི་པྲ་བལྟས་གསལ་བར་བསྟན་དུ་གསོལ་སྙམ་པའི་འདུན་པ་དང་བཅས་པས་འདི་ཡི་རྗེས་ཟློས་མཛོད། བུ་ཁྱོད་རྒྱལ་བའི་དཀྱིལ་འཁོར་དམ་པ་རུ། །ཞུགས་ནས་རིགས་ཀྱང་བརྟགས་པར་བྱ་བའི་ཕྱིར། །སོར་བརྒྱད་ཚད་ལྡན་གཙང་མའི་ཤིང་བུ་འདི། །བུ་ཡིས་ཟུངས་ལ་དཀྱིལ་འཁོར་དབུས་སུ་དོར། །ཞེས་བརྗོད། སློབ་མས། ཧོཿ བླ་མས་བསྒོས་པ་ཇི་བཞིན་སོ་ཤིང་འདོར། །སྒྲུབ་པ་བཀའ་བརྒྱད་སྐུ་གསུང་ཐུགས་མཆོག་འདི། །ཡེ་ཤེས་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །དབུས་ཕྱོགས་དགའ་ལྡན་གནས་སུ་ལྷུང་བར་ཤོག །སོ་ཤིང་གི་ར་བར་དོར་དུ་ཞུགས་ཏེ། སོ་ཤིང་གི་རྩེ་མོ་རང་ངམ་བླ་མ་ལ་བསྟན་ན་མཆོག་གི་དངོས་གྲུབ། སྟེང་འོག་ཏུ་མཁའ་སྤྱོད་དང་ས་སྤྱོད། ཕྱོགས་བཞིར་ཕྲིན་ལས་བཞི། མཚམས་བཞིར་བུམ་པ་ལ་སོགས་པའི་དངོས་གྲུབ་ཕྲན་ཚེགས་འགྲུབ་པར་གསུངས་སོ། །རྡོ་རྗེའི་མདུད་པ་ཉེར་གཅིག་གི་མཚོན་པའི་ཚོན་སྐུད་སྣ་ལྔ་ལ། ཨོཾ་ཨཱརྻ་ཨཱ་ཙ་ལ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། མི་གཡོ་བའི་སྔགས་ཀྱིས་བཏབ་པའི་སྲུང་བའི་སྐུད་པ་སྣ་ལྔ་ཚད་དང་ལྡན་པ་རྡོ་རྗེའི་ཆིངས་བས་བཅིངས་ཤིང་རྡོ་རྗེ་སྲུང་བས་རྒྱས་བཏབ་པས་ཡིད་ཐིག་ལེའི་སྒྲིབ་པ་སྦྱངས། ཁམས་འཕོ་བ་ལ་སོགས་པའི་རྨི་ལམ་བརྟག་པའི་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་མོས་ཤིག །ཞེས་ཕོའི་གཡས་དང༌། མོའི་གཡོན་དུ་ཆིངས། ཨོཾ་བཛྲ་རཀྵ་ཧཱིཿ ཞེས་མདུད་སྟེང་རྡོ་རྗེས་རྒྱས་གདབ་ལ་འདིའི་རྗེས་ཟློས་མཛོད། བླ་མས་གསུང་བཞིན་སྲུང་སྐུད་སྔགས་ལྡན་གྱིས༔ བསྲུང་བས་བདག་ལུས་ཁྲོ་རྒྱལ་སྐུ་རུ་གྱུར༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་ཐམས་ཅད་ཀྱང༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུཾགིས་བྱིན་གྱིས་བརླབས་པའི་ཁྱོར་ཆུ་ཞལ་དུ་བཞེས་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས། རྨི་ལམ་གྱི་རྟགས་མཚན་གསལ་བར་འཆར་ནུས་སུ་བྱས་པར་མོས་ཤིག །ཨོཾ་ཨཱཿཧཱུཾ་ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསངས་ཏེ། བུ་ཚུར་ཉོན་ཅིག་ཟབ་མོ་སྒྲུབ་པ་ཡང༌། །དངོས་གྲུབ་མ་འགྲུབ་བར་དུ་རྟོགས་མི་འགྱུར། །འཇུག་པའི་རྨི་ལྟས་བཟང་ངན་བརྟག་པའི་ཕྱིར། །ཀུ་ཤའི་རྩ་མཆོག་ཁྱོད་ཀྱི་སྔས་སུ་ཐིངས། །ཞེས་ཀུ་ཤའི་ཆུན་པོ་ཆེ་ཆུང་གཏད་ལ། དག་བྱེད་མཆོག་ཏུ་དགེ་བའི་རྩ་ཀུ་ཤའི་ཆུན་པོ་གཉིས་སྔས་དང་སྟན་གྱི་དོན་དུ་བྱིན་པས་ཀུན་གཞི་དང་ཡེ་ཤེས་ཀྱི་སྒྲིབ་པ་སྦྱང༌། རྨི་ལམ་མི་འཁྲུགས་ཤིང་དག་པར་མཐོང་བའི་མཐུ་ཅན་དུ་འགྱུར་བར་མོས་ཤིག །འདིའི་རྗེས་ཟློས་མཛོད། ཧོཿ བླ་མས་གནང་བའི་རྩ་མཆོག་སྔས་སུ་གྱིས། །དཀྱིལ་འཁོར་ལྷ་མཆོག་བདག་གི་ལུས་བཞུགས་ནས། །སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་འཁོར་བཅས་ཀྱི། །སྒྲུབ་རྟགས་མཚན་མ་བདག་ལ་བཤད་དུ་གསོལ། །རྨི་ལམ་བརྟགས་པའི་ཕྱིར་གདམས་པ་ནི། ཧོཿ སྐལ་ལྡན་བུ་ཁྱོད་ཀུ་ཤའི་སྟན་ལ་འདུག །སྒོ་གསུམ་སྐྱོན་སྤོངས་དགེ་བའི་ཕྱོགས་སུ་གཞོལ། །རྨི་ལམ་གང་བྱུང་བདག་ལ་དྲང་པོར་སྨྲོས། །གཞན་དུ་མི་སྨྲ་གསང་བའི་དོན་ལ་སྤྱོད། །ཅེས་བརྗོད་ཅིང་ཁྱེད་རྣམས་ཀྱིས་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་སྔས་སུ་གྱིས་ལ་མི་སྨྲ་བར་སེང་གེའི་ཉལ་སྟབས་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མོས་པ་རྩེ་གཅིག་པར་ཉོལ་ལ་རྨི་ལམ་གང་མཐོང་ནངས་པར་ང་ལ་སྨྲོས་ཤིག །ཅེས་བསྒོས་ཏེ་རྨི་ལམ་བརྟག་ཏུ་བཅུག །ནངས་པར་དྲིས་པས་ངན་ན་བསྲུང་བ་སོགས་གཞུང་བཞིན་བྱ། ཕྱིར་མི་ལྡོག་པའི་ཕྱིར་དུ་ཟབ་མོའི་ཆོས་བཤད་པ་ནི་འདི་ལ་གསན་པས་ཁྱབ་སྟེ། བུ་ཚུར་ཤོག་ཅིག་གསང་བའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་གསང་བའི་སྣོད་ཡིན་ཏེ། །གསང་སྔགས་ཟབ་མོའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །འགྲོ་ལ་ཕན་ཕྱིར་མཛད་པའི་ཚུལ། །བུ་ཡི་བློ་གྲོས་འདིས་གྱིས་ཤིག །ཅེས་གསུངས་པ་ལྟར་དོན་ཆེན་པོ་རྙེད་པ་ཡིན། དགའ་བ་དང་སྤྲོ་བ་སྐྱེད་ཅིག །དེས་སྟ་གོན་གྱི་རིམ་པ་གྲུབ། དངོས་གཞི་སླད་ནས་འབྱུང་བ་ལགས། ཞེས་བརྗོད་དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ལས་བྱང་གི་དགེ་བསྔོ་ཤིས་བརྗོད་བྱས་ལ་སྟ་གོན་གྱི་མཆོད་གཏོར་རྣམས་བསྡུའོ། །གཉིས་པ་སྒྲུབ་བྱེད་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་ཞིང་བསྙེན་པ་ལ། མཚན་ཉིད་དང་ལྡན་པའི་རས་བྲིས་བཀྲམ་པའི་དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲི་རིམ་པ་གཉིས་བཙུགས་པའི་སྟེང་མར་གཙོ་བུམ་ཆས་ལྡན། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ་བསྣོལ་མ། ཞི་བ་རིགས་བཞི། ལུང་གི་ཁྲོ་བོ་བཞི། དཔལ་དགུ་ཁྱུང་དང་བཅས་པའི་ཙཀླི། སྨན་གྱི་ཕོ་བྲང༌། སྔགས་བྱང༌། རྡོ་རྗེ། མངའ་གསོལ་གྱི་ཆས་དང༌། དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བརྒྱད་དངོས་སམ་ཙཀླི། གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ། མིག་དར། མེ་ཏོག །དོ་ར། སློབ་དཔོན་གྱི་མདུན་དུ། ནང་མཆོད། རྡོར་དྲིལ། ཌཱ་རུ། ནས་བཟེད། ཐུན་སྣོད། ལས་བུམ་བཅས་དང་གཞན་ཡང་དཀར་བགེགས་ཆོས་སྲུང་གཏོར་མ་ཆད་བརྟན་སོགས་ཉེར་མཁོའི་རིགས་འདུ་བྱས་ལ། དབང་དོན་སྒྲུབ་མཆོད་དངོས་ལ། ཚིག་བདུན་དང་བརྒྱུད་འདེབས་ནས་བརྩམས། སྔོན་གཏོར། དངོས་གཞི་ཕྲིན་ལས་སྤྱི་ཆིངས། ལྷ་བསྐྱེད་བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་མགོར་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེ་ལ་སྒྲུབ་པ་ལ་འཇུག །བུམ་པ་བསྐྱེད་བཟླས་ནི། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །གཟུངས་ཐག་བླངས་ཏེ་གཙོ་འཁོར་གྱི་བཟླས་པ་དང༌། མཐར་མཆོད་བསྟོད་འོད་ཞུ་བྱ། ལས་བུམ་བསྐྱེད་བཟླས་འོད་ཞུ་སྟ་གོན་ལྟར་བྱའོ། །བཀའ་གཏེར་སྲུང་མ་སྤྱི་བྱེ་བྲག །སྐོང་བཤགས། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་བཏང་ལ་སྤྲོ་ན་བདག་འཇུག་གམ། རིག་པའི་མེ་ཏོག་དོར་བ་ནི། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང༌། ཨོཾ་བཛྲ་ཀྲོ་དྷཱ་ས་མ་ཡ་སྟྭཾ། ཞེས་རིག་པའི་མེ་ཏོག་དོར་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་བར་བསམ་ལ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོ་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་ཛྲ་ས་མ་ཡ་ཧོཿ ཞེས་དང༌། ཨོཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ་མོ། ཐལ་མོ་སྦྱར་བས་བཏུད་དེ། ཨོཾ་རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། ཞེས་གསོལ་ནས་སློབ་མ་གཞུག་པར་གནང་བར་ཞུ། དཀྱིལ་འཁོར་ཡོལ་བས་སྒྲིབ་བོ། །གསུམ་པ་བསྒྲུབས་པའི་འབྲས་བུ་སློབ་མ་འཇུག་ཅིང༌། དབང་བསྐུར་བ་ལ། སྟ་གོན་གྱིས་སྣོད་རུང་དུ་བྱས་པའི་སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་ནས་དབྱུང་ཞིང་གྲལ་དུ་འཁོད་པས་བགེགས་གཏོར་བཏང༌། སྲུང་འཁོར་བསྒོམས་ཏེ། ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་དང་བཅས་ཏེ་སློབ་དཔོན་གྱིས་ཆོས་བཤད་ཇི་ལྟར་འོས་པས། ཁྱད་པར་དུ་དེ་ཡང་འོག་མིན་གསང་བ་མཆོག་གི་ཞིང་ཁམས་སུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་དུ་འཁོར་ལོའི་དབང་ཕྱུག་ཏུ་བཞེངས་ནས་སྒྲུབ་པ་བཀའ་བརྒྱད་ཀྱི་སྤྱི་རྒྱུད་ལྔ་སྒོས་རྒྱུད་བཅུ་ལ་སོགས་པ་ཆོས་ཉིད་རང་སྒྲས་དག་པའི་འཁོར་རྣམས་ལ། རིག་འཛིན་གཙོ་བོ་རྡོ་རྗེ་ཆོས་ཀྱིས་བཀའ་ཡི་བསྡུ་བ་དང༌། དགོངས་འགྲེལ་ལུང་ལྔའང་མཛད་ནས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཉེར་དུ་གཏད། དེ་ཉིད་ཀྱིས་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་བཀའ་བབ་རིག་འཛིན་བརྒྱད་ཀྱིས་སྒོས་བཀའ་སོ་སོར་སྤྱན་དྲངས། སྤྱི་རྒྱུད་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ལ་བཀའ་བབས་ཏེ་མན་ངག་གི་རིམ་པ་རྒྱས་བསྡུས་མཐའ་ཡས་པ་མཛད་ཅིང་འཕགས་བོད་གཉིས་སུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཁྱད་པར་བོད་ཡུལ་བསམ་ཡས་མཆིམས་ཕུར་རྗེ་འབངས་ཉི་ཤུ་རྩ་ལྔ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་སྨིན་ཅིང་གྲོལ་བར་མཛད། མངའ་བདག་ཚངས་པ་ལྷའི་མེ་ཏོག་ལ་བདེ་གཤེགས་འདུས་པ་ཆེན་པོ་བཀའ་བབས་ཏེ་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་གསང་མཛོད་གཏད། རྗེ་འབངས་སོ་སོའི་དབང་སྐལ་སྒྲུབ་སྡེའི་ཆོས་སྐོར་རྒྱས་བསྡུས་དུ་མ་བསྟན་ཏེ་བོད་ཡུལ་མཐའ་དབུས་ཀུན་ཏུ་གཏེར་དུ་སྦ་བར་མཛད་པ་རྣམས་གཏེར་ཁ་གོང་འོག་གཙོ་བོར་གྱུར་པའི་སྤྲུལ་པའི་གཏེར་ཆེན་རྣམས་ཀྱིས་རིམ་པར་སྤྱན་དྲངས་ནས་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པར་མཛད་པ་ལས། སྐབས་སུ་བབས་པ་འདི་ནི་ཨོ་རྒྱན་སངས་རྒྱས་གཉིས་པའི་ནང་ཐུགས་ཀྱི་སྲས་གཅིག །བོད་ཡུལ་ཆོས་ཀྱི་ཤིང་རྟ་རྗེ་རྒྱལ་ཁྲི་སྲོང་ལྡེའུ་བཙན་སངས་རྒྱས་མ་ཆགས་པདྨ་ཅན་དུ་འབྲས་བུ་མཐར་ཕྱིན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡི་སྤྲུལ་པས་གངས་ཅན་གྱི་གདུལ་བྱ་རྟག་པར་བསྐྱང་བའི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་ཡོངས་རྫོགས་བསྟན་པའི་མངའ་བདག །གངས་ཅན་བོད་ཀྱི་སྐྱབས་གཅིག །རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་ལ་དག་ཆེན་ཡེ་ཤེས་ཀྱི་རོལ་རྩེད་དུ་རིག་འཛིན་ལྷ་དང་མཁའ་འགྲོ་དངོས་གཅིག་དུ་མར་རོལ་པས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་རྒྱུན་མི་ཆད་པའི་གཟིགས་སྣང༌། དག་སྣང་རྒྱ་ཅན་ཉེར་ལྔར་གྲགས་པ་ལས། དགུང་གྲངས་ཉེར་བདུན་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་རྣམ་པ་མི་དཀར་པོ་ཞིག་གིས་བོད་ཁམས་བདེ་ཐབས་ཁ་ཡར་བསྟན། སྣང་བ་དེ་འགགས་པའི་མུར་ཛོ་ཀིའི་ཉམས་ཤིན་ཏུ་དོད་པ་རྒྱ་གར་གྱི་པཎྜི་ཏ་སྐུ་མདོག་སེར་ར་བ་ཞིག་གིས། སྒྲུབ་པ་བཀའ་བརྒྱད་ཡི་དམ་གྱི་ལྷར་ཟུངས་ཤིག་པར་བསྐུལ་བའི་ངང་ནས་པཎྜི་ཏ་བི་མ་མི་ཏྲ་ཐུགས་ཀར་ཕུར་པ་ཞལ་གཅིག་ཕྱག་གཉིས་པ། མདུན་དུ་ཕུར་པ་ཞལ་གསུམ་ཕྱག་དྲུག་པ་དེ་ཡི་ཐུགས་ཀར་ཕུར་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་རིག་འཛིན་ཞལ་ལུང་ལྟར་བཀྲ་ལམ་གྱིས་བསྟན། རང་གི་མཐའ་བསྐོར་དུ་བྱད་དབྱིབས་ཆ་ལུགས་ངོས་བཟུང་མི་ནུས་པ་མང་པོའི་ཛཔ྄་དབྱངས་དིར་བྱུང༌། དེ་ནས་དབང་བཞི་རྫོགས་པར་བསྐུར། དེ་བཞིན་དུ་འཇམ་དཔལ་བཤེས་གཉེན་པཎ་ཆེན་གྱི་ཆས་ཅན་གྱིས་འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་དབང༌། ཀླུ་སྒྲུབ་སྙིང་པོ་རབ་བྱུང་སྦྲུལ་མགོའི་གདེང་ཀ་ཅན་གྱིས་པདྨ་ཡང་གསང་གི་དབང༌། ཨོ་རྒྱན་རིན་པོ་ཆེ་ཟ་ཧོར་མས་ཆེ་མཆོག་དབུ་ཉེར་གཅིག་གི་དབང༌། ཧཱུྃ་ཀ་ར་རས་གཟན་དཀར་པོ་གྱོན་པ་རྣལ་འབྱོར་པའི་ཆ་བྱད་ཅན་གྱིས་ཡང་དག་གི་དབང༌། དྷ་ན་སཾསྐྲྀ་ཏ་པཎྜི་ཏའི་ཆ་ལུགས་ཅན་གྱིས་མ་མོའི་དབང༌། རོམ་བུ་གུ་ཧྱ་ཙནྡྲ་རྣལ་འབྱོར་པ་རས་དཀར་ན་བཟའ་ཅན་གྱིས་དྲེགས་པ་ཀུན་འདུལ་གྱི་དབང༌། འདིའི་ཚེ་སྡེ་བརྒྱད་ཀྱི་སྲོག་ཡིག་དམར་ནར་གྱིས་རྐང་པའི་འོག་ཏུ་བཅུག་པ་གསལ། ཤིནྟིཾ་གྷརྦྷ་པཎྜི་ཏ་གསང་གོས་སྔོན་པོ་ཅན་གྱིས་སྟོབས་ལྡན་ནག་པོའི་དབང༌། རིག་འཛིན་དཀར་པོ་རྡོར་དྲིལ་འཛིན་ཅིང་རུས་རྒྱན་སྟག་ཤམ་རལ་པའི་ཐོར་ཚུགས་ཅན་ཞི་མ་ཁྲོ་བླ་མ་རིག་འཛིན་གྱི་དབང་བསྐུར་རོ། །དེའི་དྲུང་ན་ཇོ་མོ་མཚོ་རྒྱལ་གྱི་ངོ་བོ་བུ་མོ་ལྷ་མོའི་དབྱིབས་ཅན་གྱི་བཀའ་བརྒྱད་ཀྱི་དབང་ལ་བརྟེན་ནས་ལོ་དེའི་བར་ཆད་ཞི་བ་དང་གསང་མིང་བཏགས་ཤིང་བཟང་ངན་ཤན་འབྱེད་སྐོར་ལུང་ཁ་ཤས་བསྟན་རྗེས་རྡོ་རྗེ་གྲོ་ལོད་དུ་གནས་གྱུར་ཏེ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས། དམ་སྲི་བསེ་ཐེབས་དང་ཕོད་ཁ་གྱོན་པ་ཞིག་བྲུབ་ཁུང་ནང་བཅུག་ནས་བསྒྲལ་བའི་དབང་བསྐུར་རྗེས་བུ་མོ་དེས་སྔར་གྱི་འཕྲོས་ལུང་རྣམས་བསྟན་པའི་ངང་ནས་སྣང་བ་དེ་ཡལ་བར་གསུངས་པའི་བཀའ་བརྒྱད་སྤྱི་དྲིལ་རིག་འཛིན་ཞལ་ལུང་གི་དབང་དངོས་ལ་དཀྱིལ་འཁོར་དུ་འཇུག་པ་དང༌། ཞུགས་པ་ལ་དབང་བསྐུར་བ་གཉིས་ཀྱི་དང་པོའི་དོན་དུ་མཎྜལ་ཕུལ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་དད་མོས་དྲག་པོས་ཐལ་སྦྱར་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །སྒྲུབ་པ་བཀའ་བརྒྱད་འཁོར་དང་བཅས། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །མྱ་ངན་འདས་པའི་གྲོང་ཁྱེར་དུ། །སློབ་དཔོན་གྱིས་ཀྱང་བདག་གཞུག་གསོལ། །ལན་གསུམ་བརྗོད་པས་ཆས་སུ་ཞུགས་པ་ནི་ཐོར་ཚུགས་བྱིན་ལ། ཨུཥྞི་ཥ་ཤ་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ། གླང་ལྤགས་གཏད་ལ། ཨོཾ་ཧསྟི་ཀ་ཙརྨ་ཀྲི་ཏ་ཧཱུྃཿ སྟག་ལྤགས་སྨད་དུ་དཀྲིས་ཏེ། ཨོཾ་བྱ་བྷྲི་ཏ་ཙརྨ་ཀྲི་ཏ་ཧཱུྃཿ ཐོད་ཕྲེང་ཚར་གསུམ་མགུལ་དུ་བསྐོན་ལ། ཨོཾ་མ་ཧཱ་ཀ་ས་མ་ལྱེ་ཧཱུྃཿ སྦྲུལ་ཆུན་གྱིས་བརྒྱན་ཏེ། ཨོཾ་མ་ཧཱ་ཨཥྚ་ནཱ་ག་ར་ཙ་ཧཱུྃཿ ཞིང་ལྤགས་ཀྱིས་སྟོད་གཡོགས་ལ། ཨོཾ་ཧཱུྃ་བཾ་ཧཱུྃ་ཏིཥྛ་ན་ད་ཀ་ཧཱུྃཿ མཁུར་ཚོས་སུ་རཀྟའི་ཐིག་ལེ་བྱས་ཏེ། ཨོཾ་མ་ཧཱ་རཀྟ་མཎྜལ་ཧཱུྃཿ ཨོ་ཀོ་ལ་ཞག་གི་ཟོ་རིས་གདབ་ལ། ཧཱུྃ་སྟཾ་པ་ག་ཏ་ཨ་ལ་ལ་ཧོཿ དཔྲལ་བར་ཐལ་ཆེན་ཚོམ་བུ་བྱས་ཏེ། ཧཱུྃ་སརྦ་པཱ་ཏ་ཨ་ཧཱུྃཿ དར་རས་དམར་པོའི་གདོང་གཡོགས་ནི། ཨ་ཁཾ་བི་ར་ཧཱུྃཿ མེ་ཏོག་ཕྲེང་བ་གཏད་ལ། ཨོཾ་པུཥྤེ་རཏྣ་མ་ལྱཱ་ཏྲཾ། སྤྲོ་བ་འདྲི་བ་ནི། བུ་ཁྱོད་དཀྱིལ་འཁོར་འདིར་ཞུགས་པའི། །དོན་དམ་འབྲས་བུ་ཅི་ལ་དགའ། །ཞེས་དྲིས་པའི་ལན་དུ་འདི་ཡི་རྗེས་ཟློས་མཛོད། ཀྱཻ། བདག་སོགས་གསང་བའི་དཀྱིལ་འཁོར་འདིར། །ཞུགས་ནས་བླ་མེད་བྱང་ཆུབ་འདོད། །ཅེས་གསོལ་བས་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། འདི་ལ་གསན་པས་ཁྱབ་པར་གདའ། །སྐལ་ལྡན་བུ་ཁྱོད་དེ་སྐད་གསུངས་པ་ལེགས། །སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ནང་དུ་ཁྱེད་བསྡུ་ཡིས། །དད་པ་བསྐྱེད་ལ་དེང་ནས་ཇི་སྲིད་བར། །ལྷ་མཆོག་ཐེ་ཚོམ་སྤོངས་ལ་འདིར་ཞུགས་ཤིག །ཅེས་བརྗོད། ཚོགས་བསགས་སྐྱབས་སེམས་སྡོམ་བཟུང་སྟ་གོན་བཞིན་བྱ། ཕུང་ཁམས་བྱིན་གྱིས་བརླབ་པ་ནི། གནས་གསུམ་དུ་དྲི་ཡི་ཐིག་ལེ་བྱས་ལ། སློབ་མ་རྣམས་དཔལ་ཧེ་རུ་ཀར་གསལ་བའི་དཔྲལ་བར་ཟླ་བ། མགྲིན་སྙིང་གཉིས་ལ་ཉི་མ་རེའི་གདན་གྱི་སྟེང་དུ། དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་སྐུ་རྣམ་པར་སྣང་མཛད། མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ་ལས་གསུང་སྣང་བ་མཐའ་ཡས། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་ཐུགས་མི་བསྐྱོད་པར་གསལ་བཏབ། ཨོཾ་ཨཱཿཧཱུྃ་བརྗོད་ནས་རྡོ་རྗེའི་རྒྱས་བཏབ། ཡོལ་བ་བསལ། ནང་དུ་གཞུག་ཅིང་ཕྱག་བྱ་བ་ནི། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ། ཛཿཧཱུྃ་བཾ་ཧོཿ ཞེས་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་ཁྲིད་པར་མོས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་མཆོག །བདེ་གཤེགས་རྒྱལ་བ་འཁོར་བཅས་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་བརྗོད་དེ་ཤར་སྒོ་ནས་ཕྱག་བྱ། དེ་བཞིན་དུ་ཕྱོགས་གཞན་གསུམ་ནས་ཕྱག་བྱས་པར་མོས་ཏེ་མཐར་ཤར་སྒོའི་ནང་དུ་དབང་སྟེགས་ལ། གཙོ་བོ་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་ལ་གནས་པར་བསམས་ལ་དམ་བཞག་བཞི་ཡོད་པ་ལས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་མགོ་བོར་བཞག་ལ། །རིགས་ཀྱི་བུ་མཆོག་ཚུར་ཉོན་ཅིག །དེང་ཁྱོད་བདེ་གཤེགས་འཁོར་བཅས་ཀྱིས། །ནང་དུ་ཁྲིད་ཀྱིས་ཞུགས་པ་ཡིན། །སློབ་དཔོན་ལུང་བསྟན་ངས་ཀྱང་ནི། །བཅོམ་ལྡན་སྒྲུབ་པ་བཀའ་བརྒྱད་ཀྱི། །ཡེ་ཤེས་ཁྱེད་ལ་བསྐྱེད་པར་བྱ། །རྣལ་འབྱོར་བུ་མཆོག་ཁྱོད་ཀྱིས་ཀྱང༌། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཁྱེད་ཀྱིས་དཀྱིལ་འཁོར་མ་མཐོང་བའི། །དྲུང་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་པར་གྱུར་ན་ནི། །དམ་ཚིག་ཉམས་ཏེ་དམྱལ་བར་འགྲོ། །དམ་ཚིག་མ་བསྲུངས་བའི་ཉེས་དམིགས་བསྒྲགས་པས་དམ་བཞག་ནི། །རྡོ་རྗེ་སྙིང་གར་གཏུགས་ཏེ། བཅོམ་ལྡན་སྒྲུབ་པ་བཀའ་བརྒྱད་ནི། །ཁྱེད་ཀྱི་སྙིང་ལ་བཞུགས་པས་ན། །གལ་ཏེ་ཚུལ་འདི་སྨྲས་ན་ནི། དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད། དམ་ཚིག་བསྲུང་བའི་དཔང་པོ་བདུད་རྩི་བྱིན་པ་སྙིང་དབུས་སུ་ཐིམ་པར་མོས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་པཉྩ་ཨ་མྲྀ་ཏ་ཧ་ན་ཧ་ན་ཨུ་ད་ཀ་ཧཱུྃ་ཕཊ། བླ་མའི་བཀའ་ཉན་པའི་ཚུལ་གྱིས་དམ་ལ་བཞག་པ་ནི། རྡོ་རྗེ་མགོ་བོར་བཞག་ལ། །དེང་ནས་བརྩམས་ཏེ་ཐམས་ཅད་དུ། །ཧེ་རུ་ཀ་དཔལ་ང་ཡིན་གྱི། །ང་ཡིས་སྨྲས་པ་བུ་ཡིས་གྱིས། །ང་ལ་བརྙས་པར་བྱས་ན་ནི། །ཁྱོད་ནི་སྡུག་བསྔལ་མ་བྲལ་བར། །ཚེ་ཡི་འདུ་བྱེད་བྱས་ནས་ནི། །སེམས་ཅན་དམྱལ་བ་ཆེན་པོར་ལྷུང༌། །ཞེས་བརྗོད། དབང་གི་གཞི་ཡེ་ཤེས་དབབ་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། བླ་མ་ཡི་དམ་དགོངས་སུ་གསོལ། །སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་འདིར། །དེ་རིང་བདག་སོགས་མཆེད་ལྕམ་ལ། །བྱིན་ཆེན་དབབ་ལ་དབང་ཆེན་བསྐུར། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་མ་རྣམས་ལུས་གནད་ཆོས་བདུན་བཅས། ངག་གནད་བུམ་ཅན་ནམ་རླུང་རང་སོར་བཞག །སེམས་ཀྱི་རྟོག་པ་སྐད་ཅིག་ཀྱང་མ་ཡེངས་པར་དམིགས་པ་འདི་ལྟར་བསྒོམ་པར་ཞུ། ཨོཾ་བཛྲ་ཨ་མྲྀ་ཏས་བགེགས་བསང༌། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་ནམ་མཁའ་ལ་འཇའ་ཤར་བ་བཞིན་དུ་དཔལ་ཆེན་ཧེ་རུ་ཀ་རིགས་འདུས་ཕྱག་རྒྱ་གཅིག་པའི་སྐུར་གྱུར་ཏེ། དེ་ཡང་སྐུ་མདོག་མཐིང་ལ་སྨུག་པའི་མདངས་ཀྱིས་བརྗིད་པ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པས་གཡོན་ཐོད་པ་ཁྲག་གིས་བཀང་བ་དཀྲུགས་པའི་ཚུལ་དུ་བསྣམས་པ་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུགས་པའི་སྨིན་མ་དང་སྨ་ར་མེ་ལྕེ་འབར་བ། དབུ་སྐྲ་ཁམ་ནག་ནམ་མཁར་འཕྱོ་ཞིང་ཐོད་སྐམ་རིགས་ལྔ་རྩེ་ཕྲན་འོད་ཟེར་འབར་བས་བརྒྱན་པ་སྙན་རྒྱན་མགུལ་ཆུན་དང༌། ཕྱག་ཞབས་ཀྱི་རྒྱན་རིན་པོ་ཆེ་དང་རུས་རྒྱན་སྦྲུལ་གྱི་ཆུན་པོས་བརྒྱན་པ། སྐུ་ལ་གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་སྟག་ལྤགས་ཤམ་ཐབས་ཏེ་བགོ་བའི་གོས་གསུམ་དང༌། ཐོད་པ་སྐམ་རློན་རྙིང་པའི་ཕྲེང་བ་ཚར་གསུམ། ཐལ་ཆེན་རཀྟ་ཞག་གི་ཟོ་རིས་ཏེ་བྱུག་པའི་རྫས་གསུམ་དང༌། རྡོ་རྗེའི་གཤོག་པ་དང་ཡེ་ཤེས་ཀྱི་མེ་དཔུང་སྟེ་དཔའ་བའི་རྟགས་གཉིས་དང་བཅས་ཏེ་དཔལ་གྱི་ཆས་རྣམས་སྐུ་ལ་རྫོགས་པར་བརྒྱན་ཅིང༌། ཞབས་གཡས་བསྐུམ་གཡོན་བརྐྱང་གི་འདོར་ཐབས་ཀྱིས་པད་ཉིའི་གདན་ལ་བཞེངས་ཤིང་འགྱིངས་པ། །ཡུམ་ཆེན་ཁྲོ་མོ་གནམ་ཞལ་མ་མཐིང་ག་ཆ་ལུགས་ཡབ་དང་མཚུངས་པའི་ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཡས་པ་ཡབ་དང་མཉམ་པར་བཤིབས་ཤིང་གཡོན་ཡབ་ཀྱི་སྐེད་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་སྣང་ལ་རང་བཞིན་མེད་པ་གར་དགུའི་ཉམས་ལྡན་གཟི་བརྗིད་གཏུམ་རྔམས་ཀྱི་དཔལ་དུ་འབར་བ་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གས་མཚན་པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པ་དང༌། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མོས་གུས་ཤུགས་དྲག་ཏུ་བསྐྱེད་པའི་རྐྱེན་གྱིས་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་པའི་ཐུགས་ཀའི་འོད་དང་སྙོམས་འཇུག་གི་བདེ་བའི་སྒྲས་བསྐུལ་ཏེ། མཁའ་ཁྱབ་ཀྱི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ནས་སློབ་མའི་སྒོ་གསུམ་ལ་སིབ་སིབ་ཐིམ་པར་བསམ་ལ་སློབ་དཔོན་གྱིས་དགོངས་པ་བཅས་པའི་གདེངས་བསྐྱེད། འབེབས་པའི་རྫས་བདུག་རོལ་མོ་དབྱངས་དང་བཅས་པས། ཨ་ལ་ལ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ འཕགས་མཆོག་ཐུགས་རྗེ་སོགས་དང༌། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཛྙཱ་ན་ཨ་བེ་ཤ་ཡཿ སྟྭཾ་བྷ་ཡ་སྟྭཾ་བྷ་ཡཿ ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡཿ ཧཱུྃ་ཨ་ཧེ་ཛྷེཾ༔ ཞེས་དྲག་ཏུ་བཟླས་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པ་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོ་བོར་རྒྱ་གྲམ་དུ་བཞག །ཁྱེད་རྣམས་ཀྱི་སྤྱན་མིག་དར་གྱིས་བཀབ་སྟེ་དཀྱིལ་འཁོར་ལ་ལྟོས་དང་ཁ་དོག་གང་མཐོང་བ་དེ་བདག་ལ་སྨྲོས་ཤིག །སློབ་མ་རྣམས་ཀྱིས་གང་མཐོང་བ་ཞུས་པས། སློབ་དཔོན་གྱིས་ལས་བཞིའི་ཁ་དོག་གང་མཐོང་བ་དེ་རིགས་དང་དངོས་གྲུབ་འགྲུབ་པར་ལུང་བསྟན། འགྲིམ་དཀྱིལ་བསྟར་ལ། །སྔར་བྱིན་པའི་མེ་ཏོག་ཅོད་པན་དེ་ཉིད་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་དཀྱིལ་འཁོར་ཆེན་པོར་དོར་བའི་མོས་པས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་དོར་བར་ཞུ། །དཀྱིལ་འཁོར་ལྷ་ཚོགས་དྲུང་དུ་བདག་མཆི་ཡིས། །དཔལ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ཆེན་པོ་རུ། །དངོས་གྲུབ་ཐོབ་ཕྱིར་དབུས་སུ་མེ་ཏོག་གཏོར། །སྔོན་སྦྱངས་ལས་འཕྲོ་གང་ཡོད་དེར་བབ་ཤོག །པྲ་ཏཱིཙྪ་ཧོཿ དེ་ལྟར་ཕུལ་བ་ཉིད་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པ་དང་ལྷན་ཅིག་དཔལ་ཆེན་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་འཕྲོས་ཏེ་སྤྱི་བོར་ཐིམ་པར་མོས་ཤིག །སྐབས་འདིར་སྤྲོ་ན་མེ་ཏོག་གང་དུ་བབ་པའི་རིགས་དང་མཐུན་པའི་མིང་གདགས། ཧཱུྃ། ཅོད་པན་འདི་ནི་དཔའ་བའི་རྟགས། །སྨོན་ལམ་མཐུན་པའི་ལྷས་བྱིན་བརླབས། །བར་ཆད་ཀུན་གྱིས་མི་ཚུགས་ཤིང༌། །འཁོར་བའི་སྐྱོན་གྱིས་མ་གོས་ཤིག །པུཥྤེ་ཨ་བྷི་ཥིཉྩ་མཾཿ སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་བ། ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་སངས་ཀྱིས་བསལ་བར་མོས་ཤིག །རྡོ་རྗེ་མིག་འབྱེད་པའི་ཚུལ་བྱས། སྐལ་བཟང་ཁྱེད་ལ་གཞལ་ཡས་ངས་བསྟན་ཕྱིར། །རབ་ཏུ་དགའ་བ་བསྐྱེད་ལ་གུས་པ་གྱིས། །མ་རིག་མུན་སེལ་ཡེ་ཤེས་མིག་དབྱེ་ཡི། །གསལ་ཞིང་དྭངས་པས་སེམས་ཅན་དོན་ལ་ལྟོས། །ཨོཾ་བཛྲ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་མིག་དར་བསལ། །དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི། །དཀྱིལ་འཁོར་བཟང་པོ་ཉིད་ལ་ལྟོས། །ཤེས་རབ་རྣམ་གསུམ་རབ་ཏུ་བསྐྱེད། །བདེ་བར་གཤེགས་པའི་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། འགྲོ་བ་རིགས་དྲུག་ཐམས་ཅད་ལ། །བུ་བཞིན་སྙིང་རྗེ་ཀུན་ལ་སྐྱེད། གསང་བའི་ཆོས་ལ་དད་པར་གྱིས། །ཞེས་བརྗོད་ནས་རྟེན་བརྟེན་པའི་དཀྱིལ་འཁོར་རྣམས་རྒྱས་པར་བསྟན། དཀྱིལ་འཁོར་གྱི་ཤར་སྒོར་ཕྱིན་པ་དང༌། ལྷ་ཚོགས་ཡོངས་རྫོགས་ལ་སྒོ་ཡི་རིམ་གྱིས་གཡས་བསྐོར་དུ་ཕྱག་འཚལ་བར་མོས་ལ། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། ཞེས་ཕྱག་འཚལ་བར་མོས། དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་པས་མཚོན་བྱེད་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་བུམ་པ་ལ་སོགས་པའི་རྫས་རྣམས་བཀྲ་ལམ་མེ་མཇལ་བ་ལ་བརྟེན་ནས་མཚོན་བྱ་དོན་གྱི་དཀྱིལ་འཁོར་ལྷག་པ་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་རྡོ་རྗེའི་རྭ་གུར་མེ་དཔུང་གི་དབུས་འཁོར་ལོའི་ར་བ་རྡོ་རྗེའི་བྲག་སྟེང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་དུ་པད་ཉི་རྒྱ་གྲམ་གྱི་སྟེགས་བུར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དབུས་ཕྱུར་བུ་ཆོས་འཁོར་ཏོག་གིས་མཚན་པའི་ནང༌། རྡོ་རྗེའི་གདུང་གིས་མིག་མང་རིས་སུ་བཅད་པའི་གླིང་དགུར་ཕོ་བྲང་ཆེན་པོ་དགུ། ཕྱི་ནང་ཐམས་ཅད་ཕྱི་རིན་པོ་ཆེ་སྣ་ལྔ། ནང་ཐོད་པ་ཚར་གསུམ་གྱི་རྩིག་པ་ལ་དྲག་པོའི་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་ཤིང༌། རྟ་བབ་སྒོ་རྒྱན་དང་བཅས་པའི་གླིང་དགུ་སོ་སོའི་ནང་དུ་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ། ལྟེ་བ་གྲུ་གསུམ་མཐིང་ནག་ཟླ་གམ་དང་བཅས་པའི་དབུས་སུ་རྡོ་རྗེ་བྲག་ཆེན་པདྨ་ཉི་ཟླ་བྱོལ་སོང་གསེར་འཁོར་ལྷ་ཀླུའི་གདན། ཕྱོགས་མཚམས་རྣམས་ཀྱི་དབུས་དང་རྩིབས་བཞི་ཁྱམས་དང་སྒོ་རྣམས་སུ་རང་རང་གི་གདན་རྣམས་བཀོད་པ་ནི་རྟེན་གཞལ་ཡས་ཁང་ཡིན་ལ། བརྟེན་པ་ལྷ་ནི་དབུས་སུ་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་སྨུག་ནག་དབུ་ཉེར་གཅིག་ཕྱག་བཞི་བཅུ་རྩ་གཉིས་ཀྱི་ཞི་བ་བཞི་བཅུ་རྩ་གཉིས་བསྣམས་ཤིང་ཞབས་བརྒྱད་བགྲད་པ། ཡུམ་གནམ་ཞལ་མ་དབུ་དགུ་ཕྱག་བཅོ་བརྒྱད་ཀྱིས་གནས་ཡུལ་གྱི་ཁྲོ་མོ་ཕྲ་མེན་བསྣམས་ཤིང་ཞབས་བགྲད་པ། ཡབ་ཡུམ་གཉིས་ཀ་དཔལ་དང་དུར་ཁྲོད་ཀྱི་ཆས་དང་ལྡན་པའི་ཕྱོགས་བཞིར་ལུང་གི་ཧེ་རུ་ཀ་ཡབ་ཡུམ། ཕྱི་ཁྱམས་སུ་ཁྲོ་བོ་མཐར་བྱེད་སྒོ་བ་བཞི་བཀའ་སྲུང་ལྕེ་སྤྱང་མ་བརྒྱད་དང་བཅས་པ་སྟེ་ལྷ་ཚོགས་སུམ་ཅུ་སོ་གཉིས། ཤར་ཕྱོགས་སུ་ཡང་དག་ཐུགས་ཀྱི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད། ལྷོར་འཇམ་དཔལ་སྐུ་ཡི་ལྷ་ཚོགས་ལྔ་བཅུ་རྩ་ལྔ། ནུབ་ཏུ་པདྨ་གསུང་གི་ལྷ་ཚོགས་དྲུག་ཅུ་རྩ་བཞི། བྱང་དུ་ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་བདུན་བཅུ་རྩ་བརྒྱད། ཤར་ལྷོར་རྦོད་གཏོང་མ་མོའི་ལྷ་ཚོགས་བདུན་ཅུ་རྩ་བཞི། ལྷོ་ནུབ་ཏུ་རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས་ཉི་ཤུ་རྩ་དགུ། ནུབ་བྱང་དུ་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་སུམ་ཅུ་རྩ་གཉིས། བྱང་ཤར་དུ་དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་ཉི་ཤུ་རྩ་བརྒྱད། ཕྱི་ཡི་ཕོ་བྲང་ཆེན་པོའི་ཁྱམས་ཀྱི་ནང་དུ་མཁའ་འགྲོ་སོ་གཉིས་དང་དབང་ཕྱུག་ཉེར་བརྒྱད། སྒོ་བཞིའི་ནང་དུ་མཐར་བྱེད་བཞི། མཁའ་འགྲོ་བཞི། གིང་ཆེན་བཞི། ཕྱི་རོལ་དུ་རྒྱལ་ཆེན་སྡེ་བཞི། དུར་ཁྲོད་ཀྱི་ཁྱམས་ལ་གིང་ཆེན་བཅོ་བརྒྱད། ལང་ཀ་བཅུ་དྲུག །འབར་མ་བརྒྱད། ཡེ་ཤེས་ཀྱི་མ་མོ་བདུན། སྲིང་མོ་བཞི། ཕོ་ཉ་དྲུག་ཅུ་རྩ་བཞི། ས་བདག་ཆེན་མོ་སུམ་ཅུ་རྩ་གཉིས་རིགས་འདུས་མཁའ་འགྲོ་འབུམ་ཕྲག་ཉི་ཤུ། བརྟན་མ་བཅུ་གཉིས་ལ་སོགས་ཏེ་མདོར་ན་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་བདུན་བརྒྱ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་ཡེ་ཤེས་ཀློང་དགུའི་རང་བཞིན་མངོན་སུམ་དུ་མཇལ་ཏེ་ཕྱི་ནང་གཞན་གསུམ་དབྱེར་མེད་ངོ་བོ་གཅིག་ཏུ་རྫོགས་པའི་དོན་རྟོགས་པར་མོས་མཛོད། དེ་དག་གིས་སྔོན་འགྲོ་འཇུག་པའི་ཆོས་གྲུབ་ནས་ལྷ་དང་སྐལ་པ་མཉམ་པས་ཡེ་ཤེས་སྨིན་པའི་སྣོད་དུ་གྱུར་པ་ཡིན་ནོ། །གཉིས་པ་དངོས་གཞི་དཀྱིལ་འཁོར་དུ་ཞུགས་པ་ལ་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །དཔལ་ཆེན་བཀའ་བརྒྱད་དཀྱིལ་འཁོར་དུ། བུམ་པའི་དབང་བསྐུར་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་དབང་བསྐུར་བ་ལ་སློབ་མ་དང་རྣམ་བུམ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨ་ཉི་མའི་སྟེང་དུ་སློབ་མ་དང་བུམ་ཆུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། སྒོས་བཀའ་སོ་སོའི་སྐབས་མི་བསྐྱོད་གཤིན་རྗེ་གཤེད་སོགས་བསྒྱུར། མཆན། བཛྲ་ཧེ་རུ་ཀ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས། ཁྲོ་བོ་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོས་བསྟིམ། ཨོཾ་སརྦ་ཏ་ཐཱ་ག་ཏའི་མཐར། ཨརྒྷཾ་ནས་ཤཔྟའི་བར་བཏགས་ཏེ་མཆོད། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེའི་ཐུགས་ནི་བླ་ན་མེད། །སྐྱེ་མེད་སྤྲོས་བྲལ་ངོ་བོ་ཉིད། །མི་བསྐྱོད་པ་ལ་ཕྱག་འཚལ་བསྟོད། ཅེས་བསྟོད་ནས། ལྷ་འོད་དུ་ཞུ་བ་ལས་བུམ་ཆུར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་ལྷ་དཔག་ཏུ་མེད་པ་སྤྱན་དྲངས་དེ་རྣམས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དམིགས་ཏེ། རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་ཀྱིས། དབང་བསྐུར་དམ་པ་སྩོལ་བར་མཛོད། ཅེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱིས་མི་བསྐྱོད་པའི་རང་བཞིན་གྱི་ཆུའི་དབང་བསྐུར་བར་བསམ། ཧཱུྃ། སྐུ་གསུང་ཐུགས་ལས་བྱུང་བ་ཡི། །ཉོན་མོངས་ཞེ་སྡང་འཇོམས་མཛད་པའི། །ལྷ་ཡི་བདུད་རྩི་དག་པ་ཡིས། །མི་བསྐྱོད་པ་རུ་དབང་བསྐུར་རོ། །ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་བའི་ཆུ་རྒྱུན་གྱིས་སློབ་མའི་ལུས་ཐམས་ཅད་གང་བས་ཉོན་མོངས་པ་ཞེ་སྡང་དག་ནས་རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་བག་ཆགས་རྒྱུད་ལ་བཞག་པར་མོས། རིན་ཆེན་རིགས་ཀྱི་ཅོད་པན་གྱི་དབང་ནི། སློབ་མ་རྣམས་བསང་སྦྱང༌། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་སློབ་མ་རཏྣ་ཧེ་རུ་ཀ་རིན་པོ་ཆེ་དང་དྲིལ་བུ་འཛིན་པར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས། སློབ་མ་དང་དབུ་རྒྱན་སྭཱ་ལས་རིན་ཆེན་སྭཱས་མཚན་པ་ལས་རཏྣ་ཧེ་རུ་ཀ་སེར་པོ་ཁྲོ་བོའི་རྣམ་པ་ཅན། རིན་པོ་ཆེ་དང་དྲིལ་བུ་འཛིན་པ་སོགས་བསྐྱེད་པ་གོང་དང་འདྲ། ཨོཾ་སརྦ་ཏ་ཐཱ་ག་ཏའི་མཐར། ཨརྒྷཾ་ནས་ཤཔྟའི་བར་བཏགས་ཏེ་མཆོད། བསྟོད་པ་ནི། །ལྟ་བ་ངན་པ་འཇོམས་མཛད་པའི། །རིན་ཆེན་རྒྱལ་པོ་ཡོན་ཏན་གཙོ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་འབྱུང་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ལྷ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་དབུ་རྒྱན་དུ་གྱུར་པར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་ལྷ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དམིགས་ཏེ། །རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་ཀྱིས། །དབང་བསྐུར་དམ་པ་སྩོལ་བར་མཛོད། །ཅེས་གསོལ་བ་བཏབ་པས། ལྷ་ཚོགས་རྣམས་ཀྱིས་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་བསྐུར་བར་བསམ། ཧཱུྃ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །སེར་སྣའི་ཞེན་པ་རྣམ་པར་འཇོམས། །རྟག་ཏུ་ཆགས་མེད་སྦྱིན་པ་འདིས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཞེས་རྣམ་བུམ་གྱི་ཆུ་གཏོར། ཨོཾ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་སྭཱ། ཞེས་བརྗོད། སྔར་བཞིན་བུམ་པའི་ཆུས་དབང་བསྐུར་བའི་ཆུ་རྒྱུན་གྱིས་སློབ་མའི་ལུས་ཐམས་ཅད་གང་བས་ཉོན་མོངས་པ་ང་རྒྱལ་དག་ནས་ཚོར་བའི་ཕུང་པོ་གནས་གྱུར་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་བག་ཆགས་རྒྱུད་ལ་བཞག་པར་མོས། སློབ་མ་རྣམས་བསང་སྦྱང༌། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་སློབ་མ་པདྨ་ཧེ་རུ་ཀ་པདྨ་དང་དྲིལ་བུ་འཛིན་པར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས། སློབ་མ་དང་རྡོ་རྗེ་ཨཾ་ལས་པདྨ་ཨཾ་གིས་མཚན་པ་ལས་པདྨ་ཧེ་རུ་ཀ་དམར་པོ་ཁྲོ་བོའི་རྣམ་པ་ཅན་པདྨ་དང་དྲིལ་བུ་འཛིན་པ་སོགས་གོང་དང་འདྲ། ཨོཾ་སརྦ་ཏ་ཐཱ་ག་ཏའི་མཐར།ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བསྟོད་པ་ནི། རྡོ་རྗེ་གསུང་གི་དཔག་མེད་པ། །དེ་བཞིན་གཤེགས་པའི་གསུང་མཆོག་པ། །རྡོ་རྗེའི་གསུང་གིས་ཀུན་འབྱུང་བ། །རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད། ལྷ་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེར་བསམ། རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་ཀྱིས། །དབང་བསྐུར་དམ་པ་བསྩལ་དུ་གསོལ། །གསོལ་བ་བཏབ་རྗེས། ཧཱུྃ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །མི་ཕྱེད་རྡོ་རྗེའི་གསང་བ་ལ། །འདོད་ཆགས་རྟོག་པ་རྣམ་པར་འཇོམས། །རྡོ་རྗེ་ཆོས་སུ་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། །ཞེས་རྣམ་བུམ་གྱི་ཆུ་གཏོར། བུམ་པའི་ཆུས་དབང་བསྐུར་བའི་ཆུ་རྒྱུན་གྱིས་སློབ་མའི་ལུས་ཐམས་ཅད་གང་བས་ཉོན་མོངས་པ་འདོད་ཆགས་དག་ནས་འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། སྣང་བ་མཐའ་ཡས་ཀྱི་བག་ཆགས་རྒྱུད་ལ་བཞག་པར་མོས། སློབ་མ་རྣམས་བསང་སྦྱང༌། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་སློབ་མ་ཀརྨ་ཧེ་རུ་ཀ་དྲིལ་བུ་དང་རལ་གྲི་འཛིན་པར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས། སློབ་མ་དང་དྲིལ་བུ་ཧཱ་ལས་རལ་གྲི་ཧཱས་མཚན་པ་ལས་ཀརྨ་ཧེ་རུ་ཀ་ལྗང་གུ་ཁྲོ་བོའི་རྣམ་པ་ཅན་རལ་གྲི་དང་དྲིལ་བུ་འཛིན་པ་སོགས་བསྐྱེད་པ་གོང་དང་འདྲ། ཨོཾ་སརྦ་ཏ་ཐཱ་ག་ཏའི་མཐར། ཨརྒྷཾ་ནས་ཤཔྟའི་བར་བཏགས་ཏེ་མཆོད། བསྟོད་པ་ནི། རྡོ་རྗེ་ལས་གྲུབ་ཀུན་གྱི་མཆོག །སེམས་ཅན་ཀུན་གྱི་དོན་གྲུབ་དཔལ། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད། ལྷ་འོད་དུ་ཞུ་བ་ལས་བྱུང་བའི་དྲིལ་བུར་བསམ། །རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་ཀྱིས། དབང་བསྐུར་དམ་པ་བསྩལ་དུ་གསོལ། །ཞེས་ལྷ་ཚོགས་ལ་གསོལ་བ་བཏབ་རྗེས། ཧཱུྃ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །འགྲོ་དོན་མཉམ་མེད་བྱེད་གྱུར་པའི། ཕྲག་དོག་རྟོག་པ་རྣམ་པར་འཇོམས། །གཉིས་སུ་མེད་པའི་དབང་བསྐུར་རོ། །ཨོཾ་བཛྲ་གྷཎྜེ་ཨ་བྷི་ཥིཉྩ་ཧཱ། ཞེས་རྣམ་བུམ་གྱི་ཆུ་གཏོར། བུམ་པའི་ཆུས་དབང་བསྐུར་བའི་ཆུ་རྒྱུན་གྱིས་སློབ་མའི་ལུས་ཐམས་ཅད་གང་བས་ཉོན་མོངས་ཕྲག་དོག་དག་ནས་འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་བག་ཆགས་རྒྱུད་ལ་བཞག་པར་མོས་ལ། སློབ་མ་བསང་སྦྱང༌། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་སློབ་མ་བུདྡྷ་ཧེ་རུ་ཀ་རྡོར་དྲིལ་འཛིན་པར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས། སློབ་མ་དང་རྡོར་དྲིལ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས། བུདྡྷ་ཧེ་རུ་ཀ་དཀར་པོ་ཁྲོ་བོའི་རྣམ་པ་ཅན་འཁོར་ལོ་དང་དྲིལ་བུ་འཛིན་པ་སོགས་བསྐྱེད་པ་གོང་དང་འདྲ། ཨོཾ་སརྦ་ཏ་ཐཱ་ག་ཏའི་མཐར་ཨརྒྷཾནས་ཤཔྟའི་བར་བཏགས་ཏེ་མཆོད། བསྟོད་པ་ནི། །རྡོ་རྗེའི་སྐུ་ནི་དགའ་ཆེན་པོ། ཐམས་ཅད་ཞི་བའི་མཆོག་ཉིད་གསལ། །རང་གི་ངང་གིས་འོད་གསལ་མཆོག །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། ཅེས་བརྗོད། ལྷ་འོད་དུ་ཞུ་བ་ལས་བྱུང་བའི་རྡོར་དྲིལ་དུ་བསམ། །རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་ཀྱིས། །དབང་བསྐུར་དམ་པ་བསྩལ་དུ་གསོལ། ལྷ་ཚོགས་ལ་གསོལ་བ་བཏབ་རྗེས། ཧཱུྃ། རྡོ་རྗེ་མིང་གི་དབང་བསྐུར་བས། །གཏི་མུག་རྟོག་པ་རྣམ་པར་འཇོམས། །ཅིས་ཀྱང་མི་ཤིགས་མི་ཆོད་པར། །རྡོ་རྗེ་མིང་ནི་རབ་ཏུ་གྲགས། །ཨོཾ་བཛྲ་སཏྭ་ཨོཾ་ན་མ་ཨ་བྷི་ཥིཉྩ་ཨོཾ། རྣམ་བུམ་གྱི་ཆུ་གཏོར། སྔར་མེ་ཏོག་གང་ལ་བབས་པའི་གསང་མཚན་བརྗོད། སྔར་བཞིན་བུམ་པའི་ཆུས་དབང་བསྐུར་བའི་ཆུ་རྒྱུན་གྱིས་སློབ་མའི་ལུས་ཐམས་ཅད་གང་བས་ཉོན་མོངས་པ་གཏི་མུག་དག་ནས་གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་ནས་རྣམ་པར་སྣང་མཛད་ཀྱི་བག་ཆགས་རྒྱུད་ལ་བཞག་པར་མོས། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་འོད་ཕུང་གི་རྣམ་པས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཉེར་སྤྱོད་བཏེགས་ལ། ཨོཾ་བཛྲ་པུཥྤེ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཁ་ཤས་བརྗོད། དེ་དག་གིས་དབང་རྫས་ལ་བརྟེན་ནས་དབང་བསྐུར་བས་དཔལ་ཧེ་རུ་ཀ་རིགས་ལྔ་དང་སྐལ་པ་མཉམ་པ་ལ། སྨན་རཀ་གཏོར་མ་དམ་ཚིག་གི་རྫས་ཀྱིས་ལྷ་རྣམས་བསྙེན་ཅིང་སྒྲུབ་པ་སོགས་གསང་སྔགས་ཟབ་མོའི་ཐབས་ལ་བརྟེན་ནས་འཁོར་འདས་ཐམས་ཅད་འདོད་ཡོན་ཟག་མེད་ཡེ་ཤེས་རྣམ་རོལ་ཆེན་པོར་ལོངས་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །ཧཱུྃ སྨན་རཀ་གཏོར་མ་མཆོད་པའི་ཚོགས། །དམ་རྫས་རྣམས་ཀྱི་དབང་བསྐུར་བས། །ལྷ་དང་དམ་ཅན་བསྟེན་མཆོད་པའི། །སྒོམ་སྒྲུབ་ཉན་བཤད་དབང་ཐོབ་ཤོག །ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨ། སྨན་རཀ་ལག་གཡས་གཡོན་གཏོར་མ་སྤྱི་བོར་བཞག །དུར་ཁྲོད་ཀྱི་ཆས་བརྒྱད་བསྐོན་པས་དཔལ་ཧེ་རུ་ཀའི་གནས་ཐོབ་སྟེ་མ་མོ་མཁའ་འགྲོ་ཡོངས་ཀྱི་རྗེ་བོར་མངའ་དབང་བསྒྱུར་བར་མོས་ཤིག །ཧཱུྃ། །དེ་རིང་དུས་འདིར་བུ་ཁྱོད་ལ། །ཀོ་རློན་ཞིང་ལྤགས་སྟག་ཤམ་དང༌། །བྱུག་པའི་རྫས་གསུམ་སྐམ་རློན་ཕྲེང༌། །དུར་ཁྲོད་ཆས་བརྒྱད་དབང་ཐོབ་ཤོག །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ། རྡོ་རྗེ་ཕྱེད་དང་རལ་པའི་ཐོད། །ཁྱུང་གཤོག་སྣ་ཚོགས་ཕྱག་མཚན་མཚོན། །གོ་ཁྲབ་རོ་གདན་ཁྲག་ཞག་མཚོ། །བསྐལ་པའི་མེ་དཔུང་རབ་འབར་བ། །དཔལ་གྱི་ཆས་བརྒྱད་དབང་ཐོབ་ཤོག །ཤྲཱི་ཧེ་རུ་ཀ་ཨ་ལངྐ་ར་ཨ་བེ་ཤ་ཡ་ཨ་ཨཿ གཉིས་པ་ནང་ནུས་པ་འཇུག་པའི་དབང་ལ་དབང་ལྔའི་ཐོག་མ་ནང་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དང་པོ་ནི་དཀྱིལ་འཁོར་གྱི་གཙོ་བོ་ལས་ཞི་བ་རིགས་བཞི་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན། སློབ་མ་དཔལ་ཆེན་པོར་གསལ་བའི་གནས་བཞིར་དྭངས་གསལ་སྒྲིབ་མེད་དུ་བཞུགས་པར་མོས་ཏེ། ཧཱུྃ། སྤྱི་བོར་འཇམ་དཔལ་ཡེ་ཤེས་སེམས། །མགྲིན་པར་སྤྱན་རས་གཟིགས་དབང་སྟེ། །ཐུགས་ཀར་རྡོ་རྗེ་སེམས་དཔའ་ཉིད། །ལྟེ་བར་དྲུག་པ་རྡོ་རྗེ་འཆང༌། །རྒྱལ་བ་རིགས་བཞིའི་དབང་བསྐུར་བས། །སྐུ་བཞི་ལྷུན་གྲུབ་དབང་ཐོབ་ཤོག །ཨོཾ་ཝཱ་གཱི་ཤྭ་རི་མཱུཾ། ཨརྻ་ཨ་ཝ་ལོ་ཀེ་ཏེ་ཤྭ་ར་ཡ། བཛྲ་སཏྭ། མ་ཧཱ་བཛྲ་དྷ་ར་ཨ་བྷི་ཥིཉྩ་ཨ་ཨཿ དཀྱིལ་འཁོར་གྱི་ལྷ་གཙོ་བོ་དགུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་གནས་སོ་སོར་ཐིམ་པས་ལྷ་དང་གཉིས་སུ་མེད་པའི་དབང་ཆེན་ཐོབ་པར་མོས་ཤིག །ཧཱུྃ། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །སྨུག་ནག་དབུ་ནི་ཉེར་གཅིག་ལ། །གཡས་གཡོན་ཕྱག་ནི་བཞི་བཅུ་གཉིས། །ཞི་བ་བཞི་བཅུ་རྩ་གཉིས་བསྣམས། །གནམ་ཞལ་ཡུམ་དང་གཉིས་མེད་འཁྲིལ། །ཆེ་མཆོག་ལྷ་ཚོགས་འཁོར་དང་བཅས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །ཡོན་ཏན་ལྷུན་གྱིས་གྲུབ་པར་ཤོག །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཁྲག་འཐུང་རཀྴ་ཧེ་རུ་ཀ །རཀྴ་ཀྲོ་དྷཱི་ཡུམ་དང་སྦྱོར། །ཞེ་སྡང་ཉོན་མོངས་ཀུན་སྦྱངས་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་ཤྲཱི་མ་ཧཱ་རཀྴ་ཧེ་རུ་ཀ་ཧཱུྃ་ཕཊ། །ཨོཾ་མ་ཧཱ་རཀྴ་ཀྲོ་དྷཱི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿཧཱུྃ། ཧཱུྃ། ཁྲག་འཐུང་གུ་ཧྱ་ཧེ་རུ་ཀ །གུ་ཧྱ་ཀྲོ་དྷཱི་ཡུམ་དང་སྦྱོར། །ང་རྒྱལ་ཉོན་མོངས་ཀུན་སྦྱངས་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་ཤྲཱི་མ་ཧཱ་གུ་ཧྱ་ཧེ་རུ་ཀ་ཧཱུྃ་ཕཊ། ཨོཾ་གུ་ཧྱ་ཀྲོ་དྷཱི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿཧཱུྃ། ཧཱུྃ། །ཁྲག་འཐུང་བི་ཤྭ་ཧེ་རུ་ཀ །བི་ཤྭ་ཀྲོ་དྷཱི་ཡུམ་དང་སྦྱོར། །འདོད་ཆགས་ཉོན་མོངས་ཀུན་སྦྱངས་ནས། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་ཤྲཱི་མ་ཧཱ་བི་ཤྭ་ཧེ་རུ་ཀ་ཧཱུྃ་ཕཊ། ཨོཾ་བི་ཤྭ་ཀྲོ་དྷཱི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿཧཱུྃ། ཧཱུྃ། །ཁྲག་འཐུང་ཡཀྴ་ཧེ་རུ་ཀ །ཡཀྴ་ཀྲོ་དྷཱི་ཡུམ་དང་སྦྱོར། །ཕྲག་དོག་ཉོན་མོངས་ཀུན་སྦྱངས་ནས། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་ཡཀྴ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཨོཾ་ཡཀྴ་ཀྲོ་དྷཱི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་བས་བདེ་གཤེགས་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དཔལ་དགུའི་ལྷ་དབང་བཀའ་བརྒྱད་གསང་རྫོགས་ལས་ཞལ་བསྐང་བ་ནི། ཧཱུྃ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ སེར་ནག་དབུ་གསུམ་ཕྱག་དྲུག་ཞལ་བཞི་བགྲད༔ གཡས་གསུམ་འཁོར་ལོ་རལ་གྲི་དགྲ་སྟྭ་བསྣམས༔ གཡོན་གསུམ་སྡིགས་མཛུབ་མདུང་དང་དུང་དམར་བསྣམས༔ སྦྱོར་སྒྲོལ་ཡུམ་དང་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་གཤིན་རྗེ་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་སྐུ་ལྔ་ལྷུན་གྲུབ་ཤོག༔ ཨོཾ་ཧྲིཥྚི་ཝི་ཀྲི་ཏ་ན་ན་ཧཱུྃ་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཿ དཔྲལ་བར་བསྟིམ་མོ། ཧོཿ འཇམ་དཔལ་གཤིན་རྗེ་གཤེད་ཡབ་ཡུམ་སྲས་འཁོར་དང་བཅས་པའི་དབང་བསྐུར་བས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག །ཧཱུྃཿ བཅོམ་ལྡན་དཔལ་ཆེན་རྟ་མཆོག་དབང་གི་རྒྱལ༔ དམར་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་བསྣམས༔ གཡོན་གསུམ་བྷན་དམར་དྲིལ་བུ་ལྕགས་སྒྲོག་བསྣམས༔ གཟི་ལྡན་ཡུམ་འཁྲིལ་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་དབང་ཆེན་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་གསུང་དབྱངས་ལྷུན་གྲུབ་ཤོག༔ ཨོཾ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཿ མགྲིན་པར་བསྟིམ་མོ། ཧོཿ དཔལ་ཆེན་པདྨ་དབང་ཆེན་ཡབ་ཡུམ་སྲས་འཁོར་བཅས་པའི་དབང་བསྐུར་བས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་ཡོངས་སུ་རྫོགས་པའི་དབང་ཐོབ་པར་གྱུར་ཅིག །ཧཱུྃཿ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་བསྣམས༔ གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས༔ ཀྲོ་ཏི་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་ཡང་དག་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་ཐུགས་མཆོག་ལྷུན་གྲུབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ། ཨ་བྷི་ཥིཉྩ་ཨཿ སྙིང་གར་བསྟིམ་མོ། ཧོཿ དཔལ་ཆེན་བཛྲ་ཧེ་རུ་ཀ་ཡབ་ཡུམ་སྲས་འཁོར་བཅས་པའི་དབང་བསྐུར་བས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ ལྗང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་བསྣམས༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་རྩེ་གསུམ་བསྣམས༔ གཡས་གཡོན་མཐའ་གཉིས་རྡོ་རྗེ་ཕུར་པ་འདྲིལ༔ རྒྱས་འདེབས་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་ཕུར་པ་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་ཕྲིན་ལས་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཨཱ་བྷི་ཥིཉྩ་ཨཿ ཧོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས་པའི་དབང་བསྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀཿ མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་ཁྱུང་ཁྲ་སྦྲུལ་ཞགས་བསྣམས༔ གཡོན་གསུམ་བྷན་དམར་ཞིང་དབྱུག་གྭའུ་བསྣམས༔ ཀུན་བཟང་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས༔ ཡུམ་དྲུག་ལ་སོགས་མ་མོ་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་མ་མོ་ལྷུན་གྲུབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཿ གསང་གནས་སུ་བསྟིམ་མོ། ཧོཿ དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་སྲས་འཁོར་བཅས་པའི་དབང་བསྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་གཟི་བྱིན་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃཿ བཅོམ་ལྡན་དཔལ་ཆེན་རིག་འཛིན་ཐོད་པ་རྩལ༔ སྐུ་མདོག་མ་ངེས་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་གཡོན་པས་དྲིལ་བུ་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་ཞི་དང་ཁྲོ་གར་མཛད༔ རྣལ་འབྱོར་ཡུམ་བཅས་རུས་པའི་རྒྱན་དྲུག་སྤྲས༔ རིག་འཛིན་བཞི་སོགས་རིག་འཛིན་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་བྱིན་ཆེན་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཿ སྤྱི་བོར་བསྟིམ་མོ། ཧོཿ དཔལ་ཆེན་རིག་འཛིན་ཐོད་པ་རྩལ་ཡབ་ཡུམ་སྲས་འཁོར་བཅས་པའི་དབང་བསྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྒོ་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃ། བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས༔ གཡས་ཀྱི་འོག་གཉིས་ལྷ་བརྒྱད་མགོ་བོ་བསྣམས༔ གཡོན་གྱི་འོག་གཉིས་ཀླུ་བརྒྱད་མགོ་བོ་བསྣམས༔ སྤྱི་འདུལ་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་དྲེགས་པ་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་ཆོས་སྐྱོང་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧྲཱི༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཿ པུས་མོ་གཡས་སུ་བསྟིམ་མོ། ཧོཿ དཔལ་ཆེན་དྲེགས་པ་ཀུན་འདུལ་ཡབ་ཡུམ་སྲས་འཁོར་དང་བཅས་པའི་དབང་བསྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃཿ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གཡོན་དང་པོ་རྡོ་རྗེས་ཐོད་ཁྲག་དཀྲུགས༔ གཡས་གཉིས་ལྷ་བརྒྱད་ཙིཏྟ་རྩེ་ནས་བསྣམས༔ གཡོན་གཉིས་ཀླུ་བརྒྱད་ཙིཏྟ་སྒང་ནས་འདྲིལ༔ འབྱུང་ལྔ་ཡུམ་འཁྲིལ་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་སྔགས་བདག་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་དགྲ་བགེགས་ཚར་གཅོད་ཤོག༔ ཨོཾ་བཛྲ་སརྦ་དུཥྚན་ཨེ་ཛ་བྷྱོཿ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཿ པུས་མོ་གཡོན་དུ་བསྟིམ་མོ། ཧོཿ དཔལ་ཆེན་སྟོབས་ལྡན་ནག་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པའི་དབང་བསྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཧཱུྃཿ སྤྲུལ་པའི་བྱ་ཁྱུང་ག་རུ་ཌཱཿ བདེ་གཤེགས་ནུས་མཐུ་རྩལ་ཆེན་རྫོགས་༔ ཀླུ་འདུལ་ཁྱུང་ཕོ་ཁྱུང་མོའི་ཚུལ༔ གཙུག་ན་རིན་ཆེན་རྡོ་རྗེའི་མཆུ༔ རལ་གྲིའི་གཤོག་རྒྱས་ལྕགས་ཀྱུའི་སྡེར༔ ཡང་སྤྲུལ་རིགས་ལྔའི་ཁྱུང་ཕྲུག་བསྐོར༔ གདུག་པ་འདུལ་བྱེད་ཁྱུང་དབང་བསྐུར༔ བདེན་པ་དབྱེར་མེད་དོན་རྟོགས་ཤོག༔ ཨོཾ་ཨཱཿཧཱུྃ་ཁྲོཾ་ག་རུ་ཌཱ་ཧཱུྃ་ཕཊ༔ དཔུང་པ་གཉིས་སུ་བསྟིམ་མོ། །ཡེ་ཤེས་སྤྲུལ་པའི་བྱ་ཁྱུང་གི་དབང་བསྐུར་བས༔ གདུག་པ་ཅན་ཐམས་ཅད་འདུལ་ཞིང་ཀུན་སྙོམས་ཡངས་པ་ཆེན་པོའི་རྩལ་ཆེན་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གསུང་བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་དཔལ་ཆེན་པོའི་སྐུའི་གནས་ཀྱི་ལྷ་རྣམས་ཀྱང་མེ་ལོང་ནང་གི་གཟུགས་བརྙན་བཞིན་སྣང་ལ་རང་བཞིན་མེད་པར་བསམ་པའི་ཐུགས་ཀར་རང་རང་གི་ས་བོན། བླ་མ་དང་གཙོ་བོ་ཐ་མི་དད་པའི་གནས་སོ་སོའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ཆུ་ལས་ཆུ་བུར་རྡོལ་བ་ལྟར་གཉིས་པ་རེ་ཐོན་ཞལ་ནས་བྱུང་ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས་ས་བོན་སོ་སོའི་མཐར་འཁོད་ཅིང་ཐིམ་པ་ལ་བརྟེན་ནས་བྱིན་གྱིས་བརླབས་པར་མོས་ལ་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛད་པར་ཞུ། སྤྲོ་ན་སྔགས་ཡོངས་རྫོགས་དང༌། བསྡུ་ན་དྲིལ་བསྙེན་སོ་ལྔ་པ་རྗེས་ཟློས་ལན་གསུམ་བྱར་གཞུག །མཐར་སྔགས་བྱང་ངམ་ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ༔ གསང་བའི་སྙིང་པོ་འདི་བརྗོད་པས༔ ཞི་ཁྲོ་ཡོངས་རྫོགས་ལྷ་བསྙེན་ཅིང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས༔ མ་ལུས་ལྷུན་གྱིས་འགྲུབ་པར་ཤོག༔ སྤྱི་དྲིལ་མཐར། ཨ་བྷི་ཥིཉྩ་ཨཱཿ ཐུགས་ཏིང་ངེ་འཛིན་སྤྲོས་བྲལ་འོད་གསལ་རིག་སྟོང་ཆོས་ཀྱི་སྐུའི་ངོ་བོར་མཉམ་པར་བཞག་པས། ནམ་མཁའི་ངང་དུ་འབྱུང་བ་བཞི་ཡོངས་སུ་རྫོགས་པ་ལྟར་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཟི་བརྗིད་མཐུ་སྟོབས་ཐམས་ཅད་ཡོངས་སུ་རྫོགས་པའི་ངེས་ཤེས་སྐྱེས་མཛོད། །བདུད་རྩི་སྨན་དབང་བསྐུར་བ་ལ། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཨེ་མ་ཧེ་རུ་ཀ་དཔལ་དང༌། །དབྱེར་མེད་རྡོ་རྗེ་རྒྱལ་པོ་ཡིས༔ དུར་ཁྲོད་གསང་བའི་དཀྱིལ་འཁོར་འདིར༔ དངོས་གྲུབ་རྫས་ཀྱི་བྱིན་དབང་སྩོལ༔ ཆེ་མཆོག་ཡོན་ཏན་གྱི་སྒྲུབ་པའི་ཁྱད་ཆོས་གྲོལ་བ་དྲུག་ལྡན་བདུད་རྩི་སྨན་གྱི་སྒྲུབ་པའི་དབང་བསྐུར་བ་ལ། རྒྱུད་ལས། བདུད་རྩི་མཆོག་གི་མཉམ་པའི་དབྱིངས། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །བདུད་རྩིའི་གནས་ནི་བྱང་ཆུབ་སེམས། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱངས། །བདག་དཔལ་ཚོགས་ཞིང་འགྲོ་དོན་མཛད། །སྨན་གྱི་བྱིན་རླབས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་སྔ་འགྱུར་རྡོ་རྗེ་སྙིང་པོའི་སྒྲུབ་སྡེ་བརྒྱད་ཀྱི་གཙོ་བོ་རྡོ་རྗེ་ཉི་མའི་རིགས་ཆེ་མཆོག་བདུད་རྩི་ཡོན་ཏན་གྱི་སྒྲུབ་པ་ལ་ངེས་པས་དྲང་བའི་དོན་གྱི་བདུད་རྩིའི་རྣལ་འབྱོར་ལ་བརྟེན་ནས་སྣང་སྲིད་བདེ་ཆེན་མཆོག་གི་དཀྱིལ་འཁོར་གཅིག་ཏུ་བཟླུམས་ཏེ་མཆོག་གི་དངོས་གྲུབ་དང༌། རྡོ་རྗེའི་ཚེ་དང༌། ཉམས་ཆག་བསྐང་བ་སོགས་ཐུན་མོང་ཞར་བྱུང་དུ་སྒྲུབ་པའི་གསེང་ལམ་ཉམས་སུ་ལེན་པ་བདུད་རྩིའི་དབང་ཐོབ་དགོས་པས་བཅུད་ལྡན་སྨན་གྱི་ཕོ་བྲང་འདི་ཉིད་དཔལ་ཆེ་མཆོག་ཡོན་ཏན་བདུད་རྩིའི་དཀྱིལ་འཁོར་ཡན་ལག་བདུན་དང་སྦྱོར་བ་བརྒྱད་ལྡན་ལུས་དཀྱིལ་གྱི་ལྷ་དང་བཅས་པ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་པས་ཕྱི་ནང་གསང་བ་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབ་པར་མོས་ཤིག །སྨན་གྱི་ཕོ་བྲང་གནས་གསུམ་དུ་བཞག་ལ། གདོད་ནས་མ་སྐྱེས་རྣམ་དག་ཆོས་དབྱིངས་སྦྱོར། །དག་དང་མ་དག་མི་རྟོག་རྟོག་ལས་འདས། །དུས་གསུམ་གཅིག་ལ་མྱུར་སྟོན་ཕྱི་གཤོལ་མེད། །དངོས་གྲུབ་སྣ་ཚོགས་དབྱིབས་སྟོན་འབར་བ་ཆེ། །བསྐལ་པར་སྒྲིབ་བྱང་གཏི་མུག་མུན་བསལ་བ༔ སྤྲིན་མཐོང་ཉི་ཤར་ཞུད་པར་དྲོ་བཞིན་དུ། །བདུད་རྩི་རྒྱལ་པོ་དབང་ཆེན་འདི་བྱིན་པས། །རིག་འཛིན་རྒྱལ་པོ་གཙོ་བོའི་གོ་འཕང་ཐོབ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱི་ཋ༔ ཞེས་དབང་བསྐུར་བས་ཆོས་ཀྱི་བདུད་རྩིས་སྣང་སྲིད་བདེ་ཆེན་དུ་ཤར། རྫས་ཀྱི་བདུད་རྩིས་ཕུང་ཁམས་དྭངས་མར་སྨིན། རྟགས་ཀྱི་བདུད་རྩིས་དུག་ལྔ་ཡེ་ཤེས་སུ་དག །དོན་གྱི་བདུད་རྩིས་ལྷན་སྐྱེས་རྣམ་པར་མི་རྟོག་པའི་རྡོ་རྗེ་ནམ་མཁའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །བདུད་རྩི་སྡུད་པ་པོ་འཇམ་དཔལ་རྣོན་པོ་ལ་གཏད་པས་གནང་བར་སྦྱིན་པར་མོས་ལ། འདིའི་རྗེས་ཟློས་མཛོད། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ སྨན་གྱི་ཕོ་བྲང་རྒྱ་དབྲལ་ནས། བཛྲ་པྲ་ཝེ་ཤ་ཡ་ཕཊ། བརྗོད། ཚེ་དང་སྐོང་དང་ཡིད་དུ་འོང༌། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་རྣམས་བྲལ་དང་ཅི་འདོད་པ། །ཡོན་ཏན་རྩ་བརྒྱད་འདིས་ཐོབ་བོ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་སྭཱ་ཧཱ། ཨ་མྲྀ་ཏ་ཨཱ་ཡུ་ས་མ་བིདྱ་སིདྡྷི་ཧཱུྃ་ཧྲཱི་ཋ༔ བདུད་རྩི་སློབ་མ་ལ་མྱོང་དུ་བཅུག་སྟེ། བདུད་རྩིའི་དཀྱིལ་འཁོར་འོད་དུ་ཞུ་ནས་མྱངས་བས། འཆི་མེད་ཀྱི་ཚེ། ནད་མེད་ཀྱི་བདེ་བ། ཉམས་ཆག་སྐོང་བ། །ཉམས་རྟོགས་ཀྱི་རྩལ་ཁ་རྒྱས་པ་སོགས་ཐུན་མོང་མཆོག་གི་དངོས་གྲུབ་མཐའ་དག་ཐོབ་པར་མོས་ཤིག །ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ། །སྲོག་གི་སྙིང་པོ་གཞལ་ཡས་ཁང༌། །སྐུ་གསུམ་སྐུ་སྟེ་སྐུ་ལ་ཐིམ། །གསུང་གསུམ་གསུང་སྟེ་གསུང་ལ་ཐིམ། །ཐུགས་གསུམ་ཐུགས་ཏེ་ཐུགས་ལ་ཐིམ། །བྱང་ཆུབ་སེམས་ལ་རབ་ཏུ་ཐིམ། །ཞེས་སྨན་གྱི་ཆེ་བ་བརྗོད་ནས་བདུད་རྩིའི་དྭངས་མ་འོད་དཀར་དམར་མཐིང་ཀའི་རྣམ་པས་རང་གི་གནས་གསུམ་དུ་ཐིམ་པར་མོས་ལ། ཕྲིན་ལས་ཀྱི་ཡན་ལག་ལས་བྱུང་བ་ལྟར། ཧཱུྃ། རང་བྱུང་གདོད་ནས༴ སྨན་གྱི་བརྒྱུད་མཆོད་བཅས་བཏང་ལ་བདུད་རྩི་ཞལ་ཕྱེ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་སྭཱ་ཧཱ། མ་ཧཱ་གུ་ཧྱ་མཉྫུ་ཤྲཱི་སིདྡྷི་སིདྡྷི་ཧཱུྃ་ཧྲཱིཿཋ། ངོ་མཚར་རྨད་དུ་བྱུང་བའི་ཆོས། །ནམ་མཁའ་དང་ནི་མཉམ་པའི་གནས། །རྣམ་པར་མི་རྟོག་རྟོག་ལས་འདས། །ཀུན་རྫོབ་ཙམ་དུ་བསྟན་པའི་ཆོས། །དུས་གསུམ་སངས་རྒྱས་མཉེས་བྱས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང༌། སྨན་གྱི་བདུད་རྩི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྒྱ་མཚོའི་ངོ་བོར་དཀར་དམར་མཐིང་གའི་དྭངས་བཅུད་ཀྱི་རྣམ་པར་བདག་ལ་ཐོབ་པར་བསམ། ཀཱ་ཡ་སིདྡྷི་ཨོཾ། ཝཱཀ྄་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་གནས་གསུམ་དུ་རེག །ཅུང་ཟད་ལྕེ་ལ་མྱོང༌། རྡོ་རྗེ་སློབ་དཔོན་གྱི་དབང་ནི། སློབ་མ་སེང་གེའི་ཁྲི་ཡི་སྟེང་དུ་བཞག །སྟེང་དུ་གདུགས་དང་གཡས་གཡོན་དུ་རྒྱལ་མཚན་དང་བ་དན་ལ་སོགས་པ་བསྒྲེངས། དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་ཧེ་རུ་ཀའི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པའི་འོད་ཟེར་གྱིས་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་བཛྲ་ས་མ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། །ཆོས་སྐུ་ནམ་མཁའ་བཞིན་དུ་སོགས་ཀྱིས་བསྟོད། སློབ་མའི་ལག་ཏུ་རྡོར་དྲིལ། རྒྱུད་ཀྱི་གླེགས་བམ། དུང་རྐང་འོག་ཏུ་འཁོར་ལོ་རྣམས་གཏད་ལ། ཕྱག་རྡོར་དྲེགས་འདུལ་བདུད་སྡེ་ཕྱེར་འཐགས་ཀྱི་དབང་གི་སྐབས་སློབ་མ་ཕྱག་རྡོར་དུ་གསལ་བས་སློབ་དཔོན་མངའ་གསོལ་གྱི་ཆས་དང་དུར་ཁྲོད་ཀྱི་ཆས་རྣམས་གཏད་དགོས་པར་གསུང་སོ། མཆན ཧཱུྃ། བདེ་བར་གཤེགས་པའི་སྲས་པོ་དམ་པ་མཆོག༔ སྔོན་གྱི་ཐུགས་དམ་བཀའ་དང་མི་འགལ་ཞིང༔ དགོངས་པ་ཡིད་བཞིན་ནམ་མཁའི་མཐའ་དང་མཉམ༔ ཕྲིན་ལས་ཐབས་ཀྱི་རྡོ་རྗེ་སློབ་དཔོན་མཆོག༔ འགྲོ་བ་མ་ལུས་ཀུན་གྱི་རེ་བ་སྐོང༔ ཤེས་རབ་མཐའ་རྫོགས་ཡོན་ཏན་ལྷུན་གྱིས་གྲུབ༔ བསྟན་པའི་སྒྲོན་མེ་མ་རིག་མུན་པ་སེལ༔ ཆོས་ཉིད་དོན་རྟོགས་མ་ལུས་ཁ་ལོ་བསྒྱུར༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་སློབ་དཔོན་གྱི༔ དབང་མཆོག་མ་ལུས་ལྷུན་གྱིས་འགྲུབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧྱ་ཤྭ་ར་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ རྡོ་དྲིལ་ཐུགས་ཀར་བསྣོལ། དེ་ལྟར་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བས། རང་གཞན་གྱི་དོན་བྱེད་མི་ནུས་པའི་སྒྲིབ་པ་དག་ནས་ད་ལྟ་ཉིད་དུ་གཞན་དོན་བྱེད་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་མོ། །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ་པས་བསྐྱེད་པའི་རིམ་པ་ལ་དབང་ཞིང་ལམ་ལྔ་ལས་སྦྱོར་ལམ་གྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པ་བྱས་ལ་དེས་ལུས་ཀྱི་དྲི་མ་དག་སྟེ་སྤྲུལ་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ །གཉིས་པ་གསང་བའི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཧོཿ བླ་མ་ཡབ་ཡུམ་གསང་བའི་བདག །གསང་བའི་དཀྱིལ་འཁོར་བདག་ལ་སྟོན། །བདེ་བ་ཆེན་པོའི་དངོས་གྲུབ་ནོད། །གསང་བའི་དབང་ཆེན་བསྐུར་དུ་གསོལ། ལན་གསུམ་གསོལ་བ་གདབ། འབྲུ་གསུམ་བརྗོད་ཅིང་གདོང་གཡོགས་བཅིངས། སློབ་དཔོན་བཛྲ་ཧེ་རུ་ཀ་གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ནོར་བུའི་རྩ་བར་ཨོཾ་རྩེ་མོར་ཕཊཿདང་བཅས་པ། ཕྱག་རྒྱ་ཀྲོ་ཏི་ཤྭ་རི་མར་གསལ་བའི་མཁའ་ཨཱཿལས་པདྨ་ཨཱཿས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། བཛྲ་ཧེ་རུ་ཀ་ཡབ་ཡུམ་སྙོམ་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས། ཐུགས་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། ཡུམ་གྱི་མཁར་བབས་པ་ཐོད་ཆང་བདུད་རྩི་སྦྱར་བ་དང་བསྲེས་ནས་སློབ་མར་བྱིན་ཏེ། །བླ་མ་ལྷ་ཚོགས་ཡབ་ཡུམ་རྣམས། །གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །བདེ་ཆེན་གསང་བའི་དབང་ཐོབ་ཤོག །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བྱིན་པས་སློབ་མས་ཀྱང༌། ཨ་ཧོ་མ་ཧཱ་སུ་ཁ། ང་ནི་སངས་རྒྱས་ཀུན་དང་མཉམ། །བདག་ནི་བསོད་ནམས་སྐལ་པ་ཆེ། །ཡོན་ཏན་ཀུན་གྱིས་བདག་བརྒྱན་ཏེ། །བཛྲ་ཧེ་རུ་ཀའི་བདག་ཉིད་དོ། ཞེས་བརྗོད་པས་མྱང༌། དེས་ལུས་གང་བས་ངག་གི་ཉེས་པ་དག་ནས་གསུང་རྡོ་རྗེར་གྱུར་པར་བསམ་ལ། མིག་དར་བཀྲོལ། ཡུམ་གྱི་བྷ་ག་ནས་གསང་བའི་དབང་ཐོབ་པས་རང་བྱིན་གྱིས་བརླབ་པ་སྒོམ་པ་ལ་དབང་ཞིང༌། ལམ་ལྔ་ལས་མཐོང་བའི་ལམ་ས་དང་པོའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། །དེས་ངག་གི་དྲི་མ་དག་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ །གསུམ་པ་ཤེས་རབ་ཀྱི་དབང་ལ་མཎྜལ་ཕུལ།གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གཉིས་མེད་ཡེ་ཤེས་བདེ་ཆེན་པོ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །བསྟེན་ན་གཉིས་མེད་བདེ་བ་བསྐྱེད། འཁོར་ལོ་གནས་བཞིར་དབབ་ཟུང་བཞི། །བདེ་ཆེན་ཆོས་ཉིད་རྟོགས་པར་ཤོག །ཅེས་ཕྱག་རྒྱའི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱིས་མིག་དར་བཅིངས་ལ། ཨོཾ་ཨཱཿཧཱུྃ། ཨ་ཧོ་སུ་ཁ་བྷཉྫ་མོཀྵ་ཧོཿ ཞེས་གཟུངས་མ་སློབ་མར་གཏད་དེ། སློབ་མ་བཛྲ་ཧེ་རུ་ཀར་གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ནོར་བུ་ཨོཾ། ཕྱག་རྒྱ་བཛྲ་ཀྲོ་ཏི་ཤྭ་རི་མར་གསལ་བའི་མཁའ་གསང་ཨཱཿལས་པདྨ་ཨཱཿས་མཚན་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩ་བར་རྩ་གསུམ་འདུས་པའི་རྩ་གཡས་ལ་ཨོཾ་དཀར་པོ། གཡོན་ལ་ཨཱཿདམར། དབུས་སུ་ཧཱུྃ་མཐིང་ཀ་རྩེ་མོར་ཕཊ་ཡིག་སེར་པོར་བསྒོམ། སྙོམས་པར་ཞུགས་པས་ཁམས་ཀྱི་དྭངས་མ་རྣམས་འཁོར་ལོ་བཞིར་རིམ་པ་བཞིན་དགའ་བ། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་ཀྱི་དགའ་བ་རྣམས་རྒྱུད་ལ་སྐྱེས་ནས་སླར་ཡང་རླུང་འཕོ་མེད་དམ་པའི་མས་བརྟེན་གྱི་དགའ་བ་བཞི་ངོ་སྤྲད་དེ་ལུས་དཀྱིལ་མཐོང་བའི་བརྡར་གདོང་གཡོགས་བཀྲོལ། དེ་ལྟར་ཕྱག་རྒྱ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་སྐྱེས་པས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་དང་ཡེ་ཤེས་གཉིས་ཀྱི་དབང་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང༌། ལམ་ལྔ་ལས་རྒྱུ་ཡི་ཐེག་པའི་མཐར་ཕྱིན་ལམ་ཀུན་ཏུ་འོད་ཀྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས། དེས་ཡིད་ཀྱི་དྲི་མ་དག་སྟེ་ཆོས་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ །བཞི་པ་རིག་པའི་ཡེ་ཤེས་བདེ་ཆེན་ལྟ་བ་སྤྱི་འབྱམས་ཚིག་གི་དབང་བསྐུར་བ་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ གསང་ཆེན་རོལ་པའི་གཞལ་ཡས་འདིར། །བཀའ་དྲིན་བསམ་འདས་བླ་མ་ལ། །སྒྱུ་སོགས་རབ་སྤངས་མེ་ཏོག་འབུལ། །ཡང་དག་སྙིང་པོ་བསྟན་དུ་གསོལ། །ལན་གསུམ་གསོལ་བ་གདབ། དབང་གསུམ་པའི་དཔེ་ལས་བྱུང་བའི་ཡེ་ཤེས་ཀྱིས་མཚོན་བྱེད་བྱས་ནས་དོན་གྱི་འོད་གསལ་ངོ་སྤྲད་པའི་ཕྱིར་བདེ་སྟོང་གཉིས་མེད་མཚོན་པའི་རྡོར་དྲིལ་ལག་ཏུ་གཏད། སྟོང་གསལ་རིག་པའི་ཡེ་ཤེས་མན་ཤེལ་མིག་ཏུ་བསྟན་ཏེ་བརྡ་མཚོན་ནས་ངོ་སྤྲད་པ་ནི། ཧཱུྃ། སེམས་ཉིད་ཀ་དག་ལྷུན་རྫོགས་དོན། །སྣང་སྟོང་ཟུང་འཇུག་སྒྱུ་མ་སྐུ། །གཉིས་མེད་འཛིན་གྲོལ་སྤྲུལ་པའི་སྐུ། །ཡང་དག་ངེས་དོན་རྟོགས་པར་བགྱི། །ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨཿ ཕྱག་རྡོར་བདུད་སྡེ་ཕྱེར་འཐག་དབང་གི་སྐབས་དབང་བཞི་པའི་ངོ་སྤྲོད། འུ་བུ་བདེ་བའི་རང་རྩལ་ལྟོས། །སྐྱེ་འགག་གནས་གསུམ་བྲལ་བ་ཡི། །གནས་ལུགས་ངང་དུ་མཉམ་པར་ཞོག །བརྗོད་མེད་ཟུང་འཇུག་མཐའ་ལས་འདས། །ཨ་ཧོ་སུ་ཁ། ཞེས་བརྗོད་པར་གསུང༌། མཆན ཁྱེད་ཀྱིས་དབང་བཞི་པ་རིག་པའི་ཡེ་ཤེས་ཚིག་གི་བརྡ་སྤྲད་པ་ལ་བརྟེན་ནས་ཐོབ་པའི་ལམ་རང་བྱུང་གི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་ཞིང་ལམ་ལྔ་ལས་འབྲས་བུའི་ཐེག་པས་མཐར་ཕྱིན་ལམ་བཅུ་གསུམ་རྡོ་རྗེ་འཛིན་པའི་ཐེག་པའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག་སྟེ། ངོ་བོ་ཉིད་སྐུ་ཐོབ་པའི་རྟེན་འབྲེལ་འགྲིག་གོ །ཞེས་བརྗོད། དམ་ཚིག་ཁས་བླང༌། གཏང་རག་གི་མཎྜལ་དང་ལུས་ཕུལ། དགེ་བསྡོ་བྱས་ལ་སློབ་མ་གྲོལ། གསུམ་པ་སྒྲུབ་པ་མཐར་ཕྱིན་རྗེས་ཀྱི་རིམ་པ་ནི། སློབ་དཔོན་གྱིས། ལས་བྱང་གི་ལྷག་མ། བཀའ་སྲུང་གཏོར་འབུལ། ཆད་ཐོ། བརྟན་སྐྱོང༌། རྟ་བྲོ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་ནོངས་པ་བཟོད་པར་གསོལ། རྟེན་ལ་བརྟན་བཞུགས་བྱ། སྨོན་ལམ་ཤིས་བརྗོད་སོགས་རྒྱས་པར་བྱའོ། །འགྱུརྃ་བཅས་སྲིད་པའི་འཁྲུལ་སྣང་འཕོ་མེདྃ་ཀྱི། །རྡོ་རྗེ་བཞིར་སྡོམ་གསང་ཆེན་བསྟནྃ་པྃ་ཡི། །སྒོ་འབྱེད་སྨིན་ལམ་རྒྱལྃ་མཚནྃ་རྩེར་མཆོད་ནས། །གྲུབ་གཉིས་འདོད་འཇོའི་དགའ་ཚལ་གྱིས་ལ་གཟིགས། །དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀུན་འདུས་ཞི་ཁྲོ་རྣམ་རོལ་དབང་བསྐུར་གྱི་ལེའུ་ཚན་ནོ།། །།
[edit]

@#/_dag snang bka' brgyad zhi khro rnam rol gyi smin byed bklag chog tu bkod pa rdo rje bzhi yi mchog sbyin zhes bya ba bzhugs so// @#/_/'khor 'das spyi dpal bde chen he ru ka_/ye shes klong dgu'i dkyil 'khor khyab bdag gi_/skur bzhengs 'khor lo'i dbang phyug thod phreng rtsal/_/dbyer med bla ma mchog gi zhabs la 'dud/_/mtsho skyes rgyal bas mnga' bdag chos skal du/_/rtsal mthus sgrub sde brgyad 'dus rgyud lung dang*/_/man ngag bcud dril zhi khro rnam rol gyi/_/smin byed ngo mtshar bdud rtsi 'dir gsal bya/_/de la 'dir bka' brgyad zhi khro rnam rol gyi dbang gi cho ga bkod pa la rtsa ba'i yig char sgrub dbang du mdzad kyang 'dir spyi 'gro'i tshul du bkod pa la bzhi/_bsgrub pa'i gzhi lhag pa gzugs brnyan gyi dkyil 'khor 'du bya/_sgrub byed lhag pa ting nge 'dzin gyi dkyil 'khor gsal zhing bsnyen pa/_bsgrubs pa'i 'bras bu slob ma 'jug cing smin pa/_sgrub pa mthar phyin pa rjes kyi bya ba'o/__/dang po ni/_dben zhing byin rlabs dang ldan pa'i gnas su/_ras bris kyi dkyil 'khor la brten nas slob ma rjes 'dzin gyi cho ga 'jug bde'i tshul du bya ba la/_dang po sa slong ba ni/_dkyil 'khor bya ba'i gzhir gtor ma dkar dmar/_phyi mchod bcas bsham/_rdo rje slob dpon sogs lan gsum/_hU~M/_/rang sems skad cig hU~M yig yongs gyur las/_/he ru kar gsal zhal gcig phyag gnyis pa/_/rdo rje dung khrag thugs kar bsnams pa'i sku/_/dur khrod chas rdzogs 'bar ba'i gar dgu ldan/_/oM badz+ra kro d+ha ma hA shrI he ru ka hU~M phaTaH_cung zad bzlas pas nga rgyal bzung la/_mchod gtor rnams a mr-i tas bsang*/_swa b+hA was sbyang*/_stong pa'i ngang las rin po che'i snod du gtor ma bdud rtsi'i rgya mtsho dang mchod rdzas rnams dwangs shing thogs pa med par gyur/_ar+g+haM sogs kyis mchod pa dang*/_/oM AHhU~M lan gsum gyis gtor ma byin gyis brlabs/_oM b+hU mi pa ti sa pa ri wA ra badz+ra sa mA dzaHsa mgron dgug_/b+hU mi pa ti sa pa ri wA ra oM a kA ro sogs lan gsum gyis bsngos la/_/sa bdag lha klu 'khor dang bcas/_/mchod sbyin gtor ma 'di bzhes la/_/bdag gis grub pa ma thon bar/_/khyed la gnas 'di bdag g.yar gyis/_/gnang ba legs par bstsal nas kyang*/_/ci bde bar ni gzhan du song*/_/zhes phrin las gsol la/_b+hU mi pa ti sa pa ri wA ra gats+tshas rang gnas su gshegs par bsam/_gtor ma gnyis pa/_oM sarba big+h+nA na maHsarba ta thA ga ta b+h+yo bi shwa mu khe b+h+yaHsarba thA khaM utag te s+pha ra Na hi maM ga ga na khaM gr-ih+Ne daM ba l+yA di swA hA/_zhes lan gsum gyis bsngos la/_hU~M/_dpal chen bka' brgyad yongs rdzogs dkyil 'khor du/_/snang srid rnam dag ye shes lha yi tshogs/_/kun bzang chos kyi dbyings las ma g.yos kyang*/_/rig rtsal rnam dag thabs shes g.yung drung lha/_/'di la log par lta ba'i dgra dang bgegs/_/bdud sde dpung bcas thams cad phyir dengs shig_/oM sum b+ha ni sogs brjod/_srung 'khor ni/_hU~M/_bdag nyid dpal chen khrag 'thung thugs ka nas/_/drag po'i byin rlabs mtshon cha'i 'od zer 'phro/_mtshon cha'i gur dang ye shes me dpung 'bar/_/phyogs mtshams steng 'og kun tu khyab par srungs*/_/oM badz+ra tsakra tIk+Sh+Na kI la ya dz+wa la raM/_b+h+rUM pra be sha ya phaT/_gnyis pa lha sta gon ni/_maN+Dal las rdor gyis dri bzang gi thig le byas pa'i steng slob dpon gyis 'bru dkar dri bzang gis sbags pa'i tshom bu dgu bkod la/_oM badz+ra kro d+ha ma hA shrI he ru ka hU~M phaT/_oM ru lu ru lu hU~M b+h+yo hU~M phaT/_oM AHhU~M oM a kro te ka ya mAn+ta ka ha na ma tha b+hany+dza hU~M phaT/_oM pad+mAn+ta kr-ita h+ya gr-I wa hu lu hu lu hU~M phaT/_oM badz+ra kI li kI la ya sarba big+h+nAn baM hU~M phaT/_oM gu h+ya dz+nyA na shrI he ru ka gu h+ya dz+nyA na kro d+hI shwa rI s+t+waM ma ma yo gi nI ru lu ru lu hU~M b+h+yo hU~M phaT/_oM badz+ra ma hA gu ru sarba sid+d+hi hU~M phaT/_oM badz+ra tsaN+Da sarba duSh+TAn hU~M phaT/_oM badz+ra sarba duSh+TAn hU~M phaT/_de nyid dbus su bzhag ste mthar phyi mchod g.yas bskor/_g.yas g.yon rgyab tu sman raka gtor ma bshams/_bdag nyid he ru kar gsal ba'i:_thugs nas 'phros pa'i 'od zer gyis:_zhi khro bka' brgyad dkyil 'khor lha:_mdun gyi nam mkhar spyan drangs bsam:_oM/_zhi khro rab 'byams lha tshogs rnams:_sngon gyi thugs dam rjes dgongs la:_dkyil 'khor dgyes pa bskyed pa dang :_slob ma rnams la snying brtse bas:_gnas 'dir dpal chen he ru ka'i:_pho brang chen po 'debs 'tshal na:_thugs kyis dgongs te gnang ba dang:_snod bcud byin gyis brlab mdzad gsol:_zhes gsol ba lan gsum btab pas lha rnams dgyes pa chen pos/_rdo rje slob dpon snying rje che:_khyed kyis rang gzhan phan pa'i phyir:_sgrub pa'i cho ga tshul bzhin gyis:_bde gshegs rgyal bas byin rlobs 'gyur:_gnang ba bstsal nas 'od du zhu:_bdag dang gnas la thim pa yis:_tha mal snang zhen rab sbyangs te:_ye shes chen pos byin brlabs gyur:_gsum pa bum pa sta gon ni/_stegs bur rnam bum so lnga'i bcud ldan kha rgyan dang mgul chings sngon pos spras pa 'byor na dgu dang ma 'byor na gcig gzungs rdor bcas dang*/_las bum mgul chings ljang khu can/_phyi mchod dang sman gtor rak+ta bcas bkod la/_mchod pa byin rlabs ni/_hU~M/_thugs las ra~M ya~M kha~M 'phros pas/_/phyi nang gsang ba'i mchod rdzas kyi/_/ma dag nyes skyon kun sbyangs nas/_/mi zad nam mkha'i mdzod du gyur/_/oM AHhU~MHbadz+ra d+hU pe hU~M/_badz+ra puSh+pe hU~M/_badz+ra A lo ke hU~M/_badz+ra g+han+d+he hU~M/_badz+ra nai be d+ya hU~M/_badz+ra shap+ta hU~M/_badz+ra sarba pU dza me g+ha hU~M/_oM AHhU~M sarba pany+tsa a mr-i ta hU~M hrI Tha/_oM AHhU~M ma hA ba liM ta te dzo ba liM ta ba la ba te gu h+ya sa ma ya swA hA/_oM AHhU~M ma hA rak+ta sa man+ta maN+Dal la hU~M phaT/_oM sarba ta thA ga ta pU dza/_ma hA pany+tsa/_ma hA ba liM ta/_ma hA rak+ta/_a ho su kha sa ma ye swA hA/_bum pa a mr-i tas bsang*/_swa b+hA was sbyang*/_stong pa'i ngang las b+h+rU~M dkar po las byung ba'i phyi rin po che'i bum pa'i rnam pa yangs shing rgya che ba la nang gzhal yas khang bdud rtsi'i rgya mtsho 'khyil ba'i dbus su paM las pad+ma dang raM las nyi ma'i dkyil 'khor re re'i steng du dpal chen gtso dgu'i dkyil 'khor gyi lha tshogs mtsho rdzing dwangs par zla skar shar ba bzhin skad cig gis gsal bar gyur/_sngags tsam gyis mchod/_yang dag 'jam dpal gshin rje pad+ma dbang*/_/rdo rje gzhon nu bla med he ru ka_/che mchog rig 'dzin dregs 'dul drag sngags sogs/_/bka' brgyad lha tshogs rnams la phyag 'tshal bstod/_/ces bstod/_gzung thag blangs la/_rang gi thugs ka nas sngags kyi 'od zer 'phros bum pa'i lha rnams la phog_/snyoms par zhugs pa'i byang chub kyi sems ye shes kyi bcud du 'khyil bar bsam la/_oM badz+ra kro d+ha ma hA shrI he ru ka hU~M phaT/_dpal dgu'i sngags so sor ji tsam 'os par bzla/_mthar hU~M zhes bdud rtsi'i mchod yon phul bas lha rnams 'od du zhu ba byang chub sems kyi chus gang bar gyur/_las thams cad kyi bum par/_pad nyi dregs pa'i gdan gyi steng du khro bo bdud rtsi 'khyil ba ljang nag rgya gram dang g.yon dril bu 'dzin pa khro bo'i chas thams cad kyis brgyan pa rigs kyi bdag po o rgyan za hor ma'i tshul du bzhugs pa'i skur gyur/_rang 'dra'i ye shes pa badz+ra sa mA dzaHsa spyan drangs/_dzaHhU~M baM hoHsa dbyer med du thim par bsam/_oM badz+ra puSh+pe nas shap+ta pra tIts+tsha swA hA'i bar gyis mchod/_dus gsum sangs rgyas thams cad kyi/_/mngags gzhug pho nya'i las mdzad pa/_/khro rgyal bdud rtsi 'khyil ba yis/_/bgegs kyi sbyor ba rgyun chod cig_/oM badz+ra kro d+ha a mr-i ta kuN+Da lI hU~M phaT/_ces ci nus bzlas mthar/_oM AHhU~M gis mchod yon phul la 'od zhu bya/_bzhi pa slob ma sta gon la/_/so shing*/_dpung skud/_khyor chu/_ku sha rnams dang slob ma mchod pa bcas 'du byas la/_snod du gyur pa rnams phyi rol khrus nas dbyung*/_bgegs gtor btang*/_las byang ltar bka' bsgo zhing mtshams bcad la srung 'khor bsgom/_me tog bkye bsdu dang sems bskyed gsal gdab chos bshad ji ltar 'os pa dang*/_de yang 'o skol gyi ston pa thabs mkhas la thugs rje chen po dang ldan pas gdul bya sems can gyi khams dbang bsam pa mos pa'i rim pa dang rjes su mthun pa'i chos 'khor bsam gyis mi khyab pa bstan pa thams cad bsdu na rgyu 'bras kyi theg pa gnyis su 'du ba las/_'dir ni rgyu mtshan nyid theg pa las khyad par du mas 'phags pa 'bras bu gsang sngags rdo rje theg pa ste/_de la'ang phyi thub pa rgyud kyi theg pa kri yog sde gsum/_nang thabs rgyud kyi theg pa bskyed rdzogs rdzogs chen gsum du phye ba las 'di ni nang pa thabs kyi rgyud/_de la'ang rgyud sde dang sgrub sde gnyis las phyi ma sgrub pa'i sde ste/_de yang 'dzam gling gdul bya'i dus la bab pa na/_dpal chen po dang gnyis su med pa'i rig 'dzin rgyal po kuny+dza ra'i thugs ye shes klong dgu'i rang rtsal bka' babs rig 'dzin brgyad dang*/_rgyal dbang pad+ma thod phreng rtsal dgur snang ste/_smug nag dbang gi mkha' 'gros sgrub chen brgyad kyi gter sgrom slob dpon so so la gtad/_rgyal dbang pad+mA ka ras mchod rten bde byed brtsegs pa nas sngar rgya ma khrol ba'i sgrub sde spyi dang*/_rdzogs chen sogs lhag ma ma lus par spyan drangs/_dkyil 'khor gyi bdag po rnams kyis gsang sngags kyi rgyud sde rnams la bka' dbang bsgyur bar mnga' gsol gsang sngags chu bo bzhi'i dbang gi bka' brnyes/_sngon gyi slob dpon brgyad la chos kyi skyes phul te sku lnga lhun grub rdo rje 'chang gi go 'phang mngon du mdzad/_'jam dpal sprul pa'i rgyal pos bod du spyan drangs nas sangs rgyas kyi bstan pa dkar 'jam yug gcig tu brdal ba'i dus na/_sangs rgyas las kyang dkon pa'i gsang chen 'bras bu'i chos 'khor bskor bar gsol ba btab pas bsam yas mchims phu brag dmar ke'u tshang du las can snying gi bu dgu po bde gshegs 'dus pa'i dkyil 'khor du dbang bskur bas bde gshegs 'dus pa yongs rdzogs kyi bka' mnga' bdag tshangs pa lha yi me tog nyid la babs te rgyud lung man ngag thams cad kyi bdag por gyur/_rje 'bangs so so'i dbang skal sgrub sde'i chos skor rnams kyang bstan cing sku gsung thugs yon tan phrin las kyi gnas rnams su sgrub pas lha dang gnyis su med pa'i go 'phang mngon du mdzad nas chos bka' rgyas bsdus du ma bod yul mtha' dbus kun tu gter du sba bar mdzad pa gdul bya dus la bab pa'i tshe gu ru rin po che nyid dang rje 'bangs so so'i rnam 'phrul du mas thun mong skal bzang rnams kyi btsas su snang bar mdzad pa las/_'dir dus gsum mkhyen pa o rgyan chen po'i rdo rje'i lung gis lan gcig ma yin par yang yang bsngags par mdzad pa ltar/_'jam pa'i dbyangs dngos mnga' bdag khri srong lde'u btsan nyid 'bras bu mthar phyin pa'i phrin las kyi sprul pa kun mkhyen rgyal ba'i dbang po rdo rje thogs med rtsal gyi zab mo dag snang gi chos sde ste/_de yang snang spyod thams cad dag pa rab 'byams ye shes kyi rol par rtag tu gzigs pa las gzhan du ma gyur pa las yongs su sbyangs pa'i 'phags chen rnams kyi rnam par thar pa rgya mtsho dang rjes su 'brel ba mngon sum dag pa'i snang ba las byon pa'i chos sde ste/_de dag skal med rnams kyis 'chol bar mi spyod pa'i don du byang chub sems dpa' chos 'phags kyis shes rab kyi pha rol tu phyin pa la/_rgya bdun gyis btab pa bzhin du phyag rgya so so'i rgyas btab pa'i mtshan las zab mo rgya can du grags pa'i chos sde nyer lngar bzhugs pa la zab rgyas kyi gdams pa ji snyed cig yod pa las skabs su bab pa lde mig rgya can gyi nang tshan bka' brgyad spyi dril zhi khro rnam rol gyi smin byed 'bog pa ste/_de la'ang sngon 'gro sta gon dang dngos gzhi dbang bskur ba'i rim pa gnyis su yod pa las thog mar sngon du 'gro ba lha dang*/_bum pa lhag gnas grub zin nas/_skabs su bab pa slob ma lhag par gnas pa'i chos rnams zhu ba'i yon du dmigs te maN+Dal 'bul bar zhu/_zhes maN+Dal 'bul du gzhug_/me tog dang bcas pa'i thal mo sbyor la 'di yi rjes zlos/_hoH_bla ma rgyal ba zhi khro'i lha tshogs rnams/_/bla ma sku gsung thugs kyis gzung slad du/_/bdag kyang skyob phyir dkyil 'khor du gzhug phyir/_/lhag par gnas pa'i rim pa mdzad du gsol/_/lan gsum/_zhes gsol ba btab pa la rjes su gnang ba sbyin pas skabs dbye ba ni/_bu tshur shog khyod ni theg chen snod yin te/_/he ru ka dpal dpal chen bka' brgyad kyi/_/dbang bskur dkyil 'khor lha ngo bstan bya'i phyir/_/lhag par gnas pa'i rim pa tshul bzhin bgyi/_/dbang nod nas dam tshig tshul bzhin du ma bsrungs na dbang gi snod du mi rung bas dam tshig srung nus min dri ba ni/_/sgrub pa bka' brgyad lha yi dkyil 'khor du/_/bu khyod rab gnas bya yi dus rtag tu/_/dam tshig bsrung dang sngags kyi sbyor ba dang*/_/sgrub pa'i lha bskyed nus na lhag gnas sbyin/_/zhes dris pa la lan gsol ba 'di yi rjes zlos mdzod/_hoH_bla mas ji ltar bsgos pa'i rim pa rnams/_/dus gsum sangs rgyas rnams kyis bsgos pa yin/_/rtag tu dam srung ting 'dzin mchod pa dang*/_/las kyi mchod pa bdag bgyid dngos grub stsol/_/bsags sbyang gi snying po rgyun bshags yan lag brgyad pa tshul bzhin du bya ba'i phyir brjod tshig rnams kyi sgom don re re bzhin gsal thob la rjes zlos/_rdo rje slob dpon sangs rgyas dpal/_sogs lan gsum/_rgyud rnam par dag pa'i slad du/_rang gi thugs kar lcags kyi sdig pa mgo dgu rwa bco brgyad pa las ye shes kyi me 'od 'phros pas slob ma la phog_/lus ngag yid gsum gyi sdig sgrib bsregs par bsam zhing*/__sngon du sdig pa bsreg pa ni sngags 'di yi rjes zlos mdzod la/_oM AHhU~M badz+ra yak+Sha kro d+ha ha na hU~M phaT/_ces slob ma rnams kyis brgya rtsa brgyad dzapa dbyangs bzla/_slob dpon gyis kyang bzlas shing*/_yungs kar la btab te dor ro/__/bgegs bskrad pa ni/_'byor na me thun dang chu thun gyi brab pa dang bcas/_hU~M/_gsang ba mchog gi dkyil 'khor du/_/'du ba'i lha ni ma gtogs pa/_/thams cad thugs rjes bkang zin gyis/_/rang rang gnas su bka' bstsal byer/_/sum+b+ha ni sum+b+ha ni sogs brjod/_spro ba bskyed pa'i phyir chos bshad ni/_rgyal bas chos phung brgyad khri bzhi stong gsungs pa thams cad kyi snying po rdo rje theg pa'i rnal 'byor bla med kyi dkyil 'khor chen por 'jug pa 'di ni ches skal pa bzang po yin ste/_bu tshur shog gsang ba'i cho ga ni/_/khyod la yang dag bstan par bya/_/khyod ni gsang ba'i snod yin te/_/gsang sngags zab mo'i cho ga ni/_/khyod la yang dag bshad par bya/_/dus gsum sangs rgyas thams cad kyi/_/'gro la phan phyir mdzad pa'i tshul/_/bu yi blo gros 'di gyis shig_/tshogs zhing mkha' khyab du sad pa'i spyan sngar skyabs su 'gro ba 'di yi rjes zlos mdzod/_/bla ma dkon mchog dgongs su gsol/_/bdag ni dus 'di nas bzung nas/_/ji srid byang chub ma thob bar/_/skyob pa khyod la skyabs su mchi/_/lan gsum/_theg pa chen po'i lam gyi rtsa ba smon pa sems bskyed pa 'di'i rjes zlos mdzod/_hU~M/_dur khrod gsang ba mchog gi dkyil 'khor du/_/bla med byang chub gnas su sgrub pa dang*/_/bde bar gshegs pa'i dngos grub thob bya'i phyir/_/yang dag byang chub mchog tu sems bskyed cig_/bo d+hi tsit+ta u pa ta ya mi/_lan gsum/_'jug pa byang chub mchog tu sems bskyed pas gzhan don byed par khas blang ba 'di'i rjes zlos mdzod/_ji ltar dus gsum mgon po rnams/_/yang dag byang chub nges mdzad pa/_/de phyir bla med byang chub sems/_/dam pa bdag gis bskyed par bgyi/_lan gsum brjod/_smin byed kyi srog dang rtsa bar gyur pa spyi dang khyad par gyis bsdus pa'i sdom pa dang dam tshig mtha' dag legs par blangs nas tshul bzhin bsrung snyam pas 'di yi rjes zlos mdzod/_/sdom pa dang ni tshul khrims dang*/_/dge ba'i chos ni sdud pa dang*/_/sems can don byed tshul khrims gsum/_/nam yang bdag gis mi spang ngo*/_/rdo rje dril bu'i phyag rgya yang*/_/yang dag nyid du bzung bar bgyi/_/slob dpon dag kyang bzung bar bgyi/_/nyin re bzhin du dus drug tu/_/sbyin pa rnam bzhi rtag tu sbyin/_/phyi nang gsang ba'i theg pa gsum/_/dam pa'i chos ni ma lus gzung*/_/sdom pa rnam bzhi rtag tu gzung*/_/bdag ni sdom pa ma lus gzung*/_/lan gsum/_khyed rang rnams skad cig gis bcom ldan 'das rdo rje sems dpa' dkar po rdo rje dang dril bu 'dzin cing dar dang rin po che'i rgyan gyis brgyan pa/_zhabs skyil mo krung gis pad+ma dang zla ba'i gdan la bzhugs pa'i skur gsal ba'i/_dpral bar oM dkar po/_mgrin par AHdmar po/_thugs kar hU~M mthing gas mtshan pa/_sangs rgyas thams cad kyi sku gsung thugs rdo rje'i rang bzhin du byin gyis brlabs par gyur pa la/_snang spyod ye shes kyi rol par blta ba la bslab pa'i phyir me tog la sogs pas slob ma'i dbang po so sor mchod par mos shig_/nyer spyod btegs la/_oM badz+ra puSh+pe pra tIts+tsha swA hA nas nai bid+ya'i bar/_so shing la las bum gyi chus bran/_las sngags kyis bsangs nas/_so shing 'di nyid thal mo sbyar ba'i bar du bzung la so drud pa'i tshul byas pas lus khams rtsa yi dri ma thams cad skyug pa'i tshul gyis phyir dor nas sbyangs/_las kyi dngos grub gang thob pa'i pra bltas gsal bar bstan du gsol snyam pa'i 'dun pa dang bcas pas 'di yi rjes zlos mdzod/_bu khyod rgyal ba'i dkyil 'khor dam pa ru/_/zhugs nas rigs kyang brtags par bya ba'i phyir/_/sor brgyad tshad ldan gtsang ma'i shing bu 'di/_/bu yis zungs la dkyil 'khor dbus su dor/_/zhes brjod/_slob mas/_hoH_bla mas bsgos pa ji bzhin so shing 'dor/_/sgrub pa bka' brgyad sku gsung thugs mchog 'di/_/ye shes dngos grub dam pa thob bya'i phyir/_/dbus phyogs dga' ldan gnas su lhung bar shog_/so shing gi ra bar dor du zhugs te/_so shing gi rtse mo rang ngam bla ma la bstan na mchog gi dngos grub/_steng 'og tu mkha' spyod dang sa spyod/_phyogs bzhir phrin las bzhi/_mtshams bzhir bum pa la sogs pa'i dngos grub phran tshegs 'grub par gsungs so/_/rdo rje'i mdud pa nyer gcig gi mtshon pa'i tshon skud sna lnga la/_oM Ar+Ya A tsa la b+han+d+ha b+han+d+ha hU~M phaT/_mi g.yo ba'i sngags kyis btab pa'i srung ba'i skud pa sna lnga tshad dang ldan pa rdo rje'i chings bas bcings shing rdo rje srung bas rgyas btab pas yid thig le'i sgrib pa sbyangs/_khams 'pho ba la sogs pa'i rmi lam brtag pa'i bar du gcod pa thams cad bsrung bar mos shig_/zhes pho'i g.yas dang*/_mo'i g.yon du chings/_oM badz+ra rak+Sha hIH_zhes mdud steng rdo rjes rgyas gdab la 'di'i rjes zlos mdzod/_bla mas gsung bzhin srung skud sngags ldan gyis:_bsrung bas bdag lus khro rgyal sku ru gyur:_stong phrag brgyad cu'i bgegs rigs thams cad kyang:_rdul phran bzhin du brlag par mdzad du gsol/_oM AHhUMgis byin gyis brlabs pa'i khyor chu zhal du bzhes pas sgo gsum gyi sgrib pa sbyangs/_rmi lam gyi rtags mtshan gsal bar 'char nus su byas par mos shig_/oM AHhUM oM badz+ra a mr-i ta sogs kyis bsangs te/_bu tshur nyon cig zab mo sgrub pa yang*/_/dngos grub ma 'grub bar du rtogs mi 'gyur/_/'jug pa'i rmi ltas bzang ngan brtag pa'i phyir/_/ku sha'i rtsa mchog khyod kyi sngas su things/_/zhes ku sha'i chun po che chung gtad la/_dag byed mchog tu dge ba'i rtsa ku sha'i chun po gnyis sngas dang stan gyi don du byin pas kun gzhi dang ye shes kyi sgrib pa sbyang*/_rmi lam mi 'khrugs shing dag par mthong ba'i mthu can du 'gyur bar mos shig_/'di'i rjes zlos mdzod/_hoH_bla mas gnang ba'i rtsa mchog sngas su gyis/_/dkyil 'khor lha mchog bdag gi lus bzhugs nas/_/sgrub pa bka' brgyad lha tshogs 'khor bcas kyi/_/sgrub rtags mtshan ma bdag la bshad du gsol/_/rmi lam brtags pa'i phyir gdams pa ni/_hoH_skal ldan bu khyod ku sha'i stan la 'dug_/sgo gsum skyon spongs dge ba'i phyogs su gzhol/_/rmi lam gang byung bdag la drang por smros/_/gzhan du mi smra gsang ba'i don la spyod/_/ces brjod cing khyed rnams kyis ku sha che ba stan dang chung ba sngas su gyis la mi smra bar seng ge'i nyal stabs kyis bla ma dang dkyil 'khor gyi gtso bo tha mi dad pa la mos pa rtse gcig par nyol la rmi lam gang mthong nangs par nga la smros shig_/ces bsgos te rmi lam brtag tu bcug_/nangs par dris pas ngan na bsrung ba sogs gzhung bzhin bya/_phyir mi ldog pa'i phyir du zab mo'i chos bshad pa ni 'di la gsan pas khyab ste/_bu tshur shog cig gsang ba'i cho ga ni/_/khyod la yang dag bstan par bya/_/khyod ni gsang ba'i snod yin te/_/gsang sngags zab mo'i cho ga ni/_/khyod la yang dag bshad par bya/_/dus gsum sangs rgyas thams cad kyis/_/'gro la phan phyir mdzad pa'i tshul/_/bu yi blo gros 'dis gyis shig_/ces gsungs pa ltar don chen po rnyed pa yin/_dga' ba dang spro ba skyed cig_/des sta gon gyi rim pa grub/_dngos gzhi slad nas 'byung ba lags/_zhes brjod dge bsngo byas la slob ma gyes/_slob dpon gyis las byang gi dge bsngo shis brjod byas la sta gon gyi mchod gtor rnams bsdu'o/__/gnyis pa sgrub byed lhag pa ting nge 'dzin gyi dkyil 'khor gsal zhing bsnyen pa la/_mtshan nyid dang ldan pa'i ras bris bkram pa'i dkyil 'khor gyi dbus su lding khri rim pa gnyis btsugs pa'i steng mar gtso bum chas ldan/_dbu rgyan/_rdo rje/_dril bu/_rdor dril bsnol ma/_zhi ba rigs bzhi/_lung gi khro bo bzhi/_dpal dgu khyung dang bcas pa'i tsakli/_sman gyi pho brang*/_sngags byang*/_rdo rje/_mnga' gsol gyi chas dang*/_dur khrod chas brgyad dpal gyi chas brgyad dngos sam tsakli/_gsang thod bdud rtsi/_rig tsaka_/shel rdo/_mig dar/_me tog_/do ra/_slob dpon gyi mdun du/_nang mchod/_rdor dril/_DA ru/_nas bzed/_thun snod/_las bum bcas dang gzhan yang dkar bgegs chos srung gtor ma chad brtan sogs nyer mkho'i rigs 'du byas la/_dbang don sgrub mchod dngos la/_tshig bdun dang brgyud 'debs nas brtsams/_sngon gtor/_dngos gzhi phrin las spyi chings/_lha bskyed bdag mdun dbyer med du bskyed/_bzlas pa'i mgor mdun dkyil gyi go sar dzapa? khang phye la sgrub pa la 'jug_/bum pa bskyed bzlas ni/_bum pa rang byung gi gzhal med khang du lha rnams dwangs pa'i mtsho la gza' skar shar ba ltar skad cig gis gsal bar gyur/_rang srog sngags kyi 'od zer gzungs thag la/_/'khril te bum pa'i lha tshogs thugs kar zhugs/_/de dag sku las byang sems bdud rtsi'i rgyun/_/babs pas bum chur dbyer med ro gcig gyur/_/gzungs thag blangs te gtso 'khor gyi bzlas pa dang*/_mthar mchod bstod 'od zhu bya/_las bum bskyed bzlas 'od zhu sta gon ltar bya'o/_/bka' gter srung ma spyi bye brag_/skong bshags/_tshogs byin rlabs nas bsgral bstab bar btang la spro na bdag 'jug gam/_rig pa'i me tog dor ba ni/_oM badz+ra sa ma ya oM/_AHbadz+ra sa ma ya AH_hU~M badz+ra sa ma ya hU~M/_swA badz+ra sa ma ya swA/_hA badz+ra sa ma ya hA/_zhes dang*/_oM badz+ra kro d+hA sa ma ya s+t+waM/_zhes rig pa'i me tog dor bas/_bdag dang dkyil 'khor pa'i sku gsung thugs phrin las rnams gnyis su med par gyur bar bsam la/_oM/_ye shes rgyal po sku gsung thugs/_/yon tan phrin las rmad po che/_/de nyid du ni mnyam sbyor ba'i/_/phyag rgya chen po bdag sbyor cig_/oM badz+ra sa ma ya hU~M/_oM badz+ra sa ma ya s+t+waM/_oM dz+ra sa ma ya hoH_zhes dang*/_oM/_khro la khros pas zhi mdzad pa/_/thugs rje khro dpal rngams pa'i tshogs/_/'bar ba'i byin rlabs rmad po che/_/da lta nyid du bdag la stsol/_/oM badz+ra kro d+ha sa ma ya s+t+waM/_oM badz+ra kro d+ha sa ma ya phaT/_oM badz+ra kro d+ha sa ma ya hoH_zhes dngos grub bskul zhing bstim mo/_thal mo sbyar bas btud de/_oM rdo rje'i ye shes thob byed pa'i/_/de bzhin gshegs pa thams cad kyi/_/snying po'i dkyil 'khor chen po 'dir/_/bdag gi slob ma 'jug par 'tshal/_zhes gsol nas slob ma gzhug par gnang bar zhu/_dkyil 'khor yol bas sgrib bo/__/gsum pa bsgrubs pa'i 'bras bu slob ma 'jug cing*/_dbang bskur ba la/_sta gon gyis snod rung du byas pa'i slob ma rnams sgo drung du khrus nas dbyung zhing gral du 'khod pas bgegs gtor btang*/_srung 'khor bsgoms te/_las rdor gyis me tog bkye bsdu dang bcas te slob dpon gyis chos bshad ji ltar 'os pas/_khyad par du de yang 'og min gsang ba mchog gi zhing khams su gdod ma'i mgon po kun tu bzang po nyid zhi ba dang khro bo'i dkyil 'khor du 'khor lo'i dbang phyug tu bzhengs nas sgrub pa bka' brgyad kyi spyi rgyud lnga sgos rgyud bcu la sogs pa chos nyid rang sgras dag pa'i 'khor rnams la/_rig 'dzin gtso bo rdo rje chos kyis bka' yi bsdu ba dang*/_dgongs 'grel lung lnga'ang mdzad nas mkha' 'gro ma las kyi dbang mo che la gnyer du gtad/_de nyid kyis dur khrod bsil ba'i tshal gyi mchod rten bde byed brtsegs par gter du sbas pa bka' bab rig 'dzin brgyad kyis sgos bka' so sor spyan drangs/_spyi rgyud slob dpon chen po pad+ma thod phreng rtsal la bka' babs te man ngag gi rim pa rgyas bsdus mtha' yas pa mdzad cing 'phags bod gnyis su chos kyi 'khor lo rgya chen po bskor/_khyad par bod yul bsam yas mchims phur rje 'bangs nyi shu rtsa lnga sgrub chen bka' brgyad kyi dkyil 'khor du smin cing grol bar mdzad/_mnga' bdag tshangs pa lha'i me tog la bde gshegs 'dus pa chen po bka' babs te rgyud lung man ngag thams cad kyi gsang mdzod gtad/_rje 'bangs so so'i dbang skal sgrub sde'i chos skor rgyas bsdus du ma bstan te bod yul mtha' dbus kun tu gter du sba bar mdzad pa rnams gter kha gong 'og gtso bor gyur pa'i sprul pa'i gter chen rnams kyis rim par spyan drangs nas 'gro ba'i don bsam gyis mi khyab par mdzad pa las/_skabs su babs pa 'di ni o rgyan sangs rgyas gnyis pa'i nang thugs kyi sras gcig_/bod yul chos kyi shing rta rje rgyal khri srong lde'u btsan sangs rgyas ma chags pad+ma can du 'bras bu mthar phyin pa'i sku gsung thugs yon tan phrin las lnga yi sprul pas gangs can gyi gdul bya rtag par bskyang ba'i phrin las mi zad rgyan gyi 'khor lo'i rnam 'phrul yongs rdzogs bstan pa'i mnga' bdag_/gangs can bod kyi skyabs gcig_/rgyal ba'i dbang po rdo rje thogs med rtsal la dag chen ye shes kyi rol rtsed du rig 'dzin lha dang mkha' 'gro dngos gcig du mar rol pas chos rgyun gyi ting nge 'dzin rgyun mi chad pa'i gzigs snang*/_dag snang rgya can nyer lngar grags pa las/_dgung grangs nyer bdun la jo bo thugs rje chen po rnam pa mi dkar po zhig gis bod khams bde thabs kha yar bstan/_snang ba de 'gags pa'i mur dzo ki'i nyams shin tu dod pa rgya gar gyi paN+Di ta sku mdog ser ra ba zhig gis/_sgrub pa bka' brgyad yi dam gyi lhar zungs shig par bskul ba'i ngang nas paN+Di ta bi ma mi tra thugs kar phur pa zhal gcig phyag gnyis pa/_mdun du phur pa zhal gsum phyag drug pa de yi thugs kar phur pa'i dkyil 'khor yongs su rdzogs pa rig 'dzin zhal lung ltar bkra lam gyis bstan/_rang gi mtha' bskor du byad dbyibs cha lugs ngos bzung mi nus pa mang po'i dzapa? dbyangs dir byung*/_de nas dbang bzhi rdzogs par bskur/_de bzhin du 'jam dpal bshes gnyen paN chen gyi chas can gyis 'jam dpal tshe bdag phyag rgya zil gnon gyi dbang*/_klu sgrub snying po rab byung sbrul mgo'i gdeng ka can gyis pad+ma yang gsang gi dbang*/_o rgyan rin po che za hor mas che mchog dbu nyer gcig gi dbang*/_hU~M ka ra ras gzan dkar po gyon pa rnal 'byor pa'i cha byad can gyis yang dag gi dbang*/_d+ha na saMskr-i ta paN+Di ta'i cha lugs can gyis ma mo'i dbang*/_rom bu gu h+ya tsan+d+ra rnal 'byor pa ras dkar na bza' can gyis dregs pa kun 'dul gyi dbang*/_'di'i tshe sde brgyad kyi srog yig dmar nar gyis rkang pa'i 'og tu bcug pa gsal/_shin+tiM g+har+b+ha paN+Di ta gsang gos sngon po can gyis stobs ldan nag po'i dbang*/_rig 'dzin dkar po rdor dril 'dzin cing rus rgyan stag sham ral pa'i thor tshugs can zhi ma khro bla ma rig 'dzin gyi dbang bskur ro/_/de'i drung na jo mo mtsho rgyal gyi ngo bo bu mo lha mo'i dbyibs can gyi bka' brgyad kyi dbang la brten nas lo de'i bar chad zhi ba dang gsang ming btags shing bzang ngan shan 'byed skor lung kha shas bstan rjes rdo rje gro lod du gnas gyur te sku gsung thugs kyis byin gyis brlabs/_dam sri bse thebs dang phod kha gyon pa zhig brub khung nang bcug nas bsgral ba'i dbang bskur rjes bu mo des sngar gyi 'phros lung rnams bstan pa'i ngang nas snang ba de yal bar gsungs pa'i bka' brgyad spyi dril rig 'dzin zhal lung gi dbang dngos la dkyil 'khor du 'jug pa dang*/_zhugs pa la dbang bskur ba gnyis kyi dang po'i don du maN+Dal phul/__slob dpon dang dkyil 'khor gyi gtso bo dbyer mi phyed pa la dad mos drag pos thal sbyar me tog dang bcas gsol ba 'debs pa 'di'i rjes zlos/_bla ma sangs rgyas kun dang mnyam/_/slob dpon la ni skyabs su mchi/_/sgrub pa bka' brgyad 'khor dang bcas/_/lha rnams la yang phyag 'tshal lo/_/mya ngan 'das pa'i grong khyer du/_/slob dpon gyis kyang bdag gzhug gsol/_/lan gsum brjod pas chas su zhugs pa ni thor tshugs byin la/_uSh+Ni Sha sha d+hA ra a b+hi Shiny+tsa hU~M/_glang lpags gtad la/_oM hasti ka tsarma kri ta hU~MH_stag lpags smad du dkris te/_oM bya b+h+ri ta tsarma kri ta hU~MH_thod phreng tshar gsum mgul du bskon la/_oM ma hA ka sa ma l+ye hU~MH_sbrul chun gyis brgyan te/_oM ma hA aSh+Ta nA ga ra tsa hU~MH_zhing lpags kyis stod g.yogs la/_oM hU~M baM hU~M tiSh+Tha na da ka hU~MH_mkhur tshos su rak+ta'i thig le byas te/_oM ma hA rak+ta maN+Dal hU~MH_o ko la zhag gi zo ris gdab la/_hU~M staM pa ga ta a la la hoH_dpral bar thal chen tshom bu byas te/_hU~M sarba pA ta a hU~MH_dar ras dmar po'i gdong g.yogs ni/_a khaM bi ra hU~MH_me tog phreng ba gtad la/_oM puSh+pe rat+na ma l+yA traM/_spro ba 'dri ba ni/_bu khyod dkyil 'khor 'dir zhugs pa'i/_/don dam 'bras bu ci la dga'/_/zhes dris pa'i lan du 'di yi rjes zlos mdzod/_kyai/_bdag sogs gsang ba'i dkyil 'khor 'dir/_/zhugs nas bla med byang chub 'dod/_/ces gsol bas slob dpon gyis gnang ba sbyin pa ni/_'di la gsan pas khyab par gda'/_/skal ldan bu khyod de skad gsungs pa legs/_/sgrub pa bka' brgyad dkyil 'khor nang du khyed bsdu yis/_/dad pa bskyed la deng nas ji srid bar/_/lha mchog the tshom spongs la 'dir zhugs shig_/ces brjod/_tshogs bsags skyabs sems sdom bzung sta gon bzhin bya/_phung khams byin gyis brlab pa ni/_gnas gsum du dri yi thig le byas la/_slob ma rnams dpal he ru kar gsal ba'i dpral bar zla ba/_mgrin snying gnyis la nyi ma re'i gdan gyi steng du/_dpral bar 'khor lo dkar po oM gyis mtshan pa las sku rnam par snang mdzad/_mgrin par pad+ma dmar po AHyis mtshan pa las gsung snang ba mtha' yas/_thugs kar rdo rje sngon po hU~M gis mtshan pa las thugs mi bskyod par gsal btab/_oM AHhU~M brjod nas rdo rje'i rgyas btab/_yol ba bsal/_nang du gzhug cing phyag bya ba ni/_slob dpon gyi phyag gi rdo rje la 'jus te/_dzaHhU~M baM hoH_zhes dkyil 'khor gyi shar sgo'i nang du khrid par mos la/_dus gsum sangs rgyas thams cad kyi/_/sku gsung thugs kyi bdag nyid mchog_/bde gshegs rgyal ba 'khor bcas la/_/lus ngag yid kyis phyag 'tshal lo/_/zhes brjod de shar sgo nas phyag bya/_de bzhin du phyogs gzhan gsum nas phyag byas par mos te mthar shar sgo'i nang du dbang stegs la/_gtso bo zhal gcig phyag gnyis pa'i nga rgyal la gnas par bsams la dam bzhag bzhi yod pa las phan yon gyi sgo nas dam la bzhag pa ni/_rdo rje mgo bor bzhag la/_/rigs kyi bu mchog tshur nyon cig_/deng khyod bde gshegs 'khor bcas kyis/_/nang du khrid kyis zhugs pa yin/_/slob dpon lung bstan ngas kyang ni/_/bcom ldan sgrub pa bka' brgyad kyi/_/ye shes khyed la bskyed par bya/_/rnal 'byor bu mchog khyod kyis kyang*/_/de bzhin gshegs pa'i dkyil 'khor gyi/_/dngos grub dam pa thob par 'gyur/_/dngos grub gzhan lta smos ci dgos/_/khyed kyis dkyil 'khor ma mthong ba'i/_/drung du smra bar ma byed cig_/gal te smras par gyur na ni/_/dam tshig nyams te dmyal bar 'gro/_/dam tshig ma bsrungs ba'i nyes dmigs bsgrags pas dam bzhag ni/_/rdo rje snying gar gtugs te/_bcom ldan sgrub pa bka' brgyad ni/_/khyed kyi snying la bzhugs pas na/_/gal te tshul 'di smras na ni/_de ma thag tu dral te gshegs/_/zhes brjod/_dam tshig bsrung ba'i dpang po bdud rtsi byin pa snying dbus su thim par mos la/_'di ni khyod kyi dmyal ba'i chu/_/dam tshig nyams na sreg par byed/_/dam tshig bsrungs na dngos grub thob/_/rdo rje bdud rtsi'i chu 'dis 'grub/_/oM badz+ra pany+tsa a mr-i ta ha na ha na u da ka hU~M phaT/_bla ma'i bka' nyan pa'i tshul gyis dam la bzhag pa ni/_rdo rje mgo bor bzhag la/_/deng nas brtsams te thams cad du/_/he ru ka dpal nga yin gyi/_/nga yis smras pa bu yis gyis/_/nga la brnyas par byas na ni/_/khyod ni sdug bsngal ma bral bar/_/tshe yi 'du byed byas nas ni/_/sems can dmyal ba chen por lhung*/_/zhes brjod/_dbang gi gzhi ye shes dbab pa la gsol ba gdab pa 'di'i rjes zlos mdzod/_hU~M/_bla ma yi dam dgongs su gsol/_/sgrub pa bka' brgyad dkyil 'khor 'dir/_/de ring bdag sogs mched lcam la/_/byin chen dbab la dbang chen bskur/_/zhes lan gsum gyis gsol ba gdab/_slob ma rnams lus gnad chos bdun bcas/_ngag gnad bum can nam rlung rang sor bzhag_/sems kyi rtog pa skad cig kyang ma yengs par dmigs pa 'di ltar bsgom par zhu/_oM badz+ra a mr-i tas bgegs bsang*/_stong pa'i ngang las khyed rang rnams skad cig dran rdzogs su nam mkha' la 'ja' shar ba bzhin du dpal chen he ru ka rigs 'dus phyag rgya gcig pa'i skur gyur te/_de yang sku mdog mthing la smug pa'i mdangs kyis brjid pa/_zhal gcig phyag gnyis g.yas gser gyi rdo rje rtse dgu pas g.yon thod pa khrag gis bkang ba dkrugs pa'i tshul du bsnams pa zhal gdangs ljags 'dril mche ba gtsigs shing spyan gsum sdang mig glog ltar 'khyugs pa'i smin ma dang sma ra me lce 'bar ba/_dbu skra kham nag nam mkhar 'phyo zhing thod skam rigs lnga rtse phran 'od zer 'bar bas brgyan pa snyan rgyan mgul chun dang*/_phyag zhabs kyi rgyan rin po che dang rus rgyan sbrul gyi chun pos brgyan pa/_sku la glang chen ko rlon mi lpags g.yang gzhi stag lpags sham thabs te bgo ba'i gos gsum dang*/_thod pa skam rlon rnying pa'i phreng ba tshar gsum/_thal chen rak+ta zhag gi zo ris te byug pa'i rdzas gsum dang*/_rdo rje'i gshog pa dang ye shes kyi me dpung ste dpa' ba'i rtags gnyis dang bcas te dpal gyi chas rnams sku la rdzogs par brgyan cing*/_zhabs g.yas bskum g.yon brkyang gi 'dor thabs kyis pad nyi'i gdan la bzhengs shing 'gyings pa/_/yum chen khro mo gnam zhal ma mthing ga cha lugs yab dang mtshungs pa'i phyag g.yas yab kyi mgul nas 'khyud cing g.yon pas thod khrag yab kyi zhal du stob pa/_zhabs g.yas pa yab dang mnyam par bshibs shing g.yon yab kyi sked la 'khril ba/_yab yum gnyis ka snang la rang bzhin med pa gar dgu'i nyams ldan gzi brjid gtum rngams kyi dpal du 'bar ba gsal ba'i dpral bar oM dkar po/_mgrin par AHdmar po/_thugs kar hU~M mthing gas mtshan pa/_sangs rgyas thams cad kyi sku gsung thugs rdo rje'i rang bzhin du byin gyis brlabs pa dang*/_slob dpon dang dkyil 'khor gyi lha tshogs la mos gus shugs drag tu bskyed pa'i rkyen gyis slob dpon dang dkyil 'khor gyi lha dbyer med pa'i thugs ka'i 'od dang snyoms 'jug gi bde ba'i sgras bskul te/_mkha' khyab kyi rtsa gsum rgyal ba sras dang bcas pa/_sku phyag rgya/_gsung yig 'bru/_thugs phyag mtshan gyi rnam pa kha char bu yug 'tshubs pa bzhin byon nas slob ma'i sgo gsum la sib sib thim par bsam la slob dpon gyis dgongs pa bcas pa'i gdengs bskyed/_'bebs pa'i rdzas bdug rol mo dbyangs dang bcas pas/_a la la hoH_sa ma ya hoH_sa ma ya s+t+waMH_'phags mchog thugs rje sogs dang*/_oM badz+ra kro d+ha ma hA shrI he ru ka hU~M phaT/_dz+nyA na a be sha yaH_s+t+waM b+ha ya s+t+waM b+ha yaH_ra ra ra ra/_tsa la ya tsa la yaH_hU~M a he dz+heM:_zhes drag tu bzlas la dbab/_ye shes pa'i byin rlabs kyi rgyun byang chub ma thob kyi bar du sgo gsum la brtan par byas pa mos shig_/tiSh+Tha badz+ra/_zhes rdo rje mgo bor rgya gram du bzhag_/khyed rnams kyi spyan mig dar gyis bkab ste dkyil 'khor la ltos dang kha dog gang mthong ba de bdag la smros shig_/slob ma rnams kyis gang mthong ba zhus pas/_slob dpon gyis las bzhi'i kha dog gang mthong ba de rigs dang dngos grub 'grub par lung bstan/_'grim dkyil bstar la/_/sngar byin pa'i me tog cod pan de nyid rang rang gi tshe rabs sngon nas 'brel ba'i rigs kyi lha gang yin pa la phog par shog cig snyam pas dkyil 'khor chen por dor ba'i mos pas tshig 'di'i rjes zlos dang bcas te dor bar zhu/_/dkyil 'khor lha tshogs drung du bdag mchi yis/_/dpal chen bka' brgyad dkyil 'khor chen po ru/_/dngos grub thob phyir dbus su me tog gtor/_/sngon sbyangs las 'phro gang yod der bab shog_/pra tIts+tsha hoH_de ltar phul ba nyid lhag pa'i lhas bzhes te slar yang dbang rtags cod pan gyi tshul du spyi bor bcings pa dang lhan cig dpal chen po ye shes kyi phyag rgya gnyis pa 'phros te spyi bor thim par mos shig_/skabs 'dir spro na me tog gang du bab pa'i rigs dang mthun pa'i ming gdags/_hU~M/_cod pan 'di ni dpa' ba'i rtags/_/smon lam mthun pa'i lhas byin brlabs/_/bar chad kun gyis mi tshugs shing*/_/'khor ba'i skyon gyis ma gos shig_/puSh+pe a b+hi Shiny+tsa maMH_slob dpon gyi thugs ka nas ye shes kyi 'od zer gser gyi thur ma lta bu byung ba/_khyed rang rnams kyi ma rig pa'i sgrib g.yogs mig dar dang lhan cig sangs kyis bsal bar mos shig_/rdo rje mig 'byed pa'i tshul byas/_skal bzang khyed la gzhal yas ngas bstan phyir/_/rab tu dga' ba bskyed la gus pa gyis/_/ma rig mun sel ye shes mig dbye yi/_/gsal zhing dwangs pas sems can don la ltos/_/oM badz+ra pra be sha ya phaT/_ces brjod cing mig dar bsal/_/dkyil 'khor blta bar bskul ba ni/_/dkyil 'khor bzang po nyid la ltos/_/shes rab rnam gsum rab tu bskyed/_/bde bar gshegs pa'i byin gyis brlabs/_/dngos grub thams cad mngon du 'gyur/_'gro ba rigs drug thams cad la/_/bu bzhin snying rje kun la skyed/_gsang ba'i chos la dad par gyis/_/zhes brjod nas rten brten pa'i dkyil 'khor rnams rgyas par bstan/_dkyil 'khor gyi shar sgor phyin pa dang*/_lha tshogs yongs rdzogs la sgo yi rim gyis g.yas bskor du phyag 'tshal bar mos la/_oM na ma te hU~M/_oM na ma mi hU~M/_na mo na ma hU~M/_zhes phyag 'tshal bar mos/_dag pa ye shes kyi spyan thob pas mtshon byed lhag pa gzugs brnyan gyi dkyil 'khor rten dang brten pa bum pa la sogs pa'i rdzas rnams bkra lam me mjal ba la brten nas mtshon bya don gyi dkyil 'khor lhag pa ting nge 'dzin gyis sprul pa'i dkyil 'khor rdo rje'i rwa gur me dpung gi dbus 'khor lo'i ra ba rdo rje'i brag steng du dur khrod chen po brgyad kyis bskor ba'i nang du pad nyi rgya gram gyi stegs bur gzhal yas khang gru bzhi sgo bzhi dbus phyur bu chos 'khor tog gis mtshan pa'i nang*/_rdo rje'i gdung gis mig mang ris su bcad pa'i gling dgur pho brang chen po dgu/_phyi nang thams cad phyi rin po che sna lnga/_nang thod pa tshar gsum gyi rtsig pa la drag po'i rgyan dang bkod pa yongs su rdzogs shing*/_rta bab sgo rgyan dang bcas pa'i gling dgu so so'i nang du 'khor lo rtsibs bzhi mu khyud dang bcas pa/_lte ba gru gsum mthing nag zla gam dang bcas pa'i dbus su rdo rje brag chen pad+ma nyi zla byol song gser 'khor lha klu'i gdan/_phyogs mtshams rnams kyi dbus dang rtsibs bzhi khyams dang sgo rnams su rang rang gi gdan rnams bkod pa ni rten gzhal yas khang yin la/_brten pa lha ni dbus su bcom ldan 'das che mchog he ru ka sku mdog smug nag dbu nyer gcig phyag bzhi bcu rtsa gnyis kyi zhi ba bzhi bcu rtsa gnyis bsnams shing zhabs brgyad bgrad pa/_yum gnam zhal ma dbu dgu phyag bco brgyad kyis gnas yul gyi khro mo phra men bsnams shing zhabs bgrad pa/_yab yum gnyis ka dpal dang dur khrod kyi chas dang ldan pa'i phyogs bzhir lung gi he ru ka yab yum/_phyi khyams su khro bo mthar byed sgo ba bzhi bka' srung lce spyang ma brgyad dang bcas pa ste lha tshogs sum cu so gnyis/_shar phyogs su yang dag thugs kyi lha tshogs lnga bcu rtsa brgyad/_lhor 'jam dpal sku yi lha tshogs lnga bcu rtsa lnga/_nub tu pad+ma gsung gi lha tshogs drug cu rtsa bzhi/_byang du phur pa phrin las kyi lha tshogs bdun bcu rtsa brgyad/_shar lhor rbod gtong ma mo'i lha tshogs bdun cu rtsa bzhi/_lho nub tu rig 'dzin slob dpon gyi lha tshogs nyi shu rtsa dgu/_nub byang du 'jig rten mchod bstod kyi lha tshogs sum cu rtsa gnyis/_byang shar du dmod pa drag sngags kyi lha tshogs nyi shu rtsa brgyad/_phyi yi pho brang chen po'i khyams kyi nang du mkha' 'gro so gnyis dang dbang phyug nyer brgyad/_sgo bzhi'i nang du mthar byed bzhi/_mkha' 'gro bzhi/_ging chen bzhi/_phyi rol du rgyal chen sde bzhi/_dur khrod kyi khyams la ging chen bco brgyad/_lang ka bcu drug_/'bar ma brgyad/_ye shes kyi ma mo bdun/_sring mo bzhi/_pho nya drug cu rtsa bzhi/_sa bdag chen mo sum cu rtsa gnyis rigs 'dus mkha' 'gro 'bum phrag nyi shu/_brtan ma bcu gnyis la sogs te mdor na bde gshegs sgrub pa bka' brgyad bdun brgya nyi shu rtsa lnga'i dkyil 'khor ye shes klong dgu'i rang bzhin mngon sum du mjal te phyi nang gzhan gsum dbyer med ngo bo gcig tu rdzogs pa'i don rtogs par mos mdzod/_de dag gis sngon 'gro 'jug pa'i chos grub nas lha dang skal pa mnyam pas ye shes smin pa'i snod du gyur pa yin no/__/gnyis pa dngos gzhi dkyil 'khor du zhugs pa la mngon par dbang bskur zhu ba'i yon du maN+Dal phul/_gsol ba gdab pa 'di'i rjes zlos mdzod/_rdo rje 'dzin pa dgongs su gsol/_/dpal chen bka' brgyad dkyil 'khor du/_bum pa'i dbang bskur bstsal du gsol/_/zhes gsol ba btab pas de bzhin gshegs pa rnams kyis dbang bskur ba'i dgongs pa mdzad/_byang chub sems dpa' rnams kyis bkra shis brjod/_sems ma rnams kyis rdo rje'i glu len/_khro bo khro mo rnams kyis bgegs bskrad/_rig pa'i lha mo rnams dang slob dpon lhan cig pas dbang bskur ba la slob ma dang rnam bum a mr-i tas bsang*/_swa b+hA was sbyang*/_stong pa'i ngang las pad+ma nyi ma'i steng du slob ma dang bum chu hU~M las rdo rje hU~M gis mtshan pa las/_sgos bka' so so'i skabs mi bskyod gshin rje gshed sogs bsgyur/_mchan/_badz+ra he ru ka rdo rje dang dril bu 'dzin par gsal ba'i gnas gsum rdo rje gsum gyi rang bzhin du byin gyis brlabs/_khro bo rang 'dra ba'i ye shes pa spyan drangs/_dzaHhU~M baM hos bstim/_oM sarba ta thA ga ta'i mthar/_ar+g+haM nas shap+ta'i bar btags te mchod/_mi bskyod pa ni ye shes che/_/rdo rje'i thugs ni bla na med/_/skye med spros bral ngo bo nyid/_/mi bskyod pa la phyag 'tshal bstod/_ces bstod nas/_lha 'od du zhu ba las bum chur bsam/_rang gi thugs ka nas 'od zer 'phros pas dbang lha dpag tu med pa spyan drangs de rnams dang dkyil 'khor gyi lha tshogs la dmigs te/_rigs lnga zhi khro'i lha tshogs kyis/_dbang bskur dam pa stsol bar mdzod/_ces gsol ba btab pas lha tshogs rnams kyis mi bskyod pa'i rang bzhin gyi chu'i dbang bskur bar bsam/_hU~M/_sku gsung thugs las byung ba yi/_/nyon mongs zhe sdang 'joms mdzad pa'i/_/lha yi bdud rtsi dag pa yis/_/mi bskyod pa ru dbang bskur ro/_/oM badz+ra u da ka a b+hi Shiny+tsa hU~M/_zhes dbang bskur ba'i chu rgyun gyis slob ma'i lus thams cad gang bas nyon mongs pa zhe sdang dag nas rnam shes kyi phung po gnas gyur me long lta bu'i ye shes mngon du byas/_mi bskyod pa'i bag chags rgyud la bzhag par mos/_rin chen rigs kyi cod pan gyi dbang ni/_slob ma rnams bsang sbyang*/_stong pa'i ngang las pad nyi'i steng du slob ma rat+na he ru ka rin po che dang dril bu 'dzin par gsal ba'i gnas gsum rdo rje gsum gyi rang bzhin du byin gyis brlabs/_slob ma dang dbu rgyan swA las rin chen swAs mtshan pa las rat+na he ru ka ser po khro bo'i rnam pa can/_rin po che dang dril bu 'dzin pa sogs bskyed pa gong dang 'dra/_oM sarba ta thA ga ta'i mthar/_ar+g+haM nas shap+ta'i bar btags te mchod/_bstod pa ni/_/lta ba ngan pa 'joms mdzad pa'i/_/rin chen rgyal po yon tan gtso/_/mnyam nyid ye shes ngo bo nyid/_/rin chen 'byung la phyag 'tshal bstod/_/ces bstod/_lha 'od du zhu ba las byung ba'i rin po che'i dbu rgyan du gyur par bsam/_rang gi thugs ka nas 'od zer 'phros pas dbang lha dpag tu med pa spyan drangs/_de rnams dang dkyil 'khor gyi lha tshogs la dmigs te/_/rigs lnga zhi khro'i lha tshogs kyis/_/dbang bskur dam pa stsol bar mdzod/_/ces gsol ba btab pas/_lha tshogs rnams kyis rin chen 'byung ldan dbu rgyan gyi dbang bskur bar bsam/_hU~M/_sangs rgyas kun gyi rgyal srid che/_/ser sna'i zhen pa rnam par 'joms/_/rtag tu chags med sbyin pa 'dis/_/rdzogs sangs rgyas su dbang bskur ro/_/zhes rnam bum gyi chu gtor/_oM badz+ra rat+na mu ku Ta a b+hi Shiny+tsa swA/_zhes brjod/_sngar bzhin bum pa'i chus dbang bskur ba'i chu rgyun gyis slob ma'i lus thams cad gang bas nyon mongs pa nga rgyal dag nas tshor ba'i phung po gnas gyur mnyam pa nyid kyi ye shes mngon du byas/_rin chen 'byung ldan gyi bag chags rgyud la bzhag par mos/_slob ma rnams bsang sbyang*/_stong pa'i ngang las pad nyi'i steng du slob ma pad+ma he ru ka pad+ma dang dril bu 'dzin par gsal ba'i gnas gsum rdo rje gsum gyi rang bzhin du byin gyis brlabs/_slob ma dang rdo rje aM las pad+ma aM gis mtshan pa las pad+ma he ru ka dmar po khro bo'i rnam pa can pad+ma dang dril bu 'dzin pa sogs gong dang 'dra/_oM sarba ta thA ga ta'i mthar/ar+g+haM nas shap+ta'i bar gyis mchod/_bstod pa ni/_rdo rje gsung gi dpag med pa/_/de bzhin gshegs pa'i gsung mchog pa/_/rdo rje'i gsung gis kun 'byung ba/_/rdo rje'i gsung la phyag 'tshal bstod/_/ces brjod/_lha 'od du zhu ba las byung ba'i rdo rjer bsam/_rigs lnga zhi khro'i lha tshogs kyis/_/dbang bskur dam pa bstsal du gsol/_/gsol ba btab rjes/_hU~M/_/sangs rgyas kun gyi rdo rje'i dbang*/_/mi phyed rdo rje'i gsang ba la/_/'dod chags rtog pa rnam par 'joms/_/rdo rje chos su dbang bskur ro/_/oM badz+ra a b+hi Shiny+tsa hU~M/_/zhes rnam bum gyi chu gtor/_bum pa'i chus dbang bskur ba'i chu rgyun gyis slob ma'i lus thams cad gang bas nyon mongs pa 'dod chags dag nas 'du shes kyi phung po gnas gyur/_so sor rtog pa'i ye shes mngon du byas/_snang ba mtha' yas kyi bag chags rgyud la bzhag par mos/_slob ma rnams bsang sbyang*/_stong pa'i ngang las pad nyi'i steng du slob ma karma he ru ka dril bu dang ral gri 'dzin par gsal ba'i gnas gsum rdo rje gsum gyi rang bzhin du byin gyis brlabs/_slob ma dang dril bu hA las ral gri hAs mtshan pa las karma he ru ka ljang gu khro bo'i rnam pa can ral gri dang dril bu 'dzin pa sogs bskyed pa gong dang 'dra/_oM sarba ta thA ga ta'i mthar/_ar+g+haM nas shap+ta'i bar btags te mchod/_bstod pa ni/_rdo rje las grub kun gyi mchog_/sems can kun gyi don grub dpal/_/bya grub ye shes ngo bo nyid/_/las kyi gtso la phyag 'tshal bstod/_/ces brjod/_lha 'od du zhu ba las byung ba'i dril bur bsam/_/rigs lnga zhi khro'i lha tshogs kyis/_dbang bskur dam pa bstsal du gsol/_/zhes lha tshogs la gsol ba btab rjes/_hU~M/_/thabs dang shes rab ldan pa yis/_/'gro don mnyam med byed gyur pa'i/_phrag dog rtog pa rnam par 'joms/_/gnyis su med pa'i dbang bskur ro/_/oM badz+ra g+haN+De a b+hi Shiny+tsa hA/_zhes rnam bum gyi chu gtor/_bum pa'i chus dbang bskur ba'i chu rgyun gyis slob ma'i lus thams cad gang bas nyon mongs phrag dog dag nas 'du byed kyi phung po gnas gyur/_bya ba grub pa'i ye shes mngon du byas/_don yod grub pa'i bag chags rgyud la bzhag par mos la/_slob ma bsang sbyang*/_stong pa'i ngang las pad nyi'i steng du slob ma bud+d+ha he ru ka rdor dril 'dzin par gsal ba'i gnas gsum rdo rje gsum gyi rang bzhin du byin gyis brlabs/_slob ma dang rdor dril oM las 'khor lo oM gyis mtshan pa las/_bud+d+ha he ru ka dkar po khro bo'i rnam pa can 'khor lo dang dril bu 'dzin pa sogs bskyed pa gong dang 'dra/_oM sarba ta thA ga ta'i mthar ar+g+haMnas shap+ta'i bar btags te mchod/_bstod pa ni/_/rdo rje'i sku ni dga' chen po/_thams cad zhi ba'i mchog nyid gsal/_/rang gi ngang gis 'od gsal mchog_/rdo rje'i sku la phyag 'tshal bstod/_ces brjod/_lha 'od du zhu ba las byung ba'i rdor dril du bsam/_/rigs lnga zhi khro'i lha tshogs kyis/_/dbang bskur dam pa bstsal du gsol/_lha tshogs la gsol ba btab rjes/_hU~M/_rdo rje ming gi dbang bskur bas/_/gti mug rtog pa rnam par 'joms/_/cis kyang mi shigs mi chod par/_/rdo rje ming ni rab tu grags/_/oM badz+ra satwa oM na ma a b+hi Shiny+tsa oM/_rnam bum gyi chu gtor/_sngar me tog gang la babs pa'i gsang mtshan brjod/_sngar bzhin bum pa'i chus dbang bskur ba'i chu rgyun gyis slob ma'i lus thams cad gang bas nyon mongs pa gti mug dag nas gzugs kyi phung po gnas gyur/_chos kyi dbyings kyi ye shes mngon du byas nas rnam par snang mdzad kyi bag chags rgyud la bzhag par mos/_nam mkhar bzhugs pa'i dbang lha rnams kyang 'od phung gi rnam pas khyed rang rnams la thim par mos shig_/nyer spyod btegs la/_oM badz+ra puSh+pe nas shap+ta pra tIts+tsha swA hA/_bkra shis kyi tshigs su bcad pa kha shas brjod/_de dag gis dbang rdzas la brten nas dbang bskur bas dpal he ru ka rigs lnga dang skal pa mnyam pa la/_sman raka gtor ma dam tshig gi rdzas kyis lha rnams bsnyen cing sgrub pa sogs gsang sngags zab mo'i thabs la brten nas 'khor 'das thams cad 'dod yon zag med ye shes rnam rol chen por longs spyod pa'i mthu thob par mos shig_/hU~M_sman raka gtor ma mchod pa'i tshogs/_/dam rdzas rnams kyi dbang bskur bas/_/lha dang dam can bsten mchod pa'i/_/sgom sgrub nyan bshad dbang thob shog_/a mr-i ta rak+ta ba liM ta sa ma ya a be sha ya a a/_sman raka lag g.yas g.yon gtor ma spyi bor bzhag_/dur khrod kyi chas brgyad bskon pas dpal he ru ka'i gnas thob ste ma mo mkha' 'gro yongs kyi rje bor mnga' dbang bsgyur bar mos shig_/hU~M/_/de ring dus 'dir bu khyod la/_/ko rlon zhing lpags stag sham dang*/_/byug pa'i rdzas gsum skam rlon phreng*/_/dur khrod chas brgyad dbang thob shog_/oM shrI he ru ka a b+hi Shiny+tsa sa ma ya shrI ye hU~M swA hA/_rdo rje phyed dang ral pa'i thod/_/khyung gshog sna tshogs phyag mtshan mtshon/_/go khrab ro gdan khrag zhag mtsho/_/bskal pa'i me dpung rab 'bar ba/_/dpal gyi chas brgyad dbang thob shog_/shrI he ru ka a lang+ka ra a be sha ya a aH_gnyis pa nang nus pa 'jug pa'i dbang la dbang lnga'i thog ma nang lha sku phyag rgya'i dbang bskur ba la/_dang po ni dkyil 'khor gyi gtso bo las zhi ba rigs bzhi mar me gcig las gnyis chad kyi tshul du byon/_slob ma dpal chen por gsal ba'i gnas bzhir dwangs gsal sgrib med du bzhugs par mos te/_hU~M/_spyi bor 'jam dpal ye shes sems/_/mgrin par spyan ras gzigs dbang ste/_/thugs kar rdo rje sems dpa' nyid/_/lte bar drug pa rdo rje 'chang*/_/rgyal ba rigs bzhi'i dbang bskur bas/_/sku bzhi lhun grub dbang thob shog_/oM wA gI shwa ri mUM/_ar+Ya a wa lo ke te shwa ra ya/_badz+ra satwa/_ma hA badz+ra d+ha ra a b+hi Shiny+tsa a aH_dkyil 'khor gyi lha gtso bo dgu las ye shes kyi sku gnyis pa re 'phros khyed rang rnams kyi spyi bo la sogs pa'i gnas so sor thim pas lha dang gnyis su med pa'i dbang chen thob par mos shig_/hU~M/_/bcom ldan che mchog he ru ka_/smug nag dbu ni nyer gcig la/_/g.yas g.yon phyag ni bzhi bcu gnyis/_/zhi ba bzhi bcu rtsa gnyis bsnams/_/gnam zhal yum dang gnyis med 'khril/_/che mchog lha tshogs 'khor dang bcas/_/skal ldan 'di la dbang bskur bas/_/yon tan lhun gyis grub par shog_/oM badz+ra kro d+ha ma hA shrI he ru ka sarba sa ma ya a b+hi Shiny+tsa a aH_hU~M/_khrag 'thung rak+sha he ru ka_/rak+sha kro d+hI yum dang sbyor/_/zhe sdang nyon mongs kun sbyangs nas/_/mthu stobs rdzogs pa'i dbang thob shog_/oM shrI ma hA rak+sha he ru ka hU~M phaT/_/oM ma hA rak+sha kro d+hI hU~M phaT/_a b+hi Shiny+tsa a aHhU~M/_hU~M/_khrag 'thung gu h+ya he ru ka_/gu h+ya kro d+hI yum dang sbyor/_/nga rgyal nyon mongs kun sbyangs nas/_/mthu stobs rdzogs pa'i dbang thob shog_/oM shrI ma hA gu h+ya he ru ka hU~M phaT/_oM gu h+ya kro d+hI hU~M phaT/_a b+hi Shiny+tsa a aHhU~M/_hU~M/_/khrag 'thung bi shwa he ru ka_/bi shwa kro d+hI yum dang sbyor/_/'dod chags nyon mongs kun sbyangs nas/_/mthu stobs yongs rdzogs dbang thob shog_/oM shrI ma hA bi shwa he ru ka hU~M phaT/_oM bi shwa kro d+hI hU~M phaT/_a b+hi Shiny+tsa a aHhU~M/_hU~M/_/khrag 'thung yak+sha he ru ka_/yak+sha kro d+hI yum dang sbyor/_/phrag dog nyon mongs kun sbyangs nas/_/mthu stobs yongs rdzogs dbang thob shog_/oM yak+sha shrI he ru ka hU~M phaT/_oM yak+sha kro d+hI hU~M phaT/_a b+hi Shiny+tsa hU~M/_che mchog yon tan lha tshogs rnams kyi dbang bskur bas bde gshegs thams cad kyi yon tan yongs su rdzogs pa'i dbang dam pa thob par gyur cig_/dpal dgu'i lha dbang bka' brgyad gsang rdzogs las zhal bskang ba ni/_hU~M/_bcom ldan dpal chen 'jam dpal gshin rje gshed:_ser nag dbu gsum phyag drug zhal bzhi bgrad:_g.yas gsum 'khor lo ral gri dgra s+t+wa bsnams:_g.yon gsum sdigs mdzub mdung dang dung dmar bsnams:_sbyor sgrol yum dang dur khrod chas rnams rdzogs:_rigs bzhi la sogs gshin rje yongs rdzogs lhas:_skal ldan dbang bskur sku lnga lhun grub shog:_oM hriSh+Ti wi kri ta na na hU~M hU~M sarba sa ma ya a b+hi Shiny+tsa aH_dpral bar bstim mo/_hoH_'jam dpal gshin rje gshed yab yum sras 'khor dang bcas pa'i dbang bskur bas/_bde bar gshegs pa thams cad kyi sku yongs su rdzogs pa'i dbang chen po thob par gyur cig_/hU~MH_bcom ldan dpal chen rta mchog dbang gi rgyal:_dmar nag dbu gsum phyag drug zhabs bzhi bgrad:_g.yas gsum rdo rje kha T+wAM sbrul zhags bsnams:_g.yon gsum b+han dmar dril bu lcags sgrog bsnams:_gzi ldan yum 'khril dur khrod chas rnams rdzogs:_rigs bzhi la sogs dbang chen yongs rdzogs lhas:_skal ldan dbang bskur gsung dbyangs lhun grub shog:_oM h+ya gr-I wa hu lu hu lu hU~M:_sarba sa ma ya a b+hi Shiny+tsa aH_mgrin par bstim mo/_hoH_dpal chen pad+ma dbang chen yab yum sras 'khor bcas pa'i dbang bskur bas/_bde bar gshegs pa thams cad kyi gsung yongs su rdzogs pa'i dbang thob par gyur cig_/hU~MH_bcom ldan dpal chen badz+ra he ru ka:_mthing nag zhal gsum phyag drug zhabs bzhi bgrad:_g.yas gsum rdo rje kha T+wAM rnge'u chung bsnams:_g.yon gsum dril bu b+han dmar rgyu zhags bsnams:_kro ti yum 'khyud dur khrod chas rnams rdzogs:_rigs bzhi la sogs yang dag yongs rdzogs lhas:_skal ldan dbang bskur thugs mchog lhun grub shog:_oM ru lu ru lu hU~M b+h+yo hU~M:_sarba sa ma ya/_a b+hi Shiny+tsa aH_snying gar bstim mo/_hoH_dpal chen badz+ra he ru ka yab yum sras 'khor bcas pa'i dbang bskur bas/_bde bar gshegs pa thams cad kyi thugs yongs su rdzogs pa'i dbang chen po thob par gyur cig:_hU~M:_bcom ldan dpal chen rdo rje gzhon nu'i sku:_ljang nag dbu gsum phyag drug zhabs bzhi bgrad:_g.yas gnyis rdo rje rtse dgu rtse lnga bsnams:_g.yon gnyis me dpung kha T+wAM rtse gsum bsnams:_g.yas g.yon mtha' gnyis rdo rje phur pa 'dril:_rgyas 'debs yum 'khyud dur khrod chas rnams rdzogs:_rigs bzhi la sogs phur pa yongs rdzogs lhas:_skal ldan dbang bskur phrin las lhun grub shog:_oM badz+ra kI li kI la ya hU~M:_sarba sa ma ya A b+hi Shiny+tsa aH_ho:_dpal chen rdo rje gzhon nu sras 'khor bcas pa'i dbang bskur bas:_bde bar gshegs pa thams cad kyi phrin las yongs su rdzogs pa'i dbang chen po thob par gyur cig:_hU~M:_bcom ldan dpal chen bla med he ru kaH_mthing nag dbu gsum phyag drug zhabs bzhi bgrad:_g.yas gsum rdo rje khyung khra sbrul zhags bsnams:_g.yon gsum b+han dmar zhing dbyug gwa'u bsnams:_kun bzang yum 'khyud dur khrod chas rnams rdzogs:_yum drug la sogs ma mo yongs rdzogs lhas:_skal ldan dbang bskur ma mo lhun grub shog:_oM gu h+ya dz+nyA na shrI he ru ka kro ti shwa ri hU~M:_sarba sa ma ya a b+hi Shiny+tsa aH_gsang gnas su bstim mo/_hoH_dpal chen he ru ka yab yum sras 'khor bcas pa'i dbang bskur bas:_bde bar gshegs pa thams cad kyi gzi byin yongs su rdzogs pa'i dbang chen po thob par gyur cig:_hU~MH_bcom ldan dpal chen rig 'dzin thod pa rtsal:_sku mdog ma nges zhal gcig phyag gnyis pa:_g.yas pas rdo rje g.yon pas dril bu bsnams:_zhabs gnyis brkyang bskum zhi dang khro gar mdzad:_rnal 'byor yum bcas rus pa'i rgyan drug spras:_rig 'dzin bzhi sogs rig 'dzin yongs rdzogs lhas:_skal ldan dbang bskur byin chen lhun grub shog:_oM badz+ra ma hA gu ru sarba hU~M/_sarba sa ma ya a b+hi Shiny+tsa aH_spyi bor bstim mo/_hoH_dpal chen rig 'dzin thod pa rtsal yab yum sras 'khor bcas pa'i dbang bskur bas:_bde bar gshegs pa thams cad kyi chos kyi sgo yongs su rdzogs pa'i dbang chen po thob par gyur cig:_hU~M/_bcom ldan dpal chen dregs pa kun 'dul ni:_mthing nag dbu gsum phyag drug zhabs bzhi bgrad:_g.yas g.yon dang po rdo rjes dung khrag dkrugs:_g.yas kyi 'og gnyis lha brgyad mgo bo bsnams:_g.yon gyi 'og gnyis klu brgyad mgo bo bsnams:_spyi 'dul yum 'khyud dur khrod chas rnams rdzogs:_rigs bzhi la sogs dregs pa yongs rdzogs lhas:_skal ldan dbang bskur chos skyong lhun grub shog:_oM badz+ra tsaN+Da sarba duSh+Tan hrI:_sarba sa ma ya a b+hi Shiny+tsa aH_pus mo g.yas su bstim mo/_hoH_dpal chen dregs pa kun 'dul yab yum sras 'khor dang bcas pa'i dbang bskur bas:_bde bar gshegs pa thams cad kyi mthu stobs yongs su rdzogs pa'i dbang chen po thob par gyur cig:_hU~MH_bcom ldan dpal chen stobs ldan nag po ni:_mthing nag dbu gsum phyag drug zhabs bzhi bgrad:_g.yas g.yon dang po rdo rjes thod khrag dkrugs:_g.yas gnyis lha brgyad tsit+ta rtse nas bsnams:_g.yon gnyis klu brgyad tsit+ta sgang nas 'dril:_'byung lnga yum 'khril dur khrod chas rnams rdzogs:_rigs bzhi la sogs sngags bdag yongs rdzogs lhas:_skal ldan dbang bskur dgra bgegs tshar gcod shog:_oM badz+ra sarba duSh+Tan e dza b+h+yoH_sarba sa ma ya a b+hi Shiny+tsa aH_pus mo g.yon du bstim mo/_hoH_dpal chen stobs ldan nag po yab yum sras 'khor dang bcas pa'i dbang bskur bas:_bde bar gshegs pa thams cad kyi stobs yongs su rdzogs pa'i dbang dam pa thob par gyur cig:_hU~MH_sprul pa'i bya khyung ga ru DAH_bde gshegs nus mthu rtsal chen rdzogs :_klu 'dul khyung pho khyung mo'i tshul:_gtsug na rin chen rdo rje'i mchu:_ral gri'i gshog rgyas lcags kyu'i sder:_yang sprul rigs lnga'i khyung phrug bskor:_gdug pa 'dul byed khyung dbang bskur:_bden pa dbyer med don rtogs shog:_oM AHhU~M khroM ga ru DA hU~M phaT:_dpung pa gnyis su bstim mo/__/ye shes sprul pa'i bya khyung gi dbang bskur bas:_gdug pa can thams cad 'dul zhing kun snyoms yangs pa chen po'i rtsal chen rdzogs pa'i dbang dam pa thob par gyur cig:__gsung bzlas pa'i lung gi slad du dmigs pa 'di bzhin du mdzod/_khyed rang rnams dpal chen po'i sku'i gnas kyi lha rnams kyang me long nang gi gzugs brnyan bzhin snang la rang bzhin med par bsam pa'i thugs kar rang rang gi sa bon/_bla ma dang gtso bo tha mi dad pa'i gnas so so'i sa bon sngags phreng dang bcas pa las chu las chu bur rdol ba ltar gnyis pa re thon zhal nas byung khyed rang rnams kyi zhal nas zhugs sa bon so so'i mthar 'khod cing thim pa la brten nas byin gyis brlabs par mos la sngags rnams kyi rjes zlos lan gsum re mdzad par zhu/_spro na sngags yongs rdzogs dang*/_bsdu na dril bsnyen so lnga pa rjes zlos lan gsum byar gzhug_/mthar sngags byang ngam phreng ba mgrin par bzhag la/_hU~M:_gsang ba'i snying po 'di brjod pas:_zhi khro yongs rdzogs lha bsnyen cing:_sku gsung thugs kyi dngos grub rnams:_ma lus lhun gyis 'grub par shog:_spyi dril mthar/_a b+hi Shiny+tsa AH_thugs ting nge 'dzin spros bral 'od gsal rig stong chos kyi sku'i ngo bor mnyam par bzhag pas/_nam mkha'i ngang du 'byung ba bzhi yongs su rdzogs pa ltar phyogs bcu dus bzhi'i bde bar gshegs pa rnams kyi sku gsung thugs yon tan phrin las gzi brjid mthu stobs thams cad yongs su rdzogs pa'i nges shes skyes mdzod/_/bdud rtsi sman dbang bskur ba la/_gsol ba 'debs pa 'di yi rjes zlos mdzod/_e ma he ru ka dpal dang*/_/dbyer med rdo rje rgyal po yis:_dur khrod gsang ba'i dkyil 'khor 'dir:_dngos grub rdzas kyi byin dbang stsol:_che mchog yon tan gyi sgrub pa'i khyad chos grol ba drug ldan bdud rtsi sman gyi sgrub pa'i dbang bskur ba la/_rgyud las/_bdud rtsi mchog gi mnyam pa'i dbyings/_/bdud rtsi'i don ni skye shi med/_/bdud rtsi'i gnas ni byang chub sems/_/bdud rtsi'i las ni rnam rtog sbyangs/_/bdag dpal tshogs zhing 'gro don mdzad/_/sman gyi byin rlabs bsam mi khyab/_/ces gsungs pa ltar snga 'gyur rdo rje snying po'i sgrub sde brgyad kyi gtso bo rdo rje nyi ma'i rigs che mchog bdud rtsi yon tan gyi sgrub pa la nges pas drang ba'i don gyi bdud rtsi'i rnal 'byor la brten nas snang srid bde chen mchog gi dkyil 'khor gcig tu bzlums te mchog gi dngos grub dang*/_rdo rje'i tshe dang*/_nyams chag bskang ba sogs thun mong zhar byung du sgrub pa'i gseng lam nyams su len pa bdud rtsi'i dbang thob dgos pas bcud ldan sman gyi pho brang 'di nyid dpal che mchog yon tan bdud rtsi'i dkyil 'khor yan lag bdun dang sbyor ba brgyad ldan lus dkyil gyi lha dang bcas pa dngos su gsal ba khyed rang rnams kyi gnas gsum du bzhag pas phyi nang gsang ba rdo rje gsum gyi byin gyis brlab par mos shig_/sman gyi pho brang gnas gsum du bzhag la/_gdod nas ma skyes rnam dag chos dbyings sbyor/_/dag dang ma dag mi rtog rtog las 'das/_/dus gsum gcig la myur ston phyi gshol med/_/dngos grub sna tshogs dbyibs ston 'bar ba che/_/bskal par sgrib byang gti mug mun bsal ba:_sprin mthong nyi shar zhud par dro bzhin du/_/bdud rtsi rgyal po dbang chen 'di byin pas/_/rig 'dzin rgyal po gtso bo'i go 'phang thob/_/oM sarba pany+tsa a mr-i ta oM badz+ra kro d+ha ma hA shrI he ru ka badz+ra kro d+hi shwa ri a b+hi Shiny+tsa hU~M hrI Tha:_zhes dbang bskur bas chos kyi bdud rtsis snang srid bde chen du shar/_rdzas kyi bdud rtsis phung khams dwangs mar smin/_rtags kyi bdud rtsis dug lnga ye shes su dag_/don gyi bdud rtsis lhan skyes rnam par mi rtog pa'i rdo rje nam mkha'i dbyings su mngon par byang chub pa'i skal pa can du byas par mos shig_/bdud rtsi sdud pa po 'jam dpal rnon po la gtad pas gnang bar sbyin par mos la/_'di'i rjes zlos mdzod/_a ho ma hA su kha hoH_sman gyi pho brang rgya dbral nas/_badz+ra pra we sha ya phaT/_brjod/_tshe dang skong dang yid du 'ong*/_/bgegs rnams zhi ba la sogs te/_/nad rnams bral dang ci 'dod pa/_/yon tan rtsa brgyad 'dis thob bo/_/oM AHhU~M sarba pany+tsa a mr-i ta swA hA/_a mr-i ta A yu sa ma bid+ya sid+d+hi hU~M hrI Tha:_bdud rtsi slob ma la myong du bcug ste/_bdud rtsi'i dkyil 'khor 'od du zhu nas myangs bas/_'chi med kyi tshe/_nad med kyi bde ba/_nyams chag skong ba/_/nyams rtogs kyi rtsal kha rgyas pa sogs thun mong mchog gi dngos grub mtha' dag thob par mos shig_/tshe yi dngos grub rgyud gsum po/_/srog gi snying po gzhal yas khang*/_/sku gsum sku ste sku la thim/_/gsung gsum gsung ste gsung la thim/_/thugs gsum thugs te thugs la thim/_/byang chub sems la rab tu thim/_/zhes sman gyi che ba brjod nas bdud rtsi'i dwangs ma 'od dkar dmar mthing ka'i rnam pas rang gi gnas gsum du thim par mos la/_phrin las kyi yan lag las byung ba ltar/_hU~M/_rang byung gdod nas=_sman gyi brgyud mchod bcas btang la bdud rtsi zhal phye/_oM AHhU~M sarba pany+tsa a mr-i ta kuN+Da li swA hA/_ma hA gu h+ya many+dzu shrI sid+d+hi sid+d+hi hU~M hrIHTha/_ngo mtshar rmad du byung ba'i chos/_/nam mkha' dang ni mnyam pa'i gnas/_/rnam par mi rtog rtog las 'das/_/kun rdzob tsam du bstan pa'i chos/_/dus gsum sangs rgyas mnyes byas nas/_/sku gsung thugs kyi dngos grub blang*/_sman gyi bdud rtsi sku gsung thugs kyi dngos grub rgya mtsho'i ngo bor dkar dmar mthing ga'i dwangs bcud kyi rnam par bdag la thob par bsam/_kA ya sid+d+hi oM/_wAka? sid+d+hi AH_tsit+ta sid+d+hi hU~M/_zhes brjod cing gnas gsum du reg_/cung zad lce la myong*/_rdo rje slob dpon gyi dbang ni/_slob ma seng ge'i khri yi steng du bzhag_/steng du gdugs dang g.yas g.yon du rgyal mtshan dang ba dan la sogs pa bsgrengs/_dkyil 'khor gyi gtso bo che mchog he ru ka'i gnas gsum rdo rje gsum gyi yi ges mtshan pa'i 'od zer gyis rtsa ba gsum gyi dkyil 'khor gyi lha tshogs spyan drangs badz+ra sa ma dzaH_oM badz+ra ar+g+haM sogs kyis mchod/_/chos sku nam mkha' bzhin du sogs kyis bstod/_slob ma'i lag tu rdor dril/_rgyud kyi glegs bam/_dung rkang 'og tu 'khor lo rnams gtad la/_phyag rdor dregs 'dul bdud sde phyer 'thags kyi dbang gi skabs slob ma phyag rdor du gsal bas slob dpon mnga' gsol gyi chas dang dur khrod kyi chas rnams gtad dgos par gsung so/_mchan_hU~M/_bde bar gshegs pa'i sras po dam pa mchog:_sngon gyi thugs dam bka' dang mi 'gal zhing:_dgongs pa yid bzhin nam mkha'i mtha' dang mnyam:_phrin las thabs kyi rdo rje slob dpon mchog:_'gro ba ma lus kun gyi re ba skong:_shes rab mtha' rdzogs yon tan lhun gyis grub:_bstan pa'i sgron me ma rig mun pa sel:_chos nyid don rtogs ma lus kha lo bsgyur:_sangs rgyas gdung 'tshob rdo rje slob dpon gyi:_dbang mchog ma lus lhun gyis 'grub par shog:_oM sarba ta thA ga ta ma hA gu h+ya shwa ra badz+ra swa b+hA wa at+ma ko\u0f85 haM:_rdo dril thugs kar bsnol/_de ltar rdo rje rgyal po bka' rab 'byams kyi dbang bskur bas/_rang gzhan gyi don byed mi nus pa'i sgrib pa dag nas da lta nyid du gzhan don byed nus pa'i nus pa dngos su skyes par bsam mo/__/de ltar rdul tshon gyi dkyil 'khor du bum pa'i dbang bskur ba thob pas bskyed pa'i rim pa la dbang zhing lam lnga las sbyor lam gyi rtogs pa skye ba'i mthu dang ldan pa byas la des lus kyi dri ma dag ste sprul sku 'grub pa'i rten 'brel 'grig go__/gnyis pa gsang ba'i dbang gi don du maN+Dal phul/_gsol ba 'debs pa 'di yi rjes zlos mdzod/_hoH_bla ma yab yum gsang ba'i bdag_/gsang ba'i dkyil 'khor bdag la ston/_/bde ba chen po'i dngos grub nod/_/gsang ba'i dbang chen bskur du gsol/_lan gsum gsol ba gdab/_'bru gsum brjod cing gdong g.yogs bcings/_slob dpon badz+ra he ru ka gsal ba'i gsang gnas hU~M las rdo rje hU~M gis mtshan pa nor bu'i rtsa bar oM rtse mor phaTaHdang bcas pa/_phyag rgya kro ti shwa ri mar gsal ba'i mkha' AHlas pad+ma AHsa mtshan pa/_oM sarba ta thA ga ta ma hA a nu rA ga Na badz+ra swa b+hA wa at+ma ko\u0f85 haM/_badz+ra he ru ka yab yum snyom par zhugs pa'i dga' ba'i sgras phyogs bcu'i sangs rgyas dang byang chub sems dpa' thams cad spyan drangs zhal du zhugs/_thugs rjes su chags pa'i mes 'od du zhu/_yum gyi mkhar babs pa thod chang bdud rtsi sbyar ba dang bsres nas slob mar byin te/_/bla ma lha tshogs yab yum rnams/_/gnyis med sbyor ba'i byang chub sems/_/skal ldan bu la dbang bskur bas/_/bde chen gsang ba'i dbang thob shog_/oM sarba pany+tsa a mr-i ta ma hA su kha a b+hi Shiny+tsa a be sha ya a aH_zhes byin pas slob mas kyang*/_a ho ma hA su kha/_nga ni sangs rgyas kun dang mnyam/_/bdag ni bsod nams skal pa che/_/yon tan kun gyis bdag brgyan te/_/badz+ra he ru ka'i bdag nyid do/_zhes brjod pas myang*/_des lus gang bas ngag gi nyes pa dag nas gsung rdo rjer gyur par bsam la/_mig dar bkrol/_yum gyi b+ha ga nas gsang ba'i dbang thob pas rang byin gyis brlab pa sgom pa la dbang zhing*/_lam lnga las mthong ba'i lam sa dang po'i rtogs pa skye ba'i mthu dang ldan par byas la/_/des ngag gi dri ma dag ste longs spyod rdzogs pa'i sku 'grub pa'i rten 'brel 'grig go_/gsum pa shes rab kyi dbang la maN+Dal phul/gsol ba 'debs pa 'di'i rjes zlos mdzod/_gnyis med ye shes bde chen po/_/mkha' 'gro sgyu ma bde mchog bde/_/bsten na gnyis med bde ba bskyed/_'khor lo gnas bzhir dbab zung bzhi/_/bde chen chos nyid rtogs par shog_/ces phyag rgya'i dkyil 'khor ma mthong ba rnams kyis mig dar bcings la/_oM AHhU~M/_a ho su kha b+hany+dza mok+Sha hoH_zhes gzungs ma slob mar gtad de/_slob ma badz+ra he ru kar gsal ba'i gsang gnas hU~M las rdo rje hU~M gis mtshan pa nor bu oM/_phyag rgya badz+ra kro ti shwa ri mar gsal ba'i mkha' gsang AHlas pad+ma AHsa mtshan pa/_yab kyi rdo rje nor bu'i rtsa bar rtsa gsum 'dus pa'i rtsa g.yas la oM dkar po/_g.yon la AHdmar/_dbus su hU~M mthing ka rtse mor phaT yig ser por bsgom/_snyoms par zhugs pas khams kyi dwangs ma rnams 'khor lo bzhir rim pa bzhin dga' ba/_mchog dga'/_khyad dga'/_lhan skyes kyi dga' ba rnams rgyud la skyes nas slar yang rlung 'pho med dam pa'i mas brten gyi dga' ba bzhi ngo sprad de lus dkyil mthong ba'i brdar gdong g.yogs bkrol/_de ltar phyag rgya la brten nas bde stong gi ye shes skyes pas kun rdzob byang chub sems kyi dkyil 'khor du shes rab dang ye shes gnyis kyi dbang dkyil 'khor 'khor lo bsgom pa la dbang*/_lam lnga las rgyu yi theg pa'i mthar phyin lam kun tu 'od kyi rtogs pa skye ba'i mthu dang ldan par byas/_des yid kyi dri ma dag ste chos sku 'grub pa'i rten 'brel 'grig go_/bzhi pa rig pa'i ye shes bde chen lta ba spyi 'byams tshig gi dbang bskur ba la maN+Dal phul/_gsol ba 'debs pa 'di'i rjes zlos mdzod/_hoH_gsang chen rol pa'i gzhal yas 'dir/_/bka' drin bsam 'das bla ma la/_/sgyu sogs rab spangs me tog 'bul/_/yang dag snying po bstan du gsol/_/lan gsum gsol ba gdab/_dbang gsum pa'i dpe las byung ba'i ye shes kyis mtshon byed byas nas don gyi 'od gsal ngo sprad pa'i phyir bde stong gnyis med mtshon pa'i rdor dril lag tu gtad/_stong gsal rig pa'i ye shes man shel mig tu bstan te brda mtshon nas ngo sprad pa ni/_hU~M/_sems nyid ka dag lhun rdzogs don/_/snang stong zung 'jug sgyu ma sku/_/gnyis med 'dzin grol sprul pa'i sku/_/yang dag nges don rtogs par bgyi/_/dz+nyA na pany+tsa d+harma kA ya a b+hi Shiny+tsa a aH_phyag rdor bdud sde phyer 'thag dbang gi skabs dbang bzhi pa'i ngo sprod/_'u bu bde ba'i rang rtsal ltos/_/skye 'gag gnas gsum bral ba yi/_/gnas lugs ngang du mnyam par zhog_/brjod med zung 'jug mtha' las 'das/_/a ho su kha/_zhes brjod par gsung*/_mchan_khyed kyis dbang bzhi pa rig pa'i ye shes tshig gi brda sprad pa la brten nas thob pa'i lam rang byung gi ye shes phyag rgya chen po sgom pa la dbang zhing lam lnga las 'bras bu'i theg pas mthar phyin lam bcu gsum rdo rje 'dzin pa'i theg pa'i rtogs pa skye ba'i mthu dang ldan par byas la/_des lus ngag yid gsum gyi dri ma bag chags dang bcas pa thams cad dag ste/_ngo bo nyid sku thob pa'i rten 'brel 'grig go_/zhes brjod/_dam tshig khas blang*/_gtang rag gi maN+Dal dang lus phul/_dge bsdo byas la slob ma grol/_gsum pa sgrub pa mthar phyin rjes kyi rim pa ni/_slob dpon gyis/_las byang gi lhag ma/_bka' srung gtor 'bul/_chad tho/_brtan skyong*/_rta bro/_dkyil 'khor gyi lha la mchod bstod nongs pa bzod par gsol/_rten la brtan bzhugs bya/_smon lam shis brjod sogs rgyas par bya'o/__/'gyura~M bcas srid pa'i 'khrul snang 'pho meda~M kyi/_/rdo rje bzhir sdom gsang chen bstana~M pa~M yi/_/sgo 'byed smin lam rgyala~M mtshana~M rtser mchod nas/_/grub gnyis 'dod 'jo'i dga' tshal gyis la gzigs/_/dpal chen sgrub sde brgyad kun 'dus zhi khro rnam rol dbang bskur gyi le'u tshan no//__//

Footnotes

Other Information