DKR-KABUM-20-WA-014: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ བཀའ་སྲུང་ཡེ་ཤེས་མགོན་པོ་ལྕམ་དྲལ་གྱི་སྒྲུབ་ཐབས་གནམ་ལྕགས་འབར་བ༔ | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: . Delhi: Shechen Publications, 1994. | |fulltitle=snyan brgyud snying gi gsang mdzod las: bka' srung ye shes mgon po lcam dral gyi sgrub thabs gnam lcags 'bar ba | ||
|citation=[[Khyentse, Dilgo]]. ''Snyan brgyud snying gi gsang mdzod las bka' srung ye shes mgon po lcam dral gyi sgrub thabs gnam lcags 'bar ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: 243-253. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=gnyags dz+nyA na ku mA ra | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | ||
|tibgenre=Sadhanas - Evocation Ritual - sgrub thabs | |tibgenre=Root Treasure - gter gzhung, Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|deity= | |deity=ma hA kA la seng ge'i gdong | ||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=020 | |volumenumber=020 | ||
|volnumtib=༢༠ | |volnumtib=༢༠ | ||
|volyigtib=ཝ་ | |volyigtib=ཝ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=014 | |||
|pagenumbers=243-253 | |||
|totalpages=22 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=11b2 | ||
|totalfolios=11 | |||
|multivolumework=No | |||
|rectonotes=gter gzhung | |||
|versonotes=gnyags lugs phur pa | |versonotes=gnyags lugs phur pa | ||
| | |colophontib=དེ་ལྟར་དམ་ཅན་བསྟན་པ་སྲུང་བའི་གཙོ་བོ་ཟབ་གནད་དུ་དྲིལ་བ་འདི་ནི་ནག་པོ་ཁྲོས་པའི་རྒྱུད་ཀྱི་དགོངས་པ་མན་ངག་དུ་བསྡེབས་པ་སྟེ་བི་མ་ལ་བདག་གིས་བྲིས་ཤིང་གཉགས་ཀྱི་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་དྲི་མེད་ཟླ་ཤར་རྩལ་ལ་གཏད་པ་དུས་ཀྱི་ཐ་མར་སྨོན་ལམ་དབང་གིས་སྣང་བར་ཤོག་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཐི༔ བརྡ་ཐིམ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་འཇིག་རྟེན་དབང་ཕྱུག་པད་དཀར་འཆང་བ་རིམ་བྱོན་གྱི་སྐུ་གསུང་ཐུགས་ཀྱིས་ལྷག་པར་གནས་པས་དག་པ་ཡེ་ཤེས་ཀྱི་སྐུ་དངོས་སུ་བཞུགས་པའི་ཤར་ཕྱོགས་སུ་ལྕགས་གླང་ལོར། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོའི་ཐུགས་དམ་རྟེན་གྱི་མགོན་པོའི་སྣང་བརྙན་ཡེ་ཤེས་ཀྱི་སྐུར་དངོས་སུ་གྱུར་ཏེ་བྱིན་གྱིས་བརླབས་པ་སོགས་དགེ་མཚན་དུ་མས་དངོས་གྲུབ་ཏུ་ཐོབ་པ་བཞིན་ལྕགས་ཡོས་ཁྲུམ་སྟོད་ཟླ་བའི་ནང་གཏན་ལ་འབེབས་པའི་དབུ་བརྩམ་པ་དང་ནམ་མཁའ་ནས་ཐོག་སེར་དྲག་པོ་བྱུང་བ་སོགས་གཉན་པའི་རྟགས་མཚན་དུ་མ་དང་བཅས་ལྷ་གཉན་གངས་ཀྱི་ར་བ་ཡུལ་སྐྱོང་རྨ་རྒྱལ་རྡོ་རྗེ་གཡུང་དྲུང་གཟི་འབར་རྩལ་གྱིས་སྲུང་བའི་ཤར་ཕྱོགས་གཙང་སྟོད་སྨན་གྱི་ནེའུ་གསེང་དུ་དཀར་པོའི་ཚེས་ཀྱིས་འཁྱུད་པའི་བཅུ་ཡི་དུས་ཆེན་ཉིན། ཁྲག་འཐུང་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས་རྫོགས་པར་ཕབ་པ་ཀསྨིརའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པ་འདིས་ཀྱང་བསྟན་འགྲོའི་དགེ་ལེགས་ཀྱི་དཔལ་ཡོན་འཕེལ་ཞིང་རྒྱས་པའི་རྒྱུ་མཆོག་གི་རྟེན་འབྱུང་དུ་གྱུར་ཅིག །སརྦ་ཤྲཱི་ཛ་ཡནྟུ། | ||
|colophonwylie=de ltar dam can bstan pa srung ba'i gtso bo zab gnad du dril ba 'di ni nag po khros pa'i rgyud kyi dgongs pa man ngag du bsdebs pa ste bi ma la bdag gis bris shing gnyags kyi lo tsA ba dz+nyA na ku mA ra dri med zla shar rtsal la gtad pa dus kyi tha mar smon lam dbang gis snang bar shog cig:_sa ma ya:_rgya rgya rgya:_\ithi:_brda thim:_ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga las sku yi gsung gi gnas mchog 'og min karma'i gan+d+ho la 'jig rten dbang phyug pad dkar 'chang ba rim byon gyi sku gsung thugs kyis lhag par gnas pas dag pa ye shes kyi sku dngos su bzhugs pa'i shar phyogs su lcags glang lor/_rgyal ba'i dbang po chos grags rgya mtsho'i thugs dam rten gyi mgon po'i snang brnyan ye shes kyi skur dngos su gyur te byin gyis brlabs pa sogs dge mtshan du mas dngos grub tu thob pa bzhin lcags yos khrum stod zla ba'i nang gtan la 'bebs pa'i dbu brtsam pa dang nam mkha' nas thog ser drag po byung ba sogs gnyan pa'i rtags mtshan du ma dang bcas lha gnyan gangs kyi ra ba yul skyong rma rgyal rdo rje g.yung drung gzi 'bar rtsal gyis srung ba'i shar phyogs gtsang stod sman gyi ne'u gseng du dkar po'i tshes kyis 'khyud pa'i bcu yi dus chen nyin/_khrag 'thung klong chen nam mkha' 'od gsal pad+ma mdo sngags gling pa ye shes rol pa rtsal gyis rdzogs par phab pa kasmira'i slob dpon bi ma la mi tras snyan brgyud du gdams pa 'dis kyang bstan 'gro'i dge legs kyi dpal yon 'phel zhing rgyas pa'i rgyu mchog gi rten 'byung du gyur cig__/sarba shrI dza yan+tu/ | |||
|pdflink=File:DKR-KABUM-20-WA-014.pdf | |pdflink=File:DKR-KABUM-20-WA-014.pdf | ||
}} | }} | ||
Line 36: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ བཀའ་སྲུང་ཡེ་ཤེས་མགོན་པོ་ལྕམ་དྲལ་གྱི་སྒྲུབ་ཐབས་གནམ་ལྕགས་འབར་བ་བཞུགས༔ གཉགས་ལོ་ཙཱ་བའི་ལུགས་སོ། | {{TibP|༁ྃ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ བཀའ་སྲུང་ཡེ་ཤེས་མགོན་པོ་ལྕམ་དྲལ་གྱི་སྒྲུབ་ཐབས་གནམ་ལྕགས་འབར་བ་བཞུགས༔<br> གཉགས་ལོ་ཙཱ་བའི་ལུགས་སོ།<br><br> | ||
༁ྃ༔ བརྡ་ཡིག ༔དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དེ་ཡང་རྡོ་རྗེ་ཕུར་པ་བི་ཏོ་ཏ་མ་ལས༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཞེས་གསུངས་པ་ལྟར་ཕུར་པ་སྒྲུབ་པའི་རྣལ་འབྱོར་པས་བཀའ་དང་གཏེར་སྲུང་མཆོད་གསོལ་ལ་བརྩོན་ན་ཕྲིན་ལས་མྱུར་མགྱོགས་ཆེ་བས་དེའི་ལས་རིམ་ནི༔ དུར་ཁྲོད་ལ་སོགས་པ་དྲག་པོའི་གནས་སུ་རོ་སོལ་གྱིས་སྟེགས་བུར་བྱུག་པ་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་ཨེ་ལ་ཕུར་པ་ལྕགས་སམ་དྲག་པོའི་ཤིང་ལས་བྱས་པ་བཙུགས༔ ཞིང་གི་པགས་པ་ལ་དུག་ཁྲག་གིས་འཁོར་ལོ་བྲིས་པའི་ལྟེ་བར་ཆོས་འབྱུང་གི་དབུས་སུ་ཧཱུྃ་དང་གཡོན་དུ་བྷྱོ༔ གོང་རས་ལ་ཀཱི་ལ་ཡའི་རྩ་སྔགས༔ དེའི་ཕྱིའི་རྩིབས་བཅུ་གཉིས་ལ་མ་མོ་བཅུ་གཉིས་ཀྱི་རྩ་སྔགས༔ རྩིབས་མཆན་ལ་གཞི་སྙིང་གཅིག་དྲིལ༔ མུ་ཁྱུད་དང་པོ་ལ་དྲག་སྔགས་སྤུ་གྲི༔ དེའི་ཕྱིའི་མུ་ཁྱུད་ལ་དབྱངས་གསལ༔ དེའི་ཕྱིའི་མུ་ཁྱུད་ལ་རྟེན་སྙིང་འདོད་གསོལ་ཅན༔ རྡོ་རྭ་མེ་རིས་ལེགས་པར་བསྐོར༔ ལྕགས་སྣ་ལྔའི་ཕྱེ་མ༔ ཁྱི་སྤྱང་འཕར་བ་ཝ་དྲེལ་གྲི་ཁྲག་རྣམས་ཀྱིས་བྱུགས༔ ལེགས་པར་ལྟེབ་ལ་ཚོན་སྐུད་ཀྱིས་བཅིངས་པ་ཕུར་བུའི་མགུལ་དུ་བཏགས༔ ཕ་ཝཾ་ལོང་བུ་དང་བྲག་ནག་བྱང་ཤར་གྱི་མཚོ་ལས་བླང་བའི་རྡོ་ནག་གྲུ་གསུམ་དར་གྱིས་བཏུམས་ཏེ་ཕུར་བུའི་མགུལ་དུ་བཏགས༔ བྲབ་བདུག་བྱུག་པས་གཟི་བྱིན་བསྐྱེད་ལ་འོག་ཏུ་ཨེ་བྲིས་པའམ་བརྐོས་ཏེ་ལིངྒ་སྲོག་ཡིག་དང་ལྡན་པའི་སྟེང་དུ་གཟིར༔ མཐར་མཆོད་པ་གཏོར་མ་སྨན་རཀ་གིས་བསྐོར་ལ༔ བདག་ཉིད་དཔལ་རྡོ་རྗེ་ཕུར་པའི་ང་རྒྱལ་ལ་གནས་པས་ཀཱི་ལ་ཡ་ཅུང་ཟད་བཟླ༔ མཆོད་པ་སྨན་རཀ་གཏོར་མ་བྱིན་གྱིས་བརླབ༔ རང་གི་མདུན་དུ་དུར་ཁྲོད་ཆེན་པོའི་ས་གཞི་དྲག་པོའི་བཀོད་པ་འཇིགས་ཤིང་རྔམ་པའི་རྒྱན་ཐམས་ཅད་ཀྱིས་སྤྲས་པའི་དབུས་སུ་གནམ་ལྕགས་ཀྱི་ཕོ་བྲང་ཟུར་གསུམ་པ་ཐོད་སྐམ་གྱི་ཁ་བད༔ གནམ་ལྕགས་ཀྱི་བྱ་འདབ༔ ཞིང་ཆེན་གྱི་ཐོག་ཕུབ༔ མ་ཧཱ་དེ་བའི་ཐོད་པས་བཀབ་པ་ཙིཏྟའི་ཏོག་དང༔ རོ་སྐྲའི་རྔ་ཡབ༔ ཞིང་ཕྲན་གྱི་འཕན་གདུགས༔ རྒྱུ་མའི་ལྡ་ལྡི༔ པགས་པའི་བླ་བྲེ༔ རུས་པའི་དྲྭ་ཕྱེད་སོགས་རྒྱན་དུ་མས་བརྒྱན་པའི་ལྟེ་བར་གནམ་ལྕགས་ཞུན་མའི་འཁོར་ལོ་རྩིབས་བཅུ་གཉིས་པ༔ ལྟེ་བར་གྲུ་གསུམ་མཐིང་ནག༔ ཟླ་གམ་དང་རྩིབས་མཆན་དམར་པོ་ཁྲག་མཚོ་རྦ་རླབས་འཁྲུགས་པའི་ཨེ་ཡི་ཀློང་དུ་པད་ཉི་དམ་སྲི་གདུག་འདྲེ་གན་རྐྱལ་དུ་བསྒྱེལ་བའི་སྙིང་གར་ཧཱུྃ་ཡིག་སྐར་ཆེན་ལྷུང་བ་ལྟར་བབ་པ་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྲིན་ལས་མི་བཟད་འབར་བ་ཆེན་པོའི་ཚུལ་ལས་བཞེངས་པས་སྐུ་མདོག་ལྗང་ནག་འོད་དུ་འཚེར་བ༔ འཇིགས་པའི་གདོང་པ་སེང་གེའི་ཞལ་ཅན་ཁ་གདངས་མཆེ་བ་གཙིགས་ཤིང་ལྗགས་འཁྱུགས་པས་རྐན་སྒྲ་སྒྲོག་པ༔ ཐོད་སྐམ་ལྔས་དབུ་ལ་བརྒྱན་ཅིང་གཡུ་རལ་གནམ་དུ་གཟེངས་པ་ལས་སྤྲུལ་པའི་སེང་ཆུང་སྤྲོ་བ༔ སྨ་ར་དང་སྨིན་མ་འབར་བའི་མེ་ལྕེ་ལས་ཚྭ་ཚྭ་དམར་ནག་ཏུ་མཆེད་པ༔ ཕྱག་གཡས་གནམ་ལྕགས་ཀྱི་ཟངས་གྲི་འཕྱར་བའི་རྩེ་ལས་སྐྱིན་ཐང་གི་བུ་ཡུག་འཚུབས་པ༔ གཡོན་པས་ཐོད་པ་ཁྲག་གིས་གང་བ་འཕྱུར་ཏེ་ཞལ་དུ་རྔུབ་པ༔ སྐུ་ལ་གསང་གོས་དཀར་པོ་ཕོད་ཆེན་ལྗང་གུ་དར་ནག་གི་བེར་དགུ་བརྩེགས་སུ་གསོལ་ཞིང༔ མགོ་ཕྲེང་སྦྲུལ་ཆུན་བེང་ཚར་རྣམས་ཀྱིས་བརྒྱན་པ༔ སྐུ་སྨད་ཆུ་སྲིན་གྱི་ཁ་ལས་ཐོན་པའི་གནམ་ལྕགས་ཕུར་བུའི་རྣོ་དབལ་ཉམས་པའི་སྙིང་དཀར་ནག་གི་མཚམས་སུ་གཟིར་ཞིང་བཞད་སྒྲ་འབྱིན་ཏེ་ཟུར་ཞལ་གཡོན་དུ་གཟིགས་པ༔ ཟླ་གམ་གསུམ་ལ་སྦྱོར་སྒྲོལ་གསང་བའི་ཡུམ་ཆེན་གཡས་སུ་ཟ་བྱེད་སེར་ནག༔ གཡོན་དུ་འཇིགས་བྱེད་དམར་ནག༔ རྒྱབ་ཏུ་རྔམ་བྱེད་སྔོ་ནག་གསུམ་ཀའང་མ་མོའི་ཆས་བརྒྱད་ཀྱིས་སྤྲས་ཤིང༔ སྐེམ་རིད་མི་སྡུག་སྲིན་མོའི་གཟུགས་ཅན༔ བོང་བུ་གྭ་དམར་སྦོ་དཀར་གཞུག་མིག་ཅན་ལ་ཞོན་པ༔ གཡས་གནམ་ལྕགས་ཀྱི་རལ་གྲི་གཡོན་ནལ་བུའི་ཐོད་པ་ཁྲག་གིས་བཀང་བ་ཁྱེར་ཏེ་རླུང་ནག་འཚུབས་མའི་ཀློང་ན་རྒྱུག་པ༔ བ་སྤུའི་བུ་ག་རེ་རེ་ནས་ཀྱང་སྣང་སྲིད་མ་མོའི་དམག་ཚོགས་འབུམ་ཕྲག་ཡངས་པ་སྤྲོ་བ༔ ཤར་སྟོད་དུ་ཤྭ་ན་མུ་ཁ་ལྕགས་ཀྱི་སྤྱང་མོ་ལ་ཞོན་པ༔ ཤར་སྨད་དུ་ཀྲྀ་ཏ་མུ་ཁ་ཟངས་ཀྱི་ཝ་མོ་ལ་ཞོན་པ༔ ཤར་ལྷོར་སྲི་ལ་མུ་ཁ་གསེར་གྱི་འཕར་བ་ལ་ཞོན་པ༔ ལྷོ་སྟོད་དུ་ཤྲི་ག་མུ་ཁ་གཡུ་ཡི་ཁྱི་མོ་ལ་ཞོན་པ༔ གཡས་ཐམས་ཅད་ཀྱིས་རལ་གྲི་འཕྱར་ཞིང་གཡོན་པས་ཕུར་བུ་འདྲིལ་བ༔ ལྷོ་སྨད་དུ་བདག་ཉིད་ཆེན་མོ་རེ་མ་ཏི༔ ལྷོ་ནུབ་ཏུ་རེ་མ་ཏྲི༔ ནུབ་སྟོད་དུ་རེ་མ་ཛཿ ནུབ་སྨད་དུ་རེ་མ་ཛུ༔ ཀུན་ཀྱང་མ་མོ་འཇིགས་པའི་གཟུགས་ཅན་བོང་བུ་གྭ་དམར་ལ་ཞོན་ནས་སྟོང་གསུམ་བསྐོར་བ༔ གཡས་ཁྲམ་ཤིང་དང་གཡོན་ནད་ཀྱི་རྐྱལ་པ་བརྡེགས་པ༔ ནུབ་བྱང་དུ་རྡོ་རྗེ་ཡ་བྱིན་ལྗང་ནག་སེང་གེ་ལ་ཞོན་པ༔ བྱང་སྟོད་དུ་རྡོ་རྗེ་དེ་བྱིན་དམར་ནག་གསེར་འབྲུག་ལ་ཞོན་པ༔ བྱང་སྨད་དུ་རྡོ་རྗེ་བསེ་བྱིན་སེར་ནག་གློག་ལ་ཞོན་པ༔ བྱང་ཤར་དུ་རྡོ་རྗེ་ཕག་བྱིན་སྔོ་ནག་ཆུ་སྲིན་ལ་ཞོན་པ་རྣམས་བུད་མེད་མི་སྡུག་པའི་གཟུགས་ཀྱིས་རྒྱུ་ཞིང་གཡས་ཞགས་པ་དང་གཡོན་ཕུར་བུ་འདྲིལ་བ༔ དེ་དག་གི་ཕྱོགས་མཚམས་སུ་ཁྲག་མཚོ་དམར་ནག་དུག་གི་རླངས་པ་འཕྱུར་བའི་ཀློང་དུ་བསེ་ལྕགས་དུང་གི་སྐྱེས་བུ༔ དཔའ་བོ་གིང་ཆེན་བཅུ་གཉིས༔ ས་བདག་འབྱུང་པོ་སེར་པོ་སོགས་རང་རང་གི་རྒྱན་དང་ཕྱག་མཚན་རྫོགས་པ༔ དེའི་ཕྱི་ཡི་མུ་ཁྱུད་ལ་ཤར་དུ་ལྷ༔ ལྷོ་རུ་གཤིན་རྗེ༔ ནུབ་ཏུ་མ་མོ༔ བྱང་དུ་བདུད༔ ཤར་ལྷོར་བཙན༔ ལྷོ་ནུབ་ཏུ་རྒྱལ་པོ༔ ནུབ་བྱང་དུ་གནོད་སྦྱིན༔ བྱང་ཤར་དུ་ཀླུ་ཡི་མགོན་པོ་རྣམས་རང་རང་གི་ཡུམ་དང་སྤྲུལ་པ་ལས་བྱེད་བྱེ་བས་བསྐོར་ཏེ་ཅི་བགྱིས་བཀའ་ནོད་པའི་ཚུལ་དུ་གནས་པ༔ ཕོ་བྲང་གི་ཕྱི་རོལ་ལ་དབང་ཕྱུག་ཉི་ཤུ་རྩ་བརྒྱད༔ དམ་ཅན་བརྟན་མ་བཅུ་གཉིས༔ གིང་ལང་མཁའ་འགྲོ་འབུམ་སྡེ་ལ་སོགས་པ་སྣང་སྲིད་དྲེགས་པའི་དམག་ཚོགས་གནམ་ས་བར་སྣང་གི་ཁྱོན་ཀུན་ཏུ་གང་ཞིང་དྲག་པོའི་ཕྲིན་ལས་ལ་རྔམས་ཏེ་རོལ་པས་བཞུགས་པར་གསལ་བའི་ཐུགས་རྒྱུད་བསྐུལ་བས་རང་རང་གི་གནས་ནས་སྐད་ཅིག་གིས་སྤྱན་དྲངས་པར་གྱུར༔ ཚིལ་ཆེན་བསྲེག་ལ་རྐང་གླིང་དང་ཐོད་རྔས་བསྐུལ༔ ཞིང་གི་ཧསྟས་གཡབ་ལ༔ ཧཱུྃ་བྷྱོ༔ འོག་མིན་དབྱིངས་ཀྱི་ཕོ་བྲང་ནས༔ རིག་པ་རང་སྣང་དཔལ་ཆེན་པོ༔ རྡོ་རྗེ་ཁྲོས་པ་བསྟན་སྲུང་ཚུལ༔ མ་ཧཱ་ཀཱ་ལ་གཤེགས་སུ་གསོལ༔ དེ་ཡི་ཡུམ་མཆོག་དཔལ་ལྷ་མོ༔ འདོད་པའི་ཁམས་ན་དབང་བསྒྱུར་བའི༔ མ་གཅིག་གཉན་གྱི་རེ་མ་ཏི༔ བྱང་ཤར་མཚོ་ནས་གཤེགས་སུ་གསོལ༔ ལྕམ་དྲལ་ཁྲོས་པའི་རང་མདངས་ལས༔ དཔལ་ཆེན་བཛྲ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ རང་སྣང་རོལ་པ་ཁྲག་འཐུང་ཞིང༔ འབར་བའི་དུར་ཁྲོད་ཆེན་པོའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ འཁོར་དང་བཅས་པ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་བྷྱོ༔ སྔོན་ཚེ་ཀུན་བཟང་ཧེ་རུ་ཀ༔ དཔལ་ཆེན་བཛྲ་ཀཱི་ལ་ཡ༔ སློབ་དཔོན་བི་མ་ལ་མི་ཏྲ༔ ཨོ་རྒྱན་པདྨ་ཡབ་ཡུམ་དང༔ གཉགས་ཀྱི་ལོ་ཙཱ་ཆེན་པོ་དང༔ ཀློང་ཆེན་ནམ་མཁའ་འོད་གསལ་སོགས༔ རིག་འཛིན་རྩ་བརྒྱུད་བླ་མ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ རྡོ་རྗེའི་ཡལ་གམ་ཐུབ་པར་གྱིས༔ ས་མ་ཡ་ཨི་དཾ་ཨ་མྲྀ་ཏོ་ད་ཀ་ཋ་ཧཱུྃ༔ ཧཱུྃ་བྷྱོ༔ དཔལ་ཆེན་རོལ་པ་ནག་པོ་ཆེ༔ ཡེ་ཤེས་དབྱིངས་སུ་ཧེ་རུ་ཀ༔ རང་སྣང་རང་ཤར་འཁོར་དང་བཅས༔ གཉིས་མེད་ངང་དུ་གུས་པས་འདུད༔ ན་མོ་ན་མ་མི༔ ཧཱུྃ་བྷྱོ༔ ཀུན་བཟང་ཡེ་ཤེས་སྒྱུ་མའི་གར༔ ཕྱི་ལྟར་ཉེར་སྤྱོད་རྣམ་པ་ལྔ༔ ནང་དུ་མི་སྡུག་དྲག་པོའི་གཟུགས༔ ལ་སོགས་འདོད་པའི་ཡོན་ཏན་དང༔ གསང་བ་དམ་རྫས་སྨན་གཏོར་རཀ༔ དེ་ཉིད་ཡེ་ཤེས་མཆོད་པ་སོགས༔ དངོས་དང་ཏིང་འཛིན་དག་པའི་འཕྲུལ༔ བསམ་མི་ཁྱབ་པའི་ཆོ་འཕྲུལ་གྱིས༔ མ་ཧཱ་ཀཱ་ལ་སེང་གེའི་གདོང༔ ཡུམ་གསུམ་དམ་ཅན་བཅུ་གཉིས་སོགས༔ བཀའ་སྡོད་འཁོར་དང་བཅས་ཀུན་མཆོད༔ དགྱེས་པར་རོལ་ལ་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཧཱུྃ་བྷྱོ༔ ཡེ་ཤེས་དབྱིངས་སུ་ཆོས་ཉིད་རྟོག་བྲལ་ཡང༔ ཆོས་ཅན་རོལ་པ་མི་སྡུག་སྲིན་པོའི་གཟུགས༔ རྒྱལ་བའི་བསྟན་སྲུང་ཕྲིན་ལས་མགོན་པོ་ཆེའི༔ དྲག་ཤུལ་རོལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྗང་ནག་འབར་བའི་སྐུ་མདོག་རྔམ་ལ་འཚེར༔ འཇིགས་པའི་སེང་ཞལ་ནམ་མཁའི་མཐོངས་སུ་གདངས༔ ཞེ་སྡང་རྩད་གཅོད་མཆེ་གཙིགས་རྐན་སྒྲ་རྡེབ༔ ང་རོ་འབྲུག་ལྟར་སྒྲོགས་པའི་གསུང་ལ་བསྟོད༔ ཉམས་པ་གནད་ནས་གཅོད་པའི་གྲི་གུག་གདེངས༔ འཁོར་བ་ལྗགས་བརྡར་ཐོད་ཁྲག་རྔམས་ཤིང་འཐུང༔ འབར་བ་ཆེན་པོའི་རལ་པ་ནམ་མཁར་གཟེངས༔ རིགས་ལྔའི་ཐོད་སྐམ་བཅིངས་ཤིང་བརྒྱན་ལ་བསྟོད༔ སྐྱོན་བྲལ་ཡོན་ཏན་རྫོགས་པས་གསང་གོས་དཀར༔ དྲག་པོའི་ལས་མཛད་མདུང་མ་ལྗང་ནག་དང༔ བདུད་བགེགས་ཡིད་ལ་བརྣག་པས་བེར་ནག་གསོལ༔ འཇིགས་རུང་ཆས་ཀྱིས་ཀུན་ནས་བརྒྱན་ལ་བསྟོད༔ སྐུ་སྨད་རྣམ་ཐར་སྒོ་གསུམ་ཕུར་བུའི་དབལ༔ བདུད་བཞི་རྩད་ནས་གཅོད་ཕྱིར་དགྲ་བགེགས་ཀྱི༔ སྙིང་ལ་གཟིར་ནས་དགྱེས་པའི་གད་རྒྱངས་སྒྲོགས༔ གར་དགུས་ས་གསུམ་གནོན་མཛད་མཆོག་ལ་བསྟོད༔ སྐུ་ལས་གནམ་ལྕགས་ཕུར་བུའི་ཚྭ་ཚྭ་འཕྲོ༔ འདོད་ཆགས་རྩད་གཅོད་ཟུར་ཞལ་ཡུམ་ལ་གཟིགས༔ བསྐལ་པའི་མུན་ཆེན་འཁྲིགས་པའི་དུག་སྤྲིན་དང༔ ཡེ་ཤེས་མེ་ལྕེའི་དབུས་སུ་འགྱིང་ལ་བསྟོད༔ གསང་བའི་དགྱེས་སྡེ་མ་གཅིག་གཉན་གྱི་ལྷ༔ ཟ་བྱེད་རྔམ་བྱེད་འཇིགས་བྱེད་མི་བསྲུན་པ༔ སྣང་སྲིད་མ་མོ་ཡོངས་ལ་མངའ་དབང་བསྒྱུར༔ ནད་རིམས་ཡམས་ཀྱི་བདག་མོ་ཆེན་པོར་བསྟོད༔ དཔལ་གྱི་བཀའ་ཉན་མི་བསྲུན་མ་མོའི་གཙོ༔ སྣང་སྲིད་དབང་བསྒྱུར་ཕྲིན་ལས་ཐོགས་མེད་བདག༔ སྒྲུབ་མཆོག་རྗེས་སྐྱོང་ཉམས་པ་རྩད་ནས་གཅོད༔ དམ་ཅན་མ་མོ་བཅུ་གཉིས་སྟོན་ལ་བསྟོད༔ ཕྲ་མེན་ཆེན་མོ་ཤྭ་ན་མ་བཞི་དང༔ བདག་ཉིད་ཆེན་མོ་རེ་ཏི་མཆེད་སྡེ་བཞི༔ གཟའ་བཙན་ས་བདག་ཀླུ་ཡི་བུ་མོ་བཞི༔ ལྕམ་དྲལ་མིང་སྲིང་འཁོར་དང་བཅས་ལ་བསྟོད༔ ཁྱེད་རྣམས་དོན་གྱི་ཡེ་ཤེས་དབྱེར་མེད་ཀྱང༔ རྣམ་པ་སྒྲུབ་མཆོག་རྗེས་སུ་སྐྱོང་བ་དང༔ གདུག་ཅན་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ ཕྲིན་ལས་ཐོགས་པ་མེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ དཔལ་ལྡན་མགོན་པོ་ཤ་ཟ་སེང་གེའི་གདོང༔ ལས་རྣམས་ཐོགས་མེད་དྲག་པོ་ཕུར་བུའི་མཇུག༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་ཕུར་སྲུང་ཚོགས༔ ཁྲག་འཐུང་དམ་ཅན་རྒྱ་མཚོ་དབྱིངས་ནས་བཞེངས༔ དྲག་པོའི་གཞལ་ཡས་ཨེ་ཡི་ཕོ་བྲང་ནས༔ མི་བསྲུན་བསྒྲལ་བའི་ཁྲག་གི་རྒྱ་མཚོ་འཁྱིལ༔ སྲིད་རྩ་རྩད་གཅོད་གནམ་ལྕགས་འཁོར་ལོ་འབར༔ པད་ཉི་དགྲ་བགེགས་བསྣོལ་བའི་གདན་ཁྲི་བརྩེགས༔ བདུད་དང་ཕྱོགས་སྐྱོང་མགོ་བོའི་རྩིག་པ་རྔམས༔ ཞིང་གི་བླ་བྲེ་ཞིང་ཆེན་ཐོག་ཕུབ་བརྗིད༔ རྒྱུ་སྐར་དྲྭ་ཕྱེད་རྒྱུ་མའི་ལྡ་ལྡི་འཕྱང༔ མགོ་ལག་དབང་པོའི་རྒྱན་ཕྲེང་ཚར་དུ་བསྟར༔ བསྐལ་པའི་མེ་རླུང་ཁོར་ཡུག་ཀུན་ཏུ་འཁྱིལ༔ ཤ་ཟ་གཅན་གཟན་དུར་བྱའི་བུ་ཡུག་འཚུབས༔ ཕྱོགས་མཚམས་དབང་པོའི་མེ་ཏོག་རྐང་གི་གླིང༔ ཚིལ་གསུར་དུད་སྤྲིན་ཞུན་མེའི་སྣང་གསལ་མཛེས༔ ཤ་རི་ཁྲག་གི་ཞལ་སྐྱེམས་དུག་ཆུའི་རྫིང༔ གླང་ཞིང་ལྤགས་པ་རུས་པའི་རྒྱན་དྲུག་དང༔ འབར་བ་དཔལ་གྱི་ཆས་བཅུ་ལ་སོགས་པ༔ ཧེ་རུ་ཀ་དཔལ་རོལ་པའི་དམ་ཚིག་རྫས༔ ནམ་མཁའ་ས་གཞི་བར་སྣང་ཁྱབ་པ་འདིས༔ ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་རྒྱ་མཚོ་འཁྱིལ༔ དམར་ཆེན་རཀྟའི་རྦ་ཀློང་མཁའ་ལ་འཁྲུགས༔ འདོད་འབྱུང་གཏོར་མ་ལྷུན་པོ་ལྟར་བརྩེགས་པའི༔ བདེ་ཆེན་དམ་ཚིག་རྫས་ཀྱིས་ཐུགས་དམ་བསྐང༔ བདེ་ཆེན་དགྱེས་མར་སྦྱོར་བས་དགའ་བཞི་འདྲེན༔ ཐབས་མཆོག་སྙིང་རྗེས་གདུག་པ་ཤུགས་ཀྱིས་སྒྲོལ༔ གཉིས་འཛིན་རུ་ཏྲ་འཇོམས་བྱེད་སྦྱོར་སྒྲོལ་གྱི༔ གསང་བ་བླ་མེད་ལམ་གྱིས་ཐུགས་དམ་བསྐང༔ དོན་དམ་ཆོས་ཉིད་དབྱིངས་སུ་རོ་གཅིག་ཀྱང༔ རྣམ་པ་སྒྱུ་འཕྲུལ་བཀོད་པའི་ས་མ་ཡ༔ རྟེན་མཆོག་སྐུ་གཟུགས་བླ་རྡོ་འཁོར་ལོ་སོགས༔ གསང་བ་གཏའ་རུ་བཙུགས་པས་ཐུགས་དམ་བསྐང༔ གདོད་ནས་མི་འགྱུར་རང་རིག་རོལ་པའི་རྩལ༔ འགྱུར་མེད་བསྟན་པ་སྲུང་བའི་ཐ་ཚིག་ཅན༔ གཉིས་མེད་མཆོག་གི་ཐུགས་དམ་དགྱེས་བསྐངས་ནས༔ ཡིད་བཞིན་འདོད་པའི་དོན་ཀུན་འགྲུབ་མཛད་གསོལ༔ ཅེས་དང་ཡི་གེ་བརྒྱ་པ་བཟླ༔ ཧཱུྃ་བྷྱོ༔ བཀའ་ཡི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེ༔ སངས་རྒྱས་ཀུན་གྱི་དམ་ཚིག་དུས་འདིར་དགོངས༔ རྡོ་རྗེ་ཐེག་པ་སྙིང་པོའི་དཀྱིལ་འཁོར་འདིའི༔ མིང་ཙམ་འཛིན་ཀྱང་སྲུང་སྐྱོབ་ལས་སྒྲུབ་པའི༔ ཞལ་བཞེས་དཔལ་ཆེན་སྤྱན་སྔར་བྲོ་བོར་ལྟར༔ སྙིང་ནས་བསྐུལ་བའི་ལས་ལ་མ་གཡེལ་ཅིག༔ ཡང་དག་བསྟན་པའི་སྙིང་པོ་རིན་ཆེན་འདི༔ ཕྱོགས་དུས་གནས་སྐབས་ཀུན་ཏུ་འཕེལ་རྒྱས་ཤིང༔ དེ་འཛིན་སྐྱེས་བུ་བར་ཆད་ལས་རྒྱལ་ནས༔ སྐུ་ཚེ་ཕྲིན་ལས་མཐའ་རྒྱས་བརྟན་པར་མཛོད༔ མ་ལུས་འགྲོ་ཀུན་བདེ་སྐྱིད་དཔལ་གྱིས་འབྱོར༔ དཀོན་མཆོག་གསུམ་གྱི་བསྟན་ལ་ཚུལ་བཞིན་གུས༔ མཐར་ཐུག་བྱང་ཆུབ་སྙིང་པོ་མ་ལྡན་བར༔ ཚེ་དཔལ་མཐོ་རིས་ཡོན་ཏན་རྒྱས་པར་མཛོད༔ བསྟན་ལ་འཚེ་དང་ཡོངས་ལ་གནོད་བྱེད་རིགས༔ ཕྲིན་ལས་དྲག་པོའི་རྣོ་མྱུར་དུས་སུ་སྟོན༔ ཕྱོགས་ལས་རྣམ་རྒྱལ་སྙན་པའི་རུ་མཚོན་ཕྱོར༔ མི་མཐུན་བདུད་བཞིའི་བར་ཆད་དབྱིངས་སུ་སྒྲོལ༔ བདག་ཅག་དཔོན་སློབ་བསམ་དོན་ཆོས་བཞིན་འགྲུབ༔ དངོས་གྲུབ་རྒྱ་མཚོ་དཀའ་བ་མེད་པར་ཐོབ༔ བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་ཡིས༔ ཧེ་རུ་ཀ་དཔལ་གོ་འཕང་མྱུར་ཐོབ་མཛོད༔ དམིགས་སུ་བསལ་བའི་ལས་བསྐུལ་ན༔ དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས༔ དགྲ་བགེགས་འགུགས་བསྟིམ་དྲག་ཏུ་བྱ༔ ཞིང་གིས་གཡབ་ཅིང་གདུང་བས་བསྐུལ༔ ཧཱུྃ་བྷྱོ༔ བྱང་ཤར་རལ་གྲིའི་གུར་ཁང་ནས༔ མཚོན་ཆའི་བུ་ཡུག་ཚུབས་སེ་ཚུབ༔ རྡོ་རྗེའི་ཐོག་མདའ་ཤ་ར་ར༔ བསྐལ་པའི་རླུང་ནག་འུ་རུ་རུ༔ འབར་བའི་མེ་ལྕེ་ལྷབས་སེ་ལྷབ༔ དུག་གི་རྒྱ་མཚོ་མེ་རེ་རེ༔ ཕྱོགས་མཚམས་ཀུན་ཏུ་འཁྲིགས་པ་ནས༔ ལྷ་རྣམས་ཀུན་གྱི་དམག་དཔོན་ནི༔ སྲས་མཆོག་མགོན་པོ་ནག་པོ་བཞེངས༔ ཁྱོད་ཀྱི་སྐུ་ཡི་གཡས་གཡོན་མདུན༔ དགྱེས་པའི་མ་མོ་མཆེད་སྡེ་གསུམ༔ ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས༔ དེ་རིང་ཉམས་པའི་དགྲ་ལ་བཞེངས༔ ཁོར་ཡུག་འཁོར་ལོའི་རྩིབས་སྟེང་ནས༔ སྒྲུབ་པའི་གནས་སུ་སྔོན་གྱི་ཚེ༔ འཇིགས་གཟུགས་བསྟན་པའི་མ་མོ་ནི༔ དམ་ཅན་དབང་མོ་བཅུ་གཉིས་བཞེངས༔ དཀྱིལ་འཁོར་ཆེན་པོའི་མུ་རན་ནས༔ མ་ཚོགས་དབང་ཕྱུག་ཉེར་བརྒྱད་དང༔ བོད་སྐྱོང་བརྟན་མ་སྐྱོང་མའི་ཚོགས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་བཞེངས༔ སྟོང་གསུམ་འཇིག་རྟེན་ཕྱོགས་མཚམས་ནས༔ མི་བསྲུན་ལས་ལ་དབང་བསྒྱུར་ཞིང༔ འཇིགས་བྱེད་དྲེགས་པའི་དམག་དཔོན་ཆེ༔ མཐུ་ཆེན་སྡེ་བརྒྱད་ལས་ལ་བཞེངས༔ སྔོན་ཚེ་དཔལ་གྱི་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་ཐ་ཚིག་བཞིན༔ རྡོ་རྗེའི་དམ་ལས་མ་འདའ་བར༔ སངས་རྒྱས་བསྟན་པའི་དགྲ་ལ་ཆོས༔ དམ་ཉམས་དགྲ་བོ་ལས་ངན་འདིས༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ལུང་དང་རྟོགས་པའི་ཆོས་ལ་འཚེ༔ སྡེ་གཉིས་འདུ་བའི་སྒོ་འཕྲོག་ཅིང༔ སེམས་ཅན་ཡོངས་ལ་གནོད་ཅིང་འཚེ༔ རྟག་ཏུ་མི་དགེ་བཅུ་ལ་སྤྱོད༔ སྣོད་བཅུད་མངའ་ཐང་ཐབས་ཀྱིས་བཅོམ༔ རྣལ་འབྱོར་ཉེས་མེད་རྣམས་ལ་སྡང༔ བསྒྲལ་བའི་ཞིང་བཅུ་ཡོངས་སུ་ཚང༔ ཉམས་པ་བདུན་གྱི་ལས་ངན་འདི༔ མངོན་སྤྱོད་ཕྲིན་ལས་ཡུལ་གྱུར་པས༔ ཁྱེད་རྣམས་མཐུ་དང་རྩལ་ཕྱུངས་ལ༔ ལས་ལ་རྔམས་པའི་ཚུལ་གྱིས་བཞེངས༔ སྤྲུལ་པའི་ཕོ་ཉ་མི་བཟད་པས༔ དེ་རིང་དམག་གི་གོ་ཤོམས་ཤིག༔ ལས་མཁན་ཤན་པ་གདུག་པའི་ཚོགས༔ དེ་རིང་མཚོན་ཆའི་སོ་ཕྱུངས་ཤིག༔ བླ་འགུགས་ལས་བྱེད་མ་ལུས་པས༔ དེ་རིང་དགྲ་ཡུལ་གཟན་ཚོལ་ཅིག༔ བྱད་མ་གདུག་པའི་ཕྲ་མེན་གྱིས༔ དེ་རིང་མཚོན་གྱི་གྲུ་གུ་སྒྲིལ༔ མ་མོ་མི་སྡུག་ལས་བྱེད་མས༔ དེ་རིང་ནད་ཀྱི་རྐྱལ་པ་ཕྱེས༔ བདུད་གཤིན་ཚེ་སྡང་དམག་ཚོགས་ཀྱིས༔ དེ་རིང་དགྲ་བོ་ཁྲམ་ལ་ཐོབ༔ ཐེའུ་རང་མོན་པ་སྟོང་སྡེ་ཡིས༔ དེ་རིང་དགྲ་ལ་ཤྭ་རྡེལ་སྒྲིལ༔ རྒྱལ་བཙན་འབྱུང་པོ་མ་རུངས་པས༔ དེ་རིང་དམག་གི་ལམ་སྣ་དྲོངས༔ གཟའ་བདུད་རྒྱལ་པོ་རཱ་ཧུ་ལས༔ སྟེང་ནས་རྒྱུ་སྐར་རོལ་དུ་ཁྲིད༔ ཀླུ་བདུད་གདུག་པ་མི་ཟན་པས༔ ས་འོག་མུན་པའི་དམག་སྣ་ཁྲིད༔ ཕྱོགས་སྐྱོང་སྡེ་བརྒྱད་ཐམས་ཅད་ཀྱིས༔ ཕྱོགས་མཚམས་ཀུན་ནས་དམག་ལ་འུར༔ ཐམས་ཅད་འབར་བའི་རུ་མཚོན་ཕྱོར༔ ཀི་བསྭོ་ཆ་སྒྲ་དི་རི་རི༔ སྡེ་དང་བཅས་པ་ཐམས་ཅད་ཀུན༔ ད་ནི་ཞེ་སྡང་སྐུ་ཤུགས་ཕྱུངས༔ དགྲ་བོའི་ཁོག་པ་ཁ་ཕྱེས་ལ༔ ཙིཏྟ་དམར་པོ་ཁྱེར་ལ་ཤོག༔ སྲོག་གི་རྩ་ནས་རླུང་ཞུགས་ལ༔ སྙིང་རླུང་དྲག་པོ་སློངས་ལ་ཤོག༔ ཚེ་དང་བསོད་ནམས་འཕྲོག་ལ་ཤོག༔ དབང་ཐང་རླུང་རྟ་ཉམས་ལ་ཤོག༔ རིགས་རྒྱུད་དཔལ་འབྱོར་ཉམས་སུ་ཆུག༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ བླ་རྟགས་མངོན་སུམ་སྟོན་ལ་ཤོག༔ ཁ་ཕུང་རྗེས་མེད་བརླགས་ནས་ཀྱང༔ འདོད་པའི་ལས་ཀུན་ད་སྒྲུབས་ཤིག༔ ཅེས་བརྗོད་ཐུན་གཏོར་དགྲ་ལ་འཕང༔ དུལ་མོ་བརྡབ་ཅིང་གཡབ་མོ་བྱ༔ བསྟན་པ་སྲུང་བའི་ལྕགས་རི་རུ༔ རྣོ་མྱུར་སྲུང་མའི་ཕྲིན་ལས་ཟབ༔ ས་མ་ཡ༔ བརྡ་ཡིག ༔ དེ་ནས་སྲུང་མ་བསྟེན་པ་ལ་གནད་ཤེས་པ་གཅེས་པས༔ ཐོག་མར་གཅེས་པ་འདི་ཡི་དབང་ཐོབ་པ་དགོས༔ གདམས་ངག་ལག་ལེན་དང་བཅས་པ་དགོས༔ དད་བརྩོན་ཤེས་རབ་ཀྱིས་གནད་རྟོགས་ཤིང་གོམས་པ་དགོས༔ ཡི་དམ་ལྷའི་བསྐྱེད་རིམ་གྱད་དུ་གྱུར་པའམ་བཟླས་གྲངས་ཚད་ལ་འཁྱོལ་བ་དགོས༔ དམ་ཅན་བསྟེན་པ་ལ་བླ་རྡོ་སྲོག་གི་རྟེན་རྣམས་ཚོགས་པ་དགོས༔ དམ་ཅན་འགོ་བ་ལ་དམ་ཚིག་གི་རིམ་པ་ཤིན་ཏུ་དག་པ་དགོས༔ དམ་ཅན་དགྱེས་པ་ལ་མཆོད་པ་དང་གཏོར་མ་བསྐང་རྫས་དགོས༔ དམ་ཅན་གནད་དུ་གཅུན་པ་ལ་སྲོག་གི་སྔགས་བཟླ་དགོས༔ ལས་ལ་བསྐུལ་བ་ལ་མཆོད་བསྟོད་དང་གསོལ་གདབ་དགོས༔ དམ་ཅན་འགྲུབ་པ་ལ་སྲུང་མ་རང་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པ་དགོས༔ ས་མ་ཡ༔ དེ་ནས་སྲུང་མའི་སྲོག་དབང་ནི་ཤིན་ཏུ་གཉན་པས་ཀུན་ལ་མི་སྤེལ༔ སྣོད་དང་ལྡན་པ་གཅིག་པུ་ཙམ་ལ་བསྐུར་ན༔ དུར་ཁྲོད་ལ་སོགས་པའི་གནས་སུ་མཚན་མོའི་ཆར་དཀྱིལ་འཁོར་བཤམས༔ ཡི་དམ་དང་སྲུང་མའི་ལས་གཞུང་བསྲང༔ མཆོད་བསྟོད་བསྐང་བ་རྒྱས་པར་བྱས་ལ༔ ཁྲུས་བྱ༔ བགེགས་ཀྱང་བསྐྲད༔ སྲུང་འཁོར་བསྒོམ༔ ལོ་རྒྱུས་རྒྱས་པར་བརྗོད་དེ༔ མཎྜལ་ཕུལ༔ ཧེ་རུ་ཀ་དཔལ་བླ་མ་རྗེ༔ གཉིས་མེད་དགྱེས་པས་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བརྩེ་བས་རྗེས་སུ་བཟུང་དུ་གསོལ༔ ཡན་ལག་བདུན་པས་བསགས་སྦྱང་བྱ༔ སྡོམ་པ་གསུམ་ཡང་དག་པར་བཟུང༔ སློབ་མ་སྲས་སུ་བྱས་ཏེ་དཔལ་ཆེན་པོར་བསྐྱེད༔ གནས་གསུམ་བྱིན་གྱིས་བརླབས༔ ཡེ་ཤེས་པ་ཡང་ཡང་བསྟིམ་བརྟན་པར་བྱ༔ དེ་ནས་ཐོག་མར་བུམ་པས་དབང་བསྐུར་ལ༔ ཧཱུྃ༔ སྣང་བ་རྣམ་དག་བུམ་པ་རུ༔ སྟོང་ཉིད་ཡེ་ཤེས་བདུད་རྩིའི་བཅུད༔ རོལ་པ་ཆེན་པོའི་དབང་བསྐུར་བས༔ ཕུང་ཁམས་ལྷ་རུ་འཆར་བར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐུ་རྣམས་གཏད་ལ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་ཨེ་ཀློང་ལས༔ འབར་བའི་སྐུ་ནི་རྔམ་ཞིང་བརྗིད༔ ནག་པོ་ཆེན་པོས་དབང་བསྐུར་བས༔ ཕོ་རྒྱུད་ལས་ལ་འགྱེད་ནུས་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཟླ་གམ་ལེ་བརྒན་འབར་བ་ནས༔ སྦྱོར་སྒྲོལ་གསང་བའི་ཡུམ་ཆེན་གསུམ༔ མ་མོའི་རྒྱལ་པོས་དབང་བསྐུར་བས༔ མོ་རྒྱུད་སྦྱོར་བས་དབང་བྱེད་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མཐིང་ནག་འཁོར་ལོའི་རྩིབས་སྟེང་ནས༔ དམ་ཅན་མ་མོ་བཅུ་གཉིས་ཞེས༔ ཕུར་པའི་སྲུང་མས་དབང་བསྐུར་བས༔ དམ་ཅན་བྲན་དུ་ཁོལ་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཁོར་ཡུག་དཀྱིལ་འཁོར་མུ་རན་ནས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཅེས༔ མ་སྲིང་མཁའ་འགྲོས་དབང་བསྐུར་བས༔ རྣལ་འབྱོར་བུ་བཞིན་སྐྱོང་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཟླས་པ་སྔགས་ཀྱི་ལུང་རྣམས་སྦྱིན༔ སྲོག་ནས་འདྲེན་ཚུལ་ཞལ་ལས་ཤེས༔ ཐུགས་རྟེན་རྣམས་གཏད་དེ༔ ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ རྡོ་རྗེའི་གྲི་གུག་གཟུང་འཛིན་གཅོད༔ ཐོད་ཁྲག་འཁོར་བ་ཆགས་པས་འཛིན༔ བརྡ་དོན་རྟགས་ཀྱིས་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་རལ་གྲིས་སྐྱེ་རྒྱུན་གཅོད༔ ཐོད་ཁྲག་བདུད་རྩིས་འཆི་བདག་འཇོམས༔ སྲིད་པ་རང་གྲོལ་ཕྱག་རྒྱ་ཡིས༔ དབང་བསྐུར་དོན་གྱི་ས་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འབར་བ་མི་བཟད་རྔམས་པའི་མཐུ༔ ཕྲིན་ལས་མཚོན་རྣོན་ཀཱི་ལ་ཡ༔ རྣམ་པ་བཅུ་གཉིས་དབང་བསྐུར་བས༔ བདེན་དོན་དྷཱུ་ཏིར་དག་གྱུར་ཅིག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དམར་ཆེན་རཀྟ་འཁྲུགས་པ་ནི༔ ཟུར་གསུམ་རྣམ་པར་ཐར་པར་རྫོགས༔ ཐུགས་རྗེ་ཆགས་པས་དབང་བསྐུར་བས༔ དེ་ཉིད་ཡེ་ཤེས་དོན་རྟོགས་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་གྱི་ཆས་རྣམས་གཏད་ལ༔ ཧཱུྃ༔ མཐིང་ནག་དར་ཆེན་རིན་ཆེན་རྒྱན༔ མགོ་ཕྲེང་སྦྲུལ་ཆུན་དཔལ་གྱི་ཆས༔ ཡོན་ཏན་རྒྱན་གྱིས་མངའ་གསོལ་བས༔ ཟག་མེད་འབྲས་བུའི་དོན་རྟོགས་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཨོཾ༔ མཚོན་ཆ་གཏད་དེ༔ ཧཱུྃ༔ གདུག་པ་བསྒྲལ་བའི་མཚོན་ཆ་ནི༔ དྲག་ཤུལ་རོལ་པ་ལས་ཀྱི་གཟུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དགྲ་བགེགས་བདུད་རྣམས་འཇོམས་པར་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཨ༔ གཏོར་མས་ལས་ཀྱི་བཀའ་བསྒོ་བ་ནི༔ ཧཱུྃ༔ དཔལ་གྱི་དམ་རྫས་བ་ལིཾ་ཏ༔ ཡོན་ཏན་ཁྱད་པར་མ་ལུས་རྫོགས༔ དམ་ཅན་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱོངས༔ དབང་རྣམས་ཐམས་ཅད་རྫོགས་པ་ཡི༔ དངོས་གྲུབ་འབད་མེད་ཐོབ་གྱུར་ཅིག༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ གནས་གསུམ་དུ་བཞག་ལ་བདུད་རྩི་ཡང་སྦྱིན༔ བཀའ་བསྒོ་ཞིང་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཁས་ལེན་དུ་གཞུག༔ མཎྜལ་འབུལ་ཞིང་དགེ་བ་བསྔོ༔ འདི་ནི་བཀའ་གཉན་པས་སྒྲུབ་པ་ལག་ལེན་ལ་འགེལ་ནུས་ངེས་པ་ལས་ཀུན་ལ་སྦྱིན་ན་བཀའ་ཆད་འབྱུང་བས་དམ་པར་བཟུང་བར་གཅེས་སོ༔ ས་མ་ཡ༔ དེ་ལྟར་དམ་ཅན་བསྟན་པ་སྲུང་བའི་གཙོ་བོ་ཟབ་གནད་དུ་དྲིལ་བ་འདི་ནི་ནག་པོ་ཁྲོས་པའི་རྒྱུད་ཀྱི་དགོངས་པ་མན་ངག་དུ་བསྡེབས་པ་སྟེ་བི་མ་ལ་བདག་གིས་བྲིས་ཤིང་གཉགས་ཀྱི་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་དྲི་མེད་ཟླ་ཤར་རྩལ་ལ་གཏད་པ་དུས་ཀྱི་ཐ་མར་སྨོན་ལམ་དབང་གིས་སྣང་བར་ཤོག་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཐི༔ བརྡ་ཐིམ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་འཇིག་རྟེན་དབང་ཕྱུག་པད་དཀར་འཆང་བ་རིམ་བྱོན་གྱི་སྐུ་གསུང་ཐུགས་ཀྱིས་ལྷག་པར་གནས་པས་དག་པ་ཡེ་ཤེས་ཀྱི་སྐུ་དངོས་སུ་བཞུགས་པའི་ཤར་ཕྱོགས་སུ་ལྕགས་གླང་ལོར། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོའི་ཐུགས་དམ་རྟེན་གྱི་མགོན་པོའི་སྣང་བརྙན་ཡེ་ཤེས་ཀྱི་སྐུར་དངོས་སུ་གྱུར་ཏེ་བྱིན་གྱིས་བརླབས་པ་སོགས་དགེ་མཚན་དུ་མས་དངོས་གྲུབ་ཏུ་ཐོབ་པ་བཞིན་ལྕགས་ཡོས་ཁྲུམ་སྟོད་ཟླ་བའི་ནང་གཏན་ལ་འབེབས་པའི་དབུ་བརྩམ་པ་དང་ནམ་མཁའ་ནས་ཐོག་སེར་དྲག་པོ་བྱུང་བ་སོགས་གཉན་པའི་རྟགས་མཚན་དུ་མ་དང་བཅས་ལྷ་གཉན་གངས་ཀྱི་ར་བ་ཡུལ་སྐྱོང་རྨ་རྒྱལ་རྡོ་རྗེ་གཡུང་དྲུང་གཟི་འབར་རྩལ་གྱིས་སྲུང་བའི་ཤར་ཕྱོགས་གཙང་སྟོད་སྨན་གྱི་ནེའུ་གསེང་དུ་དཀར་པོའི་ཚེས་ཀྱིས་འཁྱུད་པའི་བཅུ་ཡི་དུས་ཆེན་ཉིན། ཁྲག་འཐུང་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས་རྫོགས་པར་ཕབ་པ་ཀསྨིརའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པ་འདིས་ཀྱང་བསྟན་འགྲོའི་དགེ་ལེགས་ཀྱི་དཔལ་ཡོན་འཕེལ་ཞིང་རྒྱས་པའི་རྒྱུ་མཆོག་གི་རྟེན་འབྱུང་དུ་གྱུར་ཅིག །སརྦ་ཤྲཱི་ཛ་ཡནྟུ། །།}} | ༁ྃ༔ བརྡ་ཡིག ༔དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དེ་ཡང་རྡོ་རྗེ་ཕུར་པ་བི་ཏོ་ཏ་མ་ལས༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཞེས་གསུངས་པ་ལྟར་ཕུར་པ་སྒྲུབ་པའི་རྣལ་འབྱོར་པས་བཀའ་དང་གཏེར་སྲུང་མཆོད་གསོལ་ལ་བརྩོན་ན་ཕྲིན་ལས་མྱུར་མགྱོགས་ཆེ་བས་དེའི་ལས་རིམ་ནི༔ དུར་ཁྲོད་ལ་སོགས་པ་དྲག་པོའི་གནས་སུ་རོ་སོལ་གྱིས་སྟེགས་བུར་བྱུག་པ་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་ཨེ་ལ་ཕུར་པ་ལྕགས་སམ་དྲག་པོའི་ཤིང་ལས་བྱས་པ་བཙུགས༔ ཞིང་གི་པགས་པ་ལ་དུག་ཁྲག་གིས་འཁོར་ལོ་བྲིས་པའི་ལྟེ་བར་ཆོས་འབྱུང་གི་དབུས་སུ་ཧཱུྃ་དང་གཡོན་དུ་བྷྱོ༔ གོང་རས་ལ་ཀཱི་ལ་ཡའི་རྩ་སྔགས༔ དེའི་ཕྱིའི་རྩིབས་བཅུ་གཉིས་ལ་མ་མོ་བཅུ་གཉིས་ཀྱི་རྩ་སྔགས༔ རྩིབས་མཆན་ལ་གཞི་སྙིང་གཅིག་དྲིལ༔ མུ་ཁྱུད་དང་པོ་ལ་དྲག་སྔགས་སྤུ་གྲི༔ དེའི་ཕྱིའི་མུ་ཁྱུད་ལ་དབྱངས་གསལ༔ དེའི་ཕྱིའི་མུ་ཁྱུད་ལ་རྟེན་སྙིང་འདོད་གསོལ་ཅན༔ རྡོ་རྭ་མེ་རིས་ལེགས་པར་བསྐོར༔ ལྕགས་སྣ་ལྔའི་ཕྱེ་མ༔ ཁྱི་སྤྱང་འཕར་བ་ཝ་དྲེལ་གྲི་ཁྲག་རྣམས་ཀྱིས་བྱུགས༔ ལེགས་པར་ལྟེབ་ལ་ཚོན་སྐུད་ཀྱིས་བཅིངས་པ་ཕུར་བུའི་མགུལ་དུ་བཏགས༔ ཕ་ཝཾ་ལོང་བུ་དང་བྲག་ནག་བྱང་ཤར་གྱི་མཚོ་ལས་བླང་བའི་རྡོ་ནག་གྲུ་གསུམ་དར་གྱིས་བཏུམས་ཏེ་ཕུར་བུའི་མགུལ་དུ་བཏགས༔ བྲབ་བདུག་བྱུག་པས་གཟི་བྱིན་བསྐྱེད་ལ་འོག་ཏུ་ཨེ་བྲིས་པའམ་བརྐོས་ཏེ་ལིངྒ་སྲོག་ཡིག་དང་ལྡན་པའི་སྟེང་དུ་གཟིར༔ མཐར་མཆོད་པ་གཏོར་མ་སྨན་རཀ་གིས་བསྐོར་ལ༔ བདག་ཉིད་དཔལ་རྡོ་རྗེ་ཕུར་པའི་ང་རྒྱལ་ལ་གནས་པས་ཀཱི་ལ་ཡ་ཅུང་ཟད་བཟླ༔ མཆོད་པ་སྨན་རཀ་གཏོར་མ་བྱིན་གྱིས་བརླབ༔ རང་གི་མདུན་དུ་དུར་ཁྲོད་ཆེན་པོའི་ས་གཞི་དྲག་པོའི་བཀོད་པ་འཇིགས་ཤིང་རྔམ་པའི་རྒྱན་ཐམས་ཅད་ཀྱིས་སྤྲས་པའི་དབུས་སུ་གནམ་ལྕགས་ཀྱི་ཕོ་བྲང་ཟུར་གསུམ་པ་ཐོད་སྐམ་གྱི་ཁ་བད༔ གནམ་ལྕགས་ཀྱི་བྱ་འདབ༔ ཞིང་ཆེན་གྱི་ཐོག་ཕུབ༔ མ་ཧཱ་དེ་བའི་ཐོད་པས་བཀབ་པ་ཙིཏྟའི་ཏོག་དང༔ རོ་སྐྲའི་རྔ་ཡབ༔ ཞིང་ཕྲན་གྱི་འཕན་གདུགས༔ རྒྱུ་མའི་ལྡ་ལྡི༔ པགས་པའི་བླ་བྲེ༔ རུས་པའི་དྲྭ་ཕྱེད་སོགས་རྒྱན་དུ་མས་བརྒྱན་པའི་ལྟེ་བར་གནམ་ལྕགས་ཞུན་མའི་འཁོར་ལོ་རྩིབས་བཅུ་གཉིས་པ༔ ལྟེ་བར་གྲུ་གསུམ་མཐིང་ནག༔ ཟླ་གམ་དང་རྩིབས་མཆན་དམར་པོ་ཁྲག་མཚོ་རྦ་རླབས་འཁྲུགས་པའི་ཨེ་ཡི་ཀློང་དུ་པད་ཉི་དམ་སྲི་གདུག་འདྲེ་གན་རྐྱལ་དུ་བསྒྱེལ་བའི་སྙིང་གར་ཧཱུྃ་ཡིག་སྐར་ཆེན་ལྷུང་བ་ལྟར་བབ་པ་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྲིན་ལས་མི་བཟད་འབར་བ་ཆེན་པོའི་ཚུལ་ལས་བཞེངས་པས་སྐུ་མདོག་ལྗང་ནག་འོད་དུ་འཚེར་བ༔ འཇིགས་པའི་གདོང་པ་སེང་གེའི་ཞལ་ཅན་ཁ་གདངས་མཆེ་བ་གཙིགས་ཤིང་ལྗགས་འཁྱུགས་པས་རྐན་སྒྲ་སྒྲོག་པ༔ ཐོད་སྐམ་ལྔས་དབུ་ལ་བརྒྱན་ཅིང་གཡུ་རལ་གནམ་དུ་གཟེངས་པ་ལས་སྤྲུལ་པའི་སེང་ཆུང་སྤྲོ་བ༔ སྨ་ར་དང་སྨིན་མ་འབར་བའི་མེ་ལྕེ་ལས་ཚྭ་ཚྭ་དམར་ནག་ཏུ་མཆེད་པ༔ ཕྱག་གཡས་གནམ་ལྕགས་ཀྱི་ཟངས་གྲི་འཕྱར་བའི་རྩེ་ལས་སྐྱིན་ཐང་གི་བུ་ཡུག་འཚུབས་པ༔ གཡོན་པས་ཐོད་པ་ཁྲག་གིས་གང་བ་འཕྱུར་ཏེ་ཞལ་དུ་རྔུབ་པ༔ སྐུ་ལ་གསང་གོས་དཀར་པོ་ཕོད་ཆེན་ལྗང་གུ་དར་ནག་གི་བེར་དགུ་བརྩེགས་སུ་གསོལ་ཞིང༔ མགོ་ཕྲེང་སྦྲུལ་ཆུན་བེང་ཚར་རྣམས་ཀྱིས་བརྒྱན་པ༔ སྐུ་སྨད་ཆུ་སྲིན་གྱི་ཁ་ལས་ཐོན་པའི་གནམ་ལྕགས་ཕུར་བུའི་རྣོ་དབལ་ཉམས་པའི་སྙིང་དཀར་ནག་གི་མཚམས་སུ་གཟིར་ཞིང་བཞད་སྒྲ་འབྱིན་ཏེ་ཟུར་ཞལ་གཡོན་དུ་གཟིགས་པ༔ ཟླ་གམ་གསུམ་ལ་སྦྱོར་སྒྲོལ་གསང་བའི་ཡུམ་ཆེན་གཡས་སུ་ཟ་བྱེད་སེར་ནག༔ གཡོན་དུ་འཇིགས་བྱེད་དམར་ནག༔ རྒྱབ་ཏུ་རྔམ་བྱེད་སྔོ་ནག་གསུམ་ཀའང་མ་མོའི་ཆས་བརྒྱད་ཀྱིས་སྤྲས་ཤིང༔ སྐེམ་རིད་མི་སྡུག་སྲིན་མོའི་གཟུགས་ཅན༔ བོང་བུ་གྭ་དམར་སྦོ་དཀར་གཞུག་མིག་ཅན་ལ་ཞོན་པ༔ གཡས་གནམ་ལྕགས་ཀྱི་རལ་གྲི་གཡོན་ནལ་བུའི་ཐོད་པ་ཁྲག་གིས་བཀང་བ་ཁྱེར་ཏེ་རླུང་ནག་འཚུབས་མའི་ཀློང་ན་རྒྱུག་པ༔ བ་སྤུའི་བུ་ག་རེ་རེ་ནས་ཀྱང་སྣང་སྲིད་མ་མོའི་དམག་ཚོགས་འབུམ་ཕྲག་ཡངས་པ་སྤྲོ་བ༔ ཤར་སྟོད་དུ་ཤྭ་ན་མུ་ཁ་ལྕགས་ཀྱི་སྤྱང་མོ་ལ་ཞོན་པ༔ ཤར་སྨད་དུ་ཀྲྀ་ཏ་མུ་ཁ་ཟངས་ཀྱི་ཝ་མོ་ལ་ཞོན་པ༔ ཤར་ལྷོར་སྲི་ལ་མུ་ཁ་གསེར་གྱི་འཕར་བ་ལ་ཞོན་པ༔ ལྷོ་སྟོད་དུ་ཤྲི་ག་མུ་ཁ་གཡུ་ཡི་ཁྱི་མོ་ལ་ཞོན་པ༔ གཡས་ཐམས་ཅད་ཀྱིས་རལ་གྲི་འཕྱར་ཞིང་གཡོན་པས་ཕུར་བུ་འདྲིལ་བ༔ ལྷོ་སྨད་དུ་བདག་ཉིད་ཆེན་མོ་རེ་མ་ཏི༔ ལྷོ་ནུབ་ཏུ་རེ་མ་ཏྲི༔ ནུབ་སྟོད་དུ་རེ་མ་ཛཿ ནུབ་སྨད་དུ་རེ་མ་ཛུ༔ ཀུན་ཀྱང་མ་མོ་འཇིགས་པའི་གཟུགས་ཅན་བོང་བུ་གྭ་དམར་ལ་ཞོན་ནས་སྟོང་གསུམ་བསྐོར་བ༔ གཡས་ཁྲམ་ཤིང་དང་གཡོན་ནད་ཀྱི་རྐྱལ་པ་བརྡེགས་པ༔ ནུབ་བྱང་དུ་རྡོ་རྗེ་ཡ་བྱིན་ལྗང་ནག་སེང་གེ་ལ་ཞོན་པ༔ བྱང་སྟོད་དུ་རྡོ་རྗེ་དེ་བྱིན་དམར་ནག་གསེར་འབྲུག་ལ་ཞོན་པ༔ བྱང་སྨད་དུ་རྡོ་རྗེ་བསེ་བྱིན་སེར་ནག་གློག་ལ་ཞོན་པ༔ བྱང་ཤར་དུ་རྡོ་རྗེ་ཕག་བྱིན་སྔོ་ནག་ཆུ་སྲིན་ལ་ཞོན་པ་རྣམས་བུད་མེད་མི་སྡུག་པའི་གཟུགས་ཀྱིས་རྒྱུ་ཞིང་གཡས་ཞགས་པ་དང་གཡོན་ཕུར་བུ་འདྲིལ་བ༔ དེ་དག་གི་ཕྱོགས་མཚམས་སུ་ཁྲག་མཚོ་དམར་ནག་དུག་གི་རླངས་པ་འཕྱུར་བའི་ཀློང་དུ་བསེ་ལྕགས་དུང་གི་སྐྱེས་བུ༔ དཔའ་བོ་གིང་ཆེན་བཅུ་གཉིས༔ ས་བདག་འབྱུང་པོ་སེར་པོ་སོགས་རང་རང་གི་རྒྱན་དང་ཕྱག་མཚན་རྫོགས་པ༔ དེའི་ཕྱི་ཡི་མུ་ཁྱུད་ལ་ཤར་དུ་ལྷ༔ ལྷོ་རུ་གཤིན་རྗེ༔ ནུབ་ཏུ་མ་མོ༔ བྱང་དུ་བདུད༔ ཤར་ལྷོར་བཙན༔ ལྷོ་ནུབ་ཏུ་རྒྱལ་པོ༔ ནུབ་བྱང་དུ་གནོད་སྦྱིན༔ བྱང་ཤར་དུ་ཀླུ་ཡི་མགོན་པོ་རྣམས་རང་རང་གི་ཡུམ་དང་སྤྲུལ་པ་ལས་བྱེད་བྱེ་བས་བསྐོར་ཏེ་ཅི་བགྱིས་བཀའ་ནོད་པའི་ཚུལ་དུ་གནས་པ༔ ཕོ་བྲང་གི་ཕྱི་རོལ་ལ་དབང་ཕྱུག་ཉི་ཤུ་རྩ་བརྒྱད༔ དམ་ཅན་བརྟན་མ་བཅུ་གཉིས༔ གིང་ལང་མཁའ་འགྲོ་འབུམ་སྡེ་ལ་སོགས་པ་སྣང་སྲིད་དྲེགས་པའི་དམག་ཚོགས་གནམ་ས་བར་སྣང་གི་ཁྱོན་ཀུན་ཏུ་གང་ཞིང་དྲག་པོའི་ཕྲིན་ལས་ལ་རྔམས་ཏེ་རོལ་པས་བཞུགས་པར་གསལ་བའི་ཐུགས་རྒྱུད་བསྐུལ་བས་རང་རང་གི་གནས་ནས་སྐད་ཅིག་གིས་སྤྱན་དྲངས་པར་གྱུར༔ ཚིལ་ཆེན་བསྲེག་ལ་རྐང་གླིང་དང་ཐོད་རྔས་བསྐུལ༔ ཞིང་གི་ཧསྟས་གཡབ་ལ༔ ཧཱུྃ་བྷྱོ༔ འོག་མིན་དབྱིངས་ཀྱི་ཕོ་བྲང་ནས༔ རིག་པ་རང་སྣང་དཔལ་ཆེན་པོ༔ རྡོ་རྗེ་ཁྲོས་པ་བསྟན་སྲུང་ཚུལ༔ མ་ཧཱ་ཀཱ་ལ་གཤེགས་སུ་གསོལ༔ དེ་ཡི་ཡུམ་མཆོག་དཔལ་ལྷ་མོ༔ འདོད་པའི་ཁམས་ན་དབང་བསྒྱུར་བའི༔ མ་གཅིག་གཉན་གྱི་རེ་མ་ཏི༔ བྱང་ཤར་མཚོ་ནས་གཤེགས་སུ་གསོལ༔ ལྕམ་དྲལ་ཁྲོས་པའི་རང་མདངས་ལས༔ དཔལ་ཆེན་བཛྲ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ རང་སྣང་རོལ་པ་ཁྲག་འཐུང་ཞིང༔ འབར་བའི་དུར་ཁྲོད་ཆེན་པོའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ འཁོར་དང་བཅས་པ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་བྷྱོ༔ སྔོན་ཚེ་ཀུན་བཟང་ཧེ་རུ་ཀ༔ དཔལ་ཆེན་བཛྲ་ཀཱི་ལ་ཡ༔ སློབ་དཔོན་བི་མ་ལ་མི་ཏྲ༔ ཨོ་རྒྱན་པདྨ་ཡབ་ཡུམ་དང༔ གཉགས་ཀྱི་ལོ་ཙཱ་ཆེན་པོ་དང༔ ཀློང་ཆེན་ནམ་མཁའ་འོད་གསལ་སོགས༔ རིག་འཛིན་རྩ་བརྒྱུད་བླ་མ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ རྡོ་རྗེའི་ཡལ་གམ་ཐུབ་པར་གྱིས༔ ས་མ་ཡ་ཨི་དཾ་ཨ་མྲྀ་ཏོ་ད་ཀ་ཋ་ཧཱུྃ༔ ཧཱུྃ་བྷྱོ༔ དཔལ་ཆེན་རོལ་པ་ནག་པོ་ཆེ༔ ཡེ་ཤེས་དབྱིངས་སུ་ཧེ་རུ་ཀ༔ རང་སྣང་རང་ཤར་འཁོར་དང་བཅས༔ གཉིས་མེད་ངང་དུ་གུས་པས་འདུད༔ ན་མོ་ན་མ་མི༔ ཧཱུྃ་བྷྱོ༔ ཀུན་བཟང་ཡེ་ཤེས་སྒྱུ་མའི་གར༔ ཕྱི་ལྟར་ཉེར་སྤྱོད་རྣམ་པ་ལྔ༔ ནང་དུ་མི་སྡུག་དྲག་པོའི་གཟུགས༔ ལ་སོགས་འདོད་པའི་ཡོན་ཏན་དང༔ གསང་བ་དམ་རྫས་སྨན་གཏོར་རཀ༔ དེ་ཉིད་ཡེ་ཤེས་མཆོད་པ་སོགས༔ དངོས་དང་ཏིང་འཛིན་དག་པའི་འཕྲུལ༔ བསམ་མི་ཁྱབ་པའི་ཆོ་འཕྲུལ་གྱིས༔ མ་ཧཱ་ཀཱ་ལ་སེང་གེའི་གདོང༔ ཡུམ་གསུམ་དམ་ཅན་བཅུ་གཉིས་སོགས༔ བཀའ་སྡོད་འཁོར་དང་བཅས་ཀུན་མཆོད༔ དགྱེས་པར་རོལ་ལ་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཧཱུྃ་བྷྱོ༔ ཡེ་ཤེས་དབྱིངས་སུ་ཆོས་ཉིད་རྟོག་བྲལ་ཡང༔ ཆོས་ཅན་རོལ་པ་མི་སྡུག་སྲིན་པོའི་གཟུགས༔ རྒྱལ་བའི་བསྟན་སྲུང་ཕྲིན་ལས་མགོན་པོ་ཆེའི༔ དྲག་ཤུལ་རོལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྗང་ནག་འབར་བའི་སྐུ་མདོག་རྔམ་ལ་འཚེར༔ འཇིགས་པའི་སེང་ཞལ་ནམ་མཁའི་མཐོངས་སུ་གདངས༔ ཞེ་སྡང་རྩད་གཅོད་མཆེ་གཙིགས་རྐན་སྒྲ་རྡེབ༔ ང་རོ་འབྲུག་ལྟར་སྒྲོགས་པའི་གསུང་ལ་བསྟོད༔ ཉམས་པ་གནད་ནས་གཅོད་པའི་གྲི་གུག་གདེངས༔ འཁོར་བ་ལྗགས་བརྡར་ཐོད་ཁྲག་རྔམས་ཤིང་འཐུང༔ འབར་བ་ཆེན་པོའི་རལ་པ་ནམ་མཁར་གཟེངས༔ རིགས་ལྔའི་ཐོད་སྐམ་བཅིངས་ཤིང་བརྒྱན་ལ་བསྟོད༔ སྐྱོན་བྲལ་ཡོན་ཏན་རྫོགས་པས་གསང་གོས་དཀར༔ དྲག་པོའི་ལས་མཛད་མདུང་མ་ལྗང་ནག་དང༔ བདུད་བགེགས་ཡིད་ལ་བརྣག་པས་བེར་ནག་གསོལ༔ འཇིགས་རུང་ཆས་ཀྱིས་ཀུན་ནས་བརྒྱན་ལ་བསྟོད༔ སྐུ་སྨད་རྣམ་ཐར་སྒོ་གསུམ་ཕུར་བུའི་དབལ༔ བདུད་བཞི་རྩད་ནས་གཅོད་ཕྱིར་དགྲ་བགེགས་ཀྱི༔ སྙིང་ལ་གཟིར་ནས་དགྱེས་པའི་གད་རྒྱངས་སྒྲོགས༔ གར་དགུས་ས་གསུམ་གནོན་མཛད་མཆོག་ལ་བསྟོད༔ སྐུ་ལས་གནམ་ལྕགས་ཕུར་བུའི་ཚྭ་ཚྭ་འཕྲོ༔ འདོད་ཆགས་རྩད་གཅོད་ཟུར་ཞལ་ཡུམ་ལ་གཟིགས༔ བསྐལ་པའི་མུན་ཆེན་འཁྲིགས་པའི་དུག་སྤྲིན་དང༔ ཡེ་ཤེས་མེ་ལྕེའི་དབུས་སུ་འགྱིང་ལ་བསྟོད༔ གསང་བའི་དགྱེས་སྡེ་མ་གཅིག་གཉན་གྱི་ལྷ༔ ཟ་བྱེད་རྔམ་བྱེད་འཇིགས་བྱེད་མི་བསྲུན་པ༔ སྣང་སྲིད་མ་མོ་ཡོངས་ལ་མངའ་དབང་བསྒྱུར༔ ནད་རིམས་ཡམས་ཀྱི་བདག་མོ་ཆེན་པོར་བསྟོད༔ དཔལ་གྱི་བཀའ་ཉན་མི་བསྲུན་མ་མོའི་གཙོ༔ སྣང་སྲིད་དབང་བསྒྱུར་ཕྲིན་ལས་ཐོགས་མེད་བདག༔ སྒྲུབ་མཆོག་རྗེས་སྐྱོང་ཉམས་པ་རྩད་ནས་གཅོད༔ དམ་ཅན་མ་མོ་བཅུ་གཉིས་སྟོན་ལ་བསྟོད༔ ཕྲ་མེན་ཆེན་མོ་ཤྭ་ན་མ་བཞི་དང༔ བདག་ཉིད་ཆེན་མོ་རེ་ཏི་མཆེད་སྡེ་བཞི༔ གཟའ་བཙན་ས་བདག་ཀླུ་ཡི་བུ་མོ་བཞི༔ ལྕམ་དྲལ་མིང་སྲིང་འཁོར་དང་བཅས་ལ་བསྟོད༔ ཁྱེད་རྣམས་དོན་གྱི་ཡེ་ཤེས་དབྱེར་མེད་ཀྱང༔ རྣམ་པ་སྒྲུབ་མཆོག་རྗེས་སུ་སྐྱོང་བ་དང༔ གདུག་ཅན་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ ཕྲིན་ལས་ཐོགས་པ་མེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ དཔལ་ལྡན་མགོན་པོ་ཤ་ཟ་སེང་གེའི་གདོང༔ ལས་རྣམས་ཐོགས་མེད་དྲག་པོ་ཕུར་བུའི་མཇུག༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་ཕུར་སྲུང་ཚོགས༔ ཁྲག་འཐུང་དམ་ཅན་རྒྱ་མཚོ་དབྱིངས་ནས་བཞེངས༔ དྲག་པོའི་གཞལ་ཡས་ཨེ་ཡི་ཕོ་བྲང་ནས༔ མི་བསྲུན་བསྒྲལ་བའི་ཁྲག་གི་རྒྱ་མཚོ་འཁྱིལ༔ སྲིད་རྩ་རྩད་གཅོད་གནམ་ལྕགས་འཁོར་ལོ་འབར༔ པད་ཉི་དགྲ་བགེགས་བསྣོལ་བའི་གདན་ཁྲི་བརྩེགས༔ བདུད་དང་ཕྱོགས་སྐྱོང་མགོ་བོའི་རྩིག་པ་རྔམས༔ ཞིང་གི་བླ་བྲེ་ཞིང་ཆེན་ཐོག་ཕུབ་བརྗིད༔ རྒྱུ་སྐར་དྲྭ་ཕྱེད་རྒྱུ་མའི་ལྡ་ལྡི་འཕྱང༔ མགོ་ལག་དབང་པོའི་རྒྱན་ཕྲེང་ཚར་དུ་བསྟར༔ བསྐལ་པའི་མེ་རླུང་ཁོར་ཡུག་ཀུན་ཏུ་འཁྱིལ༔ ཤ་ཟ་གཅན་གཟན་དུར་བྱའི་བུ་ཡུག་འཚུབས༔ ཕྱོགས་མཚམས་དབང་པོའི་མེ་ཏོག་རྐང་གི་གླིང༔ ཚིལ་གསུར་དུད་སྤྲིན་ཞུན་མེའི་སྣང་གསལ་མཛེས༔ ཤ་རི་ཁྲག་གི་ཞལ་སྐྱེམས་དུག་ཆུའི་རྫིང༔ གླང་ཞིང་ལྤགས་པ་རུས་པའི་རྒྱན་དྲུག་དང༔ འབར་བ་དཔལ་གྱི་ཆས་བཅུ་ལ་སོགས་པ༔ ཧེ་རུ་ཀ་དཔལ་རོལ་པའི་དམ་ཚིག་རྫས༔ ནམ་མཁའ་ས་གཞི་བར་སྣང་ཁྱབ་པ་འདིས༔ ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་རྒྱ་མཚོ་འཁྱིལ༔ དམར་ཆེན་རཀྟའི་རྦ་ཀློང་མཁའ་ལ་འཁྲུགས༔ འདོད་འབྱུང་གཏོར་མ་ལྷུན་པོ་ལྟར་བརྩེགས་པའི༔ བདེ་ཆེན་དམ་ཚིག་རྫས་ཀྱིས་ཐུགས་དམ་བསྐང༔ བདེ་ཆེན་དགྱེས་མར་སྦྱོར་བས་དགའ་བཞི་འདྲེན༔ ཐབས་མཆོག་སྙིང་རྗེས་གདུག་པ་ཤུགས་ཀྱིས་སྒྲོལ༔ གཉིས་འཛིན་རུ་ཏྲ་འཇོམས་བྱེད་སྦྱོར་སྒྲོལ་གྱི༔ གསང་བ་བླ་མེད་ལམ་གྱིས་ཐུགས་དམ་བསྐང༔ དོན་དམ་ཆོས་ཉིད་དབྱིངས་སུ་རོ་གཅིག་ཀྱང༔ རྣམ་པ་སྒྱུ་འཕྲུལ་བཀོད་པའི་ས་མ་ཡ༔ རྟེན་མཆོག་སྐུ་གཟུགས་བླ་རྡོ་འཁོར་ལོ་སོགས༔ གསང་བ་གཏའ་རུ་བཙུགས་པས་ཐུགས་དམ་བསྐང༔ གདོད་ནས་མི་འགྱུར་རང་རིག་རོལ་པའི་རྩལ༔ འགྱུར་མེད་བསྟན་པ་སྲུང་བའི་ཐ་ཚིག་ཅན༔ གཉིས་མེད་མཆོག་གི་ཐུགས་དམ་དགྱེས་བསྐངས་ནས༔ ཡིད་བཞིན་འདོད་པའི་དོན་ཀུན་འགྲུབ་མཛད་གསོལ༔ ཅེས་དང་ཡི་གེ་བརྒྱ་པ་བཟླ༔ ཧཱུྃ་བྷྱོ༔ བཀའ་ཡི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེ༔ སངས་རྒྱས་ཀུན་གྱི་དམ་ཚིག་དུས་འདིར་དགོངས༔ རྡོ་རྗེ་ཐེག་པ་སྙིང་པོའི་དཀྱིལ་འཁོར་འདིའི༔ མིང་ཙམ་འཛིན་ཀྱང་སྲུང་སྐྱོབ་ལས་སྒྲུབ་པའི༔ ཞལ་བཞེས་དཔལ་ཆེན་སྤྱན་སྔར་བྲོ་བོར་ལྟར༔ སྙིང་ནས་བསྐུལ་བའི་ལས་ལ་མ་གཡེལ་ཅིག༔ ཡང་དག་བསྟན་པའི་སྙིང་པོ་རིན་ཆེན་འདི༔ ཕྱོགས་དུས་གནས་སྐབས་ཀུན་ཏུ་འཕེལ་རྒྱས་ཤིང༔ དེ་འཛིན་སྐྱེས་བུ་བར་ཆད་ལས་རྒྱལ་ནས༔ སྐུ་ཚེ་ཕྲིན་ལས་མཐའ་རྒྱས་བརྟན་པར་མཛོད༔ མ་ལུས་འགྲོ་ཀུན་བདེ་སྐྱིད་དཔལ་གྱིས་འབྱོར༔ དཀོན་མཆོག་གསུམ་གྱི་བསྟན་ལ་ཚུལ་བཞིན་གུས༔ མཐར་ཐུག་བྱང་ཆུབ་སྙིང་པོ་མ་ལྡན་བར༔ ཚེ་དཔལ་མཐོ་རིས་ཡོན་ཏན་རྒྱས་པར་མཛོད༔ བསྟན་ལ་འཚེ་དང་ཡོངས་ལ་གནོད་བྱེད་རིགས༔ ཕྲིན་ལས་དྲག་པོའི་རྣོ་མྱུར་དུས་སུ་སྟོན༔ ཕྱོགས་ལས་རྣམ་རྒྱལ་སྙན་པའི་རུ་མཚོན་ཕྱོར༔ མི་མཐུན་བདུད་བཞིའི་བར་ཆད་དབྱིངས་སུ་སྒྲོལ༔ བདག་ཅག་དཔོན་སློབ་བསམ་དོན་ཆོས་བཞིན་འགྲུབ༔ དངོས་གྲུབ་རྒྱ་མཚོ་དཀའ་བ་མེད་པར་ཐོབ༔ བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་ཡིས༔ ཧེ་རུ་ཀ་དཔལ་གོ་འཕང་མྱུར་ཐོབ་མཛོད༔ དམིགས་སུ་བསལ་བའི་ལས་བསྐུལ་ན༔ དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས༔ དགྲ་བགེགས་འགུགས་བསྟིམ་དྲག་ཏུ་བྱ༔ ཞིང་གིས་གཡབ་ཅིང་གདུང་བས་བསྐུལ༔ ཧཱུྃ་བྷྱོ༔ བྱང་ཤར་རལ་གྲིའི་གུར་ཁང་ནས༔ མཚོན་ཆའི་བུ་ཡུག་ཚུབས་སེ་ཚུབ༔ རྡོ་རྗེའི་ཐོག་མདའ་ཤ་ར་ར༔ བསྐལ་པའི་རླུང་ནག་འུ་རུ་རུ༔ འབར་བའི་མེ་ལྕེ་ལྷབས་སེ་ལྷབ༔ དུག་གི་རྒྱ་མཚོ་མེ་རེ་རེ༔ ཕྱོགས་མཚམས་ཀུན་ཏུ་འཁྲིགས་པ་ནས༔ ལྷ་རྣམས་ཀུན་གྱི་དམག་དཔོན་ནི༔ སྲས་མཆོག་མགོན་པོ་ནག་པོ་བཞེངས༔ ཁྱོད་ཀྱི་སྐུ་ཡི་གཡས་གཡོན་མདུན༔ དགྱེས་པའི་མ་མོ་མཆེད་སྡེ་གསུམ༔ ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས༔ དེ་རིང་ཉམས་པའི་དགྲ་ལ་བཞེངས༔ ཁོར་ཡུག་འཁོར་ལོའི་རྩིབས་སྟེང་ནས༔ སྒྲུབ་པའི་གནས་སུ་སྔོན་གྱི་ཚེ༔ འཇིགས་གཟུགས་བསྟན་པའི་མ་མོ་ནི༔ དམ་ཅན་དབང་མོ་བཅུ་གཉིས་བཞེངས༔ དཀྱིལ་འཁོར་ཆེན་པོའི་མུ་རན་ནས༔ མ་ཚོགས་དབང་ཕྱུག་ཉེར་བརྒྱད་དང༔ བོད་སྐྱོང་བརྟན་མ་སྐྱོང་མའི་ཚོགས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་བཞེངས༔ སྟོང་གསུམ་འཇིག་རྟེན་ཕྱོགས་མཚམས་ནས༔ མི་བསྲུན་ལས་ལ་དབང་བསྒྱུར་ཞིང༔ འཇིགས་བྱེད་དྲེགས་པའི་དམག་དཔོན་ཆེ༔ མཐུ་ཆེན་སྡེ་བརྒྱད་ལས་ལ་བཞེངས༔ སྔོན་ཚེ་དཔལ་གྱི་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་ཐ་ཚིག་བཞིན༔ རྡོ་རྗེའི་དམ་ལས་མ་འདའ་བར༔ སངས་རྒྱས་བསྟན་པའི་དགྲ་ལ་ཆོས༔ དམ་ཉམས་དགྲ་བོ་ལས་ངན་འདིས༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ལུང་དང་རྟོགས་པའི་ཆོས་ལ་འཚེ༔ སྡེ་གཉིས་འདུ་བའི་སྒོ་འཕྲོག་ཅིང༔ སེམས་ཅན་ཡོངས་ལ་གནོད་ཅིང་འཚེ༔ རྟག་ཏུ་མི་དགེ་བཅུ་ལ་སྤྱོད༔ སྣོད་བཅུད་མངའ་ཐང་ཐབས་ཀྱིས་བཅོམ༔ རྣལ་འབྱོར་ཉེས་མེད་རྣམས་ལ་སྡང༔ བསྒྲལ་བའི་ཞིང་བཅུ་ཡོངས་སུ་ཚང༔ ཉམས་པ་བདུན་གྱི་ལས་ངན་འདི༔ མངོན་སྤྱོད་ཕྲིན་ལས་ཡུལ་གྱུར་པས༔ ཁྱེད་རྣམས་མཐུ་དང་རྩལ་ཕྱུངས་ལ༔ ལས་ལ་རྔམས་པའི་ཚུལ་གྱིས་བཞེངས༔ སྤྲུལ་པའི་ཕོ་ཉ་མི་བཟད་པས༔ དེ་རིང་དམག་གི་གོ་ཤོམས་ཤིག༔ ལས་མཁན་ཤན་པ་གདུག་པའི་ཚོགས༔ དེ་རིང་མཚོན་ཆའི་སོ་ཕྱུངས་ཤིག༔ བླ་འགུགས་ལས་བྱེད་མ་ལུས་པས༔ དེ་རིང་དགྲ་ཡུལ་གཟན་ཚོལ་ཅིག༔ བྱད་མ་གདུག་པའི་ཕྲ་མེན་གྱིས༔ དེ་རིང་མཚོན་གྱི་གྲུ་གུ་སྒྲིལ༔ མ་མོ་མི་སྡུག་ལས་བྱེད་མས༔ དེ་རིང་ནད་ཀྱི་རྐྱལ་པ་ཕྱེས༔ བདུད་གཤིན་ཚེ་སྡང་དམག་ཚོགས་ཀྱིས༔ དེ་རིང་དགྲ་བོ་ཁྲམ་ལ་ཐོབ༔ ཐེའུ་རང་མོན་པ་སྟོང་སྡེ་ཡིས༔ དེ་རིང་དགྲ་ལ་ཤྭ་རྡེལ་སྒྲིལ༔ རྒྱལ་བཙན་འབྱུང་པོ་མ་རུངས་པས༔ དེ་རིང་དམག་གི་ལམ་སྣ་དྲོངས༔ གཟའ་བདུད་རྒྱལ་པོ་རཱ་ཧུ་ལས༔ སྟེང་ནས་རྒྱུ་སྐར་རོལ་དུ་ཁྲིད༔ ཀླུ་བདུད་གདུག་པ་མི་ཟན་པས༔ ས་འོག་མུན་པའི་དམག་སྣ་ཁྲིད༔ ཕྱོགས་སྐྱོང་སྡེ་བརྒྱད་ཐམས་ཅད་ཀྱིས༔ ཕྱོགས་མཚམས་ཀུན་ནས་དམག་ལ་འུར༔ ཐམས་ཅད་འབར་བའི་རུ་མཚོན་ཕྱོར༔ ཀི་བསྭོ་ཆ་སྒྲ་དི་རི་རི༔ སྡེ་དང་བཅས་པ་ཐམས་ཅད་ཀུན༔ ད་ནི་ཞེ་སྡང་སྐུ་ཤུགས་ཕྱུངས༔ དགྲ་བོའི་ཁོག་པ་ཁ་ཕྱེས་ལ༔ ཙིཏྟ་དམར་པོ་ཁྱེར་ལ་ཤོག༔ སྲོག་གི་རྩ་ནས་རླུང་ཞུགས་ལ༔ སྙིང་རླུང་དྲག་པོ་སློངས་ལ་ཤོག༔ ཚེ་དང་བསོད་ནམས་འཕྲོག་ལ་ཤོག༔ དབང་ཐང་རླུང་རྟ་ཉམས་ལ་ཤོག༔ རིགས་རྒྱུད་དཔལ་འབྱོར་ཉམས་སུ་ཆུག༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ བླ་རྟགས་མངོན་སུམ་སྟོན་ལ་ཤོག༔ ཁ་ཕུང་རྗེས་མེད་བརླགས་ནས་ཀྱང༔ འདོད་པའི་ལས་ཀུན་ད་སྒྲུབས་ཤིག༔ ཅེས་བརྗོད་ཐུན་གཏོར་དགྲ་ལ་འཕང༔ དུལ་མོ་བརྡབ་ཅིང་གཡབ་མོ་བྱ༔ བསྟན་པ་སྲུང་བའི་ལྕགས་རི་རུ༔ རྣོ་མྱུར་སྲུང་མའི་ཕྲིན་ལས་ཟབ༔ ས་མ་ཡ༔ བརྡ་ཡིག ༔ དེ་ནས་སྲུང་མ་བསྟེན་པ་ལ་གནད་ཤེས་པ་གཅེས་པས༔ ཐོག་མར་གཅེས་པ་འདི་ཡི་དབང་ཐོབ་པ་དགོས༔ གདམས་ངག་ལག་ལེན་དང་བཅས་པ་དགོས༔ དད་བརྩོན་ཤེས་རབ་ཀྱིས་གནད་རྟོགས་ཤིང་གོམས་པ་དགོས༔ ཡི་དམ་ལྷའི་བསྐྱེད་རིམ་གྱད་དུ་གྱུར་པའམ་བཟླས་གྲངས་ཚད་ལ་འཁྱོལ་བ་དགོས༔ དམ་ཅན་བསྟེན་པ་ལ་བླ་རྡོ་སྲོག་གི་རྟེན་རྣམས་ཚོགས་པ་དགོས༔ དམ་ཅན་འགོ་བ་ལ་དམ་ཚིག་གི་རིམ་པ་ཤིན་ཏུ་དག་པ་དགོས༔ དམ་ཅན་དགྱེས་པ་ལ་མཆོད་པ་དང་གཏོར་མ་བསྐང་རྫས་དགོས༔ དམ་ཅན་གནད་དུ་གཅུན་པ་ལ་སྲོག་གི་སྔགས་བཟླ་དགོས༔ ལས་ལ་བསྐུལ་བ་ལ་མཆོད་བསྟོད་དང་གསོལ་གདབ་དགོས༔ དམ་ཅན་འགྲུབ་པ་ལ་སྲུང་མ་རང་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པ་དགོས༔ ས་མ་ཡ༔ དེ་ནས་སྲུང་མའི་སྲོག་དབང་ནི་ཤིན་ཏུ་གཉན་པས་ཀུན་ལ་མི་སྤེལ༔ སྣོད་དང་ལྡན་པ་གཅིག་པུ་ཙམ་ལ་བསྐུར་ན༔ དུར་ཁྲོད་ལ་སོགས་པའི་གནས་སུ་མཚན་མོའི་ཆར་དཀྱིལ་འཁོར་བཤམས༔ ཡི་དམ་དང་སྲུང་མའི་ལས་གཞུང་བསྲང༔ མཆོད་བསྟོད་བསྐང་བ་རྒྱས་པར་བྱས་ལ༔ ཁྲུས་བྱ༔ བགེགས་ཀྱང་བསྐྲད༔ སྲུང་འཁོར་བསྒོམ༔ ལོ་རྒྱུས་རྒྱས་པར་བརྗོད་དེ༔ མཎྜལ་ཕུལ༔ ཧེ་རུ་ཀ་དཔལ་བླ་མ་རྗེ༔ གཉིས་མེད་དགྱེས་པས་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བརྩེ་བས་རྗེས་སུ་བཟུང་དུ་གསོལ༔ ཡན་ལག་བདུན་པས་བསགས་སྦྱང་བྱ༔ སྡོམ་པ་གསུམ་ཡང་དག་པར་བཟུང༔ སློབ་མ་སྲས་སུ་བྱས་ཏེ་དཔལ་ཆེན་པོར་བསྐྱེད༔ གནས་གསུམ་བྱིན་གྱིས་བརླབས༔ ཡེ་ཤེས་པ་ཡང་ཡང་བསྟིམ་བརྟན་པར་བྱ༔ དེ་ནས་ཐོག་མར་བུམ་པས་དབང་བསྐུར་ལ༔ ཧཱུྃ༔ སྣང་བ་རྣམ་དག་བུམ་པ་རུ༔ སྟོང་ཉིད་ཡེ་ཤེས་བདུད་རྩིའི་བཅུད༔ རོལ་པ་ཆེན་པོའི་དབང་བསྐུར་བས༔ ཕུང་ཁམས་ལྷ་རུ་འཆར་བར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐུ་རྣམས་གཏད་ལ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་ཨེ་ཀློང་ལས༔ འབར་བའི་སྐུ་ནི་རྔམ་ཞིང་བརྗིད༔ ནག་པོ་ཆེན་པོས་དབང་བསྐུར་བས༔ ཕོ་རྒྱུད་ལས་ལ་འགྱེད་ནུས་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཟླ་གམ་ལེ་བརྒན་འབར་བ་ནས༔ སྦྱོར་སྒྲོལ་གསང་བའི་ཡུམ་ཆེན་གསུམ༔ མ་མོའི་རྒྱལ་པོས་དབང་བསྐུར་བས༔ མོ་རྒྱུད་སྦྱོར་བས་དབང་བྱེད་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མཐིང་ནག་འཁོར་ལོའི་རྩིབས་སྟེང་ནས༔ དམ་ཅན་མ་མོ་བཅུ་གཉིས་ཞེས༔ ཕུར་པའི་སྲུང་མས་དབང་བསྐུར་བས༔ དམ་ཅན་བྲན་དུ་ཁོལ་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཁོར་ཡུག་དཀྱིལ་འཁོར་མུ་རན་ནས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཅེས༔ མ་སྲིང་མཁའ་འགྲོས་དབང་བསྐུར་བས༔ རྣལ་འབྱོར་བུ་བཞིན་སྐྱོང་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཟླས་པ་སྔགས་ཀྱི་ལུང་རྣམས་སྦྱིན༔ སྲོག་ནས་འདྲེན་ཚུལ་ཞལ་ལས་ཤེས༔ ཐུགས་རྟེན་རྣམས་གཏད་དེ༔ ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ རྡོ་རྗེའི་གྲི་གུག་གཟུང་འཛིན་གཅོད༔ ཐོད་ཁྲག་འཁོར་བ་ཆགས་པས་འཛིན༔ བརྡ་དོན་རྟགས་ཀྱིས་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་རལ་གྲིས་སྐྱེ་རྒྱུན་གཅོད༔ ཐོད་ཁྲག་བདུད་རྩིས་འཆི་བདག་འཇོམས༔ སྲིད་པ་རང་གྲོལ་ཕྱག་རྒྱ་ཡིས༔ དབང་བསྐུར་དོན་གྱི་ས་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འབར་བ་མི་བཟད་རྔམས་པའི་མཐུ༔ ཕྲིན་ལས་མཚོན་རྣོན་ཀཱི་ལ་ཡ༔ རྣམ་པ་བཅུ་གཉིས་དབང་བསྐུར་བས༔ བདེན་དོན་དྷཱུ་ཏིར་དག་གྱུར་ཅིག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དམར་ཆེན་རཀྟ་འཁྲུགས་པ་ནི༔ ཟུར་གསུམ་རྣམ་པར་ཐར་པར་རྫོགས༔ ཐུགས་རྗེ་ཆགས་པས་དབང་བསྐུར་བས༔ དེ་ཉིད་ཡེ་ཤེས་དོན་རྟོགས་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་གྱི་ཆས་རྣམས་གཏད་ལ༔ ཧཱུྃ༔ མཐིང་ནག་དར་ཆེན་རིན་ཆེན་རྒྱན༔ མགོ་ཕྲེང་སྦྲུལ་ཆུན་དཔལ་གྱི་ཆས༔ ཡོན་ཏན་རྒྱན་གྱིས་མངའ་གསོལ་བས༔ ཟག་མེད་འབྲས་བུའི་དོན་རྟོགས་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཨོཾ༔ མཚོན་ཆ་གཏད་དེ༔ ཧཱུྃ༔ གདུག་པ་བསྒྲལ་བའི་མཚོན་ཆ་ནི༔ དྲག་ཤུལ་རོལ་པ་ལས་ཀྱི་གཟུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དགྲ་བགེགས་བདུད་རྣམས་འཇོམས་པར་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཨ༔ གཏོར་མས་ལས་ཀྱི་བཀའ་བསྒོ་བ་ནི༔ ཧཱུྃ༔ དཔལ་གྱི་དམ་རྫས་བ་ལིཾ་ཏ༔ ཡོན་ཏན་ཁྱད་པར་མ་ལུས་རྫོགས༔ དམ་ཅན་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱོངས༔ དབང་རྣམས་ཐམས་ཅད་རྫོགས་པ་ཡི༔ དངོས་གྲུབ་འབད་མེད་ཐོབ་གྱུར་ཅིག༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ གནས་གསུམ་དུ་བཞག་ལ་བདུད་རྩི་ཡང་སྦྱིན༔ བཀའ་བསྒོ་ཞིང་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཁས་ལེན་དུ་གཞུག༔ མཎྜལ་འབུལ་ཞིང་དགེ་བ་བསྔོ༔ འདི་ནི་བཀའ་གཉན་པས་སྒྲུབ་པ་ལག་ལེན་ལ་འགེལ་ནུས་ངེས་པ་ལས་ཀུན་ལ་སྦྱིན་ན་བཀའ་ཆད་འབྱུང་བས་དམ་པར་བཟུང་བར་གཅེས་སོ༔ ས་མ་ཡ༔ དེ་ལྟར་དམ་ཅན་བསྟན་པ་སྲུང་བའི་གཙོ་བོ་ཟབ་གནད་དུ་དྲིལ་བ་འདི་ནི་ནག་པོ་ཁྲོས་པའི་རྒྱུད་ཀྱི་དགོངས་པ་མན་ངག་དུ་བསྡེབས་པ་སྟེ་བི་མ་ལ་བདག་གིས་བྲིས་ཤིང་གཉགས་ཀྱི་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་དྲི་མེད་ཟླ་ཤར་རྩལ་ལ་གཏད་པ་དུས་ཀྱི་ཐ་མར་སྨོན་ལམ་དབང་གིས་སྣང་བར་ཤོག་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཐི༔ བརྡ་ཐིམ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་འཇིག་རྟེན་དབང་ཕྱུག་པད་དཀར་འཆང་བ་རིམ་བྱོན་གྱི་སྐུ་གསུང་ཐུགས་ཀྱིས་ལྷག་པར་གནས་པས་དག་པ་ཡེ་ཤེས་ཀྱི་སྐུ་དངོས་སུ་བཞུགས་པའི་ཤར་ཕྱོགས་སུ་ལྕགས་གླང་ལོར། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོའི་ཐུགས་དམ་རྟེན་གྱི་མགོན་པོའི་སྣང་བརྙན་ཡེ་ཤེས་ཀྱི་སྐུར་དངོས་སུ་གྱུར་ཏེ་བྱིན་གྱིས་བརླབས་པ་སོགས་དགེ་མཚན་དུ་མས་དངོས་གྲུབ་ཏུ་ཐོབ་པ་བཞིན་ལྕགས་ཡོས་ཁྲུམ་སྟོད་ཟླ་བའི་ནང་གཏན་ལ་འབེབས་པའི་དབུ་བརྩམ་པ་དང་ནམ་མཁའ་ནས་ཐོག་སེར་དྲག་པོ་བྱུང་བ་སོགས་གཉན་པའི་རྟགས་མཚན་དུ་མ་དང་བཅས་ལྷ་གཉན་གངས་ཀྱི་ར་བ་ཡུལ་སྐྱོང་རྨ་རྒྱལ་རྡོ་རྗེ་གཡུང་དྲུང་གཟི་འབར་རྩལ་གྱིས་སྲུང་བའི་ཤར་ཕྱོགས་གཙང་སྟོད་སྨན་གྱི་ནེའུ་གསེང་དུ་དཀར་པོའི་ཚེས་ཀྱིས་འཁྱུད་པའི་བཅུ་ཡི་དུས་ཆེན་ཉིན། ཁྲག་འཐུང་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས་རྫོགས་པར་ཕབ་པ་ཀསྨིརའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པ་འདིས་ཀྱང་བསྟན་འགྲོའི་དགེ་ལེགས་ཀྱི་དཔལ་ཡོན་འཕེལ་ཞིང་རྒྱས་པའི་རྒྱུ་མཆོག་གི་རྟེན་འབྱུང་དུ་གྱུར་ཅིག །སརྦ་ཤྲཱི་ཛ་ཡནྟུ། །།}} | ||
</onlyinclude> | </onlyinclude> |
Latest revision as of 09:12, 1 June 2024
Wylie title | snyan brgyud snying gi gsang mdzod las: bka' srung ye shes mgon po lcam dral gyi sgrub thabs gnam lcags 'bar ba | |
---|---|---|
Location | dil mgo mkhyen brtse bka' 'bum Volume 20, Text 14, Pages 243-253 (Folios 1a to 11b2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Snyan brgyud snying gi gsang mdzod las bka' srung ye shes mgon po lcam dral gyi sgrub thabs gnam lcags 'bar ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 243-253. Delhi: Shechen Publications, 1994. | |
Genre | Root Treasure - gter gzhung · Sadhanas - Evocation Ritual - sgrub thabs | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | ma hA kA la seng ge'i gdong | |
Colophon |
དེ་ལྟར་དམ་ཅན་བསྟན་པ་སྲུང་བའི་གཙོ་བོ་ཟབ་གནད་དུ་དྲིལ་བ་འདི་ནི་ནག་པོ་ཁྲོས་པའི་རྒྱུད་ཀྱི་དགོངས་པ་མན་ངག་དུ་བསྡེབས་པ་སྟེ་བི་མ་ལ་བདག་གིས་བྲིས་ཤིང་གཉགས་ཀྱི་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་དྲི་མེད་ཟླ་ཤར་རྩལ་ལ་གཏད་པ་དུས་ཀྱི་ཐ་མར་སྨོན་ལམ་དབང་གིས་སྣང་བར་ཤོག་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཐི༔ བརྡ་ཐིམ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་འཇིག་རྟེན་དབང་ཕྱུག་པད་དཀར་འཆང་བ་རིམ་བྱོན་གྱི་སྐུ་གསུང་ཐུགས་ཀྱིས་ལྷག་པར་གནས་པས་དག་པ་ཡེ་ཤེས་ཀྱི་སྐུ་དངོས་སུ་བཞུགས་པའི་ཤར་ཕྱོགས་སུ་ལྕགས་གླང་ལོར། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོའི་ཐུགས་དམ་རྟེན་གྱི་མགོན་པོའི་སྣང་བརྙན་ཡེ་ཤེས་ཀྱི་སྐུར་དངོས་སུ་གྱུར་ཏེ་བྱིན་གྱིས་བརླབས་པ་སོགས་དགེ་མཚན་དུ་མས་དངོས་གྲུབ་ཏུ་ཐོབ་པ་བཞིན་ལྕགས་ཡོས་ཁྲུམ་སྟོད་ཟླ་བའི་ནང་གཏན་ལ་འབེབས་པའི་དབུ་བརྩམ་པ་དང་ནམ་མཁའ་ནས་ཐོག་སེར་དྲག་པོ་བྱུང་བ་སོགས་གཉན་པའི་རྟགས་མཚན་དུ་མ་དང་བཅས་ལྷ་གཉན་གངས་ཀྱི་ར་བ་ཡུལ་སྐྱོང་རྨ་རྒྱལ་རྡོ་རྗེ་གཡུང་དྲུང་གཟི་འབར་རྩལ་གྱིས་སྲུང་བའི་ཤར་ཕྱོགས་གཙང་སྟོད་སྨན་གྱི་ནེའུ་གསེང་དུ་དཀར་པོའི་ཚེས་ཀྱིས་འཁྱུད་པའི་བཅུ་ཡི་དུས་ཆེན་ཉིན། ཁྲག་འཐུང་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས་རྫོགས་པར་ཕབ་པ་ཀསྨིརའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པ་འདིས་ཀྱང་བསྟན་འགྲོའི་དགེ་ལེགས་ཀྱི་དཔལ་ཡོན་འཕེལ་ཞིང་རྒྱས་པའི་རྒྱུ་མཆོག་གི་རྟེན་འབྱུང་དུ་གྱུར་ཅིག །སརྦ་ཤྲཱི་ཛ་ཡནྟུ། | |
de ltar dam can bstan pa srung ba'i gtso bo zab gnad du dril ba 'di ni nag po khros pa'i rgyud kyi dgongs pa man ngag du bsdebs pa ste bi ma la bdag gis bris shing gnyags kyi lo tsA ba dz+nyA na ku mA ra dri med zla shar rtsal la gtad pa dus kyi tha mar smon lam dbang gis snang bar shog cig:_sa ma ya:_rgya rgya rgya:_\ithi:_brda thim:_ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga las sku yi gsung gi gnas mchog 'og min karma'i gan+d+ho la 'jig rten dbang phyug pad dkar 'chang ba rim byon gyi sku gsung thugs kyis lhag par gnas pas dag pa ye shes kyi sku dngos su bzhugs pa'i shar phyogs su lcags glang lor/_rgyal ba'i dbang po chos grags rgya mtsho'i thugs dam rten gyi mgon po'i snang brnyan ye shes kyi skur dngos su gyur te byin gyis brlabs pa sogs dge mtshan du mas dngos grub tu thob pa bzhin lcags yos khrum stod zla ba'i nang gtan la 'bebs pa'i dbu brtsam pa dang nam mkha' nas thog ser drag po byung ba sogs gnyan pa'i rtags mtshan du ma dang bcas lha gnyan gangs kyi ra ba yul skyong rma rgyal rdo rje g.yung drung gzi 'bar rtsal gyis srung ba'i shar phyogs gtsang stod sman gyi ne'u gseng du dkar po'i tshes kyis 'khyud pa'i bcu yi dus chen nyin/_khrag 'thung klong chen nam mkha' 'od gsal pad+ma mdo sngags gling pa ye shes rol pa rtsal gyis rdzogs par phab pa kasmira'i slob dpon bi ma la mi tras snyan brgyud du gdams pa 'dis kyang bstan 'gro'i dge legs kyi dpal yon 'phel zhing rgyas pa'i rgyu mchog gi rten 'byung du gyur cig__/sarba shrI dza yan+tu/ |