DKR-KABUM-22-ZA-014: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(5 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་བཀའ་སྲུང་ཞིང་སྐྱོང་མ་མོའི་ཕྲིན་ལས་རྒྱས་པར་སྤྲོས་པ་འདོད་དགུའི་གློག་ཞགས། | |||
|fulltitle=bka' brgyad bde gshegs kun 'dus kyi yum bka' DA ki'i srog tig gi bka' srung zhing skyong ma mo'i phrin las rgyas par spros pa 'dod dgu'i glog zhags | |||
|citation=[[Khyentse, Dilgo]]. ''Bka' brgyad bde gshegs kun 'dus kyi yum bka' DA ki'i srog tig gi bka' srung zhing skyong ma mo'i phrin las rgyas par spros pa 'dod dgu'i glog zhags''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 22: 152-163. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |sourcerevealer=mchog gyur gling pa;Khyentse, Dilgo | ||
| | |sourcerevealertib=མཆོག་གྱུར་གླིང་པ་;དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|volumenumber= | |tibgenre=Activity Manual - las byang | ||
|terma=Yes | |||
|dkroutline=Six | |||
|deity=zhing skyong ma mo | |||
|cycle=yum bka' DA ki'i srog tig | |||
|cycletib=ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་ | |||
|parentcycle=bka' brgyad bde gshegs kun 'dus | |||
|parentcycletib=བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ | |||
|volumenumber=022 | |||
|volnumtib=༢༢ | |||
|volyigtib=ཟ་ | |||
|totalvolumes=25 | |||
|textnuminvol=014 | |textnuminvol=014 | ||
|pagenumbers=152-163 | |||
|totalpages=24 | |||
|beginfolioline=1a | |||
|endfolioline=12b6 | |||
|totalfolios=12 | |||
|multivolumework=No | |||
|rectonotes=zhing skyong | |||
|versonotes=bka' brgyad yum ka | |||
|colophontib=།ཅེས་པའང་སྔར་ཁྱབ་བདག་འཇམ་པའི་རྡོ་རྗེ་ཀུན་གཟིགས་བླ་མས་ཆོག་ཁྲིགས་སུ་བསྩལ་ཀྱང་དུས་འགྱུར་གྱིས་མ་ཕྱི་བརླགས་ནས་དབྱིངས་སུ་ཐིམ་པ། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་གྱིས་སྔོན་གྱི་ལས་སྨོན་སྟོབས་སུ་གྱུར་པ་ལས། གཏེར་གཞུང་གི་དཔེ་རྙེད་པར་འཇུག་བདེའི་ཁྲིགས་བསྡེབ་དགོས་ཚུལ། ལུང་རྟོགས་ཆོས་ཀྱི་གཏེར་མཛོད་ཞྭ་དེའུའི་འཁྲུལ་ཞིག་མཆོག་གི་སྤྲུལ་པའི་སྐུ་འགྱུར་མེད་མདོ་སྔགས་བསྟན་འཛིན་དང༌། འཇིགས་མེད་དཔོན་སློབ་ནས་དོན་གཉེར་ཆེན་པོའི་གསུང་བསྐུལ་བཞིན་རྙིང་སྔགས་རྒན་པོ་གར་དབང་འོད་གསལ་བདེ་ཆེན་གླིང་པས་ཉེ་བའི་ཚནྡྷོའི་མཆོད་རྟེན་དང་འདབས་འབྲེལ་བའི་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གསར་པའི་གཙུག་ལག་ཁང་དུ་བྲིས་པ་སརྦ་ཨརྠ་སིདྡྷི་ཧོ། མངྒ་ལཾ། དགེའོ།། | |||
|colophonwylie=/ces pa'ang sngar khyab bdag 'jam pa'i rdo rje kun gzigs bla mas chog khrigs su bstsal kyang dus 'gyur gyis ma phyi brlags nas dbyings su thim pa/_grub sras o rgyan stobs rgyal gyis sngon gyi las smon stobs su gyur pa las/_gter gzhung gi dpe rnyed par 'jug bde'i khrigs bsdeb dgos tshul/_lung rtogs chos kyi gter mdzod zhwa de'u'i 'khrul zhig mchog gi sprul pa'i sku 'gyur med mdo sngags bstan 'dzin dang*/_'jigs med dpon slob nas don gnyer chen po'i gsung bskul bzhin rnying sngags rgan po gar dbang 'od gsal bde chen gling pas nye ba'i tshan+d+ho'i mchod rten dang 'dabs 'brel ba'i zhe chen bstan gnyis dar rgyas gling gsar pa'i gtsug lag khang du bris pa sarba ar+tha sid+d+hi ho/__mang+ga laM/_dge'o// | |||
|pdflink=File:DKR-KABUM-22-ZA-014.pdf | |pdflink=File:DKR-KABUM-22-ZA-014.pdf | ||
}} | }} | ||
Line 17: | Line 41: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་བཀའ་སྲུང་ཞིང་སྐྱོང་མ་མོའི་ཕྲིན་ལས་རྒྱས་པར་སྤྲོས་པ་འདོད་དགུའི་གློག་ཞགས་ཞེས་བྱ་བ་བཞུགས།། | {{TibP|༄༅། །བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་བཀའ་སྲུང་ཞིང་སྐྱོང་མ་མོའི་ཕྲིན་ལས་རྒྱས་པར་སྤྲོས་པ་འདོད་དགུའི་གློག་ཞགས་ཞེས་བྱ་བ་བཞུགས།། | ||
<br> | |||
༄༅། །ན་མོ་གུ་རུ་བཛྲ་ཀྲོ་དྷཱི་ཡེ། བདེ་མཆོག་སྒྱུ་འཕྲུལ་དྲྭ་བ་ཡི། །མཆོག་ཐུན་དངོས་གྲུབ་སྩོལ་བ་ལ། །ཐོགས་མེད་བླ་མ་མཁའ་འགྲོའི་གཙོ། །སྙིང་དབུས་འཕོ་མེད་ཐིག་ལེར་མཆོད། །དེ་ཉིད་གསང་ཆེན་བསྟན་སྲུང་ཕྱིར། །ཐོགས་མེད་མྱུར་མགྱོགས་ཕྲིན་ལས་བདག །ཞིང་སྐྱོང་མ་མོར་གུས་བཏུད་ནས། །དེ་ཡི་ཕྲིན་ལས་རིམ་པ་དབྱེ། །བཀའ་སྲུང་ཞིང་སྐྱོང་མ་མོ་ཐུགས་དམ་དགྱེས་དགུར་བསྐང་བ་དང༌། འདོད་པའི་ལས་བཅོལ་བའི་ཕྱིར་གསོལ་མཆོད་རྒྱས་པར་བྱ་བར་འདོད་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལའང་གསུམ་སྟེ། དང་པོ་དུར་ཁྲོད་ལ་སོགས་པ་རུང་བའི་གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་གཞུང་མཐུན་གྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་སུམ་རིམ་གྱི་དང་པོ་ལ་བདག་བསྐྱེད་གང་ལ་བརྟེན་པའི་གཏོར་མ། སྟེགས་གཉིས་པར་ཞིང་སྐྱོང་མ་མོའི་གཏོར་མ་གྲུ་གསུམ་གྲི་གྲས་མར་འཁོར་རང་འདྲ་བཅུ་གཉིས་ཀྱིས་བསྐོར་བ་དང༌། གཡས་གཡོན་དུ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སོགས་དང༌། སྨན་རཀ་བཅས་བཤམ། སྟེགས་གསུམ་པར་ཞི་དྲག་གི་མཆོད་པ་དང༌། ཚོགས། གསེར་སྐྱེམས། ཐུན་གཏོར་སོགས་འདུ་བྱ། གཉིས་པ་བདག་གི་རྣལ་འབྱོར་གང་ལ་བརྟེན་ཀྱང་རུང་སྟེ། བསྡུ་ན་སྐབས་འདིར་འབྲེལ་ཆགས་ཀྱི་དབང་དུ་བགྱིད་ཚེ་འདི་ལྟར་ཤེས་པར་བྱ་སྟེ། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་རྡོ་རྗེ་ཁྲོས་མའི་སྐུར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། བཛྲ་ཛྭ་ལ་རཾ། ཞེས་བརྗོད་པས། རྡོ་རྗེ་སྲུང་བའི་གུར་ཁང་ཡེ་ཤེས་ཀྱི་མེ་དཔུང་འབར་བས་ཕྱོགས་ཀུན་ཁྱབ་པར་གྱུར། རང་གི་སྤྱི་བོར་རྩ་བའི་བླ་མ་རྗེ་བཙུན་མ་དང་གཉིས་སུ་མེད་པ་སྐྱབས་གནས་ཐམས་ཅད་ཀྱི་ངོ་བོར་བཞུགས་པར་གྱུར། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྟོང་ཉིད་ཀྱི་ངང་ལ་བློ་བཞག །རང་ལུས་འདོམ་གང་གྲུ་བཞི་པ། །འབྱུང་པ་ལྔ་ཡི་བདག་ཉིད་ཅན། །མེ་རི་དུར་ཁྲོད་དཔག་བསམ་ཤིང༌། །རང་བྱུང་ཡེ་ཤེས་གཞལ་ཡས་ཁང༌། །རང་སེམས་རྡོ་རྗེ་ཕག་མོའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །གྲི་གུག་གཡས་ལ་ཐོད་ཁྲག་གཡོན། །ཁ་ཊྭཱྃ་ག་ནི་ཐུགས་ཀར་གཏོད། །དུར་ཁྲོད་རྒྱན་གྱིས་ལེགས་པར་བརྒྱན། །རལ་པ་དམར་ནག་སྤྲིན་ལྟར་གཏིབས། །ཐོད་པ་ལྔ་ཡིས་དབུ་རྒྱན་བྱས། །སྤྱི་གཙུག་ཕག་ཞལ་ནམ་མཁའི་གནས། །རྟོག་མེད་རོ་ཡི་གདན་སྟེང་ན། །བརྐྱང་བསྐུམ་ཚུལ་གྱིས་འགྱིང་བག་ཅན། །འཁོར་བ་ཟིལ་གནོན་ཁྲོས་མའི་ཚུལ། །མེ་དཔུང་དམར་ནག་ཀློང་ན་བཞུགས། །ལུས་ནང་འཁོར་ལོ་བཞི་ལྡན་པའི། །ལྟེ་བར་ཨ་ཡིག་རེ་རེས་བརྒྱན། །སོ་སོའི་རྩ་བའི་འདབ་མ་བཞིར། །སྤྱི་བོར་བཛྲ་བྷཱ་ར་ཧི། །མགྲིན་པར་ཀྲོ་དྷཱི་ཀཱ་ལི་སྟེ། །སྙིང་གར་ཧ་རི་ནི་ས་དང༌། །ལྟེ་བར་ཨ་བེ་ཤ་ཡ་རྣམས། །མདུན་ནས་བརྩམས་ཏེ་གནས་པ་ཡི། །སྔགས་ལས་བྱུང་བའི་འོད་ཟེར་ནི། །དཀར་དམར་མཐིང་དང་སྣ་ཚོགས་ཀྱིས། །རེག་པས་ཕྱི་སྣོད་དག་པའི་ཞིང༌། །ནང་བཅུད་སེམས་ཅན་ཕག་མོའི་སྐུ། །སྒྲ་གྲགས་གསུང་ལ་དྲན་རྟོག་ཐུགས། །བདེ་ཆེན་མཆོག་ཏུ་འོད་གསལ་བའོ། །ཨོཾ་བཛྲ་བྷཱ་ར་ཧི། ཀྲོ་དྷཱི་ཀཱ་ལི། ཧ་རི་ནི་ས། ཨ་བེ་ཤ་ཡ། ཞེས་ཅི་ནུས་སུ་བཟླས་ཏེ་བསྡུ་ལྡང་བཅས་བྱས་ལ། གསུམ་པ་མདུན་བསྐྱེད་ཀྱི་མཆོད་རྫས་བྱིན་རླབས་ནི། ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུའི་ནམ་མཁའི་མཐའ་ཀླས་པ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་གྱི་མཆོད་པ་རྣམས་བྱིན་གྱིས་བརླབ། སྨན་རཀ་གཏོར་གསུམ། ཧཱུྃ༔ རླུང་མེ་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང༔ དབྱིངས་ཀྱི་བྷནྡྷར་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་རིགས་ལྔ་དབྱེར་མེད་བྱང་ཆུབ་སེམས༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་བདུད་རྩིར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཿ ཧཱུྃ༔ ལྕང་ལོར་བཅས་པའི་དུང་ཆེན་སྣོད་ཡངས་སུ༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཁྲག་མཚོར་བསྐྱིལ༔ གཱིརྟིའི་མཁའ་ནས་ཡེ་ཤེས་བདེ་བའི་རྒྱུན༔ མི་ཕྱེད་སོ་སོར་རྟོག་པའི་ལྦུ་ཕྲེང་གཡོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿ་ཋ༔ ཧཱུྃ༔ གཏོར་སྣོད་རིན་ཆེན་བྷནྡྷ་སྟོང་གསུམ་ཁྱབ༔ གཏོར་མའི་ངོ་བོ་བླ་མེད་དམ་ཚིག་རྫས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ ལྷ་ཚོགས་དགྱེས་སྐོང་མཆོད་སྤྲིན་ལྷུན་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋ༔ འདས་གཏོར་འབུལ་བ་ནི། བདག་བསྐྱེད་ལས་གཞུང་རྒྱས་པ་གཞན་ལ་བརྟེན་ན་དེ་ལྟར་དང༌། དཀྱུས་ཀྱི་བདག་བསྐྱེད་ལ་བརྟེན་པ་ཡིན་ན། ཕེཾ། ཞེས་འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་བ་དང༌། ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་འཁོར་འདས་ཐམས་ཅད་བླ་མ་དང་རྗེ་བཙུན་མ་འཁོར་དང་བཅས་པའི་རྣམ་པར་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ལྗགས་རྡོ་རྗེ་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་བཛྲ་བྷཱ་ར་ཧི་མ་ཧཱ་ཡོ་གི་ནཱི་ཨི་དཾ་བ་ལིཾ་ཏ་གྲྀ་ཧྞ་གྲྀ་ཧྞ་བྷུཉྫ་ཧོཿ པི་པ་ཧོཿ མ་ཏི་པྲ་མ་ཏི་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱི་ནང་མཆོད་ཀྱང་ཕུལ་ལ། ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །འཇིག་རྟེན་གསུམ་པོ་ཟིལ་གནོན་ཅིང༌། །ལོག་པར་ལྟ་བའི་ཕྱོགས་གཞན་འཇོམས། །མཐུ་ཆེན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་ཚོགས་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་འདོད་དོན་གསོལ་ལ་མགྲོན་རྣམས་གཤེགས་པའམ་རང་ལ་བསྡུ་བ་གང་བདེ་བྱའོ། །གཉིས་པ་དངོས་གཞིའི་ལས་ཁྲིགས་བཅུ་གཉིས་ལ། དང་པོ་རྟེན་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱས་སྦྱང༌། སྟོང་པའི་ངང་ལས་མདུན་དུ་དུར་ཁྲོད་དྲག་པོའི་ཞིང་ཁམས་ས་གཞི་ཀེང་རུས་ཀྱི་རི་བོ་མཚོན་ཆའི་ནགས་ཚལ༔ ཁྲག་གི་ཆུ་རྒྱུན༔ དུག་གི་རྒྱ་མཚོ༔ མེ་དུད་རླུང་སྤྲིན་འཁྲིགས་པ༔ རོ་གསར་རྙིང་གཅལ་དུ་བཀྲམ་པ་ལ་གཅན་གཟན་བྱ་ཁྱི་རྒྱུ་བའི་དབུས་སུ༔ ཐོད་མཁར་བསྭེ་ཡི་ཁ་བད་ཅན༔ ཁྲག་གི་རྒྱ་མཚོ་འཁྱིལ་བའི་དབུས་སུ་སྲིན་པོའི་བོང་བུ་གྭ་དམར་ཞིང་ལྤགས་ཀྱི་སྟན་ཐོད་སྐམ་གྱི་སྒ་ཡི་སྟེང་དུ་བྷྱོ་ལས་མ་གཅིག་དཀོར་གྱི་བདག་མོ་ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་སྐུ་མདོག་མཐིང་ནག་མུན་པ་ལྟར་གནག་པ༔ སྐེམ་རིད་མི་སྡུག་པའི་གཟུགས་ཀྱིས་སྒེག་ཅིང༔ ཕྱག་གཡས་གནམ་ལྕགས་ཀྱི་རལ་གྲི་ཕྱར་ཞིང་གཡོན་པས་ཕུར་བུ་འདྲིལ་བ༔ ཐོད་སྐམ་གྱི་དབུ་རྒྱན་དང་མགོ་ཕྲེང༔ རེ་ལྡེའི་སྨད་གཡོགས༔ རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ༔ ཞབས་གཉིས་བཙན་སྐྱིལ་གྱིས་རོལ་པ༔ སྤྱི་བོར་རལ་པའི་སྐྲ་གསེབ་ཏུ་ཟླ་བ༔ ལྟེ་བར་ཉི་མ༔ སྙན་ལ་སྦྲུལ་དང་སེང་གེ༔ སྔ་ཤ་ལ་ནད་རྐྱལ༔ ཕྱི་ཤ་ལ་ཚོན་གྲུ༔ རྐེད་པར་ཁྲམ་ཤིང༔ ཤྭ་རྡེའུ་དཀར་ནག་སོགས་མ་མོའི་ཆས་ཡོངས་སུ་རྫོགས་པ༔ མདུན་དུ་སྐུ་ཡི་མ་མོ་དཀར་གསལ་ཞི་འཛུམ་གཞོན་ནུའི་གཟུགས་ཅན༔ དར་དང་ནོར་བུའི་རྒྱན་འཆང་མདའ་དར་མེ་ལོང་བསྣམས་པ༔ གཡས་སུ་ཡོན་ཏན་གྱི་ཌཱ་ཀི་གསེར་མདོག་གནོད་སྦྱིན་གྱི་ཆས་ཅན་ལྕགས་ཀྱུ་དང་བྷནྡྷ་ཐོགས་པ༔ རྒྱབ་ཏུ་གསུང་གི་མཁའ་འགྲོ་མ་དམར་གསལ་ཆགས་པའི་ཉམས་ཅན་གཅེར་བུ་རུས་རྒྱན་གྱིས་སྤྲས་པ་ལྕགས་ཀྱུ་དང་ཨུཏྤལ་དམར་པོའི་ཞགས་པ་འཕེན་པ༔ གཡོན་དུ་ཕྲིན་ལས་ཀྱི་མ་མོ་སྨུག་ནག་དྲེད་མོ་ལ་ཞོན་པ༔ ལག་གཡས་ཞིང་ལྤགས་གཡབ་ཅིང་གཡོན་པས་དགྲ་སྙིང་ཟ་བ༔ འབར་བའི་ཆས་དང་བཅས་ཏེ་མེ་རླུང་འོད་ཟེར་གྱི་ཀློང་ན་རོལ་པའོ༔ དེའི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ་རྡོ་རྗེའི་ཕོ་ཉ་དཀར་མོ་དུག་སྦྲུལ་ལ་ཞོན་པ༔ རྡོ་རྗེ་རོ་ལངས་ནག་མོ་སྲིན་པོ་ལ་ཞོན་པ༔ རྡོ་རྗེ་དྲག་རྩལ་སེར་ནག་དུར་བྱ་ལ་ཞོན་པ༔ རྡོ་རྗེ་ཀ་ལི་སྨུག་ནག་དོམ་ལ་ཞོན་པ༔ རྡོ་རྗེ་ལག་རིང་ལྗང་སྔོན་ཅེ་སྤྱང་ལ་ཞོན་པ༔ རྡོ་རྗེ་ཤ་ཟན་དམར་ནག་རོ་ལངས་ལ་ཞོན་པ༔ རྡོ་རྗེ་ལས་བྱེད་ནག་མོ་ཤ་བ་ལ་ཞོན་པ༔ རྡོ་རྗེ་རབ་འཇིགས་ལྗང་གུ་འཕར་བ་ལ་ཞོན་པ༔ ཐམས་ཅད་ཀྱང་ཆིབས་དང་མཚུངས་པའི་ཕྲ་མེན་གྱི་གདོང་ཅན་གཡས་དགྲ་སྙིང་དང་གཡོན་མེ་ལོང་བསྣམས་པ༔ དུར་ཁྲོད་འཇིགས་པའི་ཆ་བྱད་ཡོངས་སུ་རྫོགས་པ༔ གཞན་ཡང་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དུར་ཁྲོད་ཀྱི་ཤ་ཟ་ལས་མཁན་ཀེང་རུས་བྱེ་བ་འབུམ་དང་བཅས་པས་བསྐོར་བར་བསམ༔ གཉིས་པ་སྤྱན་འདྲེན་པ་ནི། དེ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ལྷོ་ནུབ་མུན་པ་ཅན་གྱི་དུར་ཁྲོད༔ མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ༔ མཁར་ཆུ་དེ་ཝཱི་ཀོ་ཊ་ནས་མངོན་སུམ་བཞིན་དུ་སྤྱན་དྲངས་པར་གྱུར༔ སྦྱར་བའི་སྤོས་བསྲེག་ཅིང་རྐང་གླིང་གིས་དྲངས་པའི་རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས་པས། བྷྱོ༔ དུར་ཁྲོད་ཞིང་སྐྱོང་ཌཱ་ཀིའི་གཙོ༔ མཁའ་འགྲོའི་དབང་ཕྱུག་ངན་ནེ་མ༔ ནོར་བདག་དཀོར་གྱི་སྲུང་མ་ཁྱོད༔ ཡེ་ཤེས་དབྱིངས་ནས་སྐུ་བཞེངས་ཤིག༔ ལས་ཀྱི་ཤན་པ་མི་སྲུན་གཟུགས༔ སྲིན་མོའི་ཚུལ་ཅན་གནས་ཡུལ་སྐྱོང༔ ཆོ་འཕྲུལ་རྣམ་རོལ་མཐའ་ཡས་པས༔ སངས་རྒྱས་བསྟན་པ་སྲུང་བའི་མ༔ དམ་ཚིག་གནས་འདིར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོ་གཏུམ་དྲག་ནས༔ རྡོ་རྗེའི་ཕོ་ཉ་གཤེགས་སུ་གསོལ༔ དུར་ཁྲོད་ཚང་ཚིང་འཁྲུགས་པ་ནས༔ རྡོ་རྗེ་རོ་ལངས་གཤེགས་སུ་གསོལ༔ དུར་ཁྲོད་འུར་འུར་འབར་བ་ནས༔ རྡོ་རྗེ་དྲག་རྩལ་གཤེགས་སུ་གསོལ༔ དུར་ཁྲོད་འཇིགས་སུ་རུང་བ་ནས༔ ཀ་ལི་ནག་པོ་གཤེགས་སུ་གསོལ༔ དུར་ཁྲོད་ནགས་ཚལ་འཇིགས་རུང་ནས༔ རྡོ་རྗེ་ལག་རིང་གཤེགས་སུ་གསོལ༔ མུན་པ་མི་བཟད་དུར་ཁྲོད་ནས༔ རྡོ་རྗེ་ཤ་ཟན་གཤེགས་སུ་གསོལ༔ དུར་ཁྲོད་ཧ་ཧ་དགོད་པ་ནས༔ ལས་བྱེད་ནག་མོ་གཤེགས་སུ་གསོལ༔ དུར་ཁྲོད་སིངྒ་ལ་ཡུལ་ནས༔ རྡོ་རྗེ་རབ་འཇིགས་གཤེགས་སུ་གསོལ༔ རྣལ་འབྱོར་གདུང་བས་ངེས་བསྐུལ་ན༔ མ་ཐོགས་སྐད་ཅིག་ཡུད་ལ་བྱོན༔ འཁོར་དང་ལས་བྱེད་ཕོ་ཉར་བཅས༔ དམ་ཚིག་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ་རཱ་ལི་པྲ་མ་ཡ༔ སི་ལི་མ་ནི་ཛཿཛཿ ཞེས་པས་སྤྱན་དྲངས། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ རྡོ་རྗེའི་གནས་དང་ཡུལ་སྐྱོང་བའི༔ དཔལ་ལྡན་མ་གཅིག་ངན་ནེ་མ༔ དམ་ཚིག་སྟན་ལ་བཞུགས་ནས་ཀྱང༔ འདོད་པའི་དངོས་གྲུབ་མ་ལུས་སྩོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་དམ་བཞག་ནི། དམ་ཚིག་གི་རྒྱ་བཅིངས་ཏེ་རྡོ་རྗེ་སྤྱི་བོར་བཞག །བདུད་རྩི་ལྗགས་ལ་བཞག་པར་མོས་ཏེ། ཧཱུྃ་བྷྱོཿ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་ཕག་མོ་རྣལ་འབྱོར་མ༔ རིག་འཛིན་པདྨ་ཐོད་ཕྲེང་དང༔ ཌཱ་ཀིའི་དབང་ཕྱུག་མཚོ་རྒྱལ་མའི༔ སྤྱན་སྔར་རྡོ་རྗེའི་ཐ་ཚིག་བཞིན༔ ལས་ཀྱི་དངོས་གྲུབ་ཐམས་ཅད་ཀུན༔ ཐོགས་པ་མེད་པ་ད་ལྟ་སྩོལ༔ ས་མ་ཡ་ཧོཿ ལྔ་པ་ཕྱག་བྱ་བ་ནི། གདོད་ནས་སྐྱེ་མེད་དབྱིངས་ཀྱི་ཡུམ༔ དཔལ་ལྡན་མཁའ་འགྲོ་དཀྱིལ་འཁོར་སྐྱོང༔ རིག་འཛིན་ཡོངས་ཀྱི་བཀའ་ཡི་འབངས༔ མཉམ་པ་ཆེན་པོའི་ཚུལ་གྱིས་འདུད༔ ན་མོ་ཧཱུྃཿ དྲུག་པ་མཆོད་པ་ནི། མ་གཅིག་ཁྱོད་ལ་མཐུན་པའི་རྫས༔ དམར་ཆེན་ཁྲག་གི་མཆོད་ཡོན་སྦྲེངས༔ ནག་པོ་དུག་གི་ཞབས་བསིལ་བསྐྱིལ༔ དབང་པོ་རྣམ་ལྔའི་མེ་ཏོག་དང༔ ཚིལ་ཆེན་བསྲེགས་པའི་བདུག་སྤོས་ཆེ༔ ཞུན་གྱི་མར་མེ་འོད་ཕྲེང་ཅན༔ མཁྲིས་སྣ་དྲི་ཡི་བྱུག་པ་དང༔ ཤ་རུས་དོན་སྙིང་ཞལ་གྱི་ཟས༔ དྲག་པོ་གསང་བའི་རྔེའུ་སོགས༔ བསམ་མི་ཁྱབ་པའི་མཆོད་པ་ཆེ༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང༔ དངོས་གྲུབ་ཡིད་བཞིན་བསྩལ་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་མ་ཧཱ་རུ་ཏྲ་པཱུ་ཛ་ཧོ༔ ཧཱུྃ༔ བཀྲ་ཤིས་མཚན་ལྡན་བྷནྡྷ་རུ༔ སྣང་སྲིད་ཐམས་ཅད་བདུད་རྩིར་བསྐྱིལ༔ དུར་ཁྲོད་ལྷ་མོ་འཁོར་བཅས་མཆོད༔ མཐུ་དབང་ནུས་པའི་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི༔ ཧཱུྃཿ ལྕང་ལོར་བཅས་པའི་བྷནྡྷ་རུ༔ སྣང་སྲིད་དམར་གྱི་རྒྱ་མཚོར་བསྐྱིལ༔ དུར་ཁྲོད་ལྷ་མོ་འཁོར་བཅས་མཆོད༔ བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁ་ཁ་ཁཱ་ཧིཿ ཧཱུྃཿ སྣོད་ཀྱི་འཇིག་རྟེན་བྷནྡྷ་རུ༔ བཅུད་ཀྱི་སེམས་ཅན་གཏོར་མར་སྤུངས༔ དུར་ཁྲོད་ལྷ་མོ་འཁོར་བཅས་མཆོད༔ འདོད་འབྱུང་དཔལ་གྱི་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧིཿ བདུན་པ་བསྟོད་པ་བྱ་བ་ནི། བྷྱོཿ མི་སྲུན་ཤན་པ་ཞིང་སྐྱོང་མ༔ རྒྱལ་བའི་བསྟན་སྲུང་ཡོངས་ཀྱི་རྗེ༔ ཡེ་ཤེས་དབྱིངས་སུ་ཝཱ་ར་ཧི༔ སྒྱུ་འཕྲུལ་རོལ་པས་དགྱེས་ལ་བསྟོད༔ མཐིང་ནག་མི་སྡུག་སྲིན་མོའི་གཟུགས༔ རལ་གྲི་ཕུར་པས་ཉམས་པ་སྒྲོལ༔ བོང་བུ་ཞོན་ནས་སྟོང་གསུམ་བསྐོར༔ མ་མོ་འབུམ་སྡེའི་གཙོ་ལ་བསྟོད༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དང༔ ཡོན་ཏན་ཆོ་འཕྲུལ་བསམ་མི་ཁྱབ༔ དུར་ཁྲོད་བརྒྱད་ཀྱི་ངན་ནེ་མ༔ སྤྲུལ་པ་དཔག་ཡས་འགྱེད་ལ་བསྟོད༔ སྣང་སྲིད་བདེ་ཆེན་ཡུམ་གྱི་མཁའ༔ ཀུན་ཀྱང་ལྷན་སྐྱེས་ཕྱག་རྒྱ་ཆེ༔ སྐྱེ་མེད་བདེ་བ་ཆེན་པོའི་དབྱིངས༔ འདུ་འབྲལ་མེད་པར་བསྟོད་པར་བགྱི༔ ཀ་དག་རྡོ་རྗེ་བཙུན་མོའི་དབྱིངས། །ཁ་སྦྱོར་བདུན་གྱི་དགྱེས་མའི་ཚུལ། །ག་ཎ་ཙཀྲའི་དབང་ཕྱུག་ཆེ། །ང་བདག་གཟུང་འཛིན་བྲལ་ཁྱོད་བསྟོད། །ཅ་ཅོའི་སྒྲ་རྟོག་ལས་འདས་པའི། །ཆ་མེད་ཀུན་འགྲོ་འཁོར་འདས་སྲོག །ཇ་ཧང་མཚན་ལྡན་ཝཱ་ར་ཧི། །ཉ་ཟླ་གང་བཞིན་སྟོན་ལ་འདུད། །ཏ་ཐཱ་ག་ཏའི་བསྟན་སྲུང་ཕྱིར། །ཐ་དད་ཉེར་བཞིའི་གནས་ཡུལ་ཀུན། །ད་ལྟ་སྐྱོང་མཛད་འབུམ་ཕྲག་གི །ནཱ་དའི་ཚོགས་རྗེ་མཛད་ལ་འདུད། །པ་ར་མི་ཏ་པྲཛྙཱའི་དབྱིངས། །ཕ་རོལ་སྲིད་ཞིའི་མཐའ་བརྒལ་ཡང༌། །བ་གླང་ལྟ་བུའི་ཡིད་ཅན་ཕྱིར། །མ་མོའི་ཚོགས་རྗེར་སྟོན་ལ་འདུད། །ཙ་ཏུར་ཕྲིན་ལས་ཟློས་གར་གྱིས། །ཚ་ངར་གློག་ཞགས་མྱུར་གཡོ་བས། །ཛ་ཡའི་བསྟན་དང་ཕན་བདེའི་དཔལ། །ཝ་ལེར་གསལ་མཛད་མ་གཅིག་བསྟོད། །ཞྭ་བཞིན་དཀོན་མཆོག་དབུ་འཕང་བསྟོད། །ཟ་མ་ཙམ་ཡང་མེལ་ཚེས་སྐྱོང༌། །འ་འུར་ཉམས་པ་བདུན་སྒྲོལ་སོགས། །ཡ་མཚན་འདོད་དགུའི་ཕྲིན་ལས་སྒྲུབས། །ར་རིས་འཁྲུལ་བྲལ་སྤྱན་གྱིས་གཟིགས། །ལ་འུར་གང་བཅོལ་ཐོགས་མེད་སྒྲུབ། །ཤ་ཟ་ཞིང་སྐྱོང་མཁའ་འགྲོའི་ཚུལ། །ས་གསུམ་དབང་སྒྱུར་མཐུ་ལྡན་བསྟོད། །ཧ་ཧར་རྒོད་སོགས་དུར་ཁྲོད་ཉུལ། །ཨ་ཧོ་དགྱེས་རྒུས་བདག་ལ་དགོངས། །ཨི་ཤྭ་ར་ཡི་དཔལ་མོ་བཞིན། །ཨུ་རྒྱན་ཌཱ་ཀིའི་གསང་མཛོད་བདག །ཨེ་མ་ཁྱོད་ལ་གུས་བསྟོད་པས། །ཨོ་ཌཱི་ཡ་ནའི་སློབ་དཔོན་སོགས། །རིག་འཛིན་བརྒྱུད་པའི་ཐ་ཚིག་ལ། །རྗེས་དགོངས་ཕྲིན་ལས་ཐོགས་མེད་མཛོད། །ཅེས་བསྟོད་པར་བྱའོ། །སྐབས་འདིར་རྗེས་འབྲང་དུ་འོས་པའི་ཆོས་སྐྱོང་གཞན་ཡོད་ན་དེ་དག་གི་མཆོད་གཏོར་དང༌། གཏེར་བདག་གཞི་བདག་སྤྱི་གཏོར་རྣམས་སོ་སོའི་ཆོ་ག་བཞིན་དུ་བྱའོ། །བརྒྱད་པ་བཟླས་པ་བྱ་བ་ནི། མདུན་གྱི་མ་མོའི་ཐུགས་ཀ་རུ༔ ཉི་མ་ལ་གནས་བྷྱོཿཡིག་མཐར༔ སྔགས་ཀྱིས་བསྐོར་ལ་བདག་ཐུགས་ཀྱིས༔ རེག་པས་ལས་ཀུན་བསྒྲུབ་པར་བགྱི༔ གོང་གནོན་རྗེ་བཙུན་མའི་བཟླས་པ་ཅི་རིགས་སྔོན་དུ་འགྲོ་བས། བཟླ་བྱའི་སྔགས་ནི། ཨོཾ་མ་མ་རཱ་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛཿ གཉའ་གནོན། འཁོན་སྦྱོང༌། དམ་སྐོང༌། རྦད་བསད་ལ་སོགས་པའི་སྔགས་དམིགས་ཁྱད་པར་ཅན་རྣམས་ནི་མན་ངག་གི་ཡི་གེ་ལས་ཤེས་པར་བྱའོ། །བཟླས་པའི་མཐར་སྔར་གྱི་མར་ཟན་གྱི་གཏོར་མ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཏེ་རྩ་སྔགས་གཏོར་སྔགས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ། འོ་ཕུད་དང་གསེར་སྐྱེམས་འབྲུ་གསུམ་གྱི་སྔགས་ཀྱིས་འབུལ་ཞིང༌། བྷྱོཿ ཡེ་ཤེས་དབྱིངས་སུ་ཨེ་ཀ་ཛཱཿ འདོད་པའི་ཁམས་ན་དཔལ་ལྷ་མོ༔ དུར་ཁྲོད་བརྒྱད་དུ་ངན་ནེ་མ༔ མ་གཅིག་མྱུར་མགྱོགས་རྫུ་འཕྲུལ་ཅན༔ དེ་རིང་མིང་པོས་ལས་ལ་བསྐུལ༔ མ་གཡེལ་ཕྲིན་ལས་མྱུར་དུ་མཛོད༔ དུས་ཀྱི་ཐ་མར་སེམས་ཅན་ལ༔ སྲུང་སྐྱོབ་ཕྲིན་ལས་མི་མཛད་ན༔ སྔོན་གྱི་དམ་ལས་འགལ་ཏ་རེ༔ ཐ་ཚིག་དགོངས་ཏེ་ད་བཞེངས་ཤིག༔ དཀོར་ཆ་སྲུང་ལ་ཇག་ཀུན་སྒྲོལ༔ གནས་རྟེན་འདི་རུ་བླ་རྡོ་ཆོས༔ རྟེན་གསུམ་ལོངས་སྤྱོད་མེལ་ཚེ་གྱིས༔ ནོར་ཕྱིར་མ་འབྲང་ཀོ་ལོང་སྡོམས༔ གཟུང་མར་མ་འཁུ་སྡོང་གྲོགས་མཛོད༔ ཡོན་བདག་བུ་སློབ་སྲུངས་ཤིང་སྐྱོབས༔ སངས་རྒྱས་བསྟན་པ་དར་བ་དང༔ མཁས་བཙུན་དགེ་འདུན་སློབ་མ་སྐྱོངས༔ འདོད་པའི་དོན་ཀུན་ཐོགས་མེད་པས༔ ལས་རྣམས་བྱོས་ཤིག་ས་མ་ཡ༔ དགུ་པ་ཚོགས་མཆོད་སྤྲོ་ན་བདག་བསྐྱེད་གང་ལ་བརྟེན་པའི་གཞུང་སོགས་རིགས་མཐུན་གྱི་ཆོ་ག་གཞན་ནས་སྦྱར་བས་ཀྱང་ཆོག་གོ །བཅུ་པ་སྐོང་བ་ནི། བསྐང་རྫས་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ་བཟང་དགུའི་འབྱོར་པ་མཛེས་དགུས་བརྒྱན་པ་ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབས་ཤིང་ཟད་མི་ཤེས་པར་སྤེལ་ལ། སྙན་པའི་རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས་པས། ཧཱུྃ་བྷྱོཿ བདེ་ཆེན་ཐིག་ལེ་གཅིག་གི་མདངས། །སྒྱུ་འཕྲུལ་རོལ་རྩེད་བསམ་མི་ཁྱབ། །ཆོས་དབྱིངས་རྒྱས་པར་བཀང་བ་འདིས། །ཞིང་སྐྱོང་མ་མོའི་ཐུགས་དམ་བསྐང༌། །ཁྲག་གི་མཆོད་ཡོན་དུག་གི་ཆུའི། །ཞབས་བསིལ་དབང་ལྔའི་མེ་ཏོག་བཀྲ། །ཚིལ་གསུར་སྤོས་སྤྲིན་ཞུན་ཆེན་མེ། །ཤ་རུས་ཟས་ཀྱིས་ཐུགས་དམ་བསྐང༌། །སྣོད་བཅུད་རི་གླིང་བཀོད་པ་མཚོ། །ལྷ་མིའི་དཔལ་འབྱོར་ས་གསུམ་གྱི། །ཡིད་འོང་འདོད་ཡོན་མཁོ་དགུའི་རྫས། །ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང༌། །གནག་པའི་སྤུ་སྡུག་དྲེལ་བོང་རྟ། །ཞོལ་ལྡན་འབྲི་དང་ཝ་སྤྱང་དྲེད། །བརྗིད་རྔམས་སྡེར་ཆགས་ཤ་ཟ་ཁྱི། །གཏུམ་ངར་མང་པོས་ཐུགས་དམ་བསྐང༌། །དུར་ཁྲོད་ས་གཞི་རོ་གཅལ་བཀྲམ། །ཀེང་རུས་བྱ་གཅན་ཟ་ཞིང་རྒྱུག །ཤ་ཟའི་བཤུག་གླུ་རྐང་གླིང་སྒྲ། །འཇིགས་ཤིང་སྐྱི་གཡས་ཐུགས་དམ་བསྐང༌། །མཆོད་རྟེན་སྒྲུབ་དང་དགྱེས་སྐོང་རྫས། །མི་ཟད་ཐུགས་ལ་བཞེད་དགུ་འཆར། །གསང་རྟེན་སྲོག་འཁོར་བླ་རྡོ་སོགས། །གཞུང་བཞིན་བསྒྲུབས་པས་ཐུགས་དམ་བསྐང༌། །ཁྱད་པར་དམ་ཚིག་སྲོག་ལྟར་བསྲུང༌། །སྣང་སྲིད་མ་མོ་མཁའ་འགྲོ་མའི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང༌། །འདུ་འབྲལ་མེད་པས་ཐུགས་དམ་བསྐང༌། །རྡོ་རྗེའི་རྩ་རླུང་ཐིག་ལེའི་བཅུད། །མཁའ་འགྲོའི་སྲོག་གི་དྭངས་མའི་དཔྱིད། །ཞུ་བདེ་མི་རྟོག་ཡེ་ཤེས་ཀྱི། །བདེ་ཆེན་དགྱེས་པས་ཐུགས་དམ་བསྐང༌། །ཆོས་ཀུན་སྐྱེ་མེད་དབྱིངས་ཀྱི་མཁར། །རྟེན་འབྱུང་འགག་མེད་ཤེས་རབ་ཀློང༌། །རྡོ་རྗེ་དབྱིངས་ཕྱུག་ཡུམ་ཆེན་མོ། །རང་ངོ་ཤེས་པས་ཐུགས་དམ་བསྐང༌། །རྣམ་འགྱུར་སྲིད་ཞི་ཀུན་ཁྱབ་ཀྱང༌། །ངོ་བོ་ཤེས་རབ་ཕར་ཕྱིན་ཡུམ། །དམིགས་བསམ་སྤྲོས་པ་ཉེར་ཞི་བའི། །ཡེ་ཤེས་མ་མོའི་ཐུགས་དམ་བསྐང༌། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །འདོད་ཁམས་དབང་ཕྱུག་རང་བྱུང་རྒྱལ། །ཞིང་སྐྱོང་མཁའ་འགྲོ་ལ་སོགས་པའི། །མིང་བརྒྱ་མཚན་སྟོང་ཐུགས་དམ་བསྐང༌། །ཞི་མཛད་བདུད་རྩི་སྨན་གྱི་རྒྱལ། །གནོད་སྦྱིན་མཛེས་ལྡན་འདོད་དགུ་སྩོལ། །སྲིད་ཞིའི་བརྟན་འཕྲོག་ཡིད་འོང་མ། །སྲོག་གི་གཤེད་མས་ཐུགས་དམ་བསྐང༌། །ཕྱི་ལྟར་དུར་ཁྲོད་མ་མོ་བརྒྱད། །ནང་དུ་འཕགས་ལམ་བརྒྱད་མཐར་སོན། །དེ་ཉིད་དཔལ་གྱི་ཡུམ་ཆེན་བརྒྱད། །སྒྱུ་འཕྲུལ་དྲྭ་བས་ཐུགས་དམ་བསྐང༌། །གསང་གསུམ་བདེ་ཆེན་དགྱེས་པ་ལས། །ནམ་ཡང་འཕེལ་འགྲིབ་མ་མཆིས་པས། །ཧེ་རུ་ཀ་དཔལ་དོན་གྱི་མ། །དགྱེས་བསྐང་འདོད་དགུའི་ཕྲིན་ལས་མཛོད། །ཅེས་བསྐང་ཞིང་གོང་དུ་མཆོད་གཏོར་ཕུལ་བའི་ཆོས་སྐྱོང་གཞན་གྱི་སྐོང་བ་བྱེད་དགོས་ནའང་འདིར་སྦྲེལ་ལོ། །བཅུ་གཅིག་པ་བཤགས་པ་བྱ་བ་ནི། ཧཱུྃ། དུར་ཁྲོད་སྐྱོང་བ་མ་མོའི་གཙོ། །འཁོར་དང་བཅས་པ་དགོངས་སུ་གསོལ། །བདག་ནི་མ་རིག་རྨོངས་དབང་གིས། །དམ་རྫས་མ་ཚང་མཆོད་གཏོར་འགྱངས། །སྒྲུབ་ལས་གཡེལ་ཞིང་ལེ་ལོས་ནོངས། །གསང་བ་སྤེལ་ཞིང་ཉམས་དང་འདྲེས། །དེ་སོགས་ཐུགས་དང་འགལ་བ་རྣམས། །དོ་ནུབ་གནོང་ཞིང་འགྱོད་པས་བཤགས། །ལྟ་བ་གོལ་ཞིང་སྒོམ་པ་གཡེལ། །སྤྱོད་པ་འཆོལ་བར་གྱུར་པ་སོགས། །མི་ཤེས་རྨོངས་པའི་དབང་གྱུར་ཏེ། །འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །ཐམས་ཅད་མཐོལ་ཞིང་བཤགས་པར་བགྱི། །བརྩེ་བའི་ཐུགས་ཀྱིས་ཚངས་པར་གསོལ། །ཞེས་དང༌། འཁོན་གཅུགས་སྦྱོང་བའི་དམིགས་པ་དང་བཅས་ཏེ་ཡི་གེ་བརྒྱ་པ་བཟླས་པས་བཤགས་པར་བྱའོ། །བཅུ་གཉིས་པ་ཕྲིན་ལས་བཅོལ་བ་ནི། བྷྱོ། དཀྱིལ་འཁོར་ཀུན་གྱི་སྲུང་མའི་གཙོ། །དམ་ཉམས་ལས་ཀྱི་ཤན་པ་མོ། །ཁྱོད་ལ་ཞུ་ཞིང་གསོལ་བ་ནི། །ཕུད་གཏོར་མཆོད་སྐོང་འདི་བཞེས་ལ། །སྔགས་འཆང་བདག་གི་དཀོར་བདག་མཛོད། །མི་ནོར་དགོན་གནས་འཁོར་ལོངས་སྤྱོད། །བཅོལ་ལོ་གཏད་དོ་ཁྱོད་ཀྱིས་སྲུངས། །ཉིན་གསུམ་བྱ་ར་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་མ་གཡེལ་ཞིག །དགྲ་བྱུང་སྐྱོབས་ལ་འགྱེལ་ན་སློངས། །མ་ཚོར་སྟོན་ལ་རྒྱབ་བརྟེན་མཛོད། །སངས་རྒྱས་བསྟན་པ་སྲུང་བ་དང༌། །བླ་མའི་སྐུ་དགྲ་འདུལ་བྱེད་ཅིང༌། །རྣལ་འབྱོར་སྡང་དགྲ་གསོད་པ་ཡི། །ཕྲིན་ལས་གཡེལ་བ་མེད་པར་སྒྲུབས། །སྤྲོ་ན་མངའ་གསོལ་ཡིད་བཞིན་འཕྲུལ་གྱི་ལྕགས་ཀྱུ་སྦྱར་བར་འདོད་ན། ཧཱུྃ་བྷྱོ། དུས་གསུམ་འགྱུར་མེད་རྣམ་ཀུན་མཆོག་ལྡན་ཞལ། །ལྷུན་གྲུབ་དགའ་བཞིའི་རོལ་མོར་འབར་བའི་གཟུགས། །ཞི་ཆགས་ཁྲོ་མོའི་གར་གྱི་རྣམ་རོལ་པ། །བསྟན་སྲུང་འབུམ་སྡེའི་རྗེ་མོར་མངའ་གསོལ་ལོ། །གནས་ཡུལ་དུར་ཁྲོད་རྒྱ་མཚོའི་ཞིང་སྐྱོང་གཙོ། །བརྟུལ་ཞུགས་གྲུབ་བརྙེས་ཡོངས་ཀྱི་མཛའ་ན་མོ། །དགའ་ཆེན་རྡོ་རྗེའི་ལམ་གྱི་ཕོ་ཉ་བ། །བདེ་སྟོང་ཌཱཀྐིའི་གཙོ་མོར་མངའ་གསོལ་ལོ། །འཕོ་འགྱུར་གཉིས་སྣང་རྟོག་པའི་དྲྭ་བ་ཀུན། །འཕོ་མེད་འོད་གསལ་དབྱིངས་སུ་བསྡམས་པ་ལས། །རྗེས་ཆགས་ཉམས་བརྒྱའི་གཟི་བྱིན་འཆང་བའི་དངོས། །ལྷན་སྐྱེས་རང་བྱུང་རྗེ་མོར་མངའ་གསོལ་ལོ། །དབྱིངས་ཕྱུག་སྔགས་ཀྱི་རྒྱལ་མོ་ཨེ་ཀ་ཙ། །ཐེག་མཆོག་བསྟན་པ་རྒྱ་མཚོའི་སྲུང་མ་རུ། །ལས་བྱེད་འཁོར་གྱི་མཁའ་འགྲོའི་སྐུར་བཞེངས་པ། །གསང་རྒྱུད་གཉེར་འཛིན་ཆེན་མོར་མངའ་གསོལ་ལོ། །ཀུན་ཁྱབ་རིག་སྟོང་རྡོ་རྗེའི་ཕྱག་རྒྱ་ཡིས། །ཁམས་གསུམ་ནམ་མཁའི་མཛོད་དུ་རྒྱས་བཏབ་པས། །དགྱེས་སྤྲིན་ལོངས་སྤྱོད་ཆེན་པོའི་མཛོད་བརྙེས་པ། །དཀོར་སྲུང་ཁྲོས་པའི་རྒྱལ་མོར་མངའ་གསོལ་ལོ། །སྲོག་རྩོལ་དབུ་མར་ཐིམ་པའི་བདེ་བ་མཆོག །རྡོ་རྗེ་ཆགས་པའི་གཟུགས་སྐུར་མངོན་བཞེངས་ཏེ། །ས་གསུམ་འཕྲུལ་གྱི་ལྕགས་ཀྱུས་འགུགས་མཛད་པ། །གནོད་སྦྱིན་མཛེས་ལྡན་ལྷ་མོར་མངའ་གསོལ་ལོ། །མདོར་ན་དུས་ཀུན་ལྷན་སྐྱེས་ཕོ་ཉ་མོ། །མཁའ་སྤྱོད་གྲུབ་པའི་ཞལ་སྐྱིན་ཁྱོད་མཆོད་ན། །མི་ཕྱེད་ཡེ་ཤེས་འཁོར་ལོར་རོ་གཅིག་པས། །གང་འདུལ་ཕྲིན་ལས་རྣམ་བཞིའི་འབྲས་སྨིན་མཛོད། །གསུམ་པ་རྗེས་ཀྱི་བྱ་བ་ལ་ལྔ་ལས། དང་པོ་གཏོར་མ་བཏང་བ་ནི། ཆོ་ག་ཉིན་ཞག་སྦྲེལ་མར་བྱེད་པའི་སྐབས་སུ་འབུལ་གཏོར་ཟུར་དུ་བཅས་པ་ཉིད་འབུལ་ཞིང༌། ཉིན་ཐ་མའི་ཚེ་འདས་གཏོར་མ་གཏོགས་པའི་གཏོར་མ་གཞན་རྣམས་ལ་དཔལ་འབར་བཙུགས། སྤོས་དང་རོལ་མོར་བཅས་པས་སྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏོང་བའི་སར་ཁྱེར་རཀྟ་བྲན་ལ་དམིགས་བྱ་འགུགས། བདུད་རྩི་བྲན་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབས་ཏེ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་ལ། བྷྱོཿ བྱང་ཤར་མུན་པ་ཅན་གྱི་གནས༔ ཀེང་རུས་ཐོད་པའི་གཞལ་ཡས་ནས༔ དཀོར་གྱི་བདག་མོ་རྫུ་འཕྲུལ་ཅན༔ དོ་ནུབ་སྐུལ་གྱིས་ལས་ལ་བཞེངས༔ ཁྱོད་ནི་ཁམས་གསུམ་དབང་ཕྱུག་སྲས༔ ལྟོ་ན་སྲིད་པ་གསུམ་པོ་འཆང༔ ལག་ན་འབར་བའི་མཚོན་ཆ་ཅན༔ ར་མདའ་སྦྲན་ནོ་མ་གཡེལ་ཅིག༔ སྤྱན་གསུམ་ཁྲག་གི་མཆི་མ་འབབ༔ ངུས་པའི་འོ་དོད་དགྲ་ལ་བོས༔ མི་ལྤགས་གཡང་གཞི་ནད་ཀྱི་ཚང༔ རྡོབས་ཤིག་ཡུལ་ཁམས་ཕུང་ལ་སྦྱོར༔ གནམ་ལྕགས་འབར་བའི་སེན་མོ་ཡིས༔ གློ་ནས་དོན་སྙིང་ད་ལོངས་ཤིག༔ སྤྲུལ་པའི་ཤྭ་ན་མཆེད་སྡེ་ལྔས༔ དགྲ་ཡི་རྟ་ཕྱུགས་མཐའ་ནས་སྡུས༔ ཁ་རླངས་བསྐལ་པའི་འཐོར་རླུང་གིས༔ སྣོད་བཅུད་དཔལ་ཀུན་རྩད་ནས་སྐོམ༔ གློག་ལྟར་འཁྲུགས་པའི་ལྗགས་གཡོ་བས༔ རྐན་སྒྲ་དང་བཅས་དགྲ་ཤ་ཟོ༔ ལས་ངན་བསྟན་བཤིག་དམ་ཉམས་འདིས༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ སངས་རྒྱས་བསྟན་པ་ཐབས་ཀྱིས་བཅོམ༔ རྣལ་འབྱོར་བདག་གི་སྒོས་དགྲ་དང༔ ནོར་གྱི་དཀོར་ལ་ཧབ་ཐོབ་བྱས༔ ཚེ་དཔལ་སྙན་གྲགས་ཆུ་ལ་བསྐུར༔ ཕན་པའི་ལན་དུ་གནོད་པ་བསྐྱལ༔ ད་ནི་མ་ཁྱོད་གཡེལ་སྲིད་ན༔ ཚེ་གཅིག་བསྟན་པ་དོན་རེ་ཆུང༔ གདུང་བའི་ལས་འདི་ཡལ་མ་དོར༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ བླ་རྐུན་ཤན་པ་ཟན་ལ་ཁྱེ༔ ཕོ་ཉ་སྡེ་བརྒྱད་ལས་ལ་ཆོས༔ སྣང་སྲིད་སྤྲུལ་པའི་དམག་གིས་ཁོངས༔ རྟགས་དང་ཆོ་འཕྲུལ་དངོས་སུ་སྟོན༔ བདག་ལ་སྡང་བའི་དགྲ་བྱུང་ན༔ ཕ་ཁུ་ཡིན་ཀྱང་སོད་ལ་ཤོག༔ དམ་ལས་ཉམས་པའི་ལས་བྱས་ན༔ སློབ་མ་ཡིན་ཀྱང་ཁུག་ལ་ཤོག༔ བསྐུལ་པའི་ལས་ལ་ངོ་མ་ལྡོག༔ བཅོལ་པའི་དོན་ལ་བང་མ་བུལ༔ ད་ལྟ་ཉིད་དུ་ལས་ལ་ཆོས༔ སོད་ཅིག་སྒྲོལ་ཅིག་མཱ་ར་ཡ༔ ཞེས་འདོད་པའི་ཕྲིན་ལས་གསོལ་ལོ། །གཉིས་པ་དྲག་པོའི་ཕྲིན་ལས་སྒྲུབ་པ་རྩ་བའི་གཏེར་གཞུང་ལས་ཤེས་པ་བྱའོ། །གང་ལྟར་སླར་ཡང་གཏང་རག་གི་མཆོད་པ་དང་བསྟོད་པ་བསྡུས་པར་བྱའོ། །གསུམ་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང༌། །སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ཅི་རིགས་བཟླ། བཞི་པ་རྗེས་བསྡུ་ནི། རྟེན་ཡོད་པའི་ཡེ་ཤེས་པ་རྣམས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་ཀྱིས་བརྟན་བཞུགས་བྱ། རྟེན་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་སོགས་ཀྱི་མཐར་བཛྲ་མུཿ དམ་ཚིག་པ་བདག་ལ་ཐིམ་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་བསྲུང༌། འཇིག་རྟེན་པའི་འཁོར་རྣམས་གཙྪ་གཙྪ་སྭ་བྷཱ་ཝཱ་ནཾ་ཞེས་པས་རང་གནས་སུ་བཏང་ནས་དགེ་བ་བསྔོ། ལྔ་པ་ཤིས་པ་བརྗོད་པ་ནི། རྒྱས་བསྡུས་ཅི་རིགས་བརྗོད་པས་དགེ་ལེགས་ཀྱིས་ཁྱབ་པར་བྱའོ། །བདེ་ཆེན་གཅིག་ལས་འདོད་དགུའི་ཕྲིན་ལས་ཀྱི། །བྱེད་པོ་གནས་ཡུལ་དུར་ཁྲོད་ཞིང་སྐྱོང་མའི། །ལས་བྱང་སྤྲོས་འདིས་གསང་ཆེན་བསྟན་སྲིད་ཀྱི། །ཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་པའང་སྔར་ཁྱབ་བདག་འཇམ་པའི་རྡོ་རྗེ་ཀུན་གཟིགས་བླ་མས་ཆོག་ཁྲིགས་སུ་བསྩལ་ཀྱང་དུས་འགྱུར་གྱིས་མ་ཕྱི་བརླགས་ནས་དབྱིངས་སུ་ཐིམ་པ། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་གྱིས་སྔོན་གྱི་ལས་སྨོན་སྟོབས་སུ་གྱུར་པ་ལས། གཏེར་གཞུང་གི་དཔེ་རྙེད་པར་འཇུག་བདེའི་ཁྲིགས་བསྡེབ་དགོས་ཚུལ། ལུང་རྟོགས་ཆོས་ཀྱི་གཏེར་མཛོད་ཞྭ་དེའུའི་འཁྲུལ་ཞིག་མཆོག་གི་སྤྲུལ་པའི་སྐུ་འགྱུར་མེད་མདོ་སྔགས་བསྟན་འཛིན་དང༌། འཇིགས་མེད་དཔོན་སློབ་ནས་དོན་གཉེར་ཆེན་པོའི་གསུང་བསྐུལ་བཞིན་རྙིང་སྔགས་རྒན་པོ་གར་དབང་འོད་གསལ་བདེ་ཆེན་གླིང་པས་ཉེ་བའི་ཚནྡྷོའི་མཆོད་རྟེན་དང་འདབས་འབྲེལ་བའི་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གསར་པའི་གཙུག་ལག་ཁང་དུ་བྲིས་པ་སརྦ་ཨརྠ་སིདྡྷི་ཧོ། མངྒ་ལཾ། དགེའོ།། །།}} | ༄༅། །ན་མོ་གུ་རུ་བཛྲ་ཀྲོ་དྷཱི་ཡེ། བདེ་མཆོག་སྒྱུ་འཕྲུལ་དྲྭ་བ་ཡི། །མཆོག་ཐུན་དངོས་གྲུབ་སྩོལ་བ་ལ། །ཐོགས་མེད་བླ་མ་མཁའ་འགྲོའི་གཙོ། །སྙིང་དབུས་འཕོ་མེད་ཐིག་ལེར་མཆོད། །དེ་ཉིད་གསང་ཆེན་བསྟན་སྲུང་ཕྱིར། །ཐོགས་མེད་མྱུར་མགྱོགས་ཕྲིན་ལས་བདག །ཞིང་སྐྱོང་མ་མོར་གུས་བཏུད་ནས། །དེ་ཡི་ཕྲིན་ལས་རིམ་པ་དབྱེ། །བཀའ་སྲུང་ཞིང་སྐྱོང་མ་མོ་ཐུགས་དམ་དགྱེས་དགུར་བསྐང་བ་དང༌། འདོད་པའི་ལས་བཅོལ་བའི་ཕྱིར་གསོལ་མཆོད་རྒྱས་པར་བྱ་བར་འདོད་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལའང་གསུམ་སྟེ། དང་པོ་དུར་ཁྲོད་ལ་སོགས་པ་རུང་བའི་གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་གཞུང་མཐུན་གྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་སུམ་རིམ་གྱི་དང་པོ་ལ་བདག་བསྐྱེད་གང་ལ་བརྟེན་པའི་གཏོར་མ། སྟེགས་གཉིས་པར་ཞིང་སྐྱོང་མ་མོའི་གཏོར་མ་གྲུ་གསུམ་གྲི་གྲས་མར་འཁོར་རང་འདྲ་བཅུ་གཉིས་ཀྱིས་བསྐོར་བ་དང༌། གཡས་གཡོན་དུ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སོགས་དང༌། སྨན་རཀ་བཅས་བཤམ། སྟེགས་གསུམ་པར་ཞི་དྲག་གི་མཆོད་པ་དང༌། ཚོགས། གསེར་སྐྱེམས། ཐུན་གཏོར་སོགས་འདུ་བྱ། གཉིས་པ་བདག་གི་རྣལ་འབྱོར་གང་ལ་བརྟེན་ཀྱང་རུང་སྟེ། བསྡུ་ན་སྐབས་འདིར་འབྲེལ་ཆགས་ཀྱི་དབང་དུ་བགྱིད་ཚེ་འདི་ལྟར་ཤེས་པར་བྱ་སྟེ། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་རྡོ་རྗེ་ཁྲོས་མའི་སྐུར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། བཛྲ་ཛྭ་ལ་རཾ། ཞེས་བརྗོད་པས། རྡོ་རྗེ་སྲུང་བའི་གུར་ཁང་ཡེ་ཤེས་ཀྱི་མེ་དཔུང་འབར་བས་ཕྱོགས་ཀུན་ཁྱབ་པར་གྱུར། རང་གི་སྤྱི་བོར་རྩ་བའི་བླ་མ་རྗེ་བཙུན་མ་དང་གཉིས་སུ་མེད་པ་སྐྱབས་གནས་ཐམས་ཅད་ཀྱི་ངོ་བོར་བཞུགས་པར་གྱུར། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྟོང་ཉིད་ཀྱི་ངང་ལ་བློ་བཞག །རང་ལུས་འདོམ་གང་གྲུ་བཞི་པ། །འབྱུང་པ་ལྔ་ཡི་བདག་ཉིད་ཅན། །མེ་རི་དུར་ཁྲོད་དཔག་བསམ་ཤིང༌། །རང་བྱུང་ཡེ་ཤེས་གཞལ་ཡས་ཁང༌། །རང་སེམས་རྡོ་རྗེ་ཕག་མོའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །གྲི་གུག་གཡས་ལ་ཐོད་ཁྲག་གཡོན། །ཁ་ཊྭཱྃ་ག་ནི་ཐུགས་ཀར་གཏོད། །དུར་ཁྲོད་རྒྱན་གྱིས་ལེགས་པར་བརྒྱན། །རལ་པ་དམར་ནག་སྤྲིན་ལྟར་གཏིབས། །ཐོད་པ་ལྔ་ཡིས་དབུ་རྒྱན་བྱས། །སྤྱི་གཙུག་ཕག་ཞལ་ནམ་མཁའི་གནས། །རྟོག་མེད་རོ་ཡི་གདན་སྟེང་ན། །བརྐྱང་བསྐུམ་ཚུལ་གྱིས་འགྱིང་བག་ཅན། །འཁོར་བ་ཟིལ་གནོན་ཁྲོས་མའི་ཚུལ། །མེ་དཔུང་དམར་ནག་ཀློང་ན་བཞུགས། །ལུས་ནང་འཁོར་ལོ་བཞི་ལྡན་པའི། །ལྟེ་བར་ཨ་ཡིག་རེ་རེས་བརྒྱན། །སོ་སོའི་རྩ་བའི་འདབ་མ་བཞིར། །སྤྱི་བོར་བཛྲ་བྷཱ་ར་ཧི། །མགྲིན་པར་ཀྲོ་དྷཱི་ཀཱ་ལི་སྟེ། །སྙིང་གར་ཧ་རི་ནི་ས་དང༌། །ལྟེ་བར་ཨ་བེ་ཤ་ཡ་རྣམས། །མདུན་ནས་བརྩམས་ཏེ་གནས་པ་ཡི། །སྔགས་ལས་བྱུང་བའི་འོད་ཟེར་ནི། །དཀར་དམར་མཐིང་དང་སྣ་ཚོགས་ཀྱིས། །རེག་པས་ཕྱི་སྣོད་དག་པའི་ཞིང༌། །ནང་བཅུད་སེམས་ཅན་ཕག་མོའི་སྐུ། །སྒྲ་གྲགས་གསུང་ལ་དྲན་རྟོག་ཐུགས། །བདེ་ཆེན་མཆོག་ཏུ་འོད་གསལ་བའོ། །ཨོཾ་བཛྲ་བྷཱ་ར་ཧི། ཀྲོ་དྷཱི་ཀཱ་ལི། ཧ་རི་ནི་ས། ཨ་བེ་ཤ་ཡ། ཞེས་ཅི་ནུས་སུ་བཟླས་ཏེ་བསྡུ་ལྡང་བཅས་བྱས་ལ། གསུམ་པ་མདུན་བསྐྱེད་ཀྱི་མཆོད་རྫས་བྱིན་རླབས་ནི། ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུའི་ནམ་མཁའི་མཐའ་ཀླས་པ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་གྱི་མཆོད་པ་རྣམས་བྱིན་གྱིས་བརླབ། སྨན་རཀ་གཏོར་གསུམ། ཧཱུྃ༔ རླུང་མེ་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང༔ དབྱིངས་ཀྱི་བྷནྡྷར་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་རིགས་ལྔ་དབྱེར་མེད་བྱང་ཆུབ་སེམས༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་བདུད་རྩིར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཿ ཧཱུྃ༔ ལྕང་ལོར་བཅས་པའི་དུང་ཆེན་སྣོད་ཡངས་སུ༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཁྲག་མཚོར་བསྐྱིལ༔ གཱིརྟིའི་མཁའ་ནས་ཡེ་ཤེས་བདེ་བའི་རྒྱུན༔ མི་ཕྱེད་སོ་སོར་རྟོག་པའི་ལྦུ་ཕྲེང་གཡོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿ་ཋ༔ ཧཱུྃ༔ གཏོར་སྣོད་རིན་ཆེན་བྷནྡྷ་སྟོང་གསུམ་ཁྱབ༔ གཏོར་མའི་ངོ་བོ་བླ་མེད་དམ་ཚིག་རྫས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ ལྷ་ཚོགས་དགྱེས་སྐོང་མཆོད་སྤྲིན་ལྷུན་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋ༔ འདས་གཏོར་འབུལ་བ་ནི། བདག་བསྐྱེད་ལས་གཞུང་རྒྱས་པ་གཞན་ལ་བརྟེན་ན་དེ་ལྟར་དང༌། དཀྱུས་ཀྱི་བདག་བསྐྱེད་ལ་བརྟེན་པ་ཡིན་ན། ཕེཾ། ཞེས་འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་བ་དང༌། ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་འཁོར་འདས་ཐམས་ཅད་བླ་མ་དང་རྗེ་བཙུན་མ་འཁོར་དང་བཅས་པའི་རྣམ་པར་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ལྗགས་རྡོ་རྗེ་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་བཛྲ་བྷཱ་ར་ཧི་མ་ཧཱ་ཡོ་གི་ནཱི་ཨི་དཾ་བ་ལིཾ་ཏ་གྲྀ་ཧྞ་གྲྀ་ཧྞ་བྷུཉྫ་ཧོཿ པི་པ་ཧོཿ མ་ཏི་པྲ་མ་ཏི་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱི་ནང་མཆོད་ཀྱང་ཕུལ་ལ། ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །འཇིག་རྟེན་གསུམ་པོ་ཟིལ་གནོན་ཅིང༌། །ལོག་པར་ལྟ་བའི་ཕྱོགས་གཞན་འཇོམས། །མཐུ་ཆེན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་ཚོགས་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་འདོད་དོན་གསོལ་ལ་མགྲོན་རྣམས་གཤེགས་པའམ་རང་ལ་བསྡུ་བ་གང་བདེ་བྱའོ། །གཉིས་པ་དངོས་གཞིའི་ལས་ཁྲིགས་བཅུ་གཉིས་ལ། དང་པོ་རྟེན་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱས་སྦྱང༌། སྟོང་པའི་ངང་ལས་མདུན་དུ་དུར་ཁྲོད་དྲག་པོའི་ཞིང་ཁམས་ས་གཞི་ཀེང་རུས་ཀྱི་རི་བོ་མཚོན་ཆའི་ནགས་ཚལ༔ ཁྲག་གི་ཆུ་རྒྱུན༔ དུག་གི་རྒྱ་མཚོ༔ མེ་དུད་རླུང་སྤྲིན་འཁྲིགས་པ༔ རོ་གསར་རྙིང་གཅལ་དུ་བཀྲམ་པ་ལ་གཅན་གཟན་བྱ་ཁྱི་རྒྱུ་བའི་དབུས་སུ༔ ཐོད་མཁར་བསྭེ་ཡི་ཁ་བད་ཅན༔ ཁྲག་གི་རྒྱ་མཚོ་འཁྱིལ་བའི་དབུས་སུ་སྲིན་པོའི་བོང་བུ་གྭ་དམར་ཞིང་ལྤགས་ཀྱི་སྟན་ཐོད་སྐམ་གྱི་སྒ་ཡི་སྟེང་དུ་བྷྱོ་ལས་མ་གཅིག་དཀོར་གྱི་བདག་མོ་ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་སྐུ་མདོག་མཐིང་ནག་མུན་པ་ལྟར་གནག་པ༔ སྐེམ་རིད་མི་སྡུག་པའི་གཟུགས་ཀྱིས་སྒེག་ཅིང༔ ཕྱག་གཡས་གནམ་ལྕགས་ཀྱི་རལ་གྲི་ཕྱར་ཞིང་གཡོན་པས་ཕུར་བུ་འདྲིལ་བ༔ ཐོད་སྐམ་གྱི་དབུ་རྒྱན་དང་མགོ་ཕྲེང༔ རེ་ལྡེའི་སྨད་གཡོགས༔ རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ༔ ཞབས་གཉིས་བཙན་སྐྱིལ་གྱིས་རོལ་པ༔ སྤྱི་བོར་རལ་པའི་སྐྲ་གསེབ་ཏུ་ཟླ་བ༔ ལྟེ་བར་ཉི་མ༔ སྙན་ལ་སྦྲུལ་དང་སེང་གེ༔ སྔ་ཤ་ལ་ནད་རྐྱལ༔ ཕྱི་ཤ་ལ་ཚོན་གྲུ༔ རྐེད་པར་ཁྲམ་ཤིང༔ ཤྭ་རྡེའུ་དཀར་ནག་སོགས་མ་མོའི་ཆས་ཡོངས་སུ་རྫོགས་པ༔ མདུན་དུ་སྐུ་ཡི་མ་མོ་དཀར་གསལ་ཞི་འཛུམ་གཞོན་ནུའི་གཟུགས་ཅན༔ དར་དང་ནོར་བུའི་རྒྱན་འཆང་མདའ་དར་མེ་ལོང་བསྣམས་པ༔ གཡས་སུ་ཡོན་ཏན་གྱི་ཌཱ་ཀི་གསེར་མདོག་གནོད་སྦྱིན་གྱི་ཆས་ཅན་ལྕགས་ཀྱུ་དང་བྷནྡྷ་ཐོགས་པ༔ རྒྱབ་ཏུ་གསུང་གི་མཁའ་འགྲོ་མ་དམར་གསལ་ཆགས་པའི་ཉམས་ཅན་གཅེར་བུ་རུས་རྒྱན་གྱིས་སྤྲས་པ་ལྕགས་ཀྱུ་དང་ཨུཏྤལ་དམར་པོའི་ཞགས་པ་འཕེན་པ༔ གཡོན་དུ་ཕྲིན་ལས་ཀྱི་མ་མོ་སྨུག་ནག་དྲེད་མོ་ལ་ཞོན་པ༔ ལག་གཡས་ཞིང་ལྤགས་གཡབ་ཅིང་གཡོན་པས་དགྲ་སྙིང་ཟ་བ༔ འབར་བའི་ཆས་དང་བཅས་ཏེ་མེ་རླུང་འོད་ཟེར་གྱི་ཀློང་ན་རོལ་པའོ༔ དེའི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ་རྡོ་རྗེའི་ཕོ་ཉ་དཀར་མོ་དུག་སྦྲུལ་ལ་ཞོན་པ༔ རྡོ་རྗེ་རོ་ལངས་ནག་མོ་སྲིན་པོ་ལ་ཞོན་པ༔ རྡོ་རྗེ་དྲག་རྩལ་སེར་ནག་དུར་བྱ་ལ་ཞོན་པ༔ རྡོ་རྗེ་ཀ་ལི་སྨུག་ནག་དོམ་ལ་ཞོན་པ༔ རྡོ་རྗེ་ལག་རིང་ལྗང་སྔོན་ཅེ་སྤྱང་ལ་ཞོན་པ༔ རྡོ་རྗེ་ཤ་ཟན་དམར་ནག་རོ་ལངས་ལ་ཞོན་པ༔ རྡོ་རྗེ་ལས་བྱེད་ནག་མོ་ཤ་བ་ལ་ཞོན་པ༔ རྡོ་རྗེ་རབ་འཇིགས་ལྗང་གུ་འཕར་བ་ལ་ཞོན་པ༔ ཐམས་ཅད་ཀྱང་ཆིབས་དང་མཚུངས་པའི་ཕྲ་མེན་གྱི་གདོང་ཅན་གཡས་དགྲ་སྙིང་དང་གཡོན་མེ་ལོང་བསྣམས་པ༔ དུར་ཁྲོད་འཇིགས་པའི་ཆ་བྱད་ཡོངས་སུ་རྫོགས་པ༔ གཞན་ཡང་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དུར་ཁྲོད་ཀྱི་ཤ་ཟ་ལས་མཁན་ཀེང་རུས་བྱེ་བ་འབུམ་དང་བཅས་པས་བསྐོར་བར་བསམ༔ གཉིས་པ་སྤྱན་འདྲེན་པ་ནི། དེ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ལྷོ་ནུབ་མུན་པ་ཅན་གྱི་དུར་ཁྲོད༔ མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ༔ མཁར་ཆུ་དེ་ཝཱི་ཀོ་ཊ་ནས་མངོན་སུམ་བཞིན་དུ་སྤྱན་དྲངས་པར་གྱུར༔ སྦྱར་བའི་སྤོས་བསྲེག་ཅིང་རྐང་གླིང་གིས་དྲངས་པའི་རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས་པས། བྷྱོ༔ དུར་ཁྲོད་ཞིང་སྐྱོང་ཌཱ་ཀིའི་གཙོ༔ མཁའ་འགྲོའི་དབང་ཕྱུག་ངན་ནེ་མ༔ ནོར་བདག་དཀོར་གྱི་སྲུང་མ་ཁྱོད༔ ཡེ་ཤེས་དབྱིངས་ནས་སྐུ་བཞེངས་ཤིག༔ ལས་ཀྱི་ཤན་པ་མི་སྲུན་གཟུགས༔ སྲིན་མོའི་ཚུལ་ཅན་གནས་ཡུལ་སྐྱོང༔ ཆོ་འཕྲུལ་རྣམ་རོལ་མཐའ་ཡས་པས༔ སངས་རྒྱས་བསྟན་པ་སྲུང་བའི་མ༔ དམ་ཚིག་གནས་འདིར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོ་གཏུམ་དྲག་ནས༔ རྡོ་རྗེའི་ཕོ་ཉ་གཤེགས་སུ་གསོལ༔ དུར་ཁྲོད་ཚང་ཚིང་འཁྲུགས་པ་ནས༔ རྡོ་རྗེ་རོ་ལངས་གཤེགས་སུ་གསོལ༔ དུར་ཁྲོད་འུར་འུར་འབར་བ་ནས༔ རྡོ་རྗེ་དྲག་རྩལ་གཤེགས་སུ་གསོལ༔ དུར་ཁྲོད་འཇིགས་སུ་རུང་བ་ནས༔ ཀ་ལི་ནག་པོ་གཤེགས་སུ་གསོལ༔ དུར་ཁྲོད་ནགས་ཚལ་འཇིགས་རུང་ནས༔ རྡོ་རྗེ་ལག་རིང་གཤེགས་སུ་གསོལ༔ མུན་པ་མི་བཟད་དུར་ཁྲོད་ནས༔ རྡོ་རྗེ་ཤ་ཟན་གཤེགས་སུ་གསོལ༔ དུར་ཁྲོད་ཧ་ཧ་དགོད་པ་ནས༔ ལས་བྱེད་ནག་མོ་གཤེགས་སུ་གསོལ༔ དུར་ཁྲོད་སིངྒ་ལ་ཡུལ་ནས༔ རྡོ་རྗེ་རབ་འཇིགས་གཤེགས་སུ་གསོལ༔ རྣལ་འབྱོར་གདུང་བས་ངེས་བསྐུལ་ན༔ མ་ཐོགས་སྐད་ཅིག་ཡུད་ལ་བྱོན༔ འཁོར་དང་ལས་བྱེད་ཕོ་ཉར་བཅས༔ དམ་ཚིག་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ་རཱ་ལི་པྲ་མ་ཡ༔ སི་ལི་མ་ནི་ཛཿཛཿ ཞེས་པས་སྤྱན་དྲངས། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ རྡོ་རྗེའི་གནས་དང་ཡུལ་སྐྱོང་བའི༔ དཔལ་ལྡན་མ་གཅིག་ངན་ནེ་མ༔ དམ་ཚིག་སྟན་ལ་བཞུགས་ནས་ཀྱང༔ འདོད་པའི་དངོས་གྲུབ་མ་ལུས་སྩོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་དམ་བཞག་ནི། དམ་ཚིག་གི་རྒྱ་བཅིངས་ཏེ་རྡོ་རྗེ་སྤྱི་བོར་བཞག །བདུད་རྩི་ལྗགས་ལ་བཞག་པར་མོས་ཏེ། ཧཱུྃ་བྷྱོཿ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་ཕག་མོ་རྣལ་འབྱོར་མ༔ རིག་འཛིན་པདྨ་ཐོད་ཕྲེང་དང༔ ཌཱ་ཀིའི་དབང་ཕྱུག་མཚོ་རྒྱལ་མའི༔ སྤྱན་སྔར་རྡོ་རྗེའི་ཐ་ཚིག་བཞིན༔ ལས་ཀྱི་དངོས་གྲུབ་ཐམས་ཅད་ཀུན༔ ཐོགས་པ་མེད་པ་ད་ལྟ་སྩོལ༔ ས་མ་ཡ་ཧོཿ ལྔ་པ་ཕྱག་བྱ་བ་ནི། གདོད་ནས་སྐྱེ་མེད་དབྱིངས་ཀྱི་ཡུམ༔ དཔལ་ལྡན་མཁའ་འགྲོ་དཀྱིལ་འཁོར་སྐྱོང༔ རིག་འཛིན་ཡོངས་ཀྱི་བཀའ་ཡི་འབངས༔ མཉམ་པ་ཆེན་པོའི་ཚུལ་གྱིས་འདུད༔ ན་མོ་ཧཱུྃཿ དྲུག་པ་མཆོད་པ་ནི། མ་གཅིག་ཁྱོད་ལ་མཐུན་པའི་རྫས༔ དམར་ཆེན་ཁྲག་གི་མཆོད་ཡོན་སྦྲེངས༔ ནག་པོ་དུག་གི་ཞབས་བསིལ་བསྐྱིལ༔ དབང་པོ་རྣམ་ལྔའི་མེ་ཏོག་དང༔ ཚིལ་ཆེན་བསྲེགས་པའི་བདུག་སྤོས་ཆེ༔ ཞུན་གྱི་མར་མེ་འོད་ཕྲེང་ཅན༔ མཁྲིས་སྣ་དྲི་ཡི་བྱུག་པ་དང༔ ཤ་རུས་དོན་སྙིང་ཞལ་གྱི་ཟས༔ དྲག་པོ་གསང་བའི་རྔེའུ་སོགས༔ བསམ་མི་ཁྱབ་པའི་མཆོད་པ་ཆེ༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང༔ དངོས་གྲུབ་ཡིད་བཞིན་བསྩལ་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་མ་ཧཱ་རུ་ཏྲ་པཱུ་ཛ་ཧོ༔ ཧཱུྃ༔ བཀྲ་ཤིས་མཚན་ལྡན་བྷནྡྷ་རུ༔ སྣང་སྲིད་ཐམས་ཅད་བདུད་རྩིར་བསྐྱིལ༔ དུར་ཁྲོད་ལྷ་མོ་འཁོར་བཅས་མཆོད༔ མཐུ་དབང་ནུས་པའི་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི༔ ཧཱུྃཿ ལྕང་ལོར་བཅས་པའི་བྷནྡྷ་རུ༔ སྣང་སྲིད་དམར་གྱི་རྒྱ་མཚོར་བསྐྱིལ༔ དུར་ཁྲོད་ལྷ་མོ་འཁོར་བཅས་མཆོད༔ བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁ་ཁ་ཁཱ་ཧིཿ ཧཱུྃཿ སྣོད་ཀྱི་འཇིག་རྟེན་བྷནྡྷ་རུ༔ བཅུད་ཀྱི་སེམས་ཅན་གཏོར་མར་སྤུངས༔ དུར་ཁྲོད་ལྷ་མོ་འཁོར་བཅས་མཆོད༔ འདོད་འབྱུང་དཔལ་གྱི་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧིཿ བདུན་པ་བསྟོད་པ་བྱ་བ་ནི། བྷྱོཿ མི་སྲུན་ཤན་པ་ཞིང་སྐྱོང་མ༔ རྒྱལ་བའི་བསྟན་སྲུང་ཡོངས་ཀྱི་རྗེ༔ ཡེ་ཤེས་དབྱིངས་སུ་ཝཱ་ར་ཧི༔ སྒྱུ་འཕྲུལ་རོལ་པས་དགྱེས་ལ་བསྟོད༔ མཐིང་ནག་མི་སྡུག་སྲིན་མོའི་གཟུགས༔ རལ་གྲི་ཕུར་པས་ཉམས་པ་སྒྲོལ༔ བོང་བུ་ཞོན་ནས་སྟོང་གསུམ་བསྐོར༔ མ་མོ་འབུམ་སྡེའི་གཙོ་ལ་བསྟོད༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དང༔ ཡོན་ཏན་ཆོ་འཕྲུལ་བསམ་མི་ཁྱབ༔ དུར་ཁྲོད་བརྒྱད་ཀྱི་ངན་ནེ་མ༔ སྤྲུལ་པ་དཔག་ཡས་འགྱེད་ལ་བསྟོད༔ སྣང་སྲིད་བདེ་ཆེན་ཡུམ་གྱི་མཁའ༔ ཀུན་ཀྱང་ལྷན་སྐྱེས་ཕྱག་རྒྱ་ཆེ༔ སྐྱེ་མེད་བདེ་བ་ཆེན་པོའི་དབྱིངས༔ འདུ་འབྲལ་མེད་པར་བསྟོད་པར་བགྱི༔ ཀ་དག་རྡོ་རྗེ་བཙུན་མོའི་དབྱིངས། །ཁ་སྦྱོར་བདུན་གྱི་དགྱེས་མའི་ཚུལ། །ག་ཎ་ཙཀྲའི་དབང་ཕྱུག་ཆེ། །ང་བདག་གཟུང་འཛིན་བྲལ་ཁྱོད་བསྟོད། །ཅ་ཅོའི་སྒྲ་རྟོག་ལས་འདས་པའི། །ཆ་མེད་ཀུན་འགྲོ་འཁོར་འདས་སྲོག །ཇ་ཧང་མཚན་ལྡན་ཝཱ་ར་ཧི། །ཉ་ཟླ་གང་བཞིན་སྟོན་ལ་འདུད། །ཏ་ཐཱ་ག་ཏའི་བསྟན་སྲུང་ཕྱིར། །ཐ་དད་ཉེར་བཞིའི་གནས་ཡུལ་ཀུན། །ད་ལྟ་སྐྱོང་མཛད་འབུམ་ཕྲག་གི །ནཱ་དའི་ཚོགས་རྗེ་མཛད་ལ་འདུད། །པ་ར་མི་ཏ་པྲཛྙཱའི་དབྱིངས། །ཕ་རོལ་སྲིད་ཞིའི་མཐའ་བརྒལ་ཡང༌། །བ་གླང་ལྟ་བུའི་ཡིད་ཅན་ཕྱིར། །མ་མོའི་ཚོགས་རྗེར་སྟོན་ལ་འདུད། །ཙ་ཏུར་ཕྲིན་ལས་ཟློས་གར་གྱིས། །ཚ་ངར་གློག་ཞགས་མྱུར་གཡོ་བས། །ཛ་ཡའི་བསྟན་དང་ཕན་བདེའི་དཔལ། །ཝ་ལེར་གསལ་མཛད་མ་གཅིག་བསྟོད། །ཞྭ་བཞིན་དཀོན་མཆོག་དབུ་འཕང་བསྟོད། །ཟ་མ་ཙམ་ཡང་མེལ་ཚེས་སྐྱོང༌། །འ་འུར་ཉམས་པ་བདུན་སྒྲོལ་སོགས། །ཡ་མཚན་འདོད་དགུའི་ཕྲིན་ལས་སྒྲུབས། །ར་རིས་འཁྲུལ་བྲལ་སྤྱན་གྱིས་གཟིགས། །ལ་འུར་གང་བཅོལ་ཐོགས་མེད་སྒྲུབ། །ཤ་ཟ་ཞིང་སྐྱོང་མཁའ་འགྲོའི་ཚུལ། །ས་གསུམ་དབང་སྒྱུར་མཐུ་ལྡན་བསྟོད། །ཧ་ཧར་རྒོད་སོགས་དུར་ཁྲོད་ཉུལ། །ཨ་ཧོ་དགྱེས་རྒུས་བདག་ལ་དགོངས། །ཨི་ཤྭ་ར་ཡི་དཔལ་མོ་བཞིན། །ཨུ་རྒྱན་ཌཱ་ཀིའི་གསང་མཛོད་བདག །ཨེ་མ་ཁྱོད་ལ་གུས་བསྟོད་པས། །ཨོ་ཌཱི་ཡ་ནའི་སློབ་དཔོན་སོགས། །རིག་འཛིན་བརྒྱུད་པའི་ཐ་ཚིག་ལ། །རྗེས་དགོངས་ཕྲིན་ལས་ཐོགས་མེད་མཛོད། །ཅེས་བསྟོད་པར་བྱའོ། །སྐབས་འདིར་རྗེས་འབྲང་དུ་འོས་པའི་ཆོས་སྐྱོང་གཞན་ཡོད་ན་དེ་དག་གི་མཆོད་གཏོར་དང༌། གཏེར་བདག་གཞི་བདག་སྤྱི་གཏོར་རྣམས་སོ་སོའི་ཆོ་ག་བཞིན་དུ་བྱའོ། །བརྒྱད་པ་བཟླས་པ་བྱ་བ་ནི། མདུན་གྱི་མ་མོའི་ཐུགས་ཀ་རུ༔ ཉི་མ་ལ་གནས་བྷྱོཿཡིག་མཐར༔ སྔགས་ཀྱིས་བསྐོར་ལ་བདག་ཐུགས་ཀྱིས༔ རེག་པས་ལས་ཀུན་བསྒྲུབ་པར་བགྱི༔ གོང་གནོན་རྗེ་བཙུན་མའི་བཟླས་པ་ཅི་རིགས་སྔོན་དུ་འགྲོ་བས། བཟླ་བྱའི་སྔགས་ནི། ཨོཾ་མ་མ་རཱ་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛཿ གཉའ་གནོན། འཁོན་སྦྱོང༌། དམ་སྐོང༌། རྦད་བསད་ལ་སོགས་པའི་སྔགས་དམིགས་ཁྱད་པར་ཅན་རྣམས་ནི་མན་ངག་གི་ཡི་གེ་ལས་ཤེས་པར་བྱའོ། །བཟླས་པའི་མཐར་སྔར་གྱི་མར་ཟན་གྱི་གཏོར་མ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཏེ་རྩ་སྔགས་གཏོར་སྔགས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ། འོ་ཕུད་དང་གསེར་སྐྱེམས་འབྲུ་གསུམ་གྱི་སྔགས་ཀྱིས་འབུལ་ཞིང༌། བྷྱོཿ ཡེ་ཤེས་དབྱིངས་སུ་ཨེ་ཀ་ཛཱཿ འདོད་པའི་ཁམས་ན་དཔལ་ལྷ་མོ༔ དུར་ཁྲོད་བརྒྱད་དུ་ངན་ནེ་མ༔ མ་གཅིག་མྱུར་མགྱོགས་རྫུ་འཕྲུལ་ཅན༔ དེ་རིང་མིང་པོས་ལས་ལ་བསྐུལ༔ མ་གཡེལ་ཕྲིན་ལས་མྱུར་དུ་མཛོད༔ དུས་ཀྱི་ཐ་མར་སེམས་ཅན་ལ༔ སྲུང་སྐྱོབ་ཕྲིན་ལས་མི་མཛད་ན༔ སྔོན་གྱི་དམ་ལས་འགལ་ཏ་རེ༔ ཐ་ཚིག་དགོངས་ཏེ་ད་བཞེངས་ཤིག༔ དཀོར་ཆ་སྲུང་ལ་ཇག་ཀུན་སྒྲོལ༔ གནས་རྟེན་འདི་རུ་བླ་རྡོ་ཆོས༔ རྟེན་གསུམ་ལོངས་སྤྱོད་མེལ་ཚེ་གྱིས༔ ནོར་ཕྱིར་མ་འབྲང་ཀོ་ལོང་སྡོམས༔ གཟུང་མར་མ་འཁུ་སྡོང་གྲོགས་མཛོད༔ ཡོན་བདག་བུ་སློབ་སྲུངས་ཤིང་སྐྱོབས༔ སངས་རྒྱས་བསྟན་པ་དར་བ་དང༔ མཁས་བཙུན་དགེ་འདུན་སློབ་མ་སྐྱོངས༔ འདོད་པའི་དོན་ཀུན་ཐོགས་མེད་པས༔ ལས་རྣམས་བྱོས་ཤིག་ས་མ་ཡ༔ དགུ་པ་ཚོགས་མཆོད་སྤྲོ་ན་བདག་བསྐྱེད་གང་ལ་བརྟེན་པའི་གཞུང་སོགས་རིགས་མཐུན་གྱི་ཆོ་ག་གཞན་ནས་སྦྱར་བས་ཀྱང་ཆོག་གོ །བཅུ་པ་སྐོང་བ་ནི། བསྐང་རྫས་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ་བཟང་དགུའི་འབྱོར་པ་མཛེས་དགུས་བརྒྱན་པ་ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབས་ཤིང་ཟད་མི་ཤེས་པར་སྤེལ་ལ། སྙན་པའི་རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས་པས། ཧཱུྃ་བྷྱོཿ བདེ་ཆེན་ཐིག་ལེ་གཅིག་གི་མདངས། །སྒྱུ་འཕྲུལ་རོལ་རྩེད་བསམ་མི་ཁྱབ། །ཆོས་དབྱིངས་རྒྱས་པར་བཀང་བ་འདིས། །ཞིང་སྐྱོང་མ་མོའི་ཐུགས་དམ་བསྐང༌། །ཁྲག་གི་མཆོད་ཡོན་དུག་གི་ཆུའི། །ཞབས་བསིལ་དབང་ལྔའི་མེ་ཏོག་བཀྲ། །ཚིལ་གསུར་སྤོས་སྤྲིན་ཞུན་ཆེན་མེ། །ཤ་རུས་ཟས་ཀྱིས་ཐུགས་དམ་བསྐང༌། །སྣོད་བཅུད་རི་གླིང་བཀོད་པ་མཚོ། །ལྷ་མིའི་དཔལ་འབྱོར་ས་གསུམ་གྱི། །ཡིད་འོང་འདོད་ཡོན་མཁོ་དགུའི་རྫས། །ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང༌། །གནག་པའི་སྤུ་སྡུག་དྲེལ་བོང་རྟ། །ཞོལ་ལྡན་འབྲི་དང་ཝ་སྤྱང་དྲེད། །བརྗིད་རྔམས་སྡེར་ཆགས་ཤ་ཟ་ཁྱི། །གཏུམ་ངར་མང་པོས་ཐུགས་དམ་བསྐང༌། །དུར་ཁྲོད་ས་གཞི་རོ་གཅལ་བཀྲམ། །ཀེང་རུས་བྱ་གཅན་ཟ་ཞིང་རྒྱུག །ཤ་ཟའི་བཤུག་གླུ་རྐང་གླིང་སྒྲ། །འཇིགས་ཤིང་སྐྱི་གཡས་ཐུགས་དམ་བསྐང༌། །མཆོད་རྟེན་སྒྲུབ་དང་དགྱེས་སྐོང་རྫས། །མི་ཟད་ཐུགས་ལ་བཞེད་དགུ་འཆར། །གསང་རྟེན་སྲོག་འཁོར་བླ་རྡོ་སོགས། །གཞུང་བཞིན་བསྒྲུབས་པས་ཐུགས་དམ་བསྐང༌། །ཁྱད་པར་དམ་ཚིག་སྲོག་ལྟར་བསྲུང༌། །སྣང་སྲིད་མ་མོ་མཁའ་འགྲོ་མའི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང༌། །འདུ་འབྲལ་མེད་པས་ཐུགས་དམ་བསྐང༌། །རྡོ་རྗེའི་རྩ་རླུང་ཐིག་ལེའི་བཅུད། །མཁའ་འགྲོའི་སྲོག་གི་དྭངས་མའི་དཔྱིད། །ཞུ་བདེ་མི་རྟོག་ཡེ་ཤེས་ཀྱི། །བདེ་ཆེན་དགྱེས་པས་ཐུགས་དམ་བསྐང༌། །ཆོས་ཀུན་སྐྱེ་མེད་དབྱིངས་ཀྱི་མཁར། །རྟེན་འབྱུང་འགག་མེད་ཤེས་རབ་ཀློང༌། །རྡོ་རྗེ་དབྱིངས་ཕྱུག་ཡུམ་ཆེན་མོ། །རང་ངོ་ཤེས་པས་ཐུགས་དམ་བསྐང༌། །རྣམ་འགྱུར་སྲིད་ཞི་ཀུན་ཁྱབ་ཀྱང༌། །ངོ་བོ་ཤེས་རབ་ཕར་ཕྱིན་ཡུམ། །དམིགས་བསམ་སྤྲོས་པ་ཉེར་ཞི་བའི། །ཡེ་ཤེས་མ་མོའི་ཐུགས་དམ་བསྐང༌། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །འདོད་ཁམས་དབང་ཕྱུག་རང་བྱུང་རྒྱལ། །ཞིང་སྐྱོང་མཁའ་འགྲོ་ལ་སོགས་པའི། །མིང་བརྒྱ་མཚན་སྟོང་ཐུགས་དམ་བསྐང༌། །ཞི་མཛད་བདུད་རྩི་སྨན་གྱི་རྒྱལ། །གནོད་སྦྱིན་མཛེས་ལྡན་འདོད་དགུ་སྩོལ། །སྲིད་ཞིའི་བརྟན་འཕྲོག་ཡིད་འོང་མ། །སྲོག་གི་གཤེད་མས་ཐུགས་དམ་བསྐང༌། །ཕྱི་ལྟར་དུར་ཁྲོད་མ་མོ་བརྒྱད། །ནང་དུ་འཕགས་ལམ་བརྒྱད་མཐར་སོན། །དེ་ཉིད་དཔལ་གྱི་ཡུམ་ཆེན་བརྒྱད། །སྒྱུ་འཕྲུལ་དྲྭ་བས་ཐུགས་དམ་བསྐང༌། །གསང་གསུམ་བདེ་ཆེན་དགྱེས་པ་ལས། །ནམ་ཡང་འཕེལ་འགྲིབ་མ་མཆིས་པས། །ཧེ་རུ་ཀ་དཔལ་དོན་གྱི་མ། །དགྱེས་བསྐང་འདོད་དགུའི་ཕྲིན་ལས་མཛོད། །ཅེས་བསྐང་ཞིང་གོང་དུ་མཆོད་གཏོར་ཕུལ་བའི་ཆོས་སྐྱོང་གཞན་གྱི་སྐོང་བ་བྱེད་དགོས་ནའང་འདིར་སྦྲེལ་ལོ། །བཅུ་གཅིག་པ་བཤགས་པ་བྱ་བ་ནི། ཧཱུྃ། དུར་ཁྲོད་སྐྱོང་བ་མ་མོའི་གཙོ། །འཁོར་དང་བཅས་པ་དགོངས་སུ་གསོལ། །བདག་ནི་མ་རིག་རྨོངས་དབང་གིས། །དམ་རྫས་མ་ཚང་མཆོད་གཏོར་འགྱངས། །སྒྲུབ་ལས་གཡེལ་ཞིང་ལེ་ལོས་ནོངས། །གསང་བ་སྤེལ་ཞིང་ཉམས་དང་འདྲེས། །དེ་སོགས་ཐུགས་དང་འགལ་བ་རྣམས། །དོ་ནུབ་གནོང་ཞིང་འགྱོད་པས་བཤགས། །ལྟ་བ་གོལ་ཞིང་སྒོམ་པ་གཡེལ། །སྤྱོད་པ་འཆོལ་བར་གྱུར་པ་སོགས། །མི་ཤེས་རྨོངས་པའི་དབང་གྱུར་ཏེ། །འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །ཐམས་ཅད་མཐོལ་ཞིང་བཤགས་པར་བགྱི། །བརྩེ་བའི་ཐུགས་ཀྱིས་ཚངས་པར་གསོལ། །ཞེས་དང༌། འཁོན་གཅུགས་སྦྱོང་བའི་དམིགས་པ་དང་བཅས་ཏེ་ཡི་གེ་བརྒྱ་པ་བཟླས་པས་བཤགས་པར་བྱའོ། །བཅུ་གཉིས་པ་ཕྲིན་ལས་བཅོལ་བ་ནི། བྷྱོ། དཀྱིལ་འཁོར་ཀུན་གྱི་སྲུང་མའི་གཙོ། །དམ་ཉམས་ལས་ཀྱི་ཤན་པ་མོ། །ཁྱོད་ལ་ཞུ་ཞིང་གསོལ་བ་ནི། །ཕུད་གཏོར་མཆོད་སྐོང་འདི་བཞེས་ལ། །སྔགས་འཆང་བདག་གི་དཀོར་བདག་མཛོད། །མི་ནོར་དགོན་གནས་འཁོར་ལོངས་སྤྱོད། །བཅོལ་ལོ་གཏད་དོ་ཁྱོད་ཀྱིས་སྲུངས། །ཉིན་གསུམ་བྱ་ར་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་མ་གཡེལ་ཞིག །དགྲ་བྱུང་སྐྱོབས་ལ་འགྱེལ་ན་སློངས། །མ་ཚོར་སྟོན་ལ་རྒྱབ་བརྟེན་མཛོད། །སངས་རྒྱས་བསྟན་པ་སྲུང་བ་དང༌། །བླ་མའི་སྐུ་དགྲ་འདུལ་བྱེད་ཅིང༌། །རྣལ་འབྱོར་སྡང་དགྲ་གསོད་པ་ཡི། །ཕྲིན་ལས་གཡེལ་བ་མེད་པར་སྒྲུབས། །སྤྲོ་ན་མངའ་གསོལ་ཡིད་བཞིན་འཕྲུལ་གྱི་ལྕགས་ཀྱུ་སྦྱར་བར་འདོད་ན། ཧཱུྃ་བྷྱོ། དུས་གསུམ་འགྱུར་མེད་རྣམ་ཀུན་མཆོག་ལྡན་ཞལ། །ལྷུན་གྲུབ་དགའ་བཞིའི་རོལ་མོར་འབར་བའི་གཟུགས། །ཞི་ཆགས་ཁྲོ་མོའི་གར་གྱི་རྣམ་རོལ་པ། །བསྟན་སྲུང་འབུམ་སྡེའི་རྗེ་མོར་མངའ་གསོལ་ལོ། །གནས་ཡུལ་དུར་ཁྲོད་རྒྱ་མཚོའི་ཞིང་སྐྱོང་གཙོ། །བརྟུལ་ཞུགས་གྲུབ་བརྙེས་ཡོངས་ཀྱི་མཛའ་ན་མོ། །དགའ་ཆེན་རྡོ་རྗེའི་ལམ་གྱི་ཕོ་ཉ་བ། །བདེ་སྟོང་ཌཱཀྐིའི་གཙོ་མོར་མངའ་གསོལ་ལོ། །འཕོ་འགྱུར་གཉིས་སྣང་རྟོག་པའི་དྲྭ་བ་ཀུན། །འཕོ་མེད་འོད་གསལ་དབྱིངས་སུ་བསྡམས་པ་ལས། །རྗེས་ཆགས་ཉམས་བརྒྱའི་གཟི་བྱིན་འཆང་བའི་དངོས། །ལྷན་སྐྱེས་རང་བྱུང་རྗེ་མོར་མངའ་གསོལ་ལོ། །དབྱིངས་ཕྱུག་སྔགས་ཀྱི་རྒྱལ་མོ་ཨེ་ཀ་ཙ། །ཐེག་མཆོག་བསྟན་པ་རྒྱ་མཚོའི་སྲུང་མ་རུ། །ལས་བྱེད་འཁོར་གྱི་མཁའ་འགྲོའི་སྐུར་བཞེངས་པ། །གསང་རྒྱུད་གཉེར་འཛིན་ཆེན་མོར་མངའ་གསོལ་ལོ། །ཀུན་ཁྱབ་རིག་སྟོང་རྡོ་རྗེའི་ཕྱག་རྒྱ་ཡིས། །ཁམས་གསུམ་ནམ་མཁའི་མཛོད་དུ་རྒྱས་བཏབ་པས། །དགྱེས་སྤྲིན་ལོངས་སྤྱོད་ཆེན་པོའི་མཛོད་བརྙེས་པ། །དཀོར་སྲུང་ཁྲོས་པའི་རྒྱལ་མོར་མངའ་གསོལ་ལོ། །སྲོག་རྩོལ་དབུ་མར་ཐིམ་པའི་བདེ་བ་མཆོག །རྡོ་རྗེ་ཆགས་པའི་གཟུགས་སྐུར་མངོན་བཞེངས་ཏེ། །ས་གསུམ་འཕྲུལ་གྱི་ལྕགས་ཀྱུས་འགུགས་མཛད་པ། །གནོད་སྦྱིན་མཛེས་ལྡན་ལྷ་མོར་མངའ་གསོལ་ལོ། །མདོར་ན་དུས་ཀུན་ལྷན་སྐྱེས་ཕོ་ཉ་མོ། །མཁའ་སྤྱོད་གྲུབ་པའི་ཞལ་སྐྱིན་ཁྱོད་མཆོད་ན། །མི་ཕྱེད་ཡེ་ཤེས་འཁོར་ལོར་རོ་གཅིག་པས། །གང་འདུལ་ཕྲིན་ལས་རྣམ་བཞིའི་འབྲས་སྨིན་མཛོད། །གསུམ་པ་རྗེས་ཀྱི་བྱ་བ་ལ་ལྔ་ལས། དང་པོ་གཏོར་མ་བཏང་བ་ནི། ཆོ་ག་ཉིན་ཞག་སྦྲེལ་མར་བྱེད་པའི་སྐབས་སུ་འབུལ་གཏོར་ཟུར་དུ་བཅས་པ་ཉིད་འབུལ་ཞིང༌། ཉིན་ཐ་མའི་ཚེ་འདས་གཏོར་མ་གཏོགས་པའི་གཏོར་མ་གཞན་རྣམས་ལ་དཔལ་འབར་བཙུགས། སྤོས་དང་རོལ་མོར་བཅས་པས་སྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏོང་བའི་སར་ཁྱེར་རཀྟ་བྲན་ལ་དམིགས་བྱ་འགུགས། བདུད་རྩི་བྲན་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབས་ཏེ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་ལ། བྷྱོཿ བྱང་ཤར་མུན་པ་ཅན་གྱི་གནས༔ ཀེང་རུས་ཐོད་པའི་གཞལ་ཡས་ནས༔ དཀོར་གྱི་བདག་མོ་རྫུ་འཕྲུལ་ཅན༔ དོ་ནུབ་སྐུལ་གྱིས་ལས་ལ་བཞེངས༔ ཁྱོད་ནི་ཁམས་གསུམ་དབང་ཕྱུག་སྲས༔ ལྟོ་ན་སྲིད་པ་གསུམ་པོ་འཆང༔ ལག་ན་འབར་བའི་མཚོན་ཆ་ཅན༔ ར་མདའ་སྦྲན་ནོ་མ་གཡེལ་ཅིག༔ སྤྱན་གསུམ་ཁྲག་གི་མཆི་མ་འབབ༔ ངུས་པའི་འོ་དོད་དགྲ་ལ་བོས༔ མི་ལྤགས་གཡང་གཞི་ནད་ཀྱི་ཚང༔ རྡོབས་ཤིག་ཡུལ་ཁམས་ཕུང་ལ་སྦྱོར༔ གནམ་ལྕགས་འབར་བའི་སེན་མོ་ཡིས༔ གློ་ནས་དོན་སྙིང་ད་ལོངས་ཤིག༔ སྤྲུལ་པའི་ཤྭ་ན་མཆེད་སྡེ་ལྔས༔ དགྲ་ཡི་རྟ་ཕྱུགས་མཐའ་ནས་སྡུས༔ ཁ་རླངས་བསྐལ་པའི་འཐོར་རླུང་གིས༔ སྣོད་བཅུད་དཔལ་ཀུན་རྩད་ནས་སྐོམ༔ གློག་ལྟར་འཁྲུགས་པའི་ལྗགས་གཡོ་བས༔ རྐན་སྒྲ་དང་བཅས་དགྲ་ཤ་ཟོ༔ ལས་ངན་བསྟན་བཤིག་དམ་ཉམས་འདིས༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ སངས་རྒྱས་བསྟན་པ་ཐབས་ཀྱིས་བཅོམ༔ རྣལ་འབྱོར་བདག་གི་སྒོས་དགྲ་དང༔ ནོར་གྱི་དཀོར་ལ་ཧབ་ཐོབ་བྱས༔ ཚེ་དཔལ་སྙན་གྲགས་ཆུ་ལ་བསྐུར༔ ཕན་པའི་ལན་དུ་གནོད་པ་བསྐྱལ༔ ད་ནི་མ་ཁྱོད་གཡེལ་སྲིད་ན༔ ཚེ་གཅིག་བསྟན་པ་དོན་རེ་ཆུང༔ གདུང་བའི་ལས་འདི་ཡལ་མ་དོར༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ བླ་རྐུན་ཤན་པ་ཟན་ལ་ཁྱེ༔ ཕོ་ཉ་སྡེ་བརྒྱད་ལས་ལ་ཆོས༔ སྣང་སྲིད་སྤྲུལ་པའི་དམག་གིས་ཁོངས༔ རྟགས་དང་ཆོ་འཕྲུལ་དངོས་སུ་སྟོན༔ བདག་ལ་སྡང་བའི་དགྲ་བྱུང་ན༔ ཕ་ཁུ་ཡིན་ཀྱང་སོད་ལ་ཤོག༔ དམ་ལས་ཉམས་པའི་ལས་བྱས་ན༔ སློབ་མ་ཡིན་ཀྱང་ཁུག་ལ་ཤོག༔ བསྐུལ་པའི་ལས་ལ་ངོ་མ་ལྡོག༔ བཅོལ་པའི་དོན་ལ་བང་མ་བུལ༔ ད་ལྟ་ཉིད་དུ་ལས་ལ་ཆོས༔ སོད་ཅིག་སྒྲོལ་ཅིག་མཱ་ར་ཡ༔ ཞེས་འདོད་པའི་ཕྲིན་ལས་གསོལ་ལོ། །གཉིས་པ་དྲག་པོའི་ཕྲིན་ལས་སྒྲུབ་པ་རྩ་བའི་གཏེར་གཞུང་ལས་ཤེས་པ་བྱའོ། །གང་ལྟར་སླར་ཡང་གཏང་རག་གི་མཆོད་པ་དང་བསྟོད་པ་བསྡུས་པར་བྱའོ། །གསུམ་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང༌། །སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ཅི་རིགས་བཟླ། བཞི་པ་རྗེས་བསྡུ་ནི། རྟེན་ཡོད་པའི་ཡེ་ཤེས་པ་རྣམས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་ཀྱིས་བརྟན་བཞུགས་བྱ། རྟེན་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་སོགས་ཀྱི་མཐར་བཛྲ་མུཿ དམ་ཚིག་པ་བདག་ལ་ཐིམ་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་བསྲུང༌། འཇིག་རྟེན་པའི་འཁོར་རྣམས་གཙྪ་གཙྪ་སྭ་བྷཱ་ཝཱ་ནཾ་ཞེས་པས་རང་གནས་སུ་བཏང་ནས་དགེ་བ་བསྔོ། ལྔ་པ་ཤིས་པ་བརྗོད་པ་ནི། རྒྱས་བསྡུས་ཅི་རིགས་བརྗོད་པས་དགེ་ལེགས་ཀྱིས་ཁྱབ་པར་བྱའོ། །བདེ་ཆེན་གཅིག་ལས་འདོད་དགུའི་ཕྲིན་ལས་ཀྱི། །བྱེད་པོ་གནས་ཡུལ་དུར་ཁྲོད་ཞིང་སྐྱོང་མའི། །ལས་བྱང་སྤྲོས་འདིས་གསང་ཆེན་བསྟན་སྲིད་ཀྱི། །ཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་པའང་སྔར་ཁྱབ་བདག་འཇམ་པའི་རྡོ་རྗེ་ཀུན་གཟིགས་བླ་མས་ཆོག་ཁྲིགས་སུ་བསྩལ་ཀྱང་དུས་འགྱུར་གྱིས་མ་ཕྱི་བརླགས་ནས་དབྱིངས་སུ་ཐིམ་པ། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་གྱིས་སྔོན་གྱི་ལས་སྨོན་སྟོབས་སུ་གྱུར་པ་ལས། གཏེར་གཞུང་གི་དཔེ་རྙེད་པར་འཇུག་བདེའི་ཁྲིགས་བསྡེབ་དགོས་ཚུལ། ལུང་རྟོགས་ཆོས་ཀྱི་གཏེར་མཛོད་ཞྭ་དེའུའི་འཁྲུལ་ཞིག་མཆོག་གི་སྤྲུལ་པའི་སྐུ་འགྱུར་མེད་མདོ་སྔགས་བསྟན་འཛིན་དང༌། འཇིགས་མེད་དཔོན་སློབ་ནས་དོན་གཉེར་ཆེན་པོའི་གསུང་བསྐུལ་བཞིན་རྙིང་སྔགས་རྒན་པོ་གར་དབང་འོད་གསལ་བདེ་ཆེན་གླིང་པས་ཉེ་བའི་ཚནྡྷོའི་མཆོད་རྟེན་དང་འདབས་འབྲེལ་བའི་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གསར་པའི་གཙུག་ལག་ཁང་དུ་བྲིས་པ་སརྦ་ཨརྠ་སིདྡྷི་ཧོ། མངྒ་ལཾ། དགེའོ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:12, 1 June 2024
Wylie title | bka' brgyad bde gshegs kun 'dus kyi yum bka' DA ki'i srog tig gi bka' srung zhing skyong ma mo'i phrin las rgyas par spros pa 'dod dgu'i glog zhags | |
---|---|---|
Location | dil mgo mkhyen brtse bka' 'bum Volume 22, Text 14, Pages 152-163 (Folios 1a to 12b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་, དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (mchog gyur gling pa, Khyentse, Dilgo) | |
Citation | Khyentse, Dilgo. Bka' brgyad bde gshegs kun 'dus kyi yum bka' DA ki'i srog tig gi bka' srung zhing skyong ma mo'i phrin las rgyas par spros pa 'dod dgu'i glog zhags. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 152-163. Delhi: Shechen Publications, 1994. | |
Genre | Activity Manual - las byang | |
Cycle | ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་ (yum bka' da ki'i srog tig) | |
Parent Cycle | བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ (bka' brgyad bde gshegs kun 'dus) | |
Deity | zhing skyong ma mo | |
Colophon |
།ཅེས་པའང་སྔར་ཁྱབ་བདག་འཇམ་པའི་རྡོ་རྗེ་ཀུན་གཟིགས་བླ་མས་ཆོག་ཁྲིགས་སུ་བསྩལ་ཀྱང་དུས་འགྱུར་གྱིས་མ་ཕྱི་བརླགས་ནས་དབྱིངས་སུ་ཐིམ་པ། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་གྱིས་སྔོན་གྱི་ལས་སྨོན་སྟོབས་སུ་གྱུར་པ་ལས། གཏེར་གཞུང་གི་དཔེ་རྙེད་པར་འཇུག་བདེའི་ཁྲིགས་བསྡེབ་དགོས་ཚུལ། ལུང་རྟོགས་ཆོས་ཀྱི་གཏེར་མཛོད་ཞྭ་དེའུའི་འཁྲུལ་ཞིག་མཆོག་གི་སྤྲུལ་པའི་སྐུ་འགྱུར་མེད་མདོ་སྔགས་བསྟན་འཛིན་དང༌། འཇིགས་མེད་དཔོན་སློབ་ནས་དོན་གཉེར་ཆེན་པོའི་གསུང་བསྐུལ་བཞིན་རྙིང་སྔགས་རྒན་པོ་གར་དབང་འོད་གསལ་བདེ་ཆེན་གླིང་པས་ཉེ་བའི་ཚནྡྷོའི་མཆོད་རྟེན་དང་འདབས་འབྲེལ་བའི་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གསར་པའི་གཙུག་ལག་ཁང་དུ་བྲིས་པ་སརྦ་ཨརྠ་སིདྡྷི་ཧོ། མངྒ་ལཾ། དགེའོ།། | |
/ces pa'ang sngar khyab bdag 'jam pa'i rdo rje kun gzigs bla mas chog khrigs su bstsal kyang dus 'gyur gyis ma phyi brlags nas dbyings su thim pa/_grub sras o rgyan stobs rgyal gyis sngon gyi las smon stobs su gyur pa las/_gter gzhung gi dpe rnyed par 'jug bde'i khrigs bsdeb dgos tshul/_lung rtogs chos kyi gter mdzod zhwa de'u'i 'khrul zhig mchog gi sprul pa'i sku 'gyur med mdo sngags bstan 'dzin dang*/_'jigs med dpon slob nas don gnyer chen po'i gsung bskul bzhin rnying sngags rgan po gar dbang 'od gsal bde chen gling pas nye ba'i tshan+d+ho'i mchod rten dang 'dabs 'brel ba'i zhe chen bstan gnyis dar rgyas gling gsar pa'i gtsug lag khang du bris pa sarba ar+tha sid+d+hi ho/__mang+ga laM/_dge'o// |