DKR-KABUM-20-WA-011: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ ཡི་དམ་རྡོ་རྗེ་ཕུར་པའི་ལས་ཀྱི་ཁ་ཚར་གྱི་སྒྲུབ་ཐབས༔ | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: . Delhi: Shechen Publications, 1994. | |fulltitle=snyan brgyud snying gi gsang mdzod las: yi dam rdo rje phur pa'i las kyi kha tshar gyi sgrub thabs | ||
|citation=[[Khyentse, Dilgo]]. ''Snyan brgyud snying gi gsang mdzod las yi dam rdo rje phur pa'i las kyi kha tshar gyi sgrub thabs''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: 202-229. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=gnyags dz+nyA na ku mA ra | |||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |||
|tibgenre=Root Treasure - gter gzhung, Sadhanas - Evocation Ritual - sgrub thabs | |||
|associatedpeople= | |||
|associatedpeopletib= | |||
|tibgenre= | |||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|deity=rdo rje phur pa | |||
|deity= | |||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=020 | |volumenumber=020 | ||
|volnumtib=༢༠ | |volnumtib=༢༠ | ||
|volyigtib=ཝ་ | |volyigtib=ཝ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=011 | |||
|pagenumbers=202-229 | |||
|totalpages=56 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=28b5 | ||
|versonotes=gnyags lugs | |totalfolios=28 | ||
| | |multivolumework=No | ||
|rectonotes=gter gzhung | |||
|versonotes=gnyags lugs phur pa | |||
|colophontib=རྡོ་རྗེ་ཕུར་པའི་ལས་ཁ་ཚར་གྱི་རིམ་པ་རིག་མཆོག་འབུམ་སྡེའི་རྒྱུད་ལས་ལུང་དུ་བསྡུས༔ མན་ངག་དམར་ཁྲིད་སྙིང་པོར་བྱས་པ་ཁ་ཆེའི་པཎྜི་ཏ་བི་མ་ལས་གཉགས་ཀྱི་བན་དེ་ལོ་ཙཱ་བ་ཀུ་མཱ་ར་ཛྙཱ་ན་ལ་བོད་ཡུལ་དབུས་ནས་གཏད་དེ་གསང་ཆོས་སུ་གདམས་པ་༔༔༔༔བརྡ་ཡིག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ྀཨཐི༔ བརྡ་ཐིམ༔ མ་འོངས་ཕྱི་མའི་གདུལ་བྱ་ལ་བསམ་ནས་གཏེར་དུ་སྦས་པ་སྨོན་ལམ་ལས་འཕྲོ་དང་ལྡན་པའི་སྐྱེས་བུ་དང་འཕྲད་པར་ཤོག༔ ཅེས་གསུངས་ནས་མཁའ་འགྲོའི་འཕྲུལ་ཡིག་ཏུ་བྲིས་ཏེ་སྦས་སོ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་དངོས་སུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་མདོ་སྨད་བྱང་ཕྱོགས་རེབ་ཀོང་རིག་པའི་འབྱུང་གནས་ཀྱི་བྱེ་བྲག་ཞོ་འོང་སྔགས་མང་གི་གཙུག་ལག་ཁང་གསང་སྔགས་དར་རྒྱས་གླིང་དུ་རྫོགས་པར་གཏན་ལ་ཕབ་པ་ཀསྨི་རའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ། །གུ་ཧྱ་རྒྱ།། | |||
|colophonwylie=rdo rje phur pa'i las kha tshar gyi rim pa rig mchog 'bum sde'i rgyud las lung du bsdus:_man ngag dmar khrid snying por byas pa kha che'i paN+Di ta bi ma las gnyags kyi ban de lo tsA ba ku mA ra dz+nyA na la bod yul dbus nas gtad de gsang chos su gdams pa ::::brda yig:_sa ma ya:_sku'i rgya:_gsung gi rgya:_thugs kyi rgya:_\ithi:_brda thim:_ma 'ongs phyi ma'i gdul bya la bsam nas gter du sbas pa smon lam las 'phro dang ldan pa'i skyes bu dang 'phrad par shog:_ces gsungs nas mkha' 'gro'i 'phrul yig tu bris te sbas so:_ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga las sku yi gsung gi gnas mchog 'og min karma'i gan+d+ho la chen po nas bka' srung ye shes kyi mgon pos dngos su gtad pa'i shog ser las khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pas mdo smad byang phyogs reb kong rig pa'i 'byung gnas kyi bye brag zho 'ong sngags mang gi gtsug lag khang gsang sngags dar rgyas gling du rdzogs par gtan la phab pa kasmi ra'i slob dpon bi ma la mi tras snyan brgyud du gdams pa'o/__/gu h+ya rgya// | |||
|pdflink=File:DKR-KABUM-20-WA-011.pdf | |pdflink=File:DKR-KABUM-20-WA-011.pdf | ||
}} | }} | ||
Line 37: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ ཡི་དམ་རྡོ་རྗེ་ཕུར་པའི་ལས་ཀྱི་ཁ་ཚར་གྱི་སྒྲུབ་ཐབས་བཞུགས་སོ༔ གཉགས་ལོ་ཙཱ་བའི་ལུགས་སོ།། | {{TibP|༁ྃ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ ཡི་དམ་རྡོ་རྗེ་ཕུར་པའི་ལས་ཀྱི་ཁ་ཚར་གྱི་སྒྲུབ་ཐབས་བཞུགས་སོ༔<br> གཉགས་ལོ་ཙཱ་བའི་ལུགས་སོ།།<br><br> | ||
༁ྃ༔ བརྡ་ཡིག ༔ དཔལ་ཁྲག་འཐུང་ཆེན་པོ་ལ་ཕྱག་འཚལ་ལོ༔ དེ་ཡང་སྤྱིར་ཡི་དམ་གྱི་བསྙེན་སྒྲུབ་མཐར་ཕྱིན་པའི་རྣལ་འབྱོར་པས་ལས་གང་བརྩམས་ཀྱང་འགྲུབ་ལ༔ ཁྱད་པར་རྡོ་རྗེ་ཕུར་པ་ནི་ཕྲིན་ལས་ཀྱི་ལྷ་ཡིན་པས་དེ་ལ་བརྟེན་པའི་ལས་གང་བྱས་ཀྱང་མི་འགྲུབ་པ་མེད་པའི་ཕྱིར་དེ་བརྩམ་པའི་ཚུལ་བཤད་པའོ༔ དང་པོ་གཙོ་འཁོར་ཡོངས་རྫོགས་ལ་བརྟེན་ནས་འགལ་རྐྱེན་བཟློག་པ་གཏོར་མའི་ལས་རིམ་ནི༔ ཁྲག་ཆེན་གྱིས་སྐྱང་ནུལ་བྱས་པའི་སྟེགས་བུར་རོ་སོལ་གྱི་རྡུལ་ཚོན་གྱིས་དྲག་པོའི་ཨེ་རྩིབས་བཅུ་པ་ཐོད་རྭ་རྡོ་རྗེའི་ཕྲེང་བ་མེ་རི་བཅས་བྲི༔ ཕྱི་རོལ་དུ་མ་ཏྲཾ་གྱི་གཟུགས་བྱ༔ སྟེང་དུ་ལྕགས་སམ་རུས་སྦལ་གྱི་ཁོག་པར་འབྲུ་ནག་དུག་སྣ་སྦྱར་བའི་ཕྱེ་ཁྲག་གིས་སྦྲུས་པའི་དམར་གཏོར་འཁོར་ལྷ་གྲངས་ཅན་དྲག་པོའི་རྩང་གིས་བསྐོར་བར་རོ་རས་ནག་པོའི་གདུགས་ཕུབ༔ མཆོད་པས་བསྐོར་ལ་དཀྱིལ་འཁོར་དུ་བསྐྱེད་དེ་བསྙེན་བཟླས་རྒྱ་ཆེར་བྱ༔ ཚོགས་དང་གཏོར་མ་བསྐང་བ་རྣམས་དཔུང་བསྐྱེད༔ ཕུར་གདབ་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས༔ ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་པའི་ཞིང་ཁམས་ནས༔ སྣང་སྲིད་འབར་བ་གྲུ་གསུམ་ཨེ་ཡི་ཀློང༔ རྡོ་རྗེའི་བྲག་ཆེན་པདྨ་ཉི་ཟླ་དང༔ བདུད་བཞི་ཕོ་མོ་གན་རྐྱལ་ཁ་སྦུབ་བསྒྱེལ༔ འབར་བ་ཡེ་ཤེས་མེ་ཡི་དཀྱིལ་འཁོར་དབུས༔ མ་བཅོས་རྫོགས་པའི་སངས་རྒྱས་ཀཱི་ལ་ཡ༔ ཕྲིན་ལས་ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་མི་སྡུག་སྲིན་པོ་ཁྲོས་པའི་གཟུགས༔ གར་དགུའི་ཉམས་ལྡན་གདུག་པ་ཐབས་ཀྱིས་འདུལ༔ མཚན་དཔེའི་ཡོན་ཏན་རྫོགས་པས་སྒེག་སྒེག་འདྲ༔ ཁམས་གསུམ་སྤྱི་ནས་གནོན་པས་རྔམ་རྔམ་འདྲ༔ དུར་ཁྲོད་དཔལ་གྱི་ཆས་རྫོགས་དཔའ་དཔའ་འདྲ༔ འཇིགས་རུང་སྐུ་ཡི་ཆོ་འཕྲུལ་རྩལ་ཕྱུངས་ལ༔ སྔོན་གྱི་ཐུགས་དམ་གཉན་པོའི་དུས་ལ་བབ༔ སྣང་བཅས་འདོད་ཁམས་དག་པའི་བྷནྡྷ་རུ༔ ཕུང་ལྔ་རིགས་ལྔར་རྫོགས་པའི་བ་ལིཾ་བཤམས༔ ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་མཆོད་པ་བཞེས༔ འདོད་ཆགས་སྲིད་པའི་རྩ་བ་སྟོང་པར་མཛོད༔ འབར་བའི་ཞལ་གྱི་ཧོམ་ཁུང་གདངས་པ་ལས༔ མཆེ་གཙིགས་ལྗགས་འདྲིལ་དྲག་པོའི་རྐན་སྒྲ་རྡེབ༔ ཧ་ཧའི་གད་མོ་སྒྲོག་པས་རྒོད་རྒོད་འདྲ༔ དྲག་པོའི་བཤུགས་གླུ་འབྱིན་པས་གཤེ་གཤེ་འདྲ༔ སོད་ཆོམ་ང་རོ་སྒྲོགས་པས་འཇིགས་འཇིགས་འདྲ༔ དྲག་ཤུལ་གསུང་གི་ཆོ་འཕྲུལ་རྩལ་ཕྱུངས་ལ༔ རྡོ་རྗེའི་སྔགས་ཀྱི་ཕྲིན་ལས་དུས་ལ་བབ༔ ཕྱེད་སྣང་གཟུགས་ཁམས་དག་པའི་བྷནྡྷ་རུ༔ རླུང་བཅུ་དབུ་མར་བསྐྱིལ་བའི་བ་ལིཾ་བཤམས༔ གསལ་སྟོང་བདེ་བ་ཆེན་པོའི་མཆོད་པ་བཞེས༔ ཞེ་སྡང་འཁྲུལ་རྟོག་བག་ཆགས་གཅོད་པར་མཛོད༔ མི་འགྱུར་རྟོག་བྲལ་ཆོས་ཉིད་ཞི་བའི་ཐུགས༔ རྟག་ཏུ་མི་གཡོ་འོད་གསལ་ཁྱབ་ཅིང་བརྡལ༔ གདུལ་དཀའ་ལྷག་པར་འདུལ་བས་བརྩེ་བརྩེ་འདྲ༔ གཟི་བྱིན་ཕྱོགས་བཅུར་རྒྱས་པས་རྔམ་རྔམ་འདྲ༔ ཀུན་ཁྱབ་ཕྱོགས་ལྷུང་བྲལ་བས་ཞི་ཞི་འདྲ༔ མི་རྟོག་ཐུགས་ཀྱི་དགོངས་པའི་གདེང་བསྐྱེད་ལ༔ ཁམས་གསུམ་དབྱིངས་སུ་སྒྲོལ་བའི་དུས་ལ་བབ༔ མི་སྣང་གཟུགས་མེད་དག་པའི་བྷནྡྷ་རུ༔ དཀར་དམར་ཉི་ཟླ་ཞུ་བའི་བ་ལིཾ་བཤམས༔ བདེ་སྟོང་ལྷན་སྐྱེས་ཡེ་ཤེས་མཆོད་པ་བཞེས༔ གཏི་མུག་གློ་བུར་རྟོག་འཁྲུལ་འཇོམས་པར་མཛོད༔ གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མི་སྡུག་སྲིན་མོ་ལྟར་ཁྲོས་སྡང་སྡང་འདྲ༔ བྷ་ག་ཡབ་ལ་སྟོབ་པས་ཆགས་ཆགས་འདྲ༔ གཅེར་མོ་མྱོས་མའི་ཚུལ་སྟོན་རྨོངས་རྨོངས་འདྲ༔ དུག་གསུམ་རྒྱན་དུ་རྫོགས་པ་སྦྱོར་བའི་ཡུམ༔ མྱུར་མཛད་ཕྲིན་ལས་ཁྲོ་མོའི་དུས་ལ་བབ༔ འཁོར་བ་དབྱིངས་སུ་རྒྱས་འདེབས་ལས་མཛོད་ཅིག༔ རྣམ་ཐར་གསུམ་རྫོགས་པདྨའི་བྷནྡྷ་རུ༔ ཐབས་ཀྱི་རྡོ་རྗེ་སྦྱོར་བའི་བ་ལིཾ་བཤམས༔ བཅུ་དྲུག་དགའ་བཞི་རྫོགས་པའི་མཆོད་པ་བཞེས༔ རྒྱུད་དྲུག་དབྱིངས་སུ་སྦྱོར་བའི་ཕྲིན་ལས་མཛོད༔ གཡོན་ནས་ཡུམ་ཆེན་ཨེ་ཀ་ཙ་ཏི་མ༔ བདེ་སྟོང་ནུ་འཕྱང་བྷ་གའི་དཀྱིལ་འཁོར་རྒྱས༔ འོད་གསལ་སྤྱན་བགྲད་མཆེ་གཙིགས་སྐྱེ་འཆི་གཅོད༔ རྣམ་པར་མི་རྟོག་མུན་པའི་མདོག་ཏུ་སྟོན༔ སྐུ་གསུམ་ཡེ་ཤེས་རྫོགས་པ་སྒྲོལ་བའི་ཡུམ༔ དབྱིངས་ཀྱི་རྒྱལ་མོའི་ཐུགས་དམ་དུས་ལ་བབ༔ ཁམས་གསུམ་ཐིག་ལེ་ཆེན་པོའི་དབྱིངས་སུ་སྒྲོལ༔ ལྕང་ལོ་འཕྱང་བ་རློན་པའི་བྷནྡྷ་རུ༔ དོན་ལྔ་སྣོད་དྲུག་ཤ་རུས་བ་ལིཾ་བཤམས༔ དུག་གསུམ་ཀློང་དུ་དག་པའི་མཆོད་པ་བཞེས༔ བདུད་བཞི་རྩད་ནས་གཅོད་པའི་ཕྲིན་ལས་མཛོད༔ ཕྱོགས་བཅུ་མཐིང་ནག་ཨེ་ཡི་རྩིབས་བཅུ་ལས༔ བར་ཆད་གདོན་འདུལ་དཔལ་ཆེན་ཁྲོ་རྒྱལ་བཅུ༔ རང་རང་བདེ་སྐྱེད་ཡུམ་དང་གཉིས་མེད་སྦྱོར༔ སྤྲུལ་པའི་ཕྲ་མེན་ཉི་ཟེར་རྡུལ་ལྟར་སྤྲོ༔ སྔོན་གྱི་ཐུགས་དམ་གཉན་པོའི་དུས་ལ་བབ༔ ཕ་རོལ་ཕྱིན་བཅུས་སྲིད་པའི་ཉོན་མོངས་ཆོམས༔ སྣང་བ་ཨེ་ཡི་དལ་རྫོགས་བྷནྡྷ་རུ༔ སྲིད་པ་རྡོ་རྗེའི་ལྷར་ཤར་བ་ལིཾ་བཤམས༔ གཉིས་མེད་དག་པ་རབ་འབྱམས་མཆོད་པ་བཞེས༔ ཕྱོགས་བཅུའི་གདོན་ཚོགས་འདུལ་བའི་དུས་ལ་བབ༔ དམར་ནག་ཟླ་གམ་ཁྲག་མཚོ་འཁྱིལ་བ་ནས༔ སྙིང་རྗེས་སྒྲོལ་བའི་སྲས་མཆོག་ཉི་ཤུ་གཅིག༔ རུ་ཏྲ་དམ་སྲིའི་སྙིང་ལ་གཟིར་ཞིང་རོལ༔ གར་དགུའི་རྔམ་པས་སྐལ་པའི་མེ་ལྟར་འབར༔ གདུག་ཅན་སྙིང་རྗེས་བཟུང་ནས་མ་གཏོང་ཞིག༔ མངོན་སྤྱོད་རོལ་པའི་ཕྲིན་ལས་དུས་ལ་བབ༔ མཐིང་ནག་གྲུ་གསུམ་འབར་བའི་བྷནྡྷ་རུ༔ དགྲ་བགེགས་སྙིང་ཁྲག་འཁྲུགས་པའི་བ་ལིཾ་བཤམས༔ བདེ་ཆེན་རྡོ་རྗེའི་དམ་ཚིག་མཆོད་པ་བཞེས༔ ཁམས་གསུམ་སྐུ་གསུམ་དག་པའི་ལས་མཛོད་ཅིག༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀྱི་གྲྭ་བཞི་ནས༔ ཕྲིན་ལས་བཞི་མཛད་རིགས་བཞིའི་ཀཱི་ལ་ཡ༔ ཚད་མེད་ཐུགས་རྗེས་གང་འདུལ་དེར་སྣང་སྟོན༔ རང་རང་སྤྲུལ་པས་ལས་བཞིར་ཐོགས་པ་མེད༔ ཤེས་རབ་སྟོང་ཉིད་དབྱིངས་ཀྱི་བྷནྡྷ་རུ༔ ཐབས་མཆོག་རིག་པ་ཡེ་ཤེས་བ་ལིཾ་བཤམས༔ འདུ་འབྲལ་མེད་པ་རྒྱན་གྱི་མཆོད་པ་བཞེས༔ ཚར་གཅོད་རྗེས་སུ་འཛིན་པའི་དུས་ལ་བབ༔ རང་སྣང་ཡེ་ཤེས་འཁོར་ལོའི་སྒོ་བཞི་ནས༔ ཐོགས་མེད་ལས་མཛད་མ་མོ་སྒོ་མ་བཞི༔ མི་འགྱུར་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ ཆགས་ཐོགས་མེད་པའི་ཐུགས་རྗེའི་ཕོ་ཉ་བསྐུལ༔ འཁོར་བ་མ་སྤངས་དག་པའི་བྷནྡྷ་རུ༔ མྱང་འདས་ཡོན་ཏན་རྫོགས་པའི་བ་ལིཾ་བཤམས༔ སྤང་བླང་ལས་འདས་མཉམ་པའི་མཆོད་པ་བཞེས༔ དྲག་ཤུལ་རོལ་པའི་ཕྲིན་ལས་ད་སྟོན་ཅིག༔ ཁོར་ཡུག་དུར་ཁྲོད་ཁྲག་གི་རྒྱ་མཚོ་ལས༔ ཕུར་པའི་སྲུང་མ་མ་སྲིང་མཁའ་འགྲོ་གིང༔ རང་རང་ལས་མཛད་དཔལ་གྱི་ཐ་ཚིག་ཉོན༔ ཅི་བགྱིས་བཀའ་ཡི་མངག་གཞུག་ཐམས་ཅད་ལ༔ སྐྱེ་འགག་མི་གནས་རང་བྱུང་བྷནྡྷ་རུ༔ རང་གསལ་ཡེ་ཤེས་ཆེན་པོའི་བ་ལིཾ་བཤམས༔ ཀུན་ནས་མི་ཕྱེད་རྡོ་རྗེའི་མཆོད་པ་བཞེས༔ རང་རྩལ་རྩོལ་མེད་ཕྲིན་ལས་མྱུར་དུ་མཛོད༔ རྡོ་རྗེ་གཞོན་ནུ་ཕྲིན་ལས་ཕུར་པ་རོལ༔ སྣང་སྲིད་ཡེ་ཤེས་དག་པའི་འཁོར་ལོར་བཞེངས༔ དྲག་ཤུལ་མངོན་སྤྱོད་རོལ་པ་ཆེན་པོ་ཡི༔ རྡོ་རྗེའི་དམ་ལས་མ་འདའ་ས་མ་ཡ༔ ཞེས་རཀྟ་སྦྲེང་ཞིང་གཏོར་ཆུང་རེ་རེ་བཞིན་ཕུལ་ཏེ་བསྐུལ༔ བཟློག་པའི་ལས་བཅོལ་བ་དངོས་ནི༔ བྷྱོ༔ ནམ་མཁའི་མཐའ་མཉམ་དྲག་པོ་ཨེ་ཡི་ཞིང༔ ཆོས་ཉིད་དབྱིངས་ཀྱི་ཁྲོ་རྒྱལ་མཁའ་ཁྱབ་སྐུ༔ ཡེ་ཤེས་ཕྱག་རྒྱ་གང་འདུལ་ཅིར་ཡང་བསྒྱུར༔ གཙོ་འཁོར་རོལ་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ ཐུགས་རྗེའི་འདུལ་མཛད་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན༔ རྫུ་འཕྲུལ་ཞབས་བགྲད་གར་གྱི་ཉམས་དགུ་ལྡན༔ དབུས་ཞལ་མཐིང་ནག་མཚན་འཛིན་རྟོག་འཁྲུལ་ཟློག༔ གཡས་དཀར་བཞད་པས་ལྷ་གདོན་སྙེམས་བྱེད་ཟློག༔ གཡོན་དམར་གཤེ་བས་གཏི་མུག་ཀླུ་གདོན་ཟློག༔ མདོག་ནག་ཁྲོ་གཉེར་ནག་ཕྱོགས་བདུད་གདོན་ཟློག༔ འབར་བའི་སྤྱན་གྱིས་གཟའ་གདོན་ཧུར་ཐུམ་ཟློག༔ ཁྲོས་པའི་ཤངས་གཉེར་གཤིན་རྗེའི་ཁྲམ་ཁ་ཟློག༔ རྣོན་པོའི་མཆེ་གཙིགས་བཙན་གྱི་གཟེར་ཁ་ཟློག༔ འཁྱུགས་པའི་ལྗགས་གཡོ་མ་མོའི་དལ་ཡམས་ཟློག༔ དབུ་སྐྲ་གྱེན་བརྫེས་རྒྱལ་པོའི་སྨྱོ་འབོག་ཟློག༔ འབར་རྔམ་རོལ་པས་གནོད་སྦྱིན་འཁྲུལ་གདོན་ཟློག༔ རྡོ་རྗེ་རིན་ཆེན་གཤོག་པས་སྟེང་གདོན་ཟློག༔ སྣ་ཚོགས་མཚོན་ཆའི་ཕྱག་གིས་བར་གདོན་ཟློག༔ བརྐྱང་བསྐུམ་ཞབས་ཀྱི་བྲོ་ཡིས་འོག་གདོན་ཟློག༔ སྐུ་ཆེ་ཡན་ལག་རགས་པས་སྣང་སྲིད་གཡོ༔ གསུང་བརྗིད་དྲག་ཤུལ་རོལ་པས་ཁམས་གསུམ་འདར༔ ཐུགས་མཆོག་རྟོག་བྲལ་ཞི་བས་དབྱིངས་ལ་སྤྱོད༔ ངོ་མཚར་རྨད་བྱུང་ཁྲོ་བོའི་རྗེ་བཙན་ཆེ༔ དཔལ་ཆེན་འབར་བ་མངོན་སྤྱོད་ལས་ལ་བཞེངས༔ བཟློག་བསྒྱུར་རོལ་པའི་ཕྲིན་ལས་དུས་ལ་བབ༔ འཁོར་འདས་ཐམས་ཅད་རྡོ་རྗེ་ཕུར་པའི་དབྱིངས༔ ཡེ་ཤེས་ཕྱག་རྒྱའི་ཆོ་འཕྲུལ་ཤུགས་ཕྱུངས་ལ༔ གཉིས་སྣང་གདོན་བགེགས་སྒྲོལ་བའི་དུས་ལ་བབ༔ སྣང་སྲིད་འཁྲུལ་འཁོར་སྡང་བའི་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ ཡུམ་ཆེན་ཁྲོ་མོ་འཁོར་ལོ་རྒྱས་འདེབས་མ༔ ཨུཏྤལ་དུང་ཁྲག་བསྣམས་པས་བདེ་ཆེན་བསྐྱེད༔ ཆོས་ཀུན་མཁའ་དབྱིངས་དག་པའི་རོལ་རྩེད་ཀྱིས༔ སྣང་སྲིད་བདེ་ཆེན་ཕྱག་རྒྱས་རྒྱས་ཐོབ་ཅིག༔ སྒྲོལ་བའི་ཡུམ་མཆོག་མ་མོ་ཨེ་ཀ་ཙ༔ ཡེ་ཤེས་ལས་དང་འཇིག་རྟེན་ཕོ་ཉ་སྤྲོས༔ སྲིད་པ་མོ་རྒྱུད་འཁྲུགས་པའི་གདོན་བགེགས་དགྲ༔ ཀུན་ཀྱང་བདེ་སྟོང་རྡོ་རྗེའི་དབྱིངས་སུ་ཟློག༔ ཧཱུྃ་བྷྱོ༔ སྟེང་གི་ཁྲོ་ཆེན་བུདྡྷ་ཧཱུྃ་ཀཱ་ར༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ ལས་མཛད་ཕྲ་མེན་ཕག་དང་རྨིགས་བུ་ཅན༔ སྟེང་ཕྱོགས་སྣང་མཛད་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཚངས་པའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ཤར་གྱི་ཁྲོ་ཆེན་རྡོ་རྗེ་རྣམ་པར་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྙེམས་མར་སྦྱོར༔ ལས་མཛད་ཕྲ་མེན་སྟག་དང་བྱ་རྒོད་ཅན༔ ཤར་ཕྱོགས་རྡོ་རྗེའི་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དྲི་ཟའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ཤར་ལྷོ་ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྡེར་མོ་མ༔ ལས་མཛད་ཕྲ་མེན་གཡག་དང་བྱ་རོག་མགོ༔ ཤར་ལྷོའི་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མེ་ལྷའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ལྷོ་ཡི་ཁྲོ་ཆེན་རཏྣ་གཤིན་རྗེ་གཤེད༔ གཉིས་མེད་ཡུམ་ཆེན་དུར་ཁྲོད་བདག་མོར་སྦྱོར༔ ལས་མཛད་ཕྲ་མེན་ཤ་བ་འུག་པའི་མགོ༔ ལྷོ་ཕྱོགས་རིན་ཆེན་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གཤིན་རྗེའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ལྷོ་ནུབ་ཁྲོ་བོ་ཆེན་པོ་མི་གཡོ་མགོན༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ ལས་མཛད་ཕྲ་མེན་གཟིག་དང་ཁ་ཏྭའི་མགོ༔ ལྷོ་ནུབ་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྲིན་པོའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ནུབ་ཕྱོགས་ཁྲོ་ཆེན་པདྨ་རྟ་མགྲིན་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་ཙཎྜ་ལི༔ ལས་མཛད་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ནུབ་ཕྱོགས་པདྨ་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཀླུ་ཡི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ནུབ་བྱང་ཁྲོ་བོ་ཆེན་པོའི་འདོད་པའི་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ ལས་མཛད་ཕྲ་མེན་སྤྱང་ཀི་ཁྲ་མགོ་མ༔ ནུབ་བྱང་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རླུང་ལྷའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ བྱང་ཕྱོགས་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ ལས་མཛད་ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ བྱང་ཕྱོགས་ལས་རབ་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གནོད་སྦྱིན་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ ལས་མཛད་ཕྲ་མེན་དོམ་དང་སྲེ་མོང་མགོ༔ བྱང་ཤར་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དབང་ལྡན་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ འོག་ཕྱོགས་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྐྱོད་བྱེད་མ༔ ལས་མཛད་ཕྲ་མེན་དྲེད་དང་བྱི་བའི་མགོ༔ འོག་ཕྱོགས་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ས་བདག་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ཧཱུྃ་བྷྱོ༔ དམར་ནག་ཟླ་གམ་དབང་གི་ཞིང་ཁམས་ཀྱི༔ གཡས་ཕྱོགས་སྐུ་ཡི་སྲས་བདུན་ལྗང་ལ་གཏུམ༔ གཡོན་ནས་གསུང་གི་སྲས་བདུན་དམར་ལ་རྔམ༔ མདུན་དུ་ཐུགས་ཀྱི་སྲས་བདུན་མཐིང་ནག་འབར༔ ཟག་མེད་གསང་བས་ཁམས་གསུམ་སྙིང་རྗེས་བསྒྲལ༔ སྲིད་པ་རྡོ་རྗེ་ཕུར་པའི་ཁྲོ་བོ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྒོ་གསུམ་འཁྲུལ་པ་སྐུ་གསུམ་ཀློང་དུ་ཟློག༔ སྟེང་འོག་བར་གདོན་ཆག་ཆེ་ཉམ་ང་ཟློག༔ ཧཱུྃ་བྷྱོ༔ ཁྲག་འཐུང་རོལ་པའི་ཞིང་གི་ཕྱོགས་བཞི་ནས༔ ཐོགས་མེད་ལས་བཞི་སྒྲུབ་མཛད་རིགས་བཞིའི་སྐུ༔ འབར་བའི་ཁྲོ་རྒྱལ་ཆེན་པོ་རྣམ་པ་བཞིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྟག་ཆད་མཐའ་བཞིའི་འཁྲུལ་སྣང་ལས་བྱུང་བའི༔ བར་ཆད་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀྱི་སྒོ་བཞི་ནས༔ ཚད་མེད་བཞི་ལྡན་ཕོ་ཉ་མཁའ་འགྲོ་བཞི༔ ཕྲ་མེན་སྤྲུལ་པའི་ཌཱ་ཀི་ཆེན་མོ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྱོགས་མཚམས་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་མུ་རན་སྐྱོང་བའི་མངག་གཞུག་ཆེ༔ ཕུར་པའི་སྲུང་མར་ཞལ་བཞེས་དམ་ཚིག་ཅན༔ མ་མོ་ཆེན་མོ་བཅུ་གཉིས་དཔུང་དང་བཅས༔ འབར་བའི་ཆོ་འཕྲུལ་ཐོགས་མེད་ཅིར་ཡང་སྟོན༔ སྔོན་ཚེ་ཕུར་པ་གྲུབ་པའི་རིག་འཛིན་གྱིས༔ སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རེ་ཏི་ཕོ་ཉ་ཤྭ་ན་མཆེད་བཞི་ནི༔ ལྕགས་ཀྱི་སྤྱང་མོ་འཇིགས་པའི་མགོ་དགུ་མ༔ དེ་ལ་འཇིགས་པའི་ལྕགས་ཀྱི་མི་མོས་ཞོན༔ ལག་ན་ལྕགས་ཕུར་འདྲིལ་ཞིང་དགྲ་ལ་འདེབས༔ ཤྭ་ན་མུ་ཁ་ཁྱོད་ཀྱི་དུས་ལ་བབ༔ དགྲ་བོ་སྒྲོལ་ཞིང་གདོན་བགེགས་ཟློག་པར་མཛོད༔ གསེར་གྱི་འཕར་བ་འཇིགས་པའི་ལྕེ་བརྒྱད་མ༔ དེ་ལ་གསེར་གྱི་མི་མོ་འཇིགས་པས་ཞོན༔ ལག་ན་གསེར་ཕུར་འདྲིལ་ཞིང་དགྲ་ལ་འདེབས༔ སྲི་ལ་མུ་ཁ་ཁྱོད་ཀྱི་དུས་ལ་བབ༔ དགྲ་བོ་སྒྲོལ་ཞིང་གདོན་བགེགས་ཟློག་པར་མཛོད༔ ཟངས་ཀྱི་ཝ་མོ་རྒྱུག་པའི་རྐང་གསུམ་མ༔ དེ་ལ་ཟངས་ཀྱི་མི་མོ་གཏུམ་མོས་ཞོན༔ ལག་ན་ཟངས་ཀྱི་ཕུར་འདྲིལ་དགྲ་ལ་འདེབས༔ ཀྲྀ་ཏ་མུ་ཁ་ཁྱོད་ཀྱི་དུས་ལ་བབ༔ དགྲ་བོ་སྒྲོལ་ཞིང་གདོན་བགེགས་ཟློག་པར་མཛོད༔ གཡུ་ཡི་ཁྱི་མོ་གཡུ་རལ་མཆེ་གཙིགས་ཅན༔ དེ་ལ་གཡུ་ཡི་མི་མོ་གདུག་པས་ཞོན༔ ལག་ན་གཡུ་ཕུར་འདྲིལ་ཞིང་དགྲ་ལ་འདེབས༔ ཤྲི་གཾ་མུ་ཁ་ཁྱོད་ཀྱི་དུས་ལ་བབ༔ དགྲ་བོ་སྒྲོལ་ཞིང་གདོན་བགེགས་ཟློག་པར་མཛོད༔ ཧཱུྃ་བྷྱོ༔ ནམ་གུང་ལས་བྱེད་རེ་ཏི་སྲིད་རྒྱལ་བཞི༔ མཐིང་ནག་འཇིགས་བྱེད་དཔལ་ལྡན་རེ་མ་ཏི༔ མཆོག་ཕུར་འདྲིལ་བ་དགྲ་བོའི་མགོ་ལ་རྒྱོབ༔ དྲེལ་རྟ་ཞོན་ནས་སྟོང་གསུམ་ཡུད་ཀྱིས་བསྐོར༔ ལྟས་ངན་བརྒྱད་ཅུའི་གནོད་པ་དགྲ་ལ་ཟློག༔ ཟ་བྱེད་ཆེན་མོ་དཔལ་ལྡན་རེ་མ་ཏྲི༔ གསེར་གྱི་ཟོར་བས་དགྲ་བགེགས་ཕྱགས་མས་འདེབས༔ གསེར་ཤ་ཞོན་ནས་འཇིག་རྟེན་ཀུན་ཏུ་ཉུལ༔ ཆག་ཆེ་ཉམ་ང་ཐམས་ཅད་དགྲ་ལ་ཟློག༔ ཕུང་བྱེད་ཆེན་མོ་དཔལ་ལྡན་རེ་མ་ཛཿ ཁྲམ་ཤིང་ནད་རྐྱལ་དམ་ཉམས་དགྲ་ལ་འདེབས༔ ཆུ་གླང་རྔ་མོང་ཞོན་ནས་ཕྱོགས་བཅུར་རྒྱུག༔ རྨི་ལམ་མཚན་ལྟས་ངན་ཀུན་དགྲ་ལ་ཟློག༔ ལས་མཁན་ཆེན་མོ་དཔལ་ལྡན་རེ་མ་ཛུ༔ ཁྲམ་བྱང་དམར་ནག་དགྲ་བོ་རིས་སུ་བྲིས༔ ལྟས་ངན་རྔ་མོང་ཞོན་ནས་ཁམས་གསུམ་ཉུལ༔ རིམས་ཡམས་དལ་ནད་ཐམས་ཅད་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ ཐོ་རངས་ལས་མཁན་བདག་ཉིད་ཆེན་མོ་བཞི༔ རྡོ་རྗེ་ཡ་བྱིན་བདུད་རྟ་ནག་པོ་ཞོན༔ ལྕགས་ཀྱི་ཕུར་པའི་ཚྭ་ཚྭ་དགྲ་ལ་འདེབས༔ སྲིད་པའི་མ་མོའི་ཁྲམ་ཁ་དགྲ་ལ་བྷྱོ༔ རྡོ་རྗེ་དེ་བྱིན་གཟའ་རྟ་དམར་པོ་ཞོན༔ གསེར་ཕུར་འདྲིལ་ཞིང་ཞགས་པས་དགྲ་བགེགས་འཆིང༔ ཕུང་དལ་མ་ཡམས་ལྟས་ངན་དགྲ་ལ་བྷྱོ༔ རྡོ་རྗེ་བསེ་བྱིན་གློག་དམར་རྟ་ལ་ཞོན༔ ལྕགས་ཀྱུས་དགྲ་སྙིང་འདྲེན་ཞིང་ཕུར་པ་འདེབས༔ མཚོན་གྲུ་དུག་རླངས་སྡང་བའི་དགྲ་ལ་བྷྱོ༔ རྡོ་རྗེ་ཕག་བྱིན་ཀླུ་རྟ་སྔོན་ནག་ཞོན༔ ཞགས་པས་དགྲ་བོ་འཆིང་ཞིང་མཆོག་ཕུར་འདེབས༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ༔ ཐབས་ཀྱི་སྲིན་པོ་གཤིན་རྗེ་བདུད་གནོད་སྦྱིན༔ ལག་ན་གྲི་རིང་ཕུར་ཐོགས་དགྲ་མགོ་གཅོད༔ ཉམས་པའི་ཤ་ཁྲག་ཟས་སུ་ད་ཟོ་ལ༔ ཕྱོགས་བཞིའི་གདོན་གྱི་གནོད་པ་ཟློག་ཅིང་སྒྱུར༔ ཤར་ལྷོ་ནུབ་བྱང་རྒྱུ་བའི་བདུད་ཆེན་བཞི༔ དཀར་སྔོན་ལྗང་ནག་འཇིགས་རུང་སྐྱེས་བུའི་གཟུགས༔ ལག་ན་ཕུར་ཐོགས་གཅིག་ཏུ་དགྲ་ལ་རྔམས༔ མི་མཐུན་གནོད་པ་ཐམས་ཅད་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ ཕྱོགས་བཞིའི་མིང་པོ་གིང་ཆེན་སྡེ་བཞི་ནི༔ རང་མདོག་ཁྲོ་ཚུལ་སྟོན་ཅིང་མཚོན་ཆ་ཐོགས༔ སྲིན་པོའི་གནོད་པ་གཤིན་རྗེའི་ཁྲམ་ཁ་སྟོན༔ ཀླུ་ཡི་མཛེ་རིགས་ཀིང་ཀང་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ དགེ་བསྙེན་ཆེན་པོ་ཉི་ཤུ་རྩ་གཅིག་ནི༔ སྐུ་ཡི་དགེ་བསྙེན་ཆེན་པོ་དཀར་པོ་བདུན༔ གསུང་གི་དགེ་བསྙེན་ཆེན་པོ་དམར་པོ་བདུན༔ ཐུགས་ཀྱི་དགེ་བསྙེན་ཆེན་པོ་ནག་པོ་བདུན༔ ཀུན་ཀྱང་གོ་ཁྲབ་སྲ་ལ་རྣོ་མཚོན་ཐོགས༔ འཁོར་གསུམ་སྐེད་བསྐོར་བ་དན་ཕུར་པ་འཕྱར༔ རང་མདོག་རྟ་ཞོན་ཀི་བསྭོ་དམག་དཔུང་སྤྲོ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་གནོད་པ་ཟློག༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་མཐའ་སྐྱོང་དབང་ཕྱུག་ཉི་ཤུ་བརྒྱད༔ འཇིག་རྟེན་དྲེགས་པ་ཡོངས་ཀྱི་ཆུང་མ་སྟེ༔ འཁོར་འདས་སོ་མཚམས་འཛིན་པའི་མ་མོའི་ཚུལ༔ གཡག་གི་མགོ་སོགས་ཕྲ་མེན་མི་བཟད་མ༔ མཚོན་ཆ་ཐོགས་ནས་སྲིད་གསུམ་ཕོ་ཉས་བཀང༔ ལས་བཞིའི་རོལ་པས་ཕྱོགས་མཚམས་དགྲ་བགེགས་ཟློག༔ དཔལ་གྱི་བཀའ་བཞིན་སྣང་སྲིད་བྷྱོ་ཡིས་ཐོབ༔ དེ་ནི་ཆོས་ཅན་རྟགས་ཀྱི་བཟློག་པའི་བྱང་བུའོ༔ ས་མ་ཡ༔ ཧཱུྃ་བྷྱོ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཅུ་སྟོང་གི་འཇིག་རྟེན་ཁམས༔ ཀུན་ཀྱང་རྡོ་རྗེ་ཕུར་པའི་ཞིང༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ རྡོ་རྗེ་ཕུར་པ་དབྱིངས་ཀྱི་ལྷ༔ ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཕེན༔ ཞལ་ནས་ཕུར་པའི་ཛཔ་བཟླ་ཞིང༔ རྔམ་པའི་སྟང་སྟབས་ཁྲིགས་སེ་ཁྲིག༔ སྣང་སྲིད་ཁྲོ་བོའི་ཞིང་དུ་ཤར༔ ཀུན་ཀྱང་འཇིགས་མཛད་ཁྲག་འཐུང་ཆེ༔ སྐུ་ནི་མ་ངེས་ཅིར་ཡང་འགྱུར༔ ཡེ་ཤེས་སྐུ་ལ་ཕྱོགས་རིས་མེད༔ ཁ་དོག་སྣ་ཚོགས་མ་འདྲེས་སྟོན༔ ཞལ་དང་ཕྱག་ནི་ཅི་འདོད་སྣང༔ ནམ་མཁའ་ཁྱབ་པའི་རྡོ་རྗེའི་གཟུགས༔ སྣང་སྟོང་མི་ཕྱེད་མཉམ་པ་ཉིད༔ གཙོ་དང་འཁོར་དུ་བསམ་ཡས་སྟོན༔ སྐུ་གཅིག་ཞིང་ཁམས་རབ་འབྱམས་ཁྱབ༔ ཞིང་ཀུན་བ་སྤུ་གཅིག་ཏུ་རྫོགས༔ ཕྱོགས་བཅུའི་ཞིང་རེར་སྐུ་དུ་མ༔ མ་ངེས་ཆོ་འཕྲུལ་བསམ་ཡས་པ༔ སྣང་བ་རྡོ་རྗེ་གཞོན་ནུ་ཡིས༔ དེ་རིང་བཟློག་པའི་ཕྲིན་ལས་མཛོད༔ གཟུགས་ཕུང་རྟག་པའི་རྒྱལ་པོ་སྟེ༔ དེ་བཞིན་གཤེགས་པ་ཀཱི་ལ་ཡ༔ ཚོར་བ་རྡོ་རྗེ་ཉི་མ་ནི༔ རིན་ཆེན་འོད་འཕྲོ་ཀཱི་ལ་ཡ༔ འདུ་ཤེས་གར་གྱི་དབང་ཕྱུག་ཆགས༔ པདྨ་མཐའ་ཡས་ཀཱི་ལ་ཡ༔ འདུ་བྱེད་རྟ་ཡི་རྒྱལ་པོའི་རིགས༔ ལས་ཀྱི་རིགས་སྟོན་ཀཱི་ལ་ཡ༔ རྣམ་ཤེས་ཧེ་རུ་ཀ་དཔལ་ཆེ༔ རྡོ་རྗེ་འཛིན་པ་ཀཱི་ལ་ཡ༔ ཡེ་ཤེས་དྲུག་པའི་རིགས་ཆེན་པོ༔ ཁྱབ་བདག་སེམས་དཔའ་ཀཱི་ལ་ཡ༔ སྤྲུལ་པའི་ཕོ་ཉར་བཅས་པ་ཡང༔ དབྱིངས་ནས་དགོངས་པའི་རྩལ་མ་ཞན༔ ཐུགས་རྗེ་དྲག་ཤུལ་རྔམ་པ་ཡིས༔ སྣང་བཅས་འདོད་ཁམས་འཁྲུལ་རྟོག་གི༔ ལུས་ཀྱི་ན་ཚ་ངན་པ་ཟློག༔ གཟུང་འཛིན་རྩ་ཡི་ཉེར་ལེན་ལས༔ བྱུང་བའི་སྲིད་པའི་སྣང་ཆ་ཟློག༔ འདོད་ཆགས་སེམས་ཀྱི་རྣམ་རྟོག་ལས༔ སྡེ་བརྒྱད་བསེན་མོའི་གནོད་པ་ཟློག༔ བཟློག་གོ་ཕྱི་ནང་བར་ཆད་ཟློག༔ བསྒྱུར་རོ་སྣང་སྲིད་ཞིང་དུ་བསྒྱུར༔ ཕྱག་རྒྱ་གཉན་པོའི་དམ་ཚིག་ལས༔ ཀུན་ཀྱང་མ་འདའ་ས་མ་ཡ༔ ཧཱུྃ་བྷྱོ༔ ཇི་སྙེད་འཇིག་རྟེན་རབ་འབྱམས་ན༔ གྲགས་པའི་སྒྲ་རུ་ཤར་བ་ཀུན༔ ཤར་དུས་ཉིད་ནས་སྟོང་པ་ཉིད༔ གྲགས་སྟོང་སྐྱེ་མེད་རྡོ་རྗེའི་སྒྲ༔ ངོ་བོ་ནཱ་དའི་ཆོས་ཉིད་དེ༔ རྣམ་པ་དྲག་པོ་སྔགས་ཀྱི་སྒྲ༔ ལས་ཀུན་བྱེད་ལ་ཐོགས་པ་མེད༔ གསུང་གི་རྡོ་རྗེ་ཅིར་ཡང་འཆར༔ ངོ་མཚར་རྡོ་རྗེ་གསང་བའི་ཚིག༔ ཨེ་མ་རྨད་དུ་བྱུང་བ་ནི༔ ཀཱི་ལ་ཡ་ཡི་སྔགས་སུ་རྫོགས༔ བཟླས་ཤིང་དམོད་པའི་ནུས་མཐུ་ཡིས༔ དེ་རིང་བཟློག་པའི་ལས་མཛོད་ཅིག༔ བདེ་གཤེགས་ཛཔ་ནི་འགྱུར་བ་མེད༔ རིན་ཆེན་ཛཔ་དབྱངས་ཀུན་ཁྱབ་རྒྱས༔ པདྨའི་ཛཔ་བཟླས་འགག་མེད་སྒྲོག༔ ལས་ཀྱི་ཛཔ་ནི་ཐོགས་མེད་སྒྲོག༔ རྡོ་རྗེའི་ཛཔ་དབྱངས་དབྱིངས་སུ་ཞི༔ རང་སྣང་ཀུན་ཁྱབ་ཡི་གེ་ཆེ༔ ཅིར་ཡང་འབྱུང་ཞིང་འཆར་བ་ཡི༔ རྣམ་པ་ཐམས་ཅད་འཁོར་ལོ་ཆེས༔ འོད་གསལ་གཟུགས་ཁམས་སྲིད་པ་ཡི༔ བྱུང་བའི་འཁྲུལ་སྣང་རྒྱུར་བཅས་ཟློག༔ རླུང་བཅུ་བསྐྱེད་དང་སྡུད་པ་ཡིས༔ རྣམ་རྟོག་སེམས་ཀྱི་བཞོན་པ་ཟློག༔ ཞེ་སྡང་ཀུན་རྟོག་འབར་བ་ལས༔ སྡེ་བརྒྱད་རྒྱལ་འགོང་གནོད་པ་ཟློག༔ བཟློག་གོ་ཕྱི་ནང་བར་ཆད་ཟློག༔ བསྒྱུར་རོ་སྒྲ་གྲགས་སྔགས་སུ་སྒྱུར༔ ཆོས་ཀྱི་ཕྱག་རྒྱའི་དམ་ཚིག་ལས༔ ཀུན་ཀྱང་མ་འདའ་ས་མ་ཡ༔ ཧཱུྃ་བྷྱོ༔ ཕྱོགས་བཅུའི་ཞིང་གི་སྐྱེ་འགྲོ་ཡི༔ ཡིད་ཀྱི་རྟོག་པའི་འགྱུ་བ་ཀུན༔ སྐྱེ་འགག་གནས་མེད་འགྲོ་འོང་བྲལ༔ ཆོས་ཉིད་ཀློང་ནས་སྐྱེ་འགག་གནས༔ ཤར་ཡང་གང་དུ་མི་གནས་པ༔ སྟོང་པའི་ཡེ་ཤེས་བདེ་བར་ཤར༔ འོད་གསལ་སྣང་བ་བསམ་ཡས་འཕྲོ༔ རྟོག་པ་མེད་ཅིང་བློ་ལས་འདས༔ ཡེ་ཤེས་ལྔ་རུ་འཆར་ཞིང་གསལ༔ ཆོས་ཀྱི་དབྱིངས་ནི་རྟོག་པ་བྲལ༔ མེ་ལོང་ལྟ་བུར་འགག་པ་མེད༔ མཉམ་པ་ཉིད་ལ་བླང་དོར་ཟད༔ སོ་སོར་ཀུན་ཏུ་རྟོག་པ་གསལ༔ རྩོལ་མེད་བྱ་བ་ལྷུན་གྱིས་གྲུབ༔ རང་བྱུང་རང་ཤར་གཅིག་ཏུ་སྟོན༔ ཐུགས་རྗེའི་མཐུ་དང་ནུས་པ་ཕྱུངས༔ ཐོགས་པ་མེད་པའི་ལས་མཛོད་ཅིག༔ མི་རྟོག་གཟུགས་མེད་ཁམས་གནས་པའི༔ ཀུན་འབྱུང་སེམས་ཀྱི་འཁྲུལ་པ་ཟློག༔ ཟག་བཅས་ཐིག་ལེ་གཡོས་པ་ཡིས༔ སྣང་གསུམ་ཡིད་ཀྱི་བག་ཆགས་ཟློག༔ རྟོག་པའི་གཏི་མུག་མ་རིག་གདོན༔ སྡེ་བརྒྱད་ཀླུ་ཡི་གནོད་པ་ཟློག༔ བཟློག་གོ་ཕྱི་ནང་བར་ཆད་ཟློག༔ བསྒྱུར་རོ་དྲན་རྟོག་ཡེ་ཤེས་སྒྱུར༔ ཕྱག་རྒྱ་ཆེན་པོའི་དམ་ཚིག་ལས༔ ཀུན་ཀྱང་མ་འདའ་ས་མ་ཡ༔ ཧཱུྃ་བྷྱོ༔ ཁམས་གསུམ་མ་ལུས་སྐུ་གསུང་ཐུགས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཀུན་ཀྱང་དག་པ་ཡེ་ཤེས་ཆེ༔ ཡེ་ཤེས་ལ་ནི་ཡེ་ཤེས་རོལ༔ གཉིས་སུ་མེད་ཀྱང་གཉིས་མེད་སྟོན༔ གཉིས་མེད་མཉམ་པའི་ཆོ་འཕྲུལ་ནི༔ ཆོས་ཀྱི་དབྱིངས་ལས་འབྱུང་ཞིང་གནས༔ རྟག་ཏུ་འཕོ་འགྱུར་མེད་པ་ལ༔ ཕྱི་སྣོད་འབྱུང་བཞི་འཁྲུགས་པའི་དགྲ༔ ཡུམ་ཆེན་ལྔ་ཡི་མཁའ་རུ་ཟློག༔ ནང་བཅུད་ཕུང་ལྔའི་སྡུག་ཀུན་གདོན༔ རིགས་མཆོག་ཡེ་ཤེས་ལྔ་རུ་ཟློག༔ ཡུལ་དབང་སྐྱེ་མཆེད་རྣམ་ཤེས་ཀྱི༔ ཉེར་ལེན་གནོད་པ་དབྱིངས་སུ་ཟློག༔ བྱ་བྱེད་རྟག་ཆད་མཚན་མའི་བློ༔ ཚད་མེད་སྒོ་བཞིའི་ཀློང་དུ་ཟློག༔ བཟློག་པའི་མཚན་མ་མ་དམིགས་ཀྱང༔ གདོད་ནས་ངོ་བོ་སྟོང་པ་ཉིད༔ བསྒྱུར་བའི་རྣམ་རྟོག་མ་མཆིས་ཏེ༔ མཚན་མའི་འདུ་བྱེད་ཡེ་མི་གནས༔ གཉིས་མེད་མཉམ་པའི་ཆོས་ཉིད་ལ༔ ཐོབ་དང་སྨོན་པའི་ཡུལ་ཀུན་བྲལ༔ མི་གནས་རྡོ་རྗེ་གཞོན་ནུ་ཡིས༔ འདུ་བྱེད་གློ་བུར་རྟོག་པ་ཟློག༔ སྐྱེ་མེད་འཁོར་ལོ་རྒྱས་འདེབས་མས༔ ཆོས་སུ་འཛིན་པའི་ཀུན་རྟོག་ཟློག༔ ཁྲོ་བོ་རྡོ་རྗེ་ཧཱུྃ་ཀཱ་རས༔ གཟུང་བ་ཡུལ་གྱི་འཆིང་བ་ཟློག༔ རྡོ་རྗེ་རྣམ་པར་རྒྱལ་བ་ཡིས༔ ཞེ་སྡང་མེ་ལོང་དབྱིངས་སུ་ཟློག༔ ཁྲོ་བོ་གཤིན་རྗེ་གཤེད་ཆེན་གྱིས༔ ང་རྒྱལ་མཉམ་ཉིད་དབྱིངས་སུ་ཟློག༔ ཁྲོ་བོ་རྟ་མགྲིན་རྒྱལ་པོ་ཡིས༔ འདོད་ཆགས་སོར་རྟོག་དབྱིངས་སུ་ཟློག༔ ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས༔ ཕྲག་དོག་བྱ་གྲུབ་དབྱིངས་སུ་ཟློག༔ ཁྲོ་བོ་དབྱུག་པ་སྔོན་པོ་ཡིས༔ ཀློང་གྱུར་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་མི་གཡོ་མགོན་པོ་ཡིས༔ འདའ་དཀའ་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་འདོད་པའི་རྒྱལ་པོ་ཡིས༔ དབྱིངས་གྲོལ་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས༔ མཐའ་གྲོལ་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་སྟོབས་ཆེན་འབར་བ་ཡིས༔ འཛིན་པ་སེམས་ཀྱི་ཞེན་རྟོག་ཟློག༔ ཕྲ་མེན་ཆེན་མོ་ཉི་ཤུ་ཡིས༔ ཉེ་བའི་ཉོན་མོངས་དབྱིངས་སུ་ཟློག༔ དཔལ་གྱི་སྲས་མཆོག་ཉེར་གཅིག་གིས༔ དུག་གསུམ་རྒྱུ་འབྲས་མ་ལུས་ཟློག༔ རིགས་བཞིའི་ཁྲོ་རྒྱལ་ཆེན་པོ་ཡིས༔ མཐའ་བཞིའི་རྟོག་པ་དབྱིངས་སུ་ཟློག༔ སྒོ་སྲུང་ཁྲོ་མོ་ཕྲ་ཐབས་བཞིས༔ བདུད་བཞི་ཡེ་ཤེས་ཀློང་དུ་ཟློག༔ ཕུར་སྲུང་དབང་མོ་བཅུ་གཉིས་ཀྱིས༔ བདེན་དོན་དབུ་མའི་དབྱིངས་སུ་ཟློག༔ བཟློག་གོ་གཞི་དབྱིངས་ཀློང་དུ་ཟློག༔ བསྒྱུར་རོ་གཞི་སྣང་ཡེ་ཤེས་བསྒྱུར༔ འཁྲུལ་པ་ཀ་དག་ཆེན་པོ་ལ༔ ལྷུན་གྲུབ་འོད་གསལ་ཕྱག་རྒྱས་ཐོབ༔ འཁོར་འདས་བདེ་ཆེན་རྡོ་རྗེ་ལས༔ ཀུན་ཀྱང་མ་འདའ་ས་མ་ཡ༔ དེ་ནི་ཆོས་ཉིད་དོན་གྱི་བཟློག་པའི་བྱང་བུའོ༔ ས་མ་ཡ༔ དེའི་ཚེ་དྲག་པོའི་གསང་སྔགས་ཀྱང་བཟླ་སྟེ་དེ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ དཔོན་སློབ་ཐམས་ཅད་ཀྱིས་ཕུར་པ་ཕྱོགས་བཅུར་གཟིར་ཞིང་རྩེ་གཅིག་ཏུ་བཟླ་བ་ནི་སྔགས་དང་ཕྱག་རྒྱ་ཟབ་མོས་བཟློག་པའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ དེ་ནས་ཁྲོ་བོ་བཅུ་ལ་བརྟེན་ནས་སྲུང་བའི་ལས་རིམ་ནི༔ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ འཕྲོས་པའི་འོད་ཀྱིས་ཁྲོ་བཅུ་བསྐུལ༔ ཁྲོ་བོ་བཅུ་ཡིས་རང་འདྲའི་སྐུ༔ ཕྱོགས་བཅུའི་ཁྱོན་སྤྲོས་གདོན་ཚོགས་བཏུལ༔ གནད་ལ་བཀར་ཞིང་འབངས་སུ་བཀོལ༔ བཀའ་ལ་མི་ཉན་འབྱུང་པོའི་ཚོགས༔ ཕུར་ཐུན་སེར་བས་རྨིང་མེད་བཅོམ༔ ཁྲོ་རྒྱལ་ཚུར་འདུས་ཕྱོགས་མཚམས་ཀུན༔ ཁྲོ་བོའི་དམག་གི་གུར་དུ་འཁྲིགས༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཕུར་བུ་ཡི༔ གུར་ཆེན་རིམ་པ་དྲུག་གིས་གཏམས༔ བར་མཚམས་མེད་པའི་ཐོག་ཟེར་འཕྲོ༔ ཕྱི་རོལ་ཡེ་ཤེས་བསྐལ་མེ་ནི༔ ཁ་དོག་ལྔ་ལྡན་ཤུགས་དྲག་ཏུ༔ འུར་འུར་ཆེམ་ཆེམ་འབར་བ་ཡིས༔ མི་ཤིགས་སྲ་བརྟན་གུར་ནང་དུ༔ བདག་ཅག་དཔོན་སློབ་སྲུང་བྱ་ཀུན༔ ཚུད་དེ་དཔལ་ཆེན་སྲོག་དང་འདྲེས༔ གནོད་པ་གང་གིས་མི་ཚུགས་པའི༔ ཡེ་ཤེས་ཕྱག་རྒྱས་བཏབ་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ སྟེང་ཕྱོགས་ཚངས་པའི་གདོན་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ྄༔ མ་མ་བཛྲ་ཀཱ་ཝ་ཙི་རཀྵ་རཀྵ༔ དེས་འགྲེས་ཏེ༔ ཤར་ཕྱོགས་དྲི་ཟའི་གདོན་སོགས་ཁ་བསྒྱུར་བ་ཁྲོ་བོ་བཅུ་རེ་རེ་བཞིན་སྦྱར་ཏེ་བཟླས་པས་འགལ་རྐྱེན་མཐའ་དག་སྲུང་བའི་ཐབས་ཟབ་མོ་ཏིང་འཛིན་ཁོ་ནས་ལས་བྱེད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་ཧཱུྃ་ཀཱ་ར་ལ་བརྟེན་ནས་སེར་བ་དབབ་པའི་ལས་རིམ་ནི༔ ཐོད་པ་མཚན་ངན་དུམ་བུ་དྲུག་པའི་ནང་དུ་ཁྲག་གིས་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཨ་ཛི་ཏེ་ཛ་ཡེ་བི་ཛ་ཡེ་ཀ་ཏཾ་ཀ་ཡེ་ཞེས་བྲི༔ མུ་ཁྱུད་ལ་ཀཱི་ལ་ཡ༔ རྩིབས་བརྒྱད་ལ་ཕྱོགས་མཚམས་ཀྱི་ཁྲོ་བོའི་སྔགས༔ ཕྱོགས་བཞིའི་རྩིབས་ལ་སྟེང་འོག་གི་ཁྲོ་བོ༔ མཚམས་ཀྱི་མཆན་དང་མུ་ཁྱུད་ལ་དྲག་སྔགས་ཀྱིས་བསྐོར༔ དཔྲལ་བར་ཨོཾ་ལཾ་བྲི༔ སེང་ལྡིང་གི་ཕུར་པའི་མགོ་བོར་ཨོཾ༔ རྒྱ་མདུད་ལ་ཀཱི་ལ་ཡ་འབྲུ་དགུ༔ བཅུམ་གཞོག་ལ་ཁྲོ་བཅུ༔ རྒྱ་མདུད་འོག་མར་ཆུ་སྲིན་ཁ་སྦྱར༔ དབལ་གྱི་ལོགས་སུ་ཤྭ་ན་བདག་ཉིད་ས་བདག་གི་སྔགས་བཅས་བྲིས་ལ་ཐོད་པའི་ནང་དུ་ཕུར་པ་བཅས་དལ་གྱི་དབུས་སུ་བཞག༔ ནང་དུ་པདྨ་རཀྟ་མིའི་ཕོ་ནང་ཁམས་མ་ཉམས་པའི་འབྲས་བུ་ཤ་སྣ་ཁྲག་སྣ་སྙིང་སྣ་རྣམས་ཀྱིས་བཀང༔ མཐའ་མཆོད་པས་བསྐོར་ཏེ་བདག་ཉིད་རྡོ་རྗེ་གཞོན་ནུའི་བསྐྱེད་བཟླས་གཞུང་ལྟར་བྱ༔ མདུན་བསྐྱེད་ལ་ཕུར་པ་ཁྲོ་བོ་ཧཱུྃ་ཀཱ་ར་ཡབ་ཡུམ་ཕྲ་མེན་བཅས་མངོན་རྟོགས་བཞིན་བསྒོམ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཨོཾ་ཨཱཿཧཱུྃ༔ ཞེས་པའི་སྔགས་རྩེ་གཅིག་ཏུ་འབུམ་ཕྲག་གཅིག་བཟླ༔ མདུན་གྱི་ཐོད་པ་ཆུ་ཡི་དཀྱིལ་འཁོར་ཆེན་པོ་འཁྱིལ་བའི་ནང་དུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཧཱུྃ་ཕཊ྄༔ ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་ཏི་ཉ་ཀ་ར་ཨི་དཾ་དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡ༔ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ མཱ་ར་སེ་ན་པྲ་མར་དྷ་ནི་ཧཱུྃ་ཕཊ྄༔ རྫས་ལ་ཁུ་འཕང་དང་རླུང་མེ་འབར་བ་སོགས་མ་བྱུང་བར་བཟླ༔ གྲུབ་པ་ན་གང་དུ་དབབ་པའི་ཡུལ་གྱི་རི་རྩེར་སོང་ལ༔ ཐོད་ནང་ཁྲག་དང་སྙིང་སྣ་གུ་གུལ་བླུགས༔ ཕུར་པ་ལ་ཡུངས་ཀར་གྱིས་བྲབ་ཅིང༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཡུལ་ཆེ་གེ་མོའི་ལོ་ཐོག་ལ་ཤི་ཏྲཾ་ཀ་ར་ཀ་ར་ཀ་རེ་ཡེ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ྄༔ ཨོཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དཾ་དྷ་ཏི་མ་མ་ཀརྨ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་ཛ་ཡེ་བི་ཛ་ཡེ་ཀ་ཏཾ་ཀ་ཡེ་མཱ་ར་སེ་ན་པྲ་མརྡྷ་ནི་ཡེ་ཧཱུྃ་ཕཊ྄༔ ཞེས་བཟླས་པས་ཡུངས་ཀར་ལ་སྔགས་ཏེ་ཕུར་པར་བྲབ༔ རྟགས་བྱུང་བ་དང་གུ་གུལ་བདུག་ལ་བདེན་པ་བདར༔ ཐོད་པ་ཡུལ་དེའི་ཆུ་མིག་ཏུ་སྦ༔ ཕུར་པ་ཐམས་ཅད་དབུས་སུ་བཏབ་རྫས་རྣམས་གཏོར་བས་ལོ་ཏོག་འཇོམས་པའི་སེར་བ་དབབ་ནུས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་རྣམ་རྒྱལ་ལ་བརྟེན་ནས་སེར་བ་སྲུང་བའི་ལས་རིམ་ནི༔ ལས་བཞིའི་ཕུར་པ་སོར་བཞི་བྱ༔ བྱང་བུ་ལ་འབྲུ་དགུ་རྣམ་རྒྱལ་གྱི་སྔགས་བཅས་བྲི༔ བདག་མདུན་སྔར་ལྟར་བསྐྱེད༔ ཁྱད་པར་སྔགས་འདི་འབུམ་བཟླ༔ ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཨོཾ་ཧཱུྃ་ཛི་ན་རི་ཊི་ཊྚ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ༔ རྟགས་བྱུང་ནས་སྲུང་བའི་ཡུལ་གྱི་གཞི་བདག་ལ་མཆོད་པ་གསེར་སྐྱེམས་གཏང༔ ཐ་ཚིག་བསྒྲག༔ ཡུངས་ཀར་དང་ཐལ་ཆེན་ལ་སྔགས་བཏབ༔ ཕུར་པ་གང་དུ་གཞུག་པའི་ཡུལ་གྱི་ཕྱོགས་བཞིར་ཐོ་བརྩེགས༔ སེར་སྤྲིན་བྱུང་ན་རྫས་རྣམས་གཏོར་ཞིང་སྲུང་མ་དཔང་དུ་གཟུགས་པས་བཟློག་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་དབྱུག་སྔོན་ལ་བརྟེན་ནས་ཕྱུགས་ནད་སྲུང་བའི་ལས་རིམ་ནི༔ ཐོད་པ་མཚན་ལྡན་དུ་སྨན་འབྲས་བུ་གསུམ་ཤུ་དག་དཀར་པོ་ཡུངས་ཀར་གུ་གུལ་བཅས་བླུགས༔ ཕུར་པ་བཙུགས་ཏེ་ཁྲོ་བོ་དབྱུག་སྔོན་བསྐྱེད༔ ཀཱི་ལ་ཡ་འབྲུ་དགུ་དང༔ ན་མཿཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན༔ ནཱི་ལ་བཛྲ་དཎྜ༔ ཏུ་རུ་ཏུ་རུ༔ ཧུ་ལུ་ཧུ་ལུ་སྭཱ་ཧཱ༔ གུ་ལུ་གུ་ལུ༔ གུ་ལཱ་པ་ཡ་གུ་ལཱ་པ་ཡ༔ ཀྲ་མ་ཀྲ་མ་བྷ་ག་ཝཱན༔ བཱ་ཡུ་བི་གེ་ནི༔ དྷུ་ཏན་ཤཱི་གྷྲཾ༔ ད་ཧ་ད་ཧ༔ ད་ར་ད་ར༔ ཧ་ན་ཧ་ན༔ པ་ཙ་པ་ཙ༔ པི་ཏ་པི་ཏ་ཕཊ྄་ཕཊ྄༔ པཱ་ཏ་ཡ་པཱ་ཏ་ཡ༔ མ་ཊ་མ་ཊ༔ མོ་ཊཱ་པ་ཡ་མོ་ཊཱ་པ་ཡ༔ སརྦ་ཀརྨ་ཎི༔ ཙྪིནྡྷ་ཙྪིནྡྷ༔ བྷཱཀྵ་ཡ་བྷཱཀྵ་ཡ༔ ཨ་སྠི་མི་དཾ་ཨ་དྱ༔ རུ་དྷི་ར་མཛྫ༔ མི་དཾ་བི་ཤཱ་མཛྫ་རུ་དྷི་ར༔ པྲི་ཡ་ཨེ་ཧྱེ་ཧི་བྷ་ག་ཝན༔ སརྦ་བིགྷྣཱན༔ སརྦ་བི་དྱཱ་ནི༔ སརྦ་མནྟཱ་ནི༔ སརྦ་མཱུ་ལ་ཀརྨ་ཎི༔ སརྦ་ཀྲི་ཏྲི་མ་ཎི༔ བི་ཥ་དེ་མི་སརྦ་གྲ་ཧཱ་ན༔ ཧ་ན་ཧ་ན༔ བྷཉྫ་བྷཉྫ༔ མརྡྷ་མརྡྷ་ཨི་དཾ་མེ༔ ཀཱ་ཏྱཱཾ་སཱ་དྷ་ཡཾ༔ ནཱི་ལ་ཡ་ནཱི་ལ་ཡ༔ ནཱི་ལ་བཛྲ་དཎྜ་ཡ༔ ཏུ་རུ་ཏུ་རུ༔ བིགྷྣཱཾ་བི་ནཱ་ཡ་ཀཾ༔ ནཱ་ཤ་ཡ་ནཱ་ཤ་ཡ༔ ཏུ་རུ་ཏུ་རུ༔ དིཔྟ་ཙཎྜཱ་ཡ༔ སརྦ་ཤ་ཏྲཱུཾ་ཎཾ་ཧྲྀ་ད་ཡ༔ བི་ཊ་ཡ༔ ཙྪིནྡྷ་ཙྪིནྡྷ༔ པ་ར་བིདྱཱ་ནཱི༔ ཙྪེ་ད་ཀ་ཧཱུྃ༔ བིདྱཱ་ནྃ༔ ཤིཥྚི་ཀ་ས་མ་ཡ་མ་ནུ་སྨ་ར་ཡ༔ བཛྲ་དྷ་ར་བ་ཙ་ནཾ༔ ཙ་མཱ་ར་མ་ཎི༔ ཧི་ཀྲི་ན་ཏ་ཧཱུྃ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ ཏུ་རུ་ཏུ་རུ༔ ཀུ་རུ་ཀུ་རུ༔ ཕཊ྄་ཕཊ྄་ཧཱུྃ་ཧཱུྃ༔ ཀྲི་ཏཱ་ན་ཏ་ཡ༔ དེ་བ་རྀ་ཥི༔ བི་དྲཱ་བ་ཀ་ཡ༔ ཧ་ན་བཛྲ་དཎྜེ་ན་སྭཱ་ཧཱ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ ཛ་ཡེ་བི་ཛ་ཡེ༔ ཀ་ཏཾ་ཀ་ཡེ༔ ཞེས་སྲུང་བའི་སྔགས་དང་བཅས་ཏེ་འབུམ་ཕྲག་བྱ༔ ཁྲོ་བོ་དབྱུག་སྔོན་དང་མ་མོ་བཅུ་གཉིས་ལ་གཏོར་མ་རྒྱས་པར་འབུལ་ཞིང་ཕྲིན་ལས་ཡང་ཡང་བཅོལ༔ རྫས་ལས་རླངས་པ་སོགས་བྱུང་ན་སྨན་རྣམས་ཕྱེ་མར་བྱས་ཏེ་ཕྱུགས་ལ་བླུད༔ ཕུར་པ་སླས་ཀྱི་དབུས་སུ་སྦས་པས་ཕྱུགས་ཀྱི་ནད་ཐམས་ཅད་ཞི་ཞིང་སྲུང་ལ་རྒྱུན་ཆད་པར་བྱེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་གཤིན་རྗེ་གཤེད་ལ་བརྟེན་ནས་ཚེ་སྒྲུབ་པའི་ལས་རིམ་ནི༔ གཙང་མའི་གནས་སུ་རིན་པོ་ཆེའི་བུམ་པར་ལྔ་ཚན་ལྔའི་རྫས་བླུག༔ རྒྱུན་འབབ་ཀྱི་ཆུ་དང་འོ་མས་བཀང༔ དཀྱིལ་འཁོར་གཞུང་བཞིན་བྲིས་པའི་དབུས་སུ་བཞག༔ དཀར་གསུམ་མངར་གསུམ་གྱི་རིལ་བུ་དང་ཆང་བཟང་པོ་ཡང་བཤམ༔ སྤོས་དང་གུ་གུལ་གྱིས་བདུག་ལ་མདུན་རྟེན་ལྷར་བསྐྱེད་པ་ནི༔ ཤཱུ་ནྱ་ཏའི་སྔགས་བརྗོད༔ སྟོང་པའི་ངང་ལས་མདུན་གྱི་རྟེན་མི་དམིགས་པ་ལས་དྲག་པོའི་གཞལ་ཡས་ཁང་རྒྱན་གྱིས་བརྒྱན་པ་གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས་པའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེའི་བྲག་ཆེན་པདྨ་ཉི་མ་འཆི་བདག་གི་བདུད་གཤིན་རྗེ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་ས་བོན་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་བེ་ཅོན་ཡཿཡིས་མཚན་པར་གྱུར༔ དེ་ཉིད་སྐད་ཅིག་གིས་འཆི་བདག་འཇོམས་པའི་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཆེན་པོ་སྐུ་མདོག་མཐིང་ནག་ཤིན་ཏུ་མི་བཟད་པ་འབར་ཞིང་བདུད་དང་གཤིན་རྗེའི་ཚོགས་སྐྲག་པར་མཛད་པ༔ ཞལ་གསུམ་པའི་གཡས་ཞལ་དཀར་ཞིང་གཡོན་དམར་བ༔ གསུམ་ཀའང་ཁྲོ་བོ་མི་བཟད་པའི་ཚུལ་གྱིས་སྤྱན་གསུམ་དང་ལྡན་ཞིང་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ༔ ཕྱག་དྲུག་གི་གཡས་ཀྱི་དང་པོས་བེ་ཅོན་ཐོད་སྐམ་གྱིས་མཚན་པ༔ གཉིས་པས་རྡོ་རྗེ་ཚེ་ཡི་བུམ་པ༔ གཡོན་གྱི་དང་པོས་འཁོར་ལོ༔ གཉིས་པས་མདའ་དར༔ ཐ་མས་ཕྲིན་ལས་ཀྱི་དོན་རྟགས་རྒྱས་པས་གསེར་ཕུར་གྲུ་བཞི་པ་འདྲིལ་ཞིང་ཞབས་བཞིས་གཤིན་རྗེ་ཕོ་མོ་དོར་སྟབས་སུ་བརྫིས་པའི་ཡུམ་དུར་ཁྲོད་ཀྱི་བདག་མོ་མཐིང་སྐྱ་ཁྲོ་སྒེག་གི་ཉམས་དང་བཅས་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ༔ གཡས་ལྕགས་ཀྱུ་དང་གཡོན་ཚེ་བུམ་བསྣམས་པ་དང་གཉིས་སུ་མེད་པར་སྦྱོར་བའི་གཡས་སུ་ཟ་བྱེད་སྐྱེ་བའི་བདུད་འཇོམས་པའི་ཕྲ་མེན་ཤ་བ་དང་གཡོན་དུ་གསོད་བྱེད་འཆི་བའི་བདུད་འཇོམས་པའི་རྡོ་རྗེའི་ཕྲ་མེན་འུག་པའི་མགོ་ཅན་གཉིས་ཀས་མདའ་དར་དང་ཕུར་པ་བསྣམས་པ༔ གཙོ་བོའི་སྐུ་ལ་ཐལ་ཆེན་གྱི་ཐིག་ལེ༔ ཞག་གི་ཚོམ་བུ༔ ཁྲག་གི་ཟོ་རིས༔ བ་སུ་ཏའི་རྒྱུ་ཕྲེང༔ རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ༔ དབང་གི་བསྭེ་ཁྲབ་སོགས་དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཡོངས་སུ་རྫོགས་པར་བསམ༔ དབུས་ཀྱི་ཕྱོགས་བཞིར་རྡོ་རྗེ་དང་རིན་པོ་ཆེ་པདྨ་ལས་ཀྱི་གཤིན་རྗེ་གཤེད་ཡབ་ཡུམ་དཀར་སེར་དམར་ལྗང་ཐོད་དབྱུག་དང་ཚེ་བུམ་བསྣམས་པ་གཙོ་བོ་ལྟ་བུར་གསལ༔ མཚམས་བཞིར་ཚེ་ཡི་ལྷ་མོ་ལ་སྱཱ་མ༔ མ་ལྱཱ་མ༔ གཱིརྟི་མ༔ ནཱིརྟི་མ་དཀར་མཐིང་དམར་ལྗང་མདའ་དར་དང་ཚེ་བུམ་བསྣམས་པ་ཞི་འཛུམ་སྒེག་ཉམས་ཅན་དར་དང་རིན་པོ་ཆེས་བརྒྱན་པ་ཞབས་བཞེངས་སྟབས་མགྱོགས་མའི་ཕོ་ཉ་སྤྲོ་བའོ༔ སྒོ་བཞིར་ཚེ་བདུད་འཇོམས་པའི་དབང་ཆེན་རྟ་མགྲིན་རིགས་བཞི་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གཡས་དང་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡོན་དུ་བསྣམས་ནས་ཁྲོ་ཆས་རྫོགས་ཤིང་དབུ་གཙུག་རྟ་མགོས་མཚན་པ་བཅས་ཚེ་ཡི་ལྷ་ཚོགས་སུ་གསལ་གདབ༔ དབང་བསྐུར་རྒྱས་གདབ་སྤྱན་འདྲེན་མཆོད་བསྟོད་ཀྱང་རིགས་མཐུན་ནས་སྦྱར༔ ལས་རིམ་རྫོགས་པ་དང༔ གཤིན་རྗེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་ཡབ་ཡུམ་བསྒོམ༔ ཐུགས་སྲོག་ཧཱུྃ་གིས་སྤྲོ་བསྡུས་ཚེ་བཅུད་བསྡུ་བསྟིམ་བརྟན་པར་བསམ་ལ༔ ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་དུཥྚན་སཏྭ་ད་མ་ཐ༔ ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟ༔ ཙ་ཏུརྨུ་ཁ་ཙ་ཏུརྑ་བྷུ་ཛ་ཥ་ཊུ་ར་ཎ༔ ཨ་གཙྪ་ཨ་གཙྪ༔ སརྦ་དུཥྚན་པྲ་ཎ་ཨ་པ་ཧཱ་རི་ཎི༔ མ་ཧཱ་བི་གྷ་ན་བི་གྷྲ་ཏ་ཀ༔ བི་ཀྲྀ་ཏཱ་ན་ན༔ སརྦ་བྷུ་ཏ་བྷ་ཡཾ་ཀ་ར༔ ཨཊྚ་ཨཊྚ་ཧ་ས་ནཱ་དི་ནེ༔ བྱཱ་གྷྲ་ཙརྨ་ནི་བ་པ་ན་ཀུ་རུ་ཀུ་རུ༔ སརྦ་ཀརྨ་ཎི་ཙྪིནྡྷ་ཙྪིནྡྷ༔ སརྦ་མནྟྲཱ་བྷི་ན་ད་བྷི་ན་ད༔ པ་ར་མུ་ཏྲཱ་ན་ཨཱ་ཀརྵ་ཡ༔ ཨཱ་ཀརྵ་ཡ༔ སརྦ་བྷུ་ཏཱ་ན་མ་ཐ་མ་ཐ༔ ནིརྨ་ཐ་ནི་ནིརྨ་ཐ་སརྦ་དུཥྚན་པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ༔ མཎྜ་ལ་མ་ཌྷྱ༔ བཻ་བ་པྲ་ཏ་ཛཱི་བི་ཏྲན་ཏ་ཀ་ར་ཀུ་རུ་ཀུ་རུ༔ མ་མ་སརྦ་ཀ་ཡཾ༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ མཱ་བི་ལམྦ་མཱ་བི་ལམྦ༔ ས་མ་ཡ་མ་ནུ་སྨ་ར་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄༔ སྥོ་ཊ་སྥོ་ཊ༔ སརྦ་ནཱ་ཤ་ཡ༔ ཀ་ར་ཀ་ར་བིགྷྣཱན༔ སརྦ་ཤ་བ་རི་པཱུ་ར་ཀ༔ ཧེ་ཧེ་བྷ་ག་ཝཱན༔ ཀཉྩི་ར་ཡ་སི༔ མ་མ་སརྦ་ཨརྠ་སཱ་དྷ་ཡ་སྭཱ་ཧཱ༔ ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཞེས་ཤམ་བཏགས་པ་འབུམ་ཕྲག་བཟླ༔ ཐུན་མཚམས་སུ་ཚེ་འགུགས་པ་ནི༔ ཨོཾ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད༔ འཆི་བདག་འཇོམས་པའི་ཧེ་རུ་ཀ༔ འབར་བ་གཏུམ་པོའི་ཆོ་འཕྲུལ་ཅན༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ དབུས་ཀྱི་ཚེ་བདག་ཕྲ་མེན་མ༔ ཆོས་དབྱིངས་ཡེ་ཤེས་དབྱིངས་ནས་བཞེངས༔ མྱུར་མགྱོགས་ཕོ་ཉའི་ཚོགས་དང་བཅས༔ བདེ་གཤེགས་རིགས་ཀྱི་ཚེ་ཁུག་ཅིག༔ འབྱུང་བ་ནམ་མཁའི་བཅུད་བསྡུས་ལ༔ བླ་ཚེ་ཉམས་རྒུད་ཡར་འཐོར་བསྡུས༔ བདེ་གཤེགས་རིགས་ཀྱི་ཚེ་སྩོལ་ཅིག༔ ཤར་གྱི་ཚེ་བདག་ལ་སྱཱ་མ༔ མེ་ལོང་ལྟ་བུའི་དབྱིངས་ནས་བཞེངས༔ མྱུར་མགྱོགས་ཕོ་ཉའི་ཚོགས་དང་བཅས༔ རྡོ་རྗེའི་རིགས་ཀྱི་ཚེ་ཁུག་ཅིག༔ འབྱུང་བ་ཆུ་ཡི་བཅུད་བསྡུས་ལ༔ བླ་ཚེ་ཉམས་རྒུད་ཡར་འཐོར་བསྡུས༔ རྡོ་རྗེའི་རང་བཞིན་ཚེ་སྩོལ་ཅིག༔ ལྷོ་ཡི་ཚེ་བདག་མ་ལྱཱ་མ༔ མཉམ་ཉིད་ཡེ་ཤེས་དབྱིངས་ནས་བཞེངས༔ མྱུར་མགྱོགས་ཕོ་ཉའི་ཚོགས་དང་བཅས༔ རིན་ཆེན་རིགས་ཀྱི་ཚེ་ཁུག་ཅིག༔ འབྱུང་བ་ས་ཡི་བཅུད་བསྡུས་ལ༔ བླ་ཚེ་ཉམས་རྒུད་ཡར་འཐོར་བསྡུས༔ རིན་ཆེན་རང་བཞིན་ཚེ་སྩོལ་ཅིག༔ ནུབ་ཀྱི་ཚེ་བདག་གཱིརྟི་མ༔ སོར་རྟོག་ཡེ་ཤེས་དབྱིངས་ནས་བཞེངས༔ མྱུར་མགྱོགས་ཕོ་ཉའི་ཚོགས་དང་བཅས༔ པདྨའི་རིགས་ཀྱི་ཚེ་ཁུག་ཅིག༔ འབྱུང་བ་མེ་ཡི་བཅུད་བསྡུས་ལ༔ བླ་ཚེ་ཉམས་རྒུད་ཡར་འཐོར་བསྡུས༔ པདྨའི་རང་བཞིན་ཚེ་སྩོལ་ཅིག༔ བྱང་གི་ཚེ་བདག་ནཱིརྟི་མ༔ བྱ་གྲུབ་ཡེ་ཤེས་དབྱིངས་ནས་བཞེངས༔ མྱུར་མགྱོགས་ཕོ་ཉའི་ཚོགས་དང་བཅས༔ ལས་ཀྱི་རིགས་ཀྱི་ཚེ་ཁུག་ཅིག༔ འབྱུང་བ་རླུང་གི་བཅུད་བསྡུས་ལ༔ བླ་ཚེ་ཉམས་རྒུད་ཡར་འཐོར་བསྡུས༔ ལས་ཀྱི་རང་བཞིན་ཚེ་སྩོལ་ཅིག༔ ཨོཾ་བཛྲ་ཨཱ་ཡུ་ཛྙཱ་ན་ས་མ་ཡ་ཛཿཛཿ ཏིཥྛ་ལྷན༔ ཞེས་བརྗོད༔ ཚེ་གྲུབ་པའི་རྟགས་བྱུང་ན༔ ཨོཾ༔ བུམ་པ་རིན་ཆེན་ཚེའི་གཞལ་ཡས༔ འཆི་མེད་དྭངས་མའི་བདུད་རྩིས་གཏམས༔ མི་ཤིག་རྡོ་རྗེ་ཚེ་ཡི་ལྷས༔ སྐྱེ་འཆི་མེད་པའི་ཚེ་ཐོབ་ཤོག༔ ཀཱ་ཡ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ ཨཱཿ རང་བྱུང་ཡེ་ཤེས་བདུད་རྩིའི་རྒྱུན༔ འབྱུང་ལྔ་འདུས་པའི་དྭངས་མའི་རྒྱུན༔ ཚེ་ཡི་ལྷ་ཚོགས་བྱང་སེམས་ཀྱིས༔ རྒྱུན་ཆད་མེད་པའི་ཚེ་ཐོབ་ཤོག༔ ཝཱཀ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ ཧཱུྃ༔ རྟག་ཏུ་འཕོ་མེད་ཚེའི་རིལ་བུ༔ ལྷ་ཚོགས་དྭངས་མ་མི་ཤིག་ཁམས༔ སྙིང་གི་དབུས་སུ་བསྟིམ་པ་ཡིས༔ རྡོ་རྗེ་རྟག་པའི་ཚེ་ཐོབ་ཤོག༔ ཙིཏྟ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ ཨཱཿ འབྱུང་ལྔའི་དྭངས་མ་ཁམས་ལྔར་བསྟིམ༔ ཕུང་ལྔ་ཡེ་ཤེས་ཐིག་ལེར་བསྡུ༔ གཉིས་མེད་གཉུག་མ་རྡོ་རྗེའི་དབྱིངས༔ རྟག་ཏུ་མི་འགྱུར་རྒྱས་གདབ་བོ༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ ཞེས་རྒྱས་གདབ་པས་ཚེ་མི་འགྱུར་བ་གཡུང་དྲུང་གི་གོ་འཕང་ཐོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་མི་གཡོ་བ་ལ་བརྟེན་ནས་སྲིད་སྤེལ་ཞིང་སྲིའུ་གསོ་བ་ནི༔ གནམ་ལྕགས་ས་ལྕགས་ཁྲོ་ལྕགས་གྲི་ལྕགས་ལྕགས་ཕལ་པ་དང་ལྔ་བསྲེས་པའི་ཕུར་པ་དང་ལྔ་ཚན་ལྔའི་རྫས་ཀྱིས་བཀང་བའི་བུམ་པ་དལ་དུ་བཀོད་ལ་མདུན་དུ་ཁྲོ་བོ་མི་གཡོ་བ་བསྒོམ༔ ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཨ་ཙ་ལ་ཀ་ཎ་ཙཎྜ་ན་ཊ་ན་ཊ་ཏ༔ མོཊྚ་མོཊྚ༔ བེ་ཏ་བེ་ཏ༔ ཧ་ཏ་ཧ་ཏ༔ མོ་ཧ་ཡ་མོ་ཧ་ཡ༔ ཧ་ས་ཧ་ས༔ ཧ་ན་ཧ་ན༔ ཏིཥྛ་ཏིཥྛ༔ ཨཱ་བེ་ཤ་ཨཱ་བེ་ཤ༔ མ་ཧཱ་མནྟ་བཱ་ལ་ཀ༔ རི་ཎི་རི་ཎི༔ ཁ་ད་ཁ་ད༔ བིགྷྣཱཾ༔ མཱ་ར་ཡ་མཱ་ར་ཡ༔ དུཥྚན་བྷཀྵ་བྷཀྵ༔ སརྦཾ་ཀུ་རུ་ཀུ་རུ༔ ཀི་རི་ཀི་རི༔ མ་ཧཱ་བི་ཥ་མ༔ བཛྲ་སྥོ་ཊ་སྥོ་ཊ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཏྲི་བ་ལི་ཏ་རཾ་ག་བརྟ་ཀ༔ ཨཾ་ཨཾ་ཨཾ་ཧཾ་ཧཾ་ཧཾ༔ ཨ་ཙ་ལ་ཙི་ཊ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུྃ་ཧཱུྃ༔ ཨ་ས་མནྟ་ཀཱ་ཊ༔ མ་ཧཱ་བ་ལ་ཤ་ཏ་ཡ༔ བ་ར་མནྟྲཾ༔ ཨཱཾ་ཨཱཾ༔ ཧཱཾ་ཧཱཾ་མཾ་ཤུདྡྷྱེན་ཏུ་ལོ་ཀ་ཏུ་ཥཡཾ་ཏུ༔ བཛྲི་ན་མོ་ཏ་ཀུ་ཨ་པྲ་ཧ་ཏ༔ བ་ལེ་བྷྱཿཛ་ལ་ཡ་ཏྲཱཊ༔ ཨ་པ་ཧ་ན་ས་སྭཱ་ཧཱ༔ ཞེས་འབུམ་བཟླས་ཏེ་སྒྲུབ༔ ཡུངས་ཀར་ལའང་སྔགས་བཏབ་ནས་བུམ་པར་བླུག་ཅིང་ཕུར་པར་བྲན༔ གྲུབ་པའི་རྟགས་བྱུང་བ་དང་བུམ་པའི་ཆུས་ཁྲུས་བྱ་ཞིང་ཁོང་དུ་བཏང༔ བུམ་བཅུད་བ་དམར་སེར་གྱི་འོ་མ་དང་སྦྱར་ལ་མོ་གསར་རིགས་བཟང་ལ་བྱུག་པ་རྟེན་དུ་གཞུག༔ ཆུང་སྲི་ལ་དམིགས་ཏེ་གདབ་ལས་ཀྱང་བྱ༔ ཚོགས་དང་གཏོར་མས་ལྷ་ཚོགས་རྣམས་ལ་མཆོད་པ་རྒྱས་པར་འབུལ༔ གལ་ཆེ་ན་མནན་པ་ཡང་བྱ༔ ཞི་བའི་སྦྱིན་སྲེག་གི་ཆོ་གས་ཀྱང་བར་ཆད་སེལ་ཞིང་སྲིད་འཕེལ་བ་དང་སྲིའུ་གསོ་སྲུང་ནུས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་རྟ་མགྲིན་ལ་བརྟེན་ནས་དུག་གི་ནད་ཞི་བའི་ཐབས་ཀྱི་ཆོ་ག་ནི༔ རིན་པོ་ཆེའི་བུམ་པའི་ནང་དུ་བདུད་རྩི་ལྔ་བླུག༔ རྒྱུན་འབབ་ཀྱི་ཆུས་བཀང་ལ་དལ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བཞག༔ དེ་ཉིད་རྟ་མགྲིན་གྱི་དཀྱིལ་འཁོར་དུ་བསམ་པས༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃ༔ ཏ་རུ་ལ་བི་རུ་མ༔ སརྦ་བི་ཥ་བྷཱ་ཏ་ཀ་བ༔ ཛྭ་ལི་ཏ༔ བི་སྥུ༔ ལིངྒ༔ ཨཊྚ་ཨཊྚ་ཧཱ་ས༔ ཀེ་ས་རི་བ་ཊཾ་ཊ་ས༔ བཛྲ་ཁུར་ནིརྒྷཱ་ཏ་ན༔ ཙ་ལི་ཏོ༔ བ་སུ་དྷཱ་ཏ་ལ༔ ནི་ཤྭ་ཙ་མཱ་རུ་ད་ཀྵི་བ་ཏ༔ དྷཱ་ར་ཎཱི་དྷཱ་ར༔ བྷི་ཥ་ཎ་ཨཊྚ་ཨཊྚ་ཧཱ་ས་ཨ་པ་རི་མི་ཏ༔ བ་ལ་པཱ་ཏཱ་ཀྲ་མ༔ ཨཱརྻ་ག་ཎ་བྷཱི་ཏ་བྷུ་ཏ་ག་ནཱ་དྷྱ་ནི་ཏ༔ བུདྡྷྱ་བུདྡྷྱ༔ ཧྱ་གྲཱྀ་ཝ༔ ཁཱ་ད་ཁཱ་ད༔ ས་ར་སནྟྲཱི༔ ཙྪིནྡྷ་ཙྪིནྡྷ༔ པ་ཏ་པ་ཏ༔ སིདྡྷི་མྨེ་དི་ཤ༔ ཨ་བེ་ཤ་ཡ་ཨ་བེ་ཤ་ཡ༔ སརྦ་ཛྭ་ར་པི་ཤཱ་ཙཱ་ན༔ སརྦ་གྲ་ཧེཥཙ་པྲ་ཏི་ཧ་ཏོ་བྷ་བ་བཛྲ་དཾཥྚ་ཀཉྩི་རཱ་ཡ་སི༔ ཨི་དཾ་དུཥྚཾསརྦཾ་ཝ༔ དྷུ་ན་དྷུ་ན༔ མ་ཐ་མ་ཐ༔ སཱ་ཊ་སཱ་ཊ༔ པ་ཊི་ཡ་པ་ཊི་ཡ༔ མ་ཊ་མ་ཊ༔ བྷནྡྷ་བྷནྡྷ༔ བུདྡྷ་དྷརྨ་སཾ་གྷཱ་ནུ༔ ཛྙཱ་ན་ཀརྨ་ཀུ་རུ་ཤཱི་གྷྲཾ༔ ཧྱ་གྲཱྀ་ཝ་ཕཊ྄༔ བཛྲ་ཡ་ཕཊ྄༔ བཛྲ་གཱིརྟ་ཡ་ཕཊ྄༔ བཛྲ་ནཱིརྟ་ཡ་ཕཊ༔ བཛྲ་དཾ་ཊ་ཡ་ཕཊ྄༔ བཛྲ་ཀུ་རུ་ཡ་ཕཊ྄༔ བཛྲ་ཁུར་ནིརྒྷཱ་ཏ་ནཱ་ཡ་ཕཊ྄༔ པ་ར་མནྟྲ་བི་ནཱ་ཤ་ནཱ་ཡ་ཕཊ྄༔ ཏྲཻ་ལོ་ཀྱ་བྷ་ཡཾ་ཀ་ར་ཡ་ཕཊ྄༔ སརྦ་ཀརྨ་ཥྭ་པྲ་ཏི་ཧ་ཏཱ་ཡ་ཕཊ྄༔ བཛྲ་ཀུ་ལ་སནྟྲཱ་ས་ན་མ་ཕཊ྄༔ ཧཱུྃ་ཧཱུྃྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སརྦ་བི་ཥ་རོ་ག་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྷྱ་ཥ་ཛྱེ་ཨ་མྲྀ་ཏ་སིདྡྷི་ཧཱུྃ༔ ཞེས་འབུམ་ཕྲག་གཅིག་གིས་སྒྲུབ་ནས༔ ལྷ་ཞུ་བ་བདུད་རྩིར་བསམ་སྟེ་འཐོར་འཐུང་བྱས་པས་བརྟན་གཡོའི་དུག་གི་རིགས་ཐམས་ཅད་སེལ༔ ཁྱད་པར་དུ་གཞན་ལའང་ཁྲུས་བྱ་བ་དང༔ རིལ་བུར་དྲིལ་ཏེ་བྱིན་ན་དུག་གི་རིགས་ཐམས་ཅད་ལས་གྲོལ་བར་ནུས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་འདོད་རྒྱལ་ལ་བརྟེན་ནས་གདོན་སྲུང་བའི་ལས་རིམ་ནི༔ རེ་ལྕགས་ཐར་ནུ་སོགས་དུག་རིགས་ཀྱི་སྔོ་དང་ཞོ་འབབ་པ་ཁམ་ས་བསྲེས་ལ་རང་ལ་གང་གིས་གནོད་པའི་གདོན་དེའི་གཟུགས་བཅའ༔ མིང་དང་སྲོག་ཡིག་འཛུད༔ མཆོག་ཕུར་ལ་རང་སྔགས་ཡུངས་ཀར་གྱི་ཐུམ་པོ་བཅས་རུས་ཆེན་གྱིས་གདགས༔ མཆོད་པས་བསྐོར༔ སྔར་གྱི་གདོན་གཟུགས་ལ་ཕུར་བུས་གཟིར་ཏེ་ལྷར་བསྐྱེད་ལ༔ ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཊཱཀྐི་ཧཱུྃ་ཛཿ སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཕཊ྄༔ ཞེས་འབུམ་ཕྲག་བཟླ༔ སྨད་ལས་ཀྱི་སྐབས་བཞིན་གདབ་ཁ་རྟགས་མ་བྱུང་གི་བར་དུ་བྱས་པས་བགེགས་དང་སྡེ་བརྒྱད་ཐུལ་བར་གདོན་མི་ཟའོ༔ སྔགས་ལས་ཀྱི་སྤུ་གྲི་ནི༔ སརྦ་བིགྷྣཱནཾ་ཤ་ཏྲཱུཾ་མཱ་ར་ཡ་སོད་སོད༔ མྱོག་མྱོག༔ ཐུཾ་རི་ལི་ལི༔ རྦད་རྦད་རྦད་ཤག་ཤག་བྷྱོ་བྷྱོ༔ ཙིཏྟ་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ རུས་ལ་རྦད་རྦད༔ གདོན་བགེགས་བྱད་མ་མཱ་ར་ཡ་རྦད་ཕཊ྄༔ ཅེས་གདགས་པ་ཡུངས་ཀར་དང་གུ་གུལ་ལ་བསྔགས་ཏེ་གདགས་པ་དང༔ བདུག་པས་སྲུང་བའི་མཆོག་ཏུ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་བདུད་རྩི་འཁྱིལ་བ་ལ་བརྟེན་ནས་མཆོག་གི་བདུད་རྩི་སྒྲུབ་པ་ནི༔ མཚན་ཉིད་དང་ལྡན་པའི་བམ་བླངས་ནས་དེ་དང་མཉམ་དུ་ཤ་ལྔ་བདུད་རྩི་རྩ་བརྒྱད་ཡན་ལག་སྟོང་གཞུང་སྤྱི་བཞིན་སྦྱར་ནས་མཚན་དང་ལྡན་པའི་བྷནྡྷ་ཁ་སྦྱོར་དུ་བཅུག་ལ་དལ་གྱི་དབུས་སུ་བཞག༔ སྦྱང་ཁྲུས་ལེགས་པར་བྱས་ནས༔ བདག་ཉིད་ལྷའི་ས་མ་དྷི་ལ་གནས་པས་ཛཔ་བཟླ༔ མདུན་གྱི་དཀྱིལ་འཁོར་ལ་དམིགས་ནས༔ ཧཱུྃ༔ སྙིང་པོ་རང་བྱུང་བདུད་རྩིའི་དཀྱིལ་འཁོར་ནི༔ སྟོང་ཉིད་མེ་ལྕེ་ཡེ་ཤེས་རླུང་གིས་བསྐུལ༔ ཟུང་འཇུག་བྷནྡྷ་ཡངས་པའི་སྣོད་དྲོས་པས༔ བདེ་ཆེན་ཤ་ལྔའི་རི་བོ་བདུད་རྩིར་ཞུ༔ དྭངས་མ་ལྔ་ལྡན་ཕབ་ཀྱིས་བྲན་པ་ནི༔ རྦ་རླངས་འཁྲུགས་པ་ཨ་ཧཾ་སྔགས་སྒྲ་སྒྲོགས༔ ལྔ་ལྡན་འོད་ཀྱི་སྤྲིན་ཕུང་འཁྲིགས་པའི་ཀློང༔ དོན་ཡོད་རྒྱལ་པོ་རིགས་རྒྱལ་བདུད་རྩི་འཁྱིལ༔ སྐུ་མདོག་ལྗང་ནག་བདེ་ཆེན་ཆགས་པ་རྒྱས༔ གཟི་བྱིན་འོད་དུ་འཁྲིགས་པ་ལྟར་མི་བཟོད༔ འབར་བའི་ཕྱག་གཉིས་སྣ་ཚོགས་རྡོ་རྗེ་དང༔ བྷནྡྷ་བསྣམས་པ་རང་འོད་ཡུམ་ལ་སྦྱོར༔ དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀས་སྒེག༔ བདེ་བའི་སྒྱུ་རྩལ་རྡོ་རྗེ་པདྨར་གསོར༔ ཨ་ཧཾ་སྒྲ་འབྱིན་ལྗགས་དང་མཆུ་འཇིབ་རོལ༔ ཐུགས་ཀྱི་ཡེ་ཤེས་མཁའ་ཁྱབ་རྣམ་པར་དག༔ རྗེས་ཆགས་ནུས་པས་འཁོར་འདས་དྭངས་མ་འདྲེན༔ ལྔ་ལྡན་བདུད་རྩི་ཞལ་ཞུགས་སྐུའི་དབྱིབས་བརྒྱུད༔ སྦྱོར་མཚམས་ནས་བྱུང་བྱང་ཆུབ་སེམས་སྤྲིན་རྒྱུན༔ མཁའ་གསང་བབས་པ་ཐོད་པའི་བདུད་རྩིར་འདྲེས༔ ངོ་བོ་ཡེ་ཤེས་རྣམ་པ་སྲིད་ཞིའི་བཅུད༔ ལས་ཀུན་འགྲུབ་པའི་རྫས་སུ་བྱིན་གྱིས་རློབས༔ ཞེས་གདབ་ལ༔ སྔགས་ནི༔ ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ན་མོ་བཛྲ་ཀྲོ་དྷ་ཡ༔ མ་ཧཱ་དཾཥྚོ་ཀ་ཊ་བྷཻ་ར་ནཱ་ཡ༔ ཨ་སི་མུ་ས་ལ་པྲ་ཤུ་པཱ་ཤ་ཧསྟཱ་ཡ༔ ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ གརྫ་གརྫ༔ སྥོ་ཊ་ཡ་སྥོ་ཊ་ཡ༔ སརྦ་བིགྷྣཱཾན༔ བི་ནཱ་ཡ་ཀཱ་ན༔ མ་ཧཱ་ག་ན་པ་ཏི་ཛི་བི་ཏ་ཨ་ན་ཏ་ཀ་ར་ཡ་སྭཱ་ཧཱ༔ བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་འབུམ་ཕྲག་ལ་སོགས་པ་རྟགས་མཐོང་གི་བར་དུ་སྒྲུབ༔ སྐབས་སུ་སྨན་སྲུང་བསྐུལ་བ་དང་བྱིན་འབེབས་སོགས་ཀྱང་རྒྱས་པར་བྱ༔ རྟགས་མཐོང་བ་དང་ཕོ་བྲང་ལས་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ བླ་མེད་དོན་རྫོགས་ཁྲག་འཐུང་འདུས་པ་ཡི༔ བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱ་མཚོ་ཆེ༔ འཁོར་འདས་དྭངས་མའི་སེམས་ལ་རོལ་པའི་མཐུས༔ སྒོ་གསུམ་རྡོ་རྗེའི་རིག་འཛིན་གདུང་འཚོབ་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་པས་བྷནྡྷ་ཁ་ཕྱེས་ལ་རང་གིས་མྱོང༔ རྣལ་འབྱོར་སྐལ་མཉམ་ལ་ཡང་སྦྱིན༔ དེ་ལྟ་བུའི་ལས་ཀྱིས་ནི༔ བདུད་རྩི་མཐོང་བས་ལུས་ཀྱི་ན་ཚ་གདོན་བགེགས་ཐམས་ཅད་ཞི༔ དྲི་ཚོར་བས་ངག་གི་སྐྱོན་དང་སྒྲིབ་པ་འདག༔ ལྕེས་མྱོང་ཞིང་ཁོང་དུ་སོང་བས་ཡིད་ཀྱི་ཉེས་པ་སེལ་ཞིང་ཏིང་ངེ་འཛིན་སྐྱེ༔ མཐར་ཐུག་དཔལ་ཆེན་ཧེ་རུ་ཀ་དང་མཉམ་པའི་གོ་འཕང་ལ་སྦྱོར་ངེས་པས་རྨད་དུ་བྱུང་བའི་ཕྲིན་ལས་ཟབ་མོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལ་བརྟེན་ནས་ལྷ་ཀླུ་མི་ཡི་བུ་མོ་དགུག་པ་ནི༔ དར་རམ་ཤིང་ཤུན་ལ་འཁོར་ལོའི་དབུས་སུ་དགུག་བྱའི་གཟུགས་སམ་མིང༔ རྩིབས་ལ་གབ་པའི་སྔགས་དྲུག་བྲི༔ ལྟེ་བར་སྙིང་པོ་འབྲུ་དགུ་གཡོན་དུ་བསྐོར༔ མུ་ཁྱུད་ལ་ཁྲོ་བོ་བཅུའི་སྔགས་ཤམ་ཅན་བྲི༔ སྣག་ཚ་ནི་ཙནྡན་གྱི་ལྡེ་གུའི་བྱས་ལ་བྱང་སེམས་དཀར་དམར་བྱུག༔ ལེགས་པར་ལྟེབ་ལ་དར་དམར་གྱིས་གཏུམ༔ མདུན་དུ་དལ་རྩིབས་བརྒྱད་པའི་དབུས་སུ་ཙནྡན་གྱི་ཕུར་པ་གཟུགས༔ འཁོར་ལོ་ལག་གཡས་པའི་མཐིལ་དུ་བཅངས༔ ཕུར་པ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དུ་བསྒོམ་ནས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་བི་ཛ་ཡ༔ མ་ཧཱ་ས་མ་ཡ༔ ཨོཾ་ཨཱཿཧཱུྃ་ཧཱུྃ་ཧཱུྃ༔ ཆེ་གེ་མོ་ཨ་ཀརྵ་ཧྲཱིཿ ཝཱ་ཤཾ་ཀུ་རུ་ཛཿ ཡིད་མྱོས་མྱོས༔ ཙིཏྟ་དཀྲུགས་དཀྲུགས༔ ཛོ་ཟེ་ཛོ་ཟེ་ཆགས་པ་སློང་སློང༔ ཨཾ་ཀུ་ཤ་ཡ་ཛཿཛཿཛཿ ཞེས་འབུམ་བཟླས་པས་ཚངས་པའི་བུ་མོ་ཡང་འགུགས་པར་ངེས་ཤིང༔ རྟགས་མཐོང་བའི་ཚེ་འཁོར་ལོ་དཔྲལ་བར་བླན་ཏེ་སོང་ན་དེ་མཐོང་ཚད་ཀྱང་དབང་དུ་བྱེད་ངེས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་སྟོབས་པོ་ཆེ་ལ་བརྟེན་ནས་ཆར་དབབ་པའི་ལས་རྩོམ་ན༔ གཙང་མའི་གནས་སུ་དལ་དབུས་ཕུར་པ་བཞག་པ་ཁྲོ་བོ་སྟོབས་ཆེན་དུ་བསྐྱེད༔ ཡབ་ཡུམ་སྦྱོར་བའི་སེམས་སྤྲིན་ལས༔ འཁོར་དུ་གྱུར་པའི་ཁྲོ་བོ་བརྒྱད༔ སྐུ་མདོག་དུད་ཁ་ཁྲོ་རྔམ་འབར༔ ཞལ་གཅིག་ཕྱག་གཉིས་མི་བཟད་པ༔ ཀ་ར་བི་རའི་ཕུར་པ་འདྲིལ༔ གདུག་པའི་ཀླུ་ཡི་སྙིང་ལ་འདེབས༔ སྐུ་ལ་སྦྲུལ་ཆེན་རིགས་ལྔས་བརྒྱན༔ འོད་ཟེར་སྣ་ཚོགས་གཟུགས་སུ་བསྒོམ༔ རིག་པའི་སྔགས་ནི་འབུམ་ཕྲག་བཟླ༔ ན་མཿས་མནྟ་བུདྡྷ་ཎཱཾ༔ ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཨོཾ་ཨུ་གྲ་ཤུ་ལ་པཱ་ཎི་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཨོཾ་ཛྱེ་ཏི་ནི་ར་ད་ན༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ༔ ལས་ལ་སྦྱར་བའི་ཚེ་མཚོའམ་ཆུ་མིག་གི་ཁར་སོང་ལ༔ མདུན་དུ་བག་ཕྱེའི་གཏོར་མ་མཐུན་རྫས་རྣམས་བཤམ་ལ༔ བྱིན་གྱིས་བརླབ་ཏེ༔ ཧཱུྃ༔ ཀླུ་རྒྱལ་ཆུ་བདག་ཆེན་པོ་རྣམས༔ འཁོར་དང་བཅས་པ་འདིར་གཤེགས་ཤིག༔ བདག་གིས་སེམས་ཅན་དོན་གྱི་ཕྱིར༔ ཕན་པའི་ཕྲིན་ལས་འདི་བཅོལ་ན༔ སྟོན་པའི་བཀའ་ལས་མ་འདའ་བར༔ ཆར་གྱི་རྒྱུན་ཆེན་དབབ་ཏུ་གསོལ༔ བརྔན་དུ་འདོད་ཡོན་གཏོར་མ་བསྔོ༔ དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང༔ བདག་གིས་བཅོལ་བའི་ཕྲིན་ལས་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ ཞེས་དང་ལྷ་སྔགས་ཀྱི་ཤམ་དུ༔ ཨོཾ་སྥོ་ཊ་ཡ་སྥོ་ཊ་ཡ༔ ནཱ་ག་ཏ་ལ་ཕཊ྄༔ ནཱ་ག་ནཱ་ག་དུན་དུན༔ ཧྲི་ད་ཡ་ཕཊ༔ ཅེས་བཟླ་ཞིང་ཐུགས་ཀའི་འོད་ཀྱིས་ཀླུ་བསྐུལ་བར་མོས༔ དེས་ཀྱང་མ་ཕེབས་ན་སྔགས་ཤམ་ལ༔ ནཱ་ག་ཙིཏྟ་ས་མ་ཡ་སྟྭཾ༔ ཞེས་བཏགས་པ་དང་ཀ་ར་བི་རའི་ཕུར་པ་ཀླུ་ལ་གཟིར་བས་ཇི་ལྟར་འདོད་པ་འབེབས་ངེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཕྲ་ཐབས་ཕོ་མོ་ཉི་ཤུ་ལ་བརྟེན་ནས་ལྟས་ངན་བཟློག་པའི་ལས་བྱ་ན༔ དྲག་པོའི་ཤིང་གི་ཕུར་པ་སོར་བཞི་ཅན་གྱི་མགུལ་དུ་ཡུངས་ཐུན་ཀར་གདགས༔ རཀྟས་ངར་བླུད་པ་ཅན་ལྷ་གྲངས་དང་མཉམ་པར་བྱ༔ དབལ་རྩེར་བྷྱོ་ཟློག་དང༔ འཆང་གཟུང་ལ་རང་སྔགས་སོ་སོར་དུག་ཁྲག་གིས་བྲི༔ གཏོར་ཟོར་གྱི་མཐར་བཀོད་ལ་ཕྲིན་ལས་གཞུང་བསྲང༔ བཟླས་པའི་རྗེས་གཏོར་འབུལ་ཕྲིན་བཅོལ༔ ཕུར་པ་རྣམས་ཕྲ་ཕྱག་ཏུ་གསལ་བས་རང་སྔགས༔ གརྫ་གརྫ་མཚན་ལྟས་ངན་པ་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཞེས་རེ་རེ་བཞིན་སྦྱར་ལ་སྒྲུབ༔ དེའི་མཐར་ཕུར་པ་རྣམས་ཡུངས་ཀར་ནག་གིས་བྲབ༔ རཀྟས་བྲན་ཞིང་གུ་གུལ་བདུག་ལ༔ ཧཱུྃ༔ སྒྲོལ་བྱེད་དཔལ་ཆེན་ཀཱི་ལ་ཡའི༔ ཡེ་ཤེས་རང་སྣང་ཁྲོ་རྒྱལ་བཅུའི༔ ཐབས་ཤེས་བདེ་སྟོང་རོལ་པ་ལས༔ བྱུང་བའི་ཕྲ་མེན་ཕོ་མོ་ནི༔ མི་ཡི་ལུས་ལ་དུད་འགྲོའི་གདོང༔ མགོ་དང་ལུས་སུ་མི་འཚམ་པ༔ ལྟས་ངན་ཟློག་པའི་རྒྱལ་པོ་ཡིན༔ ཞེ་སྡང་རུས་མཐར་རྒྱས་པ་ཡི༔ སྟག་ལ་སོགས་པའི་གཅན་གཟན་གདོང༔ འདོད་ཆགས་གཤོག་མཐར་རྒྱས་པ་ཡི༔ བྱ་རྒོད་ལ་སོགས་འདབ་ཆགས་གདོང༔ གཏི་མུག་འཆོལ་བར་སྤྱོད་པ་ཡི༔ མི་ཡི་ལུས་ལ་དུད་འགྲོའི་མགོ༔ དུག་གསུམ་ཡེ་ཤེས་དག་པའི་ཕྱིར༔ ཁྲོ་རྒྱལ་རྣམས་ཀྱི་སྲས་སུ་བྱུང༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ ལས་ལ་མྱུར་ཞིང་བར་ཆད་སྒྲོལ༔ ཐུགས་རྗེ་མཐུ་རྩལ་ནུས་པ་ཆེ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྐུ་ནི་གཅེར་བུ་གར་དང་བཅས༔ འཇིགས་པའི་ཞལ་གདངས་མཆེ་བ་གཙིགས༔ རྔམ་པའི་ཆོ་འཕྲུལ་མི་བཟད་པས༔ ཟློག་སྒྱུར་ཆེན་པོའི་ལས་ལ་བཞེངས༔ ཕྱག་ན་ཟློག་བྱེད་ཕུར་པ་འདྲིལ༔ མགོ་བོ་རྒྱ་མདུད་སྲུང་བའི་རྫོང༔ མི་ཤིགས་མི་ཕྱེད་རྡོ་རྗེའི་མདུད༔ འཆང་གཟུང་ཟུར་བརྒྱད་དཀྱིལ་འཁོར་རྫོགས༔ ཕོ་ཉ་སྤྲོས་པས་དགྲ་བགེགས་གསོད༔ ཟུར་གསུམ་དབལ་ལས་མཚོན་ཆར་འབེབས༔ གང་ལ་དམིགས་ཀྱང་མིང་མེད་བརླག༔ བསྒྲིལ་བས་ལྷ་ཡང་འདུལ་བྱེད་ན༔ བཏབ་པས་བགེགས་ལ་སྨོས་ཅི་དགོས༔ དེ་ཕྱིར་ཁྲོ་རྒྱལ་དམག་དཔུང་གིས༔ ཕུར་པའི་མཚོན་གྱིས་ལྟས་ངན་ཟློག༔ དུར་བྱས་ཉ་ཁྱེར་མ་མོ་དང༔ ཀླུ་ཡི་ལྟས་ངན་དགྲ་ལ་ཟློག༔ བྱ་གསུམ་བར་སྣང་སྡེར་འཛིང་བྱེད༔ ཕུང་སྲིའི་ལྟས་ངན་དགྲ་ལ་ཟློག༔ རྒོད་བཞི་གཤོག་འཛིང་བྱེད་པ་ཡང༔ གནམ་ལྷའི་ལྟས་ངན་དགྲ་ལ་ཟློག༔ རྨ་བྱས་མི་རོ་ཟ་བ་ཡང༔ སྲིད་རྒྱལ་ལྟས་ངན་དགྲ་ལ་ཟློག༔ གནམ་ནས་བྱ་གསུམ་ཤ་གཅིག་འདྲད༔ བདུད་རྒྱལ་ལྟས་ངན་དགྲ་ལ་ཟློག༔ འདབ་ཆགས་གཅིག་ལ་གཅིག་གིས་ཞོན༔ སྲི་ལངས་ལྟས་ངན་དགྲ་ལ་ཟློག༔ སྟེང་གི་ཕྲ་མེན་བྱ་རྒོད་གདོང༔ ལ་སོགས་འདབ་ཆགས་མགོ་ཅན་གྱི༔ འདབ་ཆགས་ལྟས་ངན་མི་འདྲ་རྣམས༔ ཉི་ཤུ་དམ་སྲི་དགྲ་ལ་ཟློག༔ དོམ་གསུམ་མི་ཡི་རོ་གཅིག་ཁྱེར༔ མ་མོའི་ལྟས་ངན་དགྲ་ལ་ཟློག༔ དུག་སྦྲུལ་ནག་པོ་ཐུར་དུ་རྒྱུག༔ ཀླུ་ཡི་ལྟས་ངན་དགྲ་ལ་ཟློག༔ ཝ་མོ་དུར་དུ་བརྒྱལ་བ་ཡང༔ དུར་སྲིའི་ལྟས་ངན་དགྲ་ལ་ཟློག༔ ནེའུ་ལེའི་ཁ་ནས་བྱི་རོ་ཁྱེར༔ ཆུང་སྲིའི་ལྟས་ངན་དགྲ་ལ་ཟློག༔ སྤྱང་གསུམ་དུས་གཅིག་འོ་དོད་འབོད༔ རྒྱལ་བཙན་ལྟས་ངན་དགྲ་ལ་ཟློག༔ ཁྱི་ཡིས་སྙིང་ཁྱེར་ལྷ་ཡི་བདུད༔ ཁྲོས་པའི་ལྟས་ངན་དགྲ་ལ་ཟློག༔ ཐོ་རངས་སྒོ་ཁྱི་ངུ་ཟུག་བྱེད༔ མ་བདུད་ལྟས་ངན་དགྲ་ལ་ཟློག༔ བྱི་བས་ཕོ་མོའི་སྐྲ་ནས་ཟ༔ གནམ་སའི་ལྟས་ངན་དགྲ་ལ་ཟློག༔ སྟེང་གི་ཕྲ་མེན་སྟག་གདོང་སོགས༔ སྡེར་ཆགས་མགོ་བོ་ཅན་རྣམས་ཀྱིས༔ སྡེར་ཆགས་ལྟས་ངན་མི་འདྲ་རྣམས༔ ཉི་ཤུ་དམ་སྲི་དགྲ་ལ་ཟློག༔ ཅང་ཤེས་གྲུལ་བུམ་ཤེལ་མིག་ཅན༔ ཡ་བདུད་ལྟས་ངན་དགྲ་ལ་ཟློག༔ རྟིའུ་ཕྲུག་གླང་མགོ་སྐྱེས་པ་ཡང༔ ཀླུ་བཙན་ལྟས་ངན་དགྲ་ལ་ཟློག༔ རྔ་མོང་མི་རོ་བཀལ་བ་རྒྱུག༔ ཕུང་གསུམ་ལྟས་ངན་དགྲ་ལ་ཟློག༔ ཕྲུ་གུ་མགོ་བརྙན་ཅན་བྱུང་བ༔ དགྲ་སྲིའི་ལྟས་ངན་དགྲ་ལ་ཟློག༔ དྲེའུའི་སྟེང་དུ་བྱ་རྒོད་བབས༔ དམ་སྲིའི་ལྟས་ངན་དགྲ་ལ་ཟློག༔ མིང་སྲིང་སྲིད་པའི་བུ་བྱུང་བ༔ གདབ་སྲིན་ལྟས་ངན་དགྲ་ལ་ཟློག༔ བོང་བུ་སྦྲུལ་མཐུར་ཅན་བྱུང་བ༔ མ་བདུད་ལྟས་ངན་དགྲ་ལ་ཟློག༔ བོང་ཕྲུག་མགོ་གསུམ་བྱུང་བ་ནི༔ མ་ཡམས་ལྟས་ངན་དགྲ་ལ་ཟློག༔ ཤར་ལྷོའི་ཕྲ་མེན་གཡག་གདོང་སོགས༔ རྨིག་ཆགས་མགོ་བོ་ཅན་རྣམས་ཀྱིས༔ རྨིག་ཟླུམ་ལྟས་ངན་ཉི་ཤུ་ཡང༔ དགྲ་བགེགས་དམ་སྲིའི་སྟེང་དུ་ཟློག༔ སྤྲེའུའི་ལག་ན་ཁྲམ་ཤིང་ཁྱེར༔ ཐེའུ་རང་ལྟས་ངན་དགྲ་ལ་ཟློག༔ སྤྲེལ་གསུམ་སྟག་ཞོན་འགྲོ་བ་ཡང༔ ཕུང་གསུམ་ལྟས་ངན་དགྲ་ལ་ཟློག༔ འདབ་ཆགས་དྲེད་ལ་ཞོན་ནས་རྒྱུ༔ རྒྱལ་བློན་ལྟས་ངན་དགྲ་ལ་ཟློག༔ སྤྱང་ཕྲུག་མི་རོ་ཟ་བ་ནི༔ མ་ཡམས་ལྟས་ངན་དགྲ་ལ་ཟློག༔ སྦལ་པས་ལག་ན་སྦྲུལ་ཁྱེར་བ༔ ས་བདག་ལྟས་ངན་དགྲ་ལ་ཟློག༔ བུད་མེད་འཐབ་འཛིང་བྱེད་པ་ནི༔ བསེན་མོའི་ལྟས་ངན་དགྲ་ལ་ཟློག༔ དྲེད་མོང་སྐྲ་འབལ་བྲང་བརྡུང་བ༔ མ་བདུད་ལྟས་ངན་དགྲ་ལ་ཟློག༔ ཕོ་མོ་ལྷ་མདུན་བསྣོལ་བྱེད་པ༔ ལྷ་ཀླུའི་ལྟས་ངན་དགྲ་ལ་ཟློག༔ རྨིགས་བུ་ལ་སོགས་སྟེང་ཕྱོགས་ཀྱི༔ ཕྲ་མེན་གདོང་ཅན་རྣམས་ཀྱིས་ཀྱང༔ གདོང་ཅན་ལྟས་ངན་ཉི་ཤུ་ཡང༔ དམ་སྲི་དགྲ་བགེགས་སྟེང་དུ་ཟློག༔ མཛོ་ལ་དུར་གྱི་བྱས་ཞོན་པ༔ རྒྱལ་པོའི་ལྟས་ངན་དགྲ་ལ་ཟློག༔ སྲོད་ལ་དུས་མིན་བྱ་ཕོ་འཚེར༔ གཟའ་ཡི་ལྟས་ངན་དགྲ་ལ་ཟློག༔ ནམ་གྱི་གུང་དུ་རྟ་འཚེར་བ༔ ཡུལ་འདྲེའི་ལྟས་ངན་དགྲ་ལ་ཟློག༔ ཐོ་རངས་སྒོ་ཁྱི་ངུ་བ་ཡང༔ དགྲ་ལྷའི་ལྟས་ངན་དགྲ་ལ་ཟློག༔ ཐད་ནས་ཤིང་ཆག་ཤིང་འདུ་འབྲལ༔ ཡུལ་ལྷའི་ལྟས་ངན་དགྲ་ལ་ཟློག༔ ཁྱིམ་དུ་བྱ་དང་རི་དྭགས་འཛུལ༔ གནོད་སྦྱིན་ལྟས་ངན་དགྲ་ལ་ཟློག༔ ཕུག་གདུང་ཀ་བ་ཆག་པ་ཡང༔ ཁྱིམ་ལྷའི་ལྟས་ངན་དགྲ་ལ་ཟློག༔ གློ་བུར་རི་ལས་ཆུ་བོ་རྡོལ༔ སྡེ་བརྒྱད་ལྟས་ངན་དགྲ་ལ་ཟློག༔ ཕ་ཝཾ་ལ་སོགས་ལུས་གཅིག་ལ༔ གཟུགས་ཀྱི་རྣམ་པ་དུ་མ་ཅན༔ ཕྲ་མེན་ཆེན་མོ་མ་ངེས་པས༔ ལྟས་ངན་དམ་སྲི་དགྲ་ལ་ཟློག༔ མདོར་ན་རྟེན་འབྲེལ་ལོག་པ་ལས༔ བཀྲ་མི་ཤིས་པའི་ལྟས་ངན་བྱུང༔ ཀུན་ཀྱང་ཁྲོ་རྒྱལ་ཡབ་ཡུམ་སྲས༔ ཕྲ་ཐབས་ཉི་ཤུས་དབྱིངས་སུ་ཟློག༔ རང་བྱུང་ཡེ་ཤེས་དབྱིངས་སུ་བསྒྱུར༔ ཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ རང་སྔགས་མཐར༔ མ་ཧཱ་ཤཱ་རི་རཾ་སརྦ་དུཥྚན་པྲ་ཏྱཾ་གི་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཞེས་བཏགས་པ་བཟླས་ལ་གལ་ཆེ་ན་ཕུར་བུ་རྣམས་གནོད་པའི་ཕྱོགས་སུ་འཕང་བས་འགལ་རྐྱེན་རྨིང་མེད་དུ་ཞི་བར་བྱེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ སྒོ་མ་བཞི་ལ་བརྟེན་ནས་ལས་བཞི་སྒྲུབ་པར་འདོད་པས་དྲག་པོའི་ཤིང་གི་རྩང་ཕུར་ཟླུམ་པོ༔ གྲུ་བཞི༔ ཟླ་གམ༔ ཟུར་གསུམ་བཅས་རྒྱ་མདུད་ཅན་བཞི་བྱ༔ རྡོ་རྗེའི་སྔགས་བྲིས་ལ་གདགས༔ རྫས་ཀྱང་ཞི་བ་ལ་ཡུངས་ཀར༔ རྒྱས་པ་ལ་རིན་པོ་ཆེ༔ དབང་ལ་མེ་ཏོག་དམར་པོ༔ དྲག་པོ་ལ་དུག་སྣ་ཐུམ་དུ་དྲིལ་བའང་སྐེད་པར་བཅིངས༔ ཟོར་གྱི་ཕྱོགས་བཞིར་བཙུགས་ལ་གྱེར་ནི༔ ཧཱུྃ༔ ཞི་བའི་བསམ་པས་ཞི་བ་སྟེ༔ ཞི་བྱེད་རྡོ་རྗེ་མཁའ་འགྲོ་མ༔ གཞལ་ཡས་ཤར་གྱི་སྒོ་སྐྱོང་བའི༔ མ་མོ་ཆེན་མོ་མཐུ་རྩལ་ཅན༔ སྐུ་མདོག་དཀར་མོ་རྟ་གདོང་ཅན༔ ཞི་བྱེད་ཆེན་པོའི་ལྕགས་ཀྱུ་བསྣམས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དངུལ་ལམ་ཞི་བའི་ཤིང་དག་ལ༔ ཞི་བའི་རྩང་ཕུར་ཟླུམ་ལ་འདྲིལ༔ དཀར་པོ་བདུད་རྩི་འོད་ཟེར་འཕྲོ༔ འོད་ལས་ཞི་བྱེད་ཆར་དུ་འབེབས༔ འཇིགས་པ་བརྒྱད་སོགས་མི་མཐུན་ཕྱོགས༔ རྫས་སྔགས་ཏིང་འཛིན་འདི་ཡིས་ཟློག༔ ཛཿཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྒྱས་པའི་བསམ་པས་རྒྱས་པ་སྟེ༔ རྒྱས་མཛད་རིན་ཆེན་མཁའ་འགྲོ་མ༔ གཞལ་ཡས་ལྷོ་ཡི་སྒོ་སྐྱོང་བའི༔ མ་མོ་ཆེན་མོ་ཞགས་པ་མ༔ སྐུ་མདོག་སེར་མོ་ཕག་གི་གདོང༔ རྒྱས་པའི་ལས་མཛད་ཞགས་པ་འཕེན༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གསེར་རམ་རྒྱས་པའི་ཤིང་དག་ལས༔ རྒྱས་པའི་རྩང་ཕུར་གྲུ་བཞི་ལམ༔ སེར་པོ་ལྷ་རྫས་ཆར་དུ་འབེབས༔ འདོད་དགུ་འགྲུབ་བྱེད་དཔག་བསམ་ཤིང༔ འབྱོར་པ་དྲུག་སོགས་ལེགས་པའི་ཕྱོགས༔ རྫས་སྔགས་ཏིང་འཛིན་འདི་ཡིས་སྤེལ༔ ཧཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཧཱུྃ༔ དབང་གི་བསམ་པས་དབང་འགྱུར་ཏེ༔ དབང་མཛད་པདྨ་མཁའ་འགྲོ་མ༔ གཞལ་ཡས་ནུབ་ཀྱི་སྒོ་སྐྱོང་བའི༔ མ་མོ་ཆེན་མོ་མཐུ་རྩལ་ཅན༔ སྐུ་མདོག་དམར་མོ་སེང་གེའི་གདོང༔ དབང་མཛད་འཆིང་བའི་ལྕགས་སྒྲོག་འཕེན༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཟངས་སམ་དབང་གི་ཤིང་དག་ལས༔ དབང་གི་རྩང་ཕུར་ཟླ་གམ་མཛེས༔ དམར་པོ་འོད་དམར་རླུང་ཞགས་སྤྲོ༔ ཟེར་གྱི་ལྕགས་ཀྱུས་གང་འདོད་འགུགས༔ འགྲོ་ཀུན་སློབ་དཔོན་རྒྱལ་པོ་དང༔ ཕ་མར་མོས་པ་བཞི་ལ་སོགས༔ སྣང་སྲིད་འཁོར་འདས་མ་ལུས་པ༔ རྫས་སྔགས་ཏིང་འཛིན་འདི་ཡིས་ཁུག༔ བྃ་ཝཱ་ཤཾ་ཀུ་རུ་ཛཿ ཧཱུྃ༔ དྲག་པོའི་བསམ་པས་དྲག་པོ་སྟེ༔ དྲག་མཛད་ལས་ཀྱི་མཁའ་འགྲོ་མ༔ གཞལ་ཡས་བྱང་གི་སྒོ་སྐྱོང་བའི༔ མ་མོ་ཆེན་མོ་མཐུ་རྩལ་ཅན༔ སྐུ་མདོག་ལྗང་མོ་སྤྱང་ཀིའི་གདོང༔ མྱོས་མཛད་དྲིལ་བུ་འཁྲོལ་ཞིང་རྒྱུག༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ལྕགས་སམ་དྲག་པོའི་ཤིང་དག་ལས༔ དྲག་མཛད་རྩང་ཕུར་ཟུར་གསུམ་མཛེས༔ མེ་རླུང་འཁྲུགས་པའི་མཚོན་ཆ་འབེབས༔ མངོན་སྤྱོད་ལས་ཆེན་བཅུ་གཉིས་སོགས༔ དགྲ་བགེགས་གདུག་པའི་སྟེང་དུ་འཕེན༔ རྫས་སྔགས་ཏིང་འཛིན་འདི་ཡིས་ཆོམས༔ ཧོཿམཱ་ར་ཡ་ཕཊ྄༔ ཧཱུྃ༔ དྲག་པོ་ཤིང་གི་རྩང་རྣོན་ནི༔ དམར་ནག་སྲིན་མོའི་དྲག་ཤུལ་འགྲོས༔ ཡར་རྩེ་སྲིད་པའི་རྩེ་མོར་འགྲོ༔ སྤྲིན་དང་སྐྱི་སེར་ཤ་ར་ར༔ མར་རྩེ་དམྱལ་བའི་གཏིང་དུ་འབིགས༔ ཁྲོ་ཆུའི་རྦ་ཀློང་ཆི་ལི་ལི༔ སྐེད་པར་ཉི་ཟླ་བསྐོར་ཞིང་འགྲོ༔ ཚ་གྲང་འབྱུང་བ་ནང་ནས་འཐབ༔ ཡར་སྟོད་འདབ་ཆགས་འཁྱུགས་ཤིང་འབིགས༔ གཡུ་འབྲུག་ངར་སྒྲ་འུ་རུ་རུ༔ ཁྱུང་ཆེན་གཤོག་འགྱུར་ལམས་སེ་ལམ༔ རྡོ་རྗེའི་མཆུ་སྡེར་དགྲ་ལ་འདེབས༔ མར་སྨད་གཅན་གཟན་གདུག་པ་ཅན༔ སྟག་གཟིག་དོམ་དྲེད་ངར་ཞིང་འགྱིང༔ ང་རོ་དགྲ་ལ་འོ་དོད་འབོད༔ མཆེ་བ་སྡེར་མོ་གཟེངས་སེ་གཟེང༔ སྐེད་པར་ཤ་ཟ་ལས་མཁན་འཕྱོ༔ སྐྲ་གཟེངས་སྡང་མིག་ཁྲོ་གཉེར་ཅན༔ སྤུ་གྲི་མཚོན་ཆ་ཐོགས་ཤིང་རྒྱུག༔ བསྟན་པའི་དགྲ་ལ་ཞེ་རེ་གནག༔ བར་གྱི་རེའུ་མིག་རེ་རེར་ཡང༔ མཚོན་ཆ་སྣ་ཚོགས་ཐུ་ལུ་ལུ༔ ཐོག་སེར་མང་པོ་ཤ་ར་ར༔ གང་ལ་དམིགས་ན་མདའ་ལྟར་འགྲོ༔ ཟོར་ཆེན་དམག་གི་རྫོང་ཡིན་ཏེ༔ ཁྲོ་རྒྱལ་འཁོར་བཅས་བཞུགས་པའི་གནས༔ ཟོར་མདའ་རྩང་རྣམས་དམག་གི་དཔུང༔ ཕོ་ཉའི་རྔམ་རྒྱུག་གློག་བཞིན་འཁྱུགས༔ ཀུན་ཀྱང་རང་སྲུང་རྡོ་རྗེའི་གོ༔ དགྲ་བགེགས་བརླག་བྱེད་འབར་བའི་མཚོན༔ ཉམས་པའི་གློ་སྙིང་རྒྱུ་མས་བརྒྱན༔ ཁྲག་གི་ཁ་ཆུ་ཛ་ར་ར༔ ཞེ་སྡང་གདུག་རྩུབ་གཟེངས་སེ་གཟེང༔ མཐུ་རྩལ་མ་ཆུང་ལས་ལ་ཆོས༔ རྫས་ནི་བརླག་བྱེད་མཚོན་ཆའི་དབལ༔ སྔགས་ཀྱིས་ངར་གདགས་ཤུགས་དང་ལྡན༔ ཏིང་འཛིན་དམོད་པས་ལྷ་རུ་བསྒོམས༔ བསྐུལ་ལོ་བཞེངས་ཤིག་མཱ་ར་ཡ༔ ལས་ལ་ཆོས་ཤིག་བང་མ་བུལ༔ ལས་འདི་མྱུར་དུ་འགྲུབ་པར་མཛོད༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་ཕཊ྄༔ ཅེས་བསྐུལ་བས་ལས་བཞི་གང་འདོད་འགྲུབ་པར་ངེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཕུར་སྲུང་དབང་ཕྱུག་བཀའ་སྡོད་ལ་བརྟེན་ནས་རཀྟའི་རྫས་ཀྱིས་སྣང་སྲིད་གཡོ་འཁྲུགས་བཟློག་པ་ནི༔ ཕུང་ས་ལ་བཅོས་པའི་ཁྲག་ཀོང་ཟུར་གསུམ་པ་ཕྱི་རོ་སོལ་གྱིས་ནག་པོར་བྱ༔ ནང་དུ་དུག་ཁྲག་བླུག༔ དྲག་པོའི་ཤིང་གི་རྩང་བཙུགས་པ་དཀྱིལ་འཁོར་གྱི་མཐའ་བསྐོར་ཏེ་བཞག་ལ་ལས་ཀྱི་གཞུང་བསྲངས་ཏེ་སྔགས་པ་རྣམས་བེར་ནག་པོ་གྱོན༔ གདོང་ལ་རོ་སོལ་དང་ཁྲག་ཐིག་བྱུག༔ སྐྲ་ཐུར་དུ་འཕྱང་ལ་སྲིད་པ་སྤྱི་བླུགས་ཀྱི་ཞྭ་དང་བཅས་ལག་ཏུ་ཀོང་ཟོར་ཁྲག་གིས་བརྒྱན་པ་ཐོགས་ཏེ་ཐལ་མོ་ཕྱིར་བསྒྱུར་བའི་གར་དང་བཅས་འདི་སྐད་དོ༔ བྷྱོ༔ སྣང་སྲིད་བདེ་བ་ཆེན་པོའི་མཁའ༔ ཡེ་ཤེས་ཀློང་ལས་མ་གཡོས་པའི༔ བཀོད་པ་ཆེན་པོའི་ཆོ་འཕྲུལ་ལས༔ དབྱིངས་ཀྱི་མ་མོ་བདེ་ཀློང་འཁྱིལ༔ རང་ཤར་ཡེ་ཤེས་ཆེན་པོ་ལྔས༔ བཀྲག་གསལ་འབར་སོགས་རྟག་རྒྱལ་ལྔ༔ རིགས་ཀྱི་འཁོར་ལོས་བསྒྱུར་བ་ཡི༔ ཟིལ་གནོན་མ་མོ་ཆེན་མོར་ཤར༔ སྣང་སྲིད་ཐམས་ཅད་མཁའ་ལས་འབྱུང༔ འཁོར་འདས་ཀུན་ཁྱབ་སྤྲོ་ཞིང་སྡུད༔ འཇིག་རྟེན་ལས་ཀྱི་མ་མོ་སོགས༔ སྣ་ཚོགས་བཀོད་པ་ཅིར་ཡང་སྟོན༔ ལེགས་ཉེས་སྟངས་འཛིན་རྗེས་གཅོད་མཁན༔ འདས་དང་མ་འདས་སོ་མཚམས་འཛིན༔ སྣ་ཚོགས་ཡུམ་གྱི་རྒྱལ་མོ་ཡི༔ དཀྱིལ་འཁོར་མུ་རན་སྐྱོང་མཛད་པའི༔ དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད༔ ཕུར་སྲུང་མ་མོ་བཅུ་གཉིས་སོགས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ཀུན་ཀྱང་ཡེ་ཤེས་དབྱིངས་ནས་བཞེངས༔ སྔོན་གྱི་ཐུགས་དམ་དུས་ལ་བབ༔ ཆོས་ཉིད་ཁྱབ་བརྡལ་ཆེན་པོ་ལ༔ བཟང་ངན་ཕྱོགས་ལྷུང་བྲལ་ན་ཡང༔ མ་རྟོགས་དུག་ལྔར་ཞེན་པའི་འགྲོར༔ སྣང་སྲིད་གཡོ་འཁྲུགས་ཅིར་ཡང་འབྱུང༔ ཕྱི་འབྱུང་ས་ཆུ་མེ་རླུང་མཁའ༔ བྱེར་དང་སྡུད་པའི་ཆོ་འཕྲུལ་ལས༔ ས་གཡོ་རི་ཉིལ་ཤྭ་འུད་དང༔ ཐོག་སེར་མེ་ཐན་དྲག་པོའི་རླུང༔ སྣོད་ཀྱི་འབྱུང་བ་རྒུད་པའི་རྐྱེན༔ བཙའ་སད་སྒང་གཤོང་མི་སྙོམ་ཤར༔ ནང་འབྱུང་སྲ་གཤེར་དྲོད་དང་གཡོ༔ བུ་ག་སྟོང་པའི་ཁམས་རྣམས་ཀྱང༔ ཆ་མི་སྙོམ་པ་རླུང་མཁྲིས་ཁྲག༔ བད་ཀན་འདུས་པའི་ནད་རྣམས་བྱུང༔ དེ་ལ་བརྟེན་པའི་གདོན་གྱི་ཚོགས༔ རྒྱལ་བཙན་དམུ་བདུད་ཀླུ་ལ་སོགས༔ འཁྲུགས་འཁོན་གློ་བུར་ཉེས་པའི་ཁམས༔ མི་བཟོད་ཚོར་བས་ལུས་ངག་སེམས༔ གདུང་ཞིང་མནར་བའི་ཚོགས་ཀུན་དང༔ གསང་བ་བརྟན་དང་མཉེན་དྲོད་ཡང༔ གསལ་བ་ཡུམ་ལྔའི་དབྱིངས་ཀྱི་མཁའ༔ མ་རྟོགས་ཡུལ་དང་ཡུལ་ཅན་དུ༔ ཞེན་པས་གཟུང་འཛིན་མཐུ་བརྟས་ཏེ༔ གནས་དོན་ལུས་ཀྱི་འཇིག་རྟེན་གསུམ༔ འཁྲུལ་པའི་ཐང་ལ་འཁྱམས་པ་ཡང༔ ཡུམ་གྱི་བྷ་ག་ཡངས་པའི་ཀློང༔ བདེ་བ་ཆེན་པོའི་བདག་ཉིད་དུ༔ བྱུང་ཡང་དབྱིངས་ཀྱི་མཁའ་ལས་བྱུང༔ བཟློག་ཀྱང་སྟོང་པའི་ཀློང་དུ་ཟློག༔ བསྒྱུར་རོ་དབྱིངས་ཀྱི་རྒྱན་དུ་བསྒྱུར༔ རཀྟ་ཁྲག་གི་རྒྱ་མཚོ་ནི༔ རྒྱུད་དྲུག་བསྒྲལ་བ་ཆགས་པའི་མདངས༔ ལྦུ་བ་རི་རབ་ཙམ་དུ་བརྩེགས༔ རྦ་རླབས་ནམ་མཁའ་ཁྱབ་པར་འཕྱོ༔ རླངས་སྤྲིན་དམར་ནག་དུག་དུ་འཕྱུར༔ མ་དང་མཁའ་འགྲོའི་སྐྱེམས་ཀྱི་མཆོག༔ སྣང་སྲིད་ལྷ་འདྲེའི་ཡིད་བསྒྱུར་རྫས༔ འདོད་ཡོན་མཆོད་པའི་རྫས་ཆེན་པོ༔ ཟུར་གསུམ་ཨེ་ཡི་ཀློང་དུ་འཁྱིལ༔ མི་རྟའི་བམ་རོ་ལང་ལིང་འཕྱོ༔ བླ་མེད་དམ་ཚིག་རྫས་ཆེན་པོ༔ དང་པོ་མཆོད་པའི་མཆོག་ཏུ་འབུལ༔ མ་དང་མཁའ་འགྲོ་མཉེས་པའི་རྫས༔ བར་དུ་ཁྲག་ཀོང་ནད་ཀྱི་ཟོར༔ བཟློག་བསྒྱུར་དྲག་པོའི་རྫས་ཀྱི་མཆོག༔ ཐ་མ་དགྲ་བགེགས་རློག་བྱེད་པའི༔ མཚོན་གྱི་མཆོག་ཏུ་འདི་བྱུང་བས༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ཕྱི་རུ་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ སྣང་སྲིད་མཁའ་འགྲོའི་ཞིང་དུ་བསྒྱུར༔ ནང་དུ་འདུ་བའི་ནད་རྣམས་ཟློག༔ ལྷ་སྲིན་སྡེ་བརྒྱད་སུན་ཁ་བསྒྱུར༔ གསང་བ་རྣམ་རྟོག་གཡོ་འཁྲུགས་ཟློག༔ ཅིར་སྣང་ཡེ་ཤེས་འཆར་བར་མཛོད༔ བཟློག་དང་མི་བཟློག་རྣམ་པར་རྟོག༔ རྣམ་རྟོག་ཡེ་ཤེས་ཆོས་སྐུའི་རྩལ༔ རོལ་པ་འགག་མེད་རྒྱན་དུ་ཆེ༔ བདེ་བ་ཆེན་པོར་ས་མ་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ སརྦ་ཨ་པ་ཀ་ར་ཤ་ཏྲཱུན་བིགྷྣཱན་བྷྱོ་ཟློག་ཨ་ཨ་ཨ༔ ཞེས་བྱས་པས་ཆག་ཆེ་ཉམ་ང་བའི་འགལ་རྐྱེན་མཐའ་དག་རྨིང་མེད་དུ་བཟློག་པར་གདོན་མི་ཟའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་ཕུར་པའི་ལས་ཁ་ཚར་གྱི་རིམ་པ་རིག་མཆོག་འབུམ་སྡེའི་རྒྱུད་ལས་ལུང་དུ་བསྡུས༔ མན་ངག་དམར་ཁྲིད་སྙིང་པོར་བྱས་པ་ཁ་ཆེའི་པཎྜི་ཏ་བི་མ་ལས་གཉགས་ཀྱི་བན་དེ་ལོ་ཙཱ་བ་ཀུ་མཱ་ར་ཛྙཱ་ན་ལ་བོད་ཡུལ་དབུས་ནས་གཏད་དེ་གསང་ཆོས་སུ་གདམས་པ་༔༔༔༔བརྡ་ཡིག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ྀཨཐི༔ བརྡ་ཐིམ༔ མ་འོངས་ཕྱི་མའི་གདུལ་བྱ་ལ་བསམ་ནས་གཏེར་དུ་སྦས་པ་སྨོན་ལམ་ལས་འཕྲོ་དང་ལྡན་པའི་སྐྱེས་བུ་དང་འཕྲད་པར་ཤོག༔ ཅེས་གསུངས་ནས་མཁའ་འགྲོའི་འཕྲུལ་ཡིག་ཏུ་བྲིས་ཏེ་སྦས་སོ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་དངོས་སུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་མདོ་སྨད་བྱང་ཕྱོགས་རེབ་ཀོང་རིག་པའི་འབྱུང་གནས་ཀྱི་བྱེ་བྲག་ཞོ་འོང་སྔགས་མང་གི་གཙུག་ལག་ཁང་གསང་སྔགས་དར་རྒྱས་གླིང་དུ་རྫོགས་པར་གཏན་ལ་ཕབ་པ་ཀསྨི་རའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ། །གུ་ཧྱ་རྒྱ།། །། །།}} | ༁ྃ༔ བརྡ་ཡིག ༔ དཔལ་ཁྲག་འཐུང་ཆེན་པོ་ལ་ཕྱག་འཚལ་ལོ༔ དེ་ཡང་སྤྱིར་ཡི་དམ་གྱི་བསྙེན་སྒྲུབ་མཐར་ཕྱིན་པའི་རྣལ་འབྱོར་པས་ལས་གང་བརྩམས་ཀྱང་འགྲུབ་ལ༔ ཁྱད་པར་རྡོ་རྗེ་ཕུར་པ་ནི་ཕྲིན་ལས་ཀྱི་ལྷ་ཡིན་པས་དེ་ལ་བརྟེན་པའི་ལས་གང་བྱས་ཀྱང་མི་འགྲུབ་པ་མེད་པའི་ཕྱིར་དེ་བརྩམ་པའི་ཚུལ་བཤད་པའོ༔ དང་པོ་གཙོ་འཁོར་ཡོངས་རྫོགས་ལ་བརྟེན་ནས་འགལ་རྐྱེན་བཟློག་པ་གཏོར་མའི་ལས་རིམ་ནི༔ ཁྲག་ཆེན་གྱིས་སྐྱང་ནུལ་བྱས་པའི་སྟེགས་བུར་རོ་སོལ་གྱི་རྡུལ་ཚོན་གྱིས་དྲག་པོའི་ཨེ་རྩིབས་བཅུ་པ་ཐོད་རྭ་རྡོ་རྗེའི་ཕྲེང་བ་མེ་རི་བཅས་བྲི༔ ཕྱི་རོལ་དུ་མ་ཏྲཾ་གྱི་གཟུགས་བྱ༔ སྟེང་དུ་ལྕགས་སམ་རུས་སྦལ་གྱི་ཁོག་པར་འབྲུ་ནག་དུག་སྣ་སྦྱར་བའི་ཕྱེ་ཁྲག་གིས་སྦྲུས་པའི་དམར་གཏོར་འཁོར་ལྷ་གྲངས་ཅན་དྲག་པོའི་རྩང་གིས་བསྐོར་བར་རོ་རས་ནག་པོའི་གདུགས་ཕུབ༔ མཆོད་པས་བསྐོར་ལ་དཀྱིལ་འཁོར་དུ་བསྐྱེད་དེ་བསྙེན་བཟླས་རྒྱ་ཆེར་བྱ༔ ཚོགས་དང་གཏོར་མ་བསྐང་བ་རྣམས་དཔུང་བསྐྱེད༔ ཕུར་གདབ་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས༔ ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་པའི་ཞིང་ཁམས་ནས༔ སྣང་སྲིད་འབར་བ་གྲུ་གསུམ་ཨེ་ཡི་ཀློང༔ རྡོ་རྗེའི་བྲག་ཆེན་པདྨ་ཉི་ཟླ་དང༔ བདུད་བཞི་ཕོ་མོ་གན་རྐྱལ་ཁ་སྦུབ་བསྒྱེལ༔ འབར་བ་ཡེ་ཤེས་མེ་ཡི་དཀྱིལ་འཁོར་དབུས༔ མ་བཅོས་རྫོགས་པའི་སངས་རྒྱས་ཀཱི་ལ་ཡ༔ ཕྲིན་ལས་ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་མི་སྡུག་སྲིན་པོ་ཁྲོས་པའི་གཟུགས༔ གར་དགུའི་ཉམས་ལྡན་གདུག་པ་ཐབས་ཀྱིས་འདུལ༔ མཚན་དཔེའི་ཡོན་ཏན་རྫོགས་པས་སྒེག་སྒེག་འདྲ༔ ཁམས་གསུམ་སྤྱི་ནས་གནོན་པས་རྔམ་རྔམ་འདྲ༔ དུར་ཁྲོད་དཔལ་གྱི་ཆས་རྫོགས་དཔའ་དཔའ་འདྲ༔ འཇིགས་རུང་སྐུ་ཡི་ཆོ་འཕྲུལ་རྩལ་ཕྱུངས་ལ༔ སྔོན་གྱི་ཐུགས་དམ་གཉན་པོའི་དུས་ལ་བབ༔ སྣང་བཅས་འདོད་ཁམས་དག་པའི་བྷནྡྷ་རུ༔ ཕུང་ལྔ་རིགས་ལྔར་རྫོགས་པའི་བ་ལིཾ་བཤམས༔ ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་མཆོད་པ་བཞེས༔ འདོད་ཆགས་སྲིད་པའི་རྩ་བ་སྟོང་པར་མཛོད༔ འབར་བའི་ཞལ་གྱི་ཧོམ་ཁུང་གདངས་པ་ལས༔ མཆེ་གཙིགས་ལྗགས་འདྲིལ་དྲག་པོའི་རྐན་སྒྲ་རྡེབ༔ ཧ་ཧའི་གད་མོ་སྒྲོག་པས་རྒོད་རྒོད་འདྲ༔ དྲག་པོའི་བཤུགས་གླུ་འབྱིན་པས་གཤེ་གཤེ་འདྲ༔ སོད་ཆོམ་ང་རོ་སྒྲོགས་པས་འཇིགས་འཇིགས་འདྲ༔ དྲག་ཤུལ་གསུང་གི་ཆོ་འཕྲུལ་རྩལ་ཕྱུངས་ལ༔ རྡོ་རྗེའི་སྔགས་ཀྱི་ཕྲིན་ལས་དུས་ལ་བབ༔ ཕྱེད་སྣང་གཟུགས་ཁམས་དག་པའི་བྷནྡྷ་རུ༔ རླུང་བཅུ་དབུ་མར་བསྐྱིལ་བའི་བ་ལིཾ་བཤམས༔ གསལ་སྟོང་བདེ་བ་ཆེན་པོའི་མཆོད་པ་བཞེས༔ ཞེ་སྡང་འཁྲུལ་རྟོག་བག་ཆགས་གཅོད་པར་མཛོད༔ མི་འགྱུར་རྟོག་བྲལ་ཆོས་ཉིད་ཞི་བའི་ཐུགས༔ རྟག་ཏུ་མི་གཡོ་འོད་གསལ་ཁྱབ་ཅིང་བརྡལ༔ གདུལ་དཀའ་ལྷག་པར་འདུལ་བས་བརྩེ་བརྩེ་འདྲ༔ གཟི་བྱིན་ཕྱོགས་བཅུར་རྒྱས་པས་རྔམ་རྔམ་འདྲ༔ ཀུན་ཁྱབ་ཕྱོགས་ལྷུང་བྲལ་བས་ཞི་ཞི་འདྲ༔ མི་རྟོག་ཐུགས་ཀྱི་དགོངས་པའི་གདེང་བསྐྱེད་ལ༔ ཁམས་གསུམ་དབྱིངས་སུ་སྒྲོལ་བའི་དུས་ལ་བབ༔ མི་སྣང་གཟུགས་མེད་དག་པའི་བྷནྡྷ་རུ༔ དཀར་དམར་ཉི་ཟླ་ཞུ་བའི་བ་ལིཾ་བཤམས༔ བདེ་སྟོང་ལྷན་སྐྱེས་ཡེ་ཤེས་མཆོད་པ་བཞེས༔ གཏི་མུག་གློ་བུར་རྟོག་འཁྲུལ་འཇོམས་པར་མཛོད༔ གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མི་སྡུག་སྲིན་མོ་ལྟར་ཁྲོས་སྡང་སྡང་འདྲ༔ བྷ་ག་ཡབ་ལ་སྟོབ་པས་ཆགས་ཆགས་འདྲ༔ གཅེར་མོ་མྱོས་མའི་ཚུལ་སྟོན་རྨོངས་རྨོངས་འདྲ༔ དུག་གསུམ་རྒྱན་དུ་རྫོགས་པ་སྦྱོར་བའི་ཡུམ༔ མྱུར་མཛད་ཕྲིན་ལས་ཁྲོ་མོའི་དུས་ལ་བབ༔ འཁོར་བ་དབྱིངས་སུ་རྒྱས་འདེབས་ལས་མཛོད་ཅིག༔ རྣམ་ཐར་གསུམ་རྫོགས་པདྨའི་བྷནྡྷ་རུ༔ ཐབས་ཀྱི་རྡོ་རྗེ་སྦྱོར་བའི་བ་ལིཾ་བཤམས༔ བཅུ་དྲུག་དགའ་བཞི་རྫོགས་པའི་མཆོད་པ་བཞེས༔ རྒྱུད་དྲུག་དབྱིངས་སུ་སྦྱོར་བའི་ཕྲིན་ལས་མཛོད༔ གཡོན་ནས་ཡུམ་ཆེན་ཨེ་ཀ་ཙ་ཏི་མ༔ བདེ་སྟོང་ནུ་འཕྱང་བྷ་གའི་དཀྱིལ་འཁོར་རྒྱས༔ འོད་གསལ་སྤྱན་བགྲད་མཆེ་གཙིགས་སྐྱེ་འཆི་གཅོད༔ རྣམ་པར་མི་རྟོག་མུན་པའི་མདོག་ཏུ་སྟོན༔ སྐུ་གསུམ་ཡེ་ཤེས་རྫོགས་པ་སྒྲོལ་བའི་ཡུམ༔ དབྱིངས་ཀྱི་རྒྱལ་མོའི་ཐུགས་དམ་དུས་ལ་བབ༔ ཁམས་གསུམ་ཐིག་ལེ་ཆེན་པོའི་དབྱིངས་སུ་སྒྲོལ༔ ལྕང་ལོ་འཕྱང་བ་རློན་པའི་བྷནྡྷ་རུ༔ དོན་ལྔ་སྣོད་དྲུག་ཤ་རུས་བ་ལིཾ་བཤམས༔ དུག་གསུམ་ཀློང་དུ་དག་པའི་མཆོད་པ་བཞེས༔ བདུད་བཞི་རྩད་ནས་གཅོད་པའི་ཕྲིན་ལས་མཛོད༔ ཕྱོགས་བཅུ་མཐིང་ནག་ཨེ་ཡི་རྩིབས་བཅུ་ལས༔ བར་ཆད་གདོན་འདུལ་དཔལ་ཆེན་ཁྲོ་རྒྱལ་བཅུ༔ རང་རང་བདེ་སྐྱེད་ཡུམ་དང་གཉིས་མེད་སྦྱོར༔ སྤྲུལ་པའི་ཕྲ་མེན་ཉི་ཟེར་རྡུལ་ལྟར་སྤྲོ༔ སྔོན་གྱི་ཐུགས་དམ་གཉན་པོའི་དུས་ལ་བབ༔ ཕ་རོལ་ཕྱིན་བཅུས་སྲིད་པའི་ཉོན་མོངས་ཆོམས༔ སྣང་བ་ཨེ་ཡི་དལ་རྫོགས་བྷནྡྷ་རུ༔ སྲིད་པ་རྡོ་རྗེའི་ལྷར་ཤར་བ་ལིཾ་བཤམས༔ གཉིས་མེད་དག་པ་རབ་འབྱམས་མཆོད་པ་བཞེས༔ ཕྱོགས་བཅུའི་གདོན་ཚོགས་འདུལ་བའི་དུས་ལ་བབ༔ དམར་ནག་ཟླ་གམ་ཁྲག་མཚོ་འཁྱིལ་བ་ནས༔ སྙིང་རྗེས་སྒྲོལ་བའི་སྲས་མཆོག་ཉི་ཤུ་གཅིག༔ རུ་ཏྲ་དམ་སྲིའི་སྙིང་ལ་གཟིར་ཞིང་རོལ༔ གར་དགུའི་རྔམ་པས་སྐལ་པའི་མེ་ལྟར་འབར༔ གདུག་ཅན་སྙིང་རྗེས་བཟུང་ནས་མ་གཏོང་ཞིག༔ མངོན་སྤྱོད་རོལ་པའི་ཕྲིན་ལས་དུས་ལ་བབ༔ མཐིང་ནག་གྲུ་གསུམ་འབར་བའི་བྷནྡྷ་རུ༔ དགྲ་བགེགས་སྙིང་ཁྲག་འཁྲུགས་པའི་བ་ལིཾ་བཤམས༔ བདེ་ཆེན་རྡོ་རྗེའི་དམ་ཚིག་མཆོད་པ་བཞེས༔ ཁམས་གསུམ་སྐུ་གསུམ་དག་པའི་ལས་མཛོད་ཅིག༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀྱི་གྲྭ་བཞི་ནས༔ ཕྲིན་ལས་བཞི་མཛད་རིགས་བཞིའི་ཀཱི་ལ་ཡ༔ ཚད་མེད་ཐུགས་རྗེས་གང་འདུལ་དེར་སྣང་སྟོན༔ རང་རང་སྤྲུལ་པས་ལས་བཞིར་ཐོགས་པ་མེད༔ ཤེས་རབ་སྟོང་ཉིད་དབྱིངས་ཀྱི་བྷནྡྷ་རུ༔ ཐབས་མཆོག་རིག་པ་ཡེ་ཤེས་བ་ལིཾ་བཤམས༔ འདུ་འབྲལ་མེད་པ་རྒྱན་གྱི་མཆོད་པ་བཞེས༔ ཚར་གཅོད་རྗེས་སུ་འཛིན་པའི་དུས་ལ་བབ༔ རང་སྣང་ཡེ་ཤེས་འཁོར་ལོའི་སྒོ་བཞི་ནས༔ ཐོགས་མེད་ལས་མཛད་མ་མོ་སྒོ་མ་བཞི༔ མི་འགྱུར་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ ཆགས་ཐོགས་མེད་པའི་ཐུགས་རྗེའི་ཕོ་ཉ་བསྐུལ༔ འཁོར་བ་མ་སྤངས་དག་པའི་བྷནྡྷ་རུ༔ མྱང་འདས་ཡོན་ཏན་རྫོགས་པའི་བ་ལིཾ་བཤམས༔ སྤང་བླང་ལས་འདས་མཉམ་པའི་མཆོད་པ་བཞེས༔ དྲག་ཤུལ་རོལ་པའི་ཕྲིན་ལས་ད་སྟོན་ཅིག༔ ཁོར་ཡུག་དུར་ཁྲོད་ཁྲག་གི་རྒྱ་མཚོ་ལས༔ ཕུར་པའི་སྲུང་མ་མ་སྲིང་མཁའ་འགྲོ་གིང༔ རང་རང་ལས་མཛད་དཔལ་གྱི་ཐ་ཚིག་ཉོན༔ ཅི་བགྱིས་བཀའ་ཡི་མངག་གཞུག་ཐམས་ཅད་ལ༔ སྐྱེ་འགག་མི་གནས་རང་བྱུང་བྷནྡྷ་རུ༔ རང་གསལ་ཡེ་ཤེས་ཆེན་པོའི་བ་ལིཾ་བཤམས༔ ཀུན་ནས་མི་ཕྱེད་རྡོ་རྗེའི་མཆོད་པ་བཞེས༔ རང་རྩལ་རྩོལ་མེད་ཕྲིན་ལས་མྱུར་དུ་མཛོད༔ རྡོ་རྗེ་གཞོན་ནུ་ཕྲིན་ལས་ཕུར་པ་རོལ༔ སྣང་སྲིད་ཡེ་ཤེས་དག་པའི་འཁོར་ལོར་བཞེངས༔ དྲག་ཤུལ་མངོན་སྤྱོད་རོལ་པ་ཆེན་པོ་ཡི༔ རྡོ་རྗེའི་དམ་ལས་མ་འདའ་ས་མ་ཡ༔ ཞེས་རཀྟ་སྦྲེང་ཞིང་གཏོར་ཆུང་རེ་རེ་བཞིན་ཕུལ་ཏེ་བསྐུལ༔ བཟློག་པའི་ལས་བཅོལ་བ་དངོས་ནི༔ བྷྱོ༔ ནམ་མཁའི་མཐའ་མཉམ་དྲག་པོ་ཨེ་ཡི་ཞིང༔ ཆོས་ཉིད་དབྱིངས་ཀྱི་ཁྲོ་རྒྱལ་མཁའ་ཁྱབ་སྐུ༔ ཡེ་ཤེས་ཕྱག་རྒྱ་གང་འདུལ་ཅིར་ཡང་བསྒྱུར༔ གཙོ་འཁོར་རོལ་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ ཐུགས་རྗེའི་འདུལ་མཛད་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན༔ རྫུ་འཕྲུལ་ཞབས་བགྲད་གར་གྱི་ཉམས་དགུ་ལྡན༔ དབུས་ཞལ་མཐིང་ནག་མཚན་འཛིན་རྟོག་འཁྲུལ་ཟློག༔ གཡས་དཀར་བཞད་པས་ལྷ་གདོན་སྙེམས་བྱེད་ཟློག༔ གཡོན་དམར་གཤེ་བས་གཏི་མུག་ཀླུ་གདོན་ཟློག༔ མདོག་ནག་ཁྲོ་གཉེར་ནག་ཕྱོགས་བདུད་གདོན་ཟློག༔ འབར་བའི་སྤྱན་གྱིས་གཟའ་གདོན་ཧུར་ཐུམ་ཟློག༔ ཁྲོས་པའི་ཤངས་གཉེར་གཤིན་རྗེའི་ཁྲམ་ཁ་ཟློག༔ རྣོན་པོའི་མཆེ་གཙིགས་བཙན་གྱི་གཟེར་ཁ་ཟློག༔ འཁྱུགས་པའི་ལྗགས་གཡོ་མ་མོའི་དལ་ཡམས་ཟློག༔ དབུ་སྐྲ་གྱེན་བརྫེས་རྒྱལ་པོའི་སྨྱོ་འབོག་ཟློག༔ འབར་རྔམ་རོལ་པས་གནོད་སྦྱིན་འཁྲུལ་གདོན་ཟློག༔ རྡོ་རྗེ་རིན་ཆེན་གཤོག་པས་སྟེང་གདོན་ཟློག༔ སྣ་ཚོགས་མཚོན་ཆའི་ཕྱག་གིས་བར་གདོན་ཟློག༔ བརྐྱང་བསྐུམ་ཞབས་ཀྱི་བྲོ་ཡིས་འོག་གདོན་ཟློག༔ སྐུ་ཆེ་ཡན་ལག་རགས་པས་སྣང་སྲིད་གཡོ༔ གསུང་བརྗིད་དྲག་ཤུལ་རོལ་པས་ཁམས་གསུམ་འདར༔ ཐུགས་མཆོག་རྟོག་བྲལ་ཞི་བས་དབྱིངས་ལ་སྤྱོད༔ ངོ་མཚར་རྨད་བྱུང་ཁྲོ་བོའི་རྗེ་བཙན་ཆེ༔ དཔལ་ཆེན་འབར་བ་མངོན་སྤྱོད་ལས་ལ་བཞེངས༔ བཟློག་བསྒྱུར་རོལ་པའི་ཕྲིན་ལས་དུས་ལ་བབ༔ འཁོར་འདས་ཐམས་ཅད་རྡོ་རྗེ་ཕུར་པའི་དབྱིངས༔ ཡེ་ཤེས་ཕྱག་རྒྱའི་ཆོ་འཕྲུལ་ཤུགས་ཕྱུངས་ལ༔ གཉིས་སྣང་གདོན་བགེགས་སྒྲོལ་བའི་དུས་ལ་བབ༔ སྣང་སྲིད་འཁྲུལ་འཁོར་སྡང་བའི་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ ཡུམ་ཆེན་ཁྲོ་མོ་འཁོར་ལོ་རྒྱས་འདེབས་མ༔ ཨུཏྤལ་དུང་ཁྲག་བསྣམས་པས་བདེ་ཆེན་བསྐྱེད༔ ཆོས་ཀུན་མཁའ་དབྱིངས་དག་པའི་རོལ་རྩེད་ཀྱིས༔ སྣང་སྲིད་བདེ་ཆེན་ཕྱག་རྒྱས་རྒྱས་ཐོབ་ཅིག༔ སྒྲོལ་བའི་ཡུམ་མཆོག་མ་མོ་ཨེ་ཀ་ཙ༔ ཡེ་ཤེས་ལས་དང་འཇིག་རྟེན་ཕོ་ཉ་སྤྲོས༔ སྲིད་པ་མོ་རྒྱུད་འཁྲུགས་པའི་གདོན་བགེགས་དགྲ༔ ཀུན་ཀྱང་བདེ་སྟོང་རྡོ་རྗེའི་དབྱིངས་སུ་ཟློག༔ ཧཱུྃ་བྷྱོ༔ སྟེང་གི་ཁྲོ་ཆེན་བུདྡྷ་ཧཱུྃ་ཀཱ་ར༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ ལས་མཛད་ཕྲ་མེན་ཕག་དང་རྨིགས་བུ་ཅན༔ སྟེང་ཕྱོགས་སྣང་མཛད་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཚངས་པའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ཤར་གྱི་ཁྲོ་ཆེན་རྡོ་རྗེ་རྣམ་པར་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྙེམས་མར་སྦྱོར༔ ལས་མཛད་ཕྲ་མེན་སྟག་དང་བྱ་རྒོད་ཅན༔ ཤར་ཕྱོགས་རྡོ་རྗེའི་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དྲི་ཟའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ཤར་ལྷོ་ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྡེར་མོ་མ༔ ལས་མཛད་ཕྲ་མེན་གཡག་དང་བྱ་རོག་མགོ༔ ཤར་ལྷོའི་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མེ་ལྷའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ལྷོ་ཡི་ཁྲོ་ཆེན་རཏྣ་གཤིན་རྗེ་གཤེད༔ གཉིས་མེད་ཡུམ་ཆེན་དུར་ཁྲོད་བདག་མོར་སྦྱོར༔ ལས་མཛད་ཕྲ་མེན་ཤ་བ་འུག་པའི་མགོ༔ ལྷོ་ཕྱོགས་རིན་ཆེན་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གཤིན་རྗེའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ལྷོ་ནུབ་ཁྲོ་བོ་ཆེན་པོ་མི་གཡོ་མགོན༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ ལས་མཛད་ཕྲ་མེན་གཟིག་དང་ཁ་ཏྭའི་མགོ༔ ལྷོ་ནུབ་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྲིན་པོའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ནུབ་ཕྱོགས་ཁྲོ་ཆེན་པདྨ་རྟ་མགྲིན་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་ཙཎྜ་ལི༔ ལས་མཛད་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ནུབ་ཕྱོགས་པདྨ་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཀླུ་ཡི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ནུབ་བྱང་ཁྲོ་བོ་ཆེན་པོའི་འདོད་པའི་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ ལས་མཛད་ཕྲ་མེན་སྤྱང་ཀི་ཁྲ་མགོ་མ༔ ནུབ་བྱང་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རླུང་ལྷའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ བྱང་ཕྱོགས་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ ལས་མཛད་ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ བྱང་ཕྱོགས་ལས་རབ་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གནོད་སྦྱིན་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ ལས་མཛད་ཕྲ་མེན་དོམ་དང་སྲེ་མོང་མགོ༔ བྱང་ཤར་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དབང་ལྡན་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ འོག་ཕྱོགས་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྐྱོད་བྱེད་མ༔ ལས་མཛད་ཕྲ་མེན་དྲེད་དང་བྱི་བའི་མགོ༔ འོག་ཕྱོགས་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ས་བདག་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ཧཱུྃ་བྷྱོ༔ དམར་ནག་ཟླ་གམ་དབང་གི་ཞིང་ཁམས་ཀྱི༔ གཡས་ཕྱོགས་སྐུ་ཡི་སྲས་བདུན་ལྗང་ལ་གཏུམ༔ གཡོན་ནས་གསུང་གི་སྲས་བདུན་དམར་ལ་རྔམ༔ མདུན་དུ་ཐུགས་ཀྱི་སྲས་བདུན་མཐིང་ནག་འབར༔ ཟག་མེད་གསང་བས་ཁམས་གསུམ་སྙིང་རྗེས་བསྒྲལ༔ སྲིད་པ་རྡོ་རྗེ་ཕུར་པའི་ཁྲོ་བོ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྒོ་གསུམ་འཁྲུལ་པ་སྐུ་གསུམ་ཀློང་དུ་ཟློག༔ སྟེང་འོག་བར་གདོན་ཆག་ཆེ་ཉམ་ང་ཟློག༔ ཧཱུྃ་བྷྱོ༔ ཁྲག་འཐུང་རོལ་པའི་ཞིང་གི་ཕྱོགས་བཞི་ནས༔ ཐོགས་མེད་ལས་བཞི་སྒྲུབ་མཛད་རིགས་བཞིའི་སྐུ༔ འབར་བའི་ཁྲོ་རྒྱལ་ཆེན་པོ་རྣམ་པ་བཞིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྟག་ཆད་མཐའ་བཞིའི་འཁྲུལ་སྣང་ལས་བྱུང་བའི༔ བར་ཆད་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀྱི་སྒོ་བཞི་ནས༔ ཚད་མེད་བཞི་ལྡན་ཕོ་ཉ་མཁའ་འགྲོ་བཞི༔ ཕྲ་མེན་སྤྲུལ་པའི་ཌཱ་ཀི་ཆེན་མོ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྱོགས་མཚམས་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་མུ་རན་སྐྱོང་བའི་མངག་གཞུག་ཆེ༔ ཕུར་པའི་སྲུང་མར་ཞལ་བཞེས་དམ་ཚིག་ཅན༔ མ་མོ་ཆེན་མོ་བཅུ་གཉིས་དཔུང་དང་བཅས༔ འབར་བའི་ཆོ་འཕྲུལ་ཐོགས་མེད་ཅིར་ཡང་སྟོན༔ སྔོན་ཚེ་ཕུར་པ་གྲུབ་པའི་རིག་འཛིན་གྱིས༔ སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རེ་ཏི་ཕོ་ཉ་ཤྭ་ན་མཆེད་བཞི་ནི༔ ལྕགས་ཀྱི་སྤྱང་མོ་འཇིགས་པའི་མགོ་དགུ་མ༔ དེ་ལ་འཇིགས་པའི་ལྕགས་ཀྱི་མི་མོས་ཞོན༔ ལག་ན་ལྕགས་ཕུར་འདྲིལ་ཞིང་དགྲ་ལ་འདེབས༔ ཤྭ་ན་མུ་ཁ་ཁྱོད་ཀྱི་དུས་ལ་བབ༔ དགྲ་བོ་སྒྲོལ་ཞིང་གདོན་བགེགས་ཟློག་པར་མཛོད༔ གསེར་གྱི་འཕར་བ་འཇིགས་པའི་ལྕེ་བརྒྱད་མ༔ དེ་ལ་གསེར་གྱི་མི་མོ་འཇིགས་པས་ཞོན༔ ལག་ན་གསེར་ཕུར་འདྲིལ་ཞིང་དགྲ་ལ་འདེབས༔ སྲི་ལ་མུ་ཁ་ཁྱོད་ཀྱི་དུས་ལ་བབ༔ དགྲ་བོ་སྒྲོལ་ཞིང་གདོན་བགེགས་ཟློག་པར་མཛོད༔ ཟངས་ཀྱི་ཝ་མོ་རྒྱུག་པའི་རྐང་གསུམ་མ༔ དེ་ལ་ཟངས་ཀྱི་མི་མོ་གཏུམ་མོས་ཞོན༔ ལག་ན་ཟངས་ཀྱི་ཕུར་འདྲིལ་དགྲ་ལ་འདེབས༔ ཀྲྀ་ཏ་མུ་ཁ་ཁྱོད་ཀྱི་དུས་ལ་བབ༔ དགྲ་བོ་སྒྲོལ་ཞིང་གདོན་བགེགས་ཟློག་པར་མཛོད༔ གཡུ་ཡི་ཁྱི་མོ་གཡུ་རལ་མཆེ་གཙིགས་ཅན༔ དེ་ལ་གཡུ་ཡི་མི་མོ་གདུག་པས་ཞོན༔ ལག་ན་གཡུ་ཕུར་འདྲིལ་ཞིང་དགྲ་ལ་འདེབས༔ ཤྲི་གཾ་མུ་ཁ་ཁྱོད་ཀྱི་དུས་ལ་བབ༔ དགྲ་བོ་སྒྲོལ་ཞིང་གདོན་བགེགས་ཟློག་པར་མཛོད༔ ཧཱུྃ་བྷྱོ༔ ནམ་གུང་ལས་བྱེད་རེ་ཏི་སྲིད་རྒྱལ་བཞི༔ མཐིང་ནག་འཇིགས་བྱེད་དཔལ་ལྡན་རེ་མ་ཏི༔ མཆོག་ཕུར་འདྲིལ་བ་དགྲ་བོའི་མགོ་ལ་རྒྱོབ༔ དྲེལ་རྟ་ཞོན་ནས་སྟོང་གསུམ་ཡུད་ཀྱིས་བསྐོར༔ ལྟས་ངན་བརྒྱད་ཅུའི་གནོད་པ་དགྲ་ལ་ཟློག༔ ཟ་བྱེད་ཆེན་མོ་དཔལ་ལྡན་རེ་མ་ཏྲི༔ གསེར་གྱི་ཟོར་བས་དགྲ་བགེགས་ཕྱགས་མས་འདེབས༔ གསེར་ཤ་ཞོན་ནས་འཇིག་རྟེན་ཀུན་ཏུ་ཉུལ༔ ཆག་ཆེ་ཉམ་ང་ཐམས་ཅད་དགྲ་ལ་ཟློག༔ ཕུང་བྱེད་ཆེན་མོ་དཔལ་ལྡན་རེ་མ་ཛཿ ཁྲམ་ཤིང་ནད་རྐྱལ་དམ་ཉམས་དགྲ་ལ་འདེབས༔ ཆུ་གླང་རྔ་མོང་ཞོན་ནས་ཕྱོགས་བཅུར་རྒྱུག༔ རྨི་ལམ་མཚན་ལྟས་ངན་ཀུན་དགྲ་ལ་ཟློག༔ ལས་མཁན་ཆེན་མོ་དཔལ་ལྡན་རེ་མ་ཛུ༔ ཁྲམ་བྱང་དམར་ནག་དགྲ་བོ་རིས་སུ་བྲིས༔ ལྟས་ངན་རྔ་མོང་ཞོན་ནས་ཁམས་གསུམ་ཉུལ༔ རིམས་ཡམས་དལ་ནད་ཐམས་ཅད་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ ཐོ་རངས་ལས་མཁན་བདག་ཉིད་ཆེན་མོ་བཞི༔ རྡོ་རྗེ་ཡ་བྱིན་བདུད་རྟ་ནག་པོ་ཞོན༔ ལྕགས་ཀྱི་ཕུར་པའི་ཚྭ་ཚྭ་དགྲ་ལ་འདེབས༔ སྲིད་པའི་མ་མོའི་ཁྲམ་ཁ་དགྲ་ལ་བྷྱོ༔ རྡོ་རྗེ་དེ་བྱིན་གཟའ་རྟ་དམར་པོ་ཞོན༔ གསེར་ཕུར་འདྲིལ་ཞིང་ཞགས་པས་དགྲ་བགེགས་འཆིང༔ ཕུང་དལ་མ་ཡམས་ལྟས་ངན་དགྲ་ལ་བྷྱོ༔ རྡོ་རྗེ་བསེ་བྱིན་གློག་དམར་རྟ་ལ་ཞོན༔ ལྕགས་ཀྱུས་དགྲ་སྙིང་འདྲེན་ཞིང་ཕུར་པ་འདེབས༔ མཚོན་གྲུ་དུག་རླངས་སྡང་བའི་དགྲ་ལ་བྷྱོ༔ རྡོ་རྗེ་ཕག་བྱིན་ཀླུ་རྟ་སྔོན་ནག་ཞོན༔ ཞགས་པས་དགྲ་བོ་འཆིང་ཞིང་མཆོག་ཕུར་འདེབས༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ༔ ཐབས་ཀྱི་སྲིན་པོ་གཤིན་རྗེ་བདུད་གནོད་སྦྱིན༔ ལག་ན་གྲི་རིང་ཕུར་ཐོགས་དགྲ་མགོ་གཅོད༔ ཉམས་པའི་ཤ་ཁྲག་ཟས་སུ་ད་ཟོ་ལ༔ ཕྱོགས་བཞིའི་གདོན་གྱི་གནོད་པ་ཟློག་ཅིང་སྒྱུར༔ ཤར་ལྷོ་ནུབ་བྱང་རྒྱུ་བའི་བདུད་ཆེན་བཞི༔ དཀར་སྔོན་ལྗང་ནག་འཇིགས་རུང་སྐྱེས་བུའི་གཟུགས༔ ལག་ན་ཕུར་ཐོགས་གཅིག་ཏུ་དགྲ་ལ་རྔམས༔ མི་མཐུན་གནོད་པ་ཐམས་ཅད་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ ཕྱོགས་བཞིའི་མིང་པོ་གིང་ཆེན་སྡེ་བཞི་ནི༔ རང་མདོག་ཁྲོ་ཚུལ་སྟོན་ཅིང་མཚོན་ཆ་ཐོགས༔ སྲིན་པོའི་གནོད་པ་གཤིན་རྗེའི་ཁྲམ་ཁ་སྟོན༔ ཀླུ་ཡི་མཛེ་རིགས་ཀིང་ཀང་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ དགེ་བསྙེན་ཆེན་པོ་ཉི་ཤུ་རྩ་གཅིག་ནི༔ སྐུ་ཡི་དགེ་བསྙེན་ཆེན་པོ་དཀར་པོ་བདུན༔ གསུང་གི་དགེ་བསྙེན་ཆེན་པོ་དམར་པོ་བདུན༔ ཐུགས་ཀྱི་དགེ་བསྙེན་ཆེན་པོ་ནག་པོ་བདུན༔ ཀུན་ཀྱང་གོ་ཁྲབ་སྲ་ལ་རྣོ་མཚོན་ཐོགས༔ འཁོར་གསུམ་སྐེད་བསྐོར་བ་དན་ཕུར་པ་འཕྱར༔ རང་མདོག་རྟ་ཞོན་ཀི་བསྭོ་དམག་དཔུང་སྤྲོ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་གནོད་པ་ཟློག༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་མཐའ་སྐྱོང་དབང་ཕྱུག་ཉི་ཤུ་བརྒྱད༔ འཇིག་རྟེན་དྲེགས་པ་ཡོངས་ཀྱི་ཆུང་མ་སྟེ༔ འཁོར་འདས་སོ་མཚམས་འཛིན་པའི་མ་མོའི་ཚུལ༔ གཡག་གི་མགོ་སོགས་ཕྲ་མེན་མི་བཟད་མ༔ མཚོན་ཆ་ཐོགས་ནས་སྲིད་གསུམ་ཕོ་ཉས་བཀང༔ ལས་བཞིའི་རོལ་པས་ཕྱོགས་མཚམས་དགྲ་བགེགས་ཟློག༔ དཔལ་གྱི་བཀའ་བཞིན་སྣང་སྲིད་བྷྱོ་ཡིས་ཐོབ༔ དེ་ནི་ཆོས་ཅན་རྟགས་ཀྱི་བཟློག་པའི་བྱང་བུའོ༔ ས་མ་ཡ༔ ཧཱུྃ་བྷྱོ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཅུ་སྟོང་གི་འཇིག་རྟེན་ཁམས༔ ཀུན་ཀྱང་རྡོ་རྗེ་ཕུར་པའི་ཞིང༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ རྡོ་རྗེ་ཕུར་པ་དབྱིངས་ཀྱི་ལྷ༔ ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཕེན༔ ཞལ་ནས་ཕུར་པའི་ཛཔ་བཟླ་ཞིང༔ རྔམ་པའི་སྟང་སྟབས་ཁྲིགས་སེ་ཁྲིག༔ སྣང་སྲིད་ཁྲོ་བོའི་ཞིང་དུ་ཤར༔ ཀུན་ཀྱང་འཇིགས་མཛད་ཁྲག་འཐུང་ཆེ༔ སྐུ་ནི་མ་ངེས་ཅིར་ཡང་འགྱུར༔ ཡེ་ཤེས་སྐུ་ལ་ཕྱོགས་རིས་མེད༔ ཁ་དོག་སྣ་ཚོགས་མ་འདྲེས་སྟོན༔ ཞལ་དང་ཕྱག་ནི་ཅི་འདོད་སྣང༔ ནམ་མཁའ་ཁྱབ་པའི་རྡོ་རྗེའི་གཟུགས༔ སྣང་སྟོང་མི་ཕྱེད་མཉམ་པ་ཉིད༔ གཙོ་དང་འཁོར་དུ་བསམ་ཡས་སྟོན༔ སྐུ་གཅིག་ཞིང་ཁམས་རབ་འབྱམས་ཁྱབ༔ ཞིང་ཀུན་བ་སྤུ་གཅིག་ཏུ་རྫོགས༔ ཕྱོགས་བཅུའི་ཞིང་རེར་སྐུ་དུ་མ༔ མ་ངེས་ཆོ་འཕྲུལ་བསམ་ཡས་པ༔ སྣང་བ་རྡོ་རྗེ་གཞོན་ནུ་ཡིས༔ དེ་རིང་བཟློག་པའི་ཕྲིན་ལས་མཛོད༔ གཟུགས་ཕུང་རྟག་པའི་རྒྱལ་པོ་སྟེ༔ དེ་བཞིན་གཤེགས་པ་ཀཱི་ལ་ཡ༔ ཚོར་བ་རྡོ་རྗེ་ཉི་མ་ནི༔ རིན་ཆེན་འོད་འཕྲོ་ཀཱི་ལ་ཡ༔ འདུ་ཤེས་གར་གྱི་དབང་ཕྱུག་ཆགས༔ པདྨ་མཐའ་ཡས་ཀཱི་ལ་ཡ༔ འདུ་བྱེད་རྟ་ཡི་རྒྱལ་པོའི་རིགས༔ ལས་ཀྱི་རིགས་སྟོན་ཀཱི་ལ་ཡ༔ རྣམ་ཤེས་ཧེ་རུ་ཀ་དཔལ་ཆེ༔ རྡོ་རྗེ་འཛིན་པ་ཀཱི་ལ་ཡ༔ ཡེ་ཤེས་དྲུག་པའི་རིགས་ཆེན་པོ༔ ཁྱབ་བདག་སེམས་དཔའ་ཀཱི་ལ་ཡ༔ སྤྲུལ་པའི་ཕོ་ཉར་བཅས་པ་ཡང༔ དབྱིངས་ནས་དགོངས་པའི་རྩལ་མ་ཞན༔ ཐུགས་རྗེ་དྲག་ཤུལ་རྔམ་པ་ཡིས༔ སྣང་བཅས་འདོད་ཁམས་འཁྲུལ་རྟོག་གི༔ ལུས་ཀྱི་ན་ཚ་ངན་པ་ཟློག༔ གཟུང་འཛིན་རྩ་ཡི་ཉེར་ལེན་ལས༔ བྱུང་བའི་སྲིད་པའི་སྣང་ཆ་ཟློག༔ འདོད་ཆགས་སེམས་ཀྱི་རྣམ་རྟོག་ལས༔ སྡེ་བརྒྱད་བསེན་མོའི་གནོད་པ་ཟློག༔ བཟློག་གོ་ཕྱི་ནང་བར་ཆད་ཟློག༔ བསྒྱུར་རོ་སྣང་སྲིད་ཞིང་དུ་བསྒྱུར༔ ཕྱག་རྒྱ་གཉན་པོའི་དམ་ཚིག་ལས༔ ཀུན་ཀྱང་མ་འདའ་ས་མ་ཡ༔ ཧཱུྃ་བྷྱོ༔ ཇི་སྙེད་འཇིག་རྟེན་རབ་འབྱམས་ན༔ གྲགས་པའི་སྒྲ་རུ་ཤར་བ་ཀུན༔ ཤར་དུས་ཉིད་ནས་སྟོང་པ་ཉིད༔ གྲགས་སྟོང་སྐྱེ་མེད་རྡོ་རྗེའི་སྒྲ༔ ངོ་བོ་ནཱ་དའི་ཆོས་ཉིད་དེ༔ རྣམ་པ་དྲག་པོ་སྔགས་ཀྱི་སྒྲ༔ ལས་ཀུན་བྱེད་ལ་ཐོགས་པ་མེད༔ གསུང་གི་རྡོ་རྗེ་ཅིར་ཡང་འཆར༔ ངོ་མཚར་རྡོ་རྗེ་གསང་བའི་ཚིག༔ ཨེ་མ་རྨད་དུ་བྱུང་བ་ནི༔ ཀཱི་ལ་ཡ་ཡི་སྔགས་སུ་རྫོགས༔ བཟླས་ཤིང་དམོད་པའི་ནུས་མཐུ་ཡིས༔ དེ་རིང་བཟློག་པའི་ལས་མཛོད་ཅིག༔ བདེ་གཤེགས་ཛཔ་ནི་འགྱུར་བ་མེད༔ རིན་ཆེན་ཛཔ་དབྱངས་ཀུན་ཁྱབ་རྒྱས༔ པདྨའི་ཛཔ་བཟླས་འགག་མེད་སྒྲོག༔ ལས་ཀྱི་ཛཔ་ནི་ཐོགས་མེད་སྒྲོག༔ རྡོ་རྗེའི་ཛཔ་དབྱངས་དབྱིངས་སུ་ཞི༔ རང་སྣང་ཀུན་ཁྱབ་ཡི་གེ་ཆེ༔ ཅིར་ཡང་འབྱུང་ཞིང་འཆར་བ་ཡི༔ རྣམ་པ་ཐམས་ཅད་འཁོར་ལོ་ཆེས༔ འོད་གསལ་གཟུགས་ཁམས་སྲིད་པ་ཡི༔ བྱུང་བའི་འཁྲུལ་སྣང་རྒྱུར་བཅས་ཟློག༔ རླུང་བཅུ་བསྐྱེད་དང་སྡུད་པ་ཡིས༔ རྣམ་རྟོག་སེམས་ཀྱི་བཞོན་པ་ཟློག༔ ཞེ་སྡང་ཀུན་རྟོག་འབར་བ་ལས༔ སྡེ་བརྒྱད་རྒྱལ་འགོང་གནོད་པ་ཟློག༔ བཟློག་གོ་ཕྱི་ནང་བར་ཆད་ཟློག༔ བསྒྱུར་རོ་སྒྲ་གྲགས་སྔགས་སུ་སྒྱུར༔ ཆོས་ཀྱི་ཕྱག་རྒྱའི་དམ་ཚིག་ལས༔ ཀུན་ཀྱང་མ་འདའ་ས་མ་ཡ༔ ཧཱུྃ་བྷྱོ༔ ཕྱོགས་བཅུའི་ཞིང་གི་སྐྱེ་འགྲོ་ཡི༔ ཡིད་ཀྱི་རྟོག་པའི་འགྱུ་བ་ཀུན༔ སྐྱེ་འགག་གནས་མེད་འགྲོ་འོང་བྲལ༔ ཆོས་ཉིད་ཀློང་ནས་སྐྱེ་འགག་གནས༔ ཤར་ཡང་གང་དུ་མི་གནས་པ༔ སྟོང་པའི་ཡེ་ཤེས་བདེ་བར་ཤར༔ འོད་གསལ་སྣང་བ་བསམ་ཡས་འཕྲོ༔ རྟོག་པ་མེད་ཅིང་བློ་ལས་འདས༔ ཡེ་ཤེས་ལྔ་རུ་འཆར་ཞིང་གསལ༔ ཆོས་ཀྱི་དབྱིངས་ནི་རྟོག་པ་བྲལ༔ མེ་ལོང་ལྟ་བུར་འགག་པ་མེད༔ མཉམ་པ་ཉིད་ལ་བླང་དོར་ཟད༔ སོ་སོར་ཀུན་ཏུ་རྟོག་པ་གསལ༔ རྩོལ་མེད་བྱ་བ་ལྷུན་གྱིས་གྲུབ༔ རང་བྱུང་རང་ཤར་གཅིག་ཏུ་སྟོན༔ ཐུགས་རྗེའི་མཐུ་དང་ནུས་པ་ཕྱུངས༔ ཐོགས་པ་མེད་པའི་ལས་མཛོད་ཅིག༔ མི་རྟོག་གཟུགས་མེད་ཁམས་གནས་པའི༔ ཀུན་འབྱུང་སེམས་ཀྱི་འཁྲུལ་པ་ཟློག༔ ཟག་བཅས་ཐིག་ལེ་གཡོས་པ་ཡིས༔ སྣང་གསུམ་ཡིད་ཀྱི་བག་ཆགས་ཟློག༔ རྟོག་པའི་གཏི་མུག་མ་རིག་གདོན༔ སྡེ་བརྒྱད་ཀླུ་ཡི་གནོད་པ་ཟློག༔ བཟློག་གོ་ཕྱི་ནང་བར་ཆད་ཟློག༔ བསྒྱུར་རོ་དྲན་རྟོག་ཡེ་ཤེས་སྒྱུར༔ ཕྱག་རྒྱ་ཆེན་པོའི་དམ་ཚིག་ལས༔ ཀུན་ཀྱང་མ་འདའ་ས་མ་ཡ༔ ཧཱུྃ་བྷྱོ༔ ཁམས་གསུམ་མ་ལུས་སྐུ་གསུང་ཐུགས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཀུན་ཀྱང་དག་པ་ཡེ་ཤེས་ཆེ༔ ཡེ་ཤེས་ལ་ནི་ཡེ་ཤེས་རོལ༔ གཉིས་སུ་མེད་ཀྱང་གཉིས་མེད་སྟོན༔ གཉིས་མེད་མཉམ་པའི་ཆོ་འཕྲུལ་ནི༔ ཆོས་ཀྱི་དབྱིངས་ལས་འབྱུང་ཞིང་གནས༔ རྟག་ཏུ་འཕོ་འགྱུར་མེད་པ་ལ༔ ཕྱི་སྣོད་འབྱུང་བཞི་འཁྲུགས་པའི་དགྲ༔ ཡུམ་ཆེན་ལྔ་ཡི་མཁའ་རུ་ཟློག༔ ནང་བཅུད་ཕུང་ལྔའི་སྡུག་ཀུན་གདོན༔ རིགས་མཆོག་ཡེ་ཤེས་ལྔ་རུ་ཟློག༔ ཡུལ་དབང་སྐྱེ་མཆེད་རྣམ་ཤེས་ཀྱི༔ ཉེར་ལེན་གནོད་པ་དབྱིངས་སུ་ཟློག༔ བྱ་བྱེད་རྟག་ཆད་མཚན་མའི་བློ༔ ཚད་མེད་སྒོ་བཞིའི་ཀློང་དུ་ཟློག༔ བཟློག་པའི་མཚན་མ་མ་དམིགས་ཀྱང༔ གདོད་ནས་ངོ་བོ་སྟོང་པ་ཉིད༔ བསྒྱུར་བའི་རྣམ་རྟོག་མ་མཆིས་ཏེ༔ མཚན་མའི་འདུ་བྱེད་ཡེ་མི་གནས༔ གཉིས་མེད་མཉམ་པའི་ཆོས་ཉིད་ལ༔ ཐོབ་དང་སྨོན་པའི་ཡུལ་ཀུན་བྲལ༔ མི་གནས་རྡོ་རྗེ་གཞོན་ནུ་ཡིས༔ འདུ་བྱེད་གློ་བུར་རྟོག་པ་ཟློག༔ སྐྱེ་མེད་འཁོར་ལོ་རྒྱས་འདེབས་མས༔ ཆོས་སུ་འཛིན་པའི་ཀུན་རྟོག་ཟློག༔ ཁྲོ་བོ་རྡོ་རྗེ་ཧཱུྃ་ཀཱ་རས༔ གཟུང་བ་ཡུལ་གྱི་འཆིང་བ་ཟློག༔ རྡོ་རྗེ་རྣམ་པར་རྒྱལ་བ་ཡིས༔ ཞེ་སྡང་མེ་ལོང་དབྱིངས་སུ་ཟློག༔ ཁྲོ་བོ་གཤིན་རྗེ་གཤེད་ཆེན་གྱིས༔ ང་རྒྱལ་མཉམ་ཉིད་དབྱིངས་སུ་ཟློག༔ ཁྲོ་བོ་རྟ་མགྲིན་རྒྱལ་པོ་ཡིས༔ འདོད་ཆགས་སོར་རྟོག་དབྱིངས་སུ་ཟློག༔ ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས༔ ཕྲག་དོག་བྱ་གྲུབ་དབྱིངས་སུ་ཟློག༔ ཁྲོ་བོ་དབྱུག་པ་སྔོན་པོ་ཡིས༔ ཀློང་གྱུར་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་མི་གཡོ་མགོན་པོ་ཡིས༔ འདའ་དཀའ་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་འདོད་པའི་རྒྱལ་པོ་ཡིས༔ དབྱིངས་གྲོལ་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས༔ མཐའ་གྲོལ་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་སྟོབས་ཆེན་འབར་བ་ཡིས༔ འཛིན་པ་སེམས་ཀྱི་ཞེན་རྟོག་ཟློག༔ ཕྲ་མེན་ཆེན་མོ་ཉི་ཤུ་ཡིས༔ ཉེ་བའི་ཉོན་མོངས་དབྱིངས་སུ་ཟློག༔ དཔལ་གྱི་སྲས་མཆོག་ཉེར་གཅིག་གིས༔ དུག་གསུམ་རྒྱུ་འབྲས་མ་ལུས་ཟློག༔ རིགས་བཞིའི་ཁྲོ་རྒྱལ་ཆེན་པོ་ཡིས༔ མཐའ་བཞིའི་རྟོག་པ་དབྱིངས་སུ་ཟློག༔ སྒོ་སྲུང་ཁྲོ་མོ་ཕྲ་ཐབས་བཞིས༔ བདུད་བཞི་ཡེ་ཤེས་ཀློང་དུ་ཟློག༔ ཕུར་སྲུང་དབང་མོ་བཅུ་གཉིས་ཀྱིས༔ བདེན་དོན་དབུ་མའི་དབྱིངས་སུ་ཟློག༔ བཟློག་གོ་གཞི་དབྱིངས་ཀློང་དུ་ཟློག༔ བསྒྱུར་རོ་གཞི་སྣང་ཡེ་ཤེས་བསྒྱུར༔ འཁྲུལ་པ་ཀ་དག་ཆེན་པོ་ལ༔ ལྷུན་གྲུབ་འོད་གསལ་ཕྱག་རྒྱས་ཐོབ༔ འཁོར་འདས་བདེ་ཆེན་རྡོ་རྗེ་ལས༔ ཀུན་ཀྱང་མ་འདའ་ས་མ་ཡ༔ དེ་ནི་ཆོས་ཉིད་དོན་གྱི་བཟློག་པའི་བྱང་བུའོ༔ ས་མ་ཡ༔ དེའི་ཚེ་དྲག་པོའི་གསང་སྔགས་ཀྱང་བཟླ་སྟེ་དེ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ དཔོན་སློབ་ཐམས་ཅད་ཀྱིས་ཕུར་པ་ཕྱོགས་བཅུར་གཟིར་ཞིང་རྩེ་གཅིག་ཏུ་བཟླ་བ་ནི་སྔགས་དང་ཕྱག་རྒྱ་ཟབ་མོས་བཟློག་པའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ དེ་ནས་ཁྲོ་བོ་བཅུ་ལ་བརྟེན་ནས་སྲུང་བའི་ལས་རིམ་ནི༔ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ འཕྲོས་པའི་འོད་ཀྱིས་ཁྲོ་བཅུ་བསྐུལ༔ ཁྲོ་བོ་བཅུ་ཡིས་རང་འདྲའི་སྐུ༔ ཕྱོགས་བཅུའི་ཁྱོན་སྤྲོས་གདོན་ཚོགས་བཏུལ༔ གནད་ལ་བཀར་ཞིང་འབངས་སུ་བཀོལ༔ བཀའ་ལ་མི་ཉན་འབྱུང་པོའི་ཚོགས༔ ཕུར་ཐུན་སེར་བས་རྨིང་མེད་བཅོམ༔ ཁྲོ་རྒྱལ་ཚུར་འདུས་ཕྱོགས་མཚམས་ཀུན༔ ཁྲོ་བོའི་དམག་གི་གུར་དུ་འཁྲིགས༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཕུར་བུ་ཡི༔ གུར་ཆེན་རིམ་པ་དྲུག་གིས་གཏམས༔ བར་མཚམས་མེད་པའི་ཐོག་ཟེར་འཕྲོ༔ ཕྱི་རོལ་ཡེ་ཤེས་བསྐལ་མེ་ནི༔ ཁ་དོག་ལྔ་ལྡན་ཤུགས་དྲག་ཏུ༔ འུར་འུར་ཆེམ་ཆེམ་འབར་བ་ཡིས༔ མི་ཤིགས་སྲ་བརྟན་གུར་ནང་དུ༔ བདག་ཅག་དཔོན་སློབ་སྲུང་བྱ་ཀུན༔ ཚུད་དེ་དཔལ་ཆེན་སྲོག་དང་འདྲེས༔ གནོད་པ་གང་གིས་མི་ཚུགས་པའི༔ ཡེ་ཤེས་ཕྱག་རྒྱས་བཏབ་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ སྟེང་ཕྱོགས་ཚངས་པའི་གདོན་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ྄༔ མ་མ་བཛྲ་ཀཱ་ཝ་ཙི་རཀྵ་རཀྵ༔ དེས་འགྲེས་ཏེ༔ ཤར་ཕྱོགས་དྲི་ཟའི་གདོན་སོགས་ཁ་བསྒྱུར་བ་ཁྲོ་བོ་བཅུ་རེ་རེ་བཞིན་སྦྱར་ཏེ་བཟླས་པས་འགལ་རྐྱེན་མཐའ་དག་སྲུང་བའི་ཐབས་ཟབ་མོ་ཏིང་འཛིན་ཁོ་ནས་ལས་བྱེད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་ཧཱུྃ་ཀཱ་ར་ལ་བརྟེན་ནས་སེར་བ་དབབ་པའི་ལས་རིམ་ནི༔ ཐོད་པ་མཚན་ངན་དུམ་བུ་དྲུག་པའི་ནང་དུ་ཁྲག་གིས་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཨ་ཛི་ཏེ་ཛ་ཡེ་བི་ཛ་ཡེ་ཀ་ཏཾ་ཀ་ཡེ་ཞེས་བྲི༔ མུ་ཁྱུད་ལ་ཀཱི་ལ་ཡ༔ རྩིབས་བརྒྱད་ལ་ཕྱོགས་མཚམས་ཀྱི་ཁྲོ་བོའི་སྔགས༔ ཕྱོགས་བཞིའི་རྩིབས་ལ་སྟེང་འོག་གི་ཁྲོ་བོ༔ མཚམས་ཀྱི་མཆན་དང་མུ་ཁྱུད་ལ་དྲག་སྔགས་ཀྱིས་བསྐོར༔ དཔྲལ་བར་ཨོཾ་ལཾ་བྲི༔ སེང་ལྡིང་གི་ཕུར་པའི་མགོ་བོར་ཨོཾ༔ རྒྱ་མདུད་ལ་ཀཱི་ལ་ཡ་འབྲུ་དགུ༔ བཅུམ་གཞོག་ལ་ཁྲོ་བཅུ༔ རྒྱ་མདུད་འོག་མར་ཆུ་སྲིན་ཁ་སྦྱར༔ དབལ་གྱི་ལོགས་སུ་ཤྭ་ན་བདག་ཉིད་ས་བདག་གི་སྔགས་བཅས་བྲིས་ལ་ཐོད་པའི་ནང་དུ་ཕུར་པ་བཅས་དལ་གྱི་དབུས་སུ་བཞག༔ ནང་དུ་པདྨ་རཀྟ་མིའི་ཕོ་ནང་ཁམས་མ་ཉམས་པའི་འབྲས་བུ་ཤ་སྣ་ཁྲག་སྣ་སྙིང་སྣ་རྣམས་ཀྱིས་བཀང༔ མཐའ་མཆོད་པས་བསྐོར་ཏེ་བདག་ཉིད་རྡོ་རྗེ་གཞོན་ནུའི་བསྐྱེད་བཟླས་གཞུང་ལྟར་བྱ༔ མདུན་བསྐྱེད་ལ་ཕུར་པ་ཁྲོ་བོ་ཧཱུྃ་ཀཱ་ར་ཡབ་ཡུམ་ཕྲ་མེན་བཅས་མངོན་རྟོགས་བཞིན་བསྒོམ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཨོཾ་ཨཱཿཧཱུྃ༔ ཞེས་པའི་སྔགས་རྩེ་གཅིག་ཏུ་འབུམ་ཕྲག་གཅིག་བཟླ༔ མདུན་གྱི་ཐོད་པ་ཆུ་ཡི་དཀྱིལ་འཁོར་ཆེན་པོ་འཁྱིལ་བའི་ནང་དུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཧཱུྃ་ཕཊ྄༔ ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་ཏི་ཉ་ཀ་ར་ཨི་དཾ་དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡ༔ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ མཱ་ར་སེ་ན་པྲ་མར་དྷ་ནི་ཧཱུྃ་ཕཊ྄༔ རྫས་ལ་ཁུ་འཕང་དང་རླུང་མེ་འབར་བ་སོགས་མ་བྱུང་བར་བཟླ༔ གྲུབ་པ་ན་གང་དུ་དབབ་པའི་ཡུལ་གྱི་རི་རྩེར་སོང་ལ༔ ཐོད་ནང་ཁྲག་དང་སྙིང་སྣ་གུ་གུལ་བླུགས༔ ཕུར་པ་ལ་ཡུངས་ཀར་གྱིས་བྲབ་ཅིང༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཡུལ་ཆེ་གེ་མོའི་ལོ་ཐོག་ལ་ཤི་ཏྲཾ་ཀ་ར་ཀ་ར་ཀ་རེ་ཡེ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ྄༔ ཨོཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དཾ་དྷ་ཏི་མ་མ་ཀརྨ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་ཛ་ཡེ་བི་ཛ་ཡེ་ཀ་ཏཾ་ཀ་ཡེ་མཱ་ར་སེ་ན་པྲ་མརྡྷ་ནི་ཡེ་ཧཱུྃ་ཕཊ྄༔ ཞེས་བཟླས་པས་ཡུངས་ཀར་ལ་སྔགས་ཏེ་ཕུར་པར་བྲབ༔ རྟགས་བྱུང་བ་དང་གུ་གུལ་བདུག་ལ་བདེན་པ་བདར༔ ཐོད་པ་ཡུལ་དེའི་ཆུ་མིག་ཏུ་སྦ༔ ཕུར་པ་ཐམས་ཅད་དབུས་སུ་བཏབ་རྫས་རྣམས་གཏོར་བས་ལོ་ཏོག་འཇོམས་པའི་སེར་བ་དབབ་ནུས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་རྣམ་རྒྱལ་ལ་བརྟེན་ནས་སེར་བ་སྲུང་བའི་ལས་རིམ་ནི༔ ལས་བཞིའི་ཕུར་པ་སོར་བཞི་བྱ༔ བྱང་བུ་ལ་འབྲུ་དགུ་རྣམ་རྒྱལ་གྱི་སྔགས་བཅས་བྲི༔ བདག་མདུན་སྔར་ལྟར་བསྐྱེད༔ ཁྱད་པར་སྔགས་འདི་འབུམ་བཟླ༔ ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཨོཾ་ཧཱུྃ་ཛི་ན་རི་ཊི་ཊྚ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ༔ རྟགས་བྱུང་ནས་སྲུང་བའི་ཡུལ་གྱི་གཞི་བདག་ལ་མཆོད་པ་གསེར་སྐྱེམས་གཏང༔ ཐ་ཚིག་བསྒྲག༔ ཡུངས་ཀར་དང་ཐལ་ཆེན་ལ་སྔགས་བཏབ༔ ཕུར་པ་གང་དུ་གཞུག་པའི་ཡུལ་གྱི་ཕྱོགས་བཞིར་ཐོ་བརྩེགས༔ སེར་སྤྲིན་བྱུང་ན་རྫས་རྣམས་གཏོར་ཞིང་སྲུང་མ་དཔང་དུ་གཟུགས་པས་བཟློག་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་དབྱུག་སྔོན་ལ་བརྟེན་ནས་ཕྱུགས་ནད་སྲུང་བའི་ལས་རིམ་ནི༔ ཐོད་པ་མཚན་ལྡན་དུ་སྨན་འབྲས་བུ་གསུམ་ཤུ་དག་དཀར་པོ་ཡུངས་ཀར་གུ་གུལ་བཅས་བླུགས༔ ཕུར་པ་བཙུགས་ཏེ་ཁྲོ་བོ་དབྱུག་སྔོན་བསྐྱེད༔ ཀཱི་ལ་ཡ་འབྲུ་དགུ་དང༔ ན་མཿཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན༔ ནཱི་ལ་བཛྲ་དཎྜ༔ ཏུ་རུ་ཏུ་རུ༔ ཧུ་ལུ་ཧུ་ལུ་སྭཱ་ཧཱ༔ གུ་ལུ་གུ་ལུ༔ གུ་ལཱ་པ་ཡ་གུ་ལཱ་པ་ཡ༔ ཀྲ་མ་ཀྲ་མ་བྷ་ག་ཝཱན༔ བཱ་ཡུ་བི་གེ་ནི༔ དྷུ་ཏན་ཤཱི་གྷྲཾ༔ ད་ཧ་ད་ཧ༔ ད་ར་ད་ར༔ ཧ་ན་ཧ་ན༔ པ་ཙ་པ་ཙ༔ པི་ཏ་པི་ཏ་ཕཊ྄་ཕཊ྄༔ པཱ་ཏ་ཡ་པཱ་ཏ་ཡ༔ མ་ཊ་མ་ཊ༔ མོ་ཊཱ་པ་ཡ་མོ་ཊཱ་པ་ཡ༔ སརྦ་ཀརྨ་ཎི༔ ཙྪིནྡྷ་ཙྪིནྡྷ༔ བྷཱཀྵ་ཡ་བྷཱཀྵ་ཡ༔ ཨ་སྠི་མི་དཾ་ཨ་དྱ༔ རུ་དྷི་ར་མཛྫ༔ མི་དཾ་བི་ཤཱ་མཛྫ་རུ་དྷི་ར༔ པྲི་ཡ་ཨེ་ཧྱེ་ཧི་བྷ་ག་ཝན༔ སརྦ་བིགྷྣཱན༔ སརྦ་བི་དྱཱ་ནི༔ སརྦ་མནྟཱ་ནི༔ སརྦ་མཱུ་ལ་ཀརྨ་ཎི༔ སརྦ་ཀྲི་ཏྲི་མ་ཎི༔ བི་ཥ་དེ་མི་སརྦ་གྲ་ཧཱ་ན༔ ཧ་ན་ཧ་ན༔ བྷཉྫ་བྷཉྫ༔ མརྡྷ་མརྡྷ་ཨི་དཾ་མེ༔ ཀཱ་ཏྱཱཾ་སཱ་དྷ་ཡཾ༔ ནཱི་ལ་ཡ་ནཱི་ལ་ཡ༔ ནཱི་ལ་བཛྲ་དཎྜ་ཡ༔ ཏུ་རུ་ཏུ་རུ༔ བིགྷྣཱཾ་བི་ནཱ་ཡ་ཀཾ༔ ནཱ་ཤ་ཡ་ནཱ་ཤ་ཡ༔ ཏུ་རུ་ཏུ་རུ༔ དིཔྟ་ཙཎྜཱ་ཡ༔ སརྦ་ཤ་ཏྲཱུཾ་ཎཾ་ཧྲྀ་ད་ཡ༔ བི་ཊ་ཡ༔ ཙྪིནྡྷ་ཙྪིནྡྷ༔ པ་ར་བིདྱཱ་ནཱི༔ ཙྪེ་ད་ཀ་ཧཱུྃ༔ བིདྱཱ་ནྃ༔ ཤིཥྚི་ཀ་ས་མ་ཡ་མ་ནུ་སྨ་ར་ཡ༔ བཛྲ་དྷ་ར་བ་ཙ་ནཾ༔ ཙ་མཱ་ར་མ་ཎི༔ ཧི་ཀྲི་ན་ཏ་ཧཱུྃ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ ཏུ་རུ་ཏུ་རུ༔ ཀུ་རུ་ཀུ་རུ༔ ཕཊ྄་ཕཊ྄་ཧཱུྃ་ཧཱུྃ༔ ཀྲི་ཏཱ་ན་ཏ་ཡ༔ དེ་བ་རྀ་ཥི༔ བི་དྲཱ་བ་ཀ་ཡ༔ ཧ་ན་བཛྲ་དཎྜེ་ན་སྭཱ་ཧཱ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ ཛ་ཡེ་བི་ཛ་ཡེ༔ ཀ་ཏཾ་ཀ་ཡེ༔ ཞེས་སྲུང་བའི་སྔགས་དང་བཅས་ཏེ་འབུམ་ཕྲག་བྱ༔ ཁྲོ་བོ་དབྱུག་སྔོན་དང་མ་མོ་བཅུ་གཉིས་ལ་གཏོར་མ་རྒྱས་པར་འབུལ་ཞིང་ཕྲིན་ལས་ཡང་ཡང་བཅོལ༔ རྫས་ལས་རླངས་པ་སོགས་བྱུང་ན་སྨན་རྣམས་ཕྱེ་མར་བྱས་ཏེ་ཕྱུགས་ལ་བླུད༔ ཕུར་པ་སླས་ཀྱི་དབུས་སུ་སྦས་པས་ཕྱུགས་ཀྱི་ནད་ཐམས་ཅད་ཞི་ཞིང་སྲུང་ལ་རྒྱུན་ཆད་པར་བྱེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་གཤིན་རྗེ་གཤེད་ལ་བརྟེན་ནས་ཚེ་སྒྲུབ་པའི་ལས་རིམ་ནི༔ གཙང་མའི་གནས་སུ་རིན་པོ་ཆེའི་བུམ་པར་ལྔ་ཚན་ལྔའི་རྫས་བླུག༔ རྒྱུན་འབབ་ཀྱི་ཆུ་དང་འོ་མས་བཀང༔ དཀྱིལ་འཁོར་གཞུང་བཞིན་བྲིས་པའི་དབུས་སུ་བཞག༔ དཀར་གསུམ་མངར་གསུམ་གྱི་རིལ་བུ་དང་ཆང་བཟང་པོ་ཡང་བཤམ༔ སྤོས་དང་གུ་གུལ་གྱིས་བདུག་ལ་མདུན་རྟེན་ལྷར་བསྐྱེད་པ་ནི༔ ཤཱུ་ནྱ་ཏའི་སྔགས་བརྗོད༔ སྟོང་པའི་ངང་ལས་མདུན་གྱི་རྟེན་མི་དམིགས་པ་ལས་དྲག་པོའི་གཞལ་ཡས་ཁང་རྒྱན་གྱིས་བརྒྱན་པ་གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས་པའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེའི་བྲག་ཆེན་པདྨ་ཉི་མ་འཆི་བདག་གི་བདུད་གཤིན་རྗེ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་ས་བོན་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་བེ་ཅོན་ཡཿཡིས་མཚན་པར་གྱུར༔ དེ་ཉིད་སྐད་ཅིག་གིས་འཆི་བདག་འཇོམས་པའི་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཆེན་པོ་སྐུ་མདོག་མཐིང་ནག་ཤིན་ཏུ་མི་བཟད་པ་འབར་ཞིང་བདུད་དང་གཤིན་རྗེའི་ཚོགས་སྐྲག་པར་མཛད་པ༔ ཞལ་གསུམ་པའི་གཡས་ཞལ་དཀར་ཞིང་གཡོན་དམར་བ༔ གསུམ་ཀའང་ཁྲོ་བོ་མི་བཟད་པའི་ཚུལ་གྱིས་སྤྱན་གསུམ་དང་ལྡན་ཞིང་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ༔ ཕྱག་དྲུག་གི་གཡས་ཀྱི་དང་པོས་བེ་ཅོན་ཐོད་སྐམ་གྱིས་མཚན་པ༔ གཉིས་པས་རྡོ་རྗེ་ཚེ་ཡི་བུམ་པ༔ གཡོན་གྱི་དང་པོས་འཁོར་ལོ༔ གཉིས་པས་མདའ་དར༔ ཐ་མས་ཕྲིན་ལས་ཀྱི་དོན་རྟགས་རྒྱས་པས་གསེར་ཕུར་གྲུ་བཞི་པ་འདྲིལ་ཞིང་ཞབས་བཞིས་གཤིན་རྗེ་ཕོ་མོ་དོར་སྟབས་སུ་བརྫིས་པའི་ཡུམ་དུར་ཁྲོད་ཀྱི་བདག་མོ་མཐིང་སྐྱ་ཁྲོ་སྒེག་གི་ཉམས་དང་བཅས་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ༔ གཡས་ལྕགས་ཀྱུ་དང་གཡོན་ཚེ་བུམ་བསྣམས་པ་དང་གཉིས་སུ་མེད་པར་སྦྱོར་བའི་གཡས་སུ་ཟ་བྱེད་སྐྱེ་བའི་བདུད་འཇོམས་པའི་ཕྲ་མེན་ཤ་བ་དང་གཡོན་དུ་གསོད་བྱེད་འཆི་བའི་བདུད་འཇོམས་པའི་རྡོ་རྗེའི་ཕྲ་མེན་འུག་པའི་མགོ་ཅན་གཉིས་ཀས་མདའ་དར་དང་ཕུར་པ་བསྣམས་པ༔ གཙོ་བོའི་སྐུ་ལ་ཐལ་ཆེན་གྱི་ཐིག་ལེ༔ ཞག་གི་ཚོམ་བུ༔ ཁྲག་གི་ཟོ་རིས༔ བ་སུ་ཏའི་རྒྱུ་ཕྲེང༔ རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ༔ དབང་གི་བསྭེ་ཁྲབ་སོགས་དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཡོངས་སུ་རྫོགས་པར་བསམ༔ དབུས་ཀྱི་ཕྱོགས་བཞིར་རྡོ་རྗེ་དང་རིན་པོ་ཆེ་པདྨ་ལས་ཀྱི་གཤིན་རྗེ་གཤེད་ཡབ་ཡུམ་དཀར་སེར་དམར་ལྗང་ཐོད་དབྱུག་དང་ཚེ་བུམ་བསྣམས་པ་གཙོ་བོ་ལྟ་བུར་གསལ༔ མཚམས་བཞིར་ཚེ་ཡི་ལྷ་མོ་ལ་སྱཱ་མ༔ མ་ལྱཱ་མ༔ གཱིརྟི་མ༔ ནཱིརྟི་མ་དཀར་མཐིང་དམར་ལྗང་མདའ་དར་དང་ཚེ་བུམ་བསྣམས་པ་ཞི་འཛུམ་སྒེག་ཉམས་ཅན་དར་དང་རིན་པོ་ཆེས་བརྒྱན་པ་ཞབས་བཞེངས་སྟབས་མགྱོགས་མའི་ཕོ་ཉ་སྤྲོ་བའོ༔ སྒོ་བཞིར་ཚེ་བདུད་འཇོམས་པའི་དབང་ཆེན་རྟ་མགྲིན་རིགས་བཞི་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གཡས་དང་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡོན་དུ་བསྣམས་ནས་ཁྲོ་ཆས་རྫོགས་ཤིང་དབུ་གཙུག་རྟ་མགོས་མཚན་པ་བཅས་ཚེ་ཡི་ལྷ་ཚོགས་སུ་གསལ་གདབ༔ དབང་བསྐུར་རྒྱས་གདབ་སྤྱན་འདྲེན་མཆོད་བསྟོད་ཀྱང་རིགས་མཐུན་ནས་སྦྱར༔ ལས་རིམ་རྫོགས་པ་དང༔ གཤིན་རྗེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་ཡབ་ཡུམ་བསྒོམ༔ ཐུགས་སྲོག་ཧཱུྃ་གིས་སྤྲོ་བསྡུས་ཚེ་བཅུད་བསྡུ་བསྟིམ་བརྟན་པར་བསམ་ལ༔ ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་དུཥྚན་སཏྭ་ད་མ་ཐ༔ ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟ༔ ཙ་ཏུརྨུ་ཁ་ཙ་ཏུརྑ་བྷུ་ཛ་ཥ་ཊུ་ར་ཎ༔ ཨ་གཙྪ་ཨ་གཙྪ༔ སརྦ་དུཥྚན་པྲ་ཎ་ཨ་པ་ཧཱ་རི་ཎི༔ མ་ཧཱ་བི་གྷ་ན་བི་གྷྲ་ཏ་ཀ༔ བི་ཀྲྀ་ཏཱ་ན་ན༔ སརྦ་བྷུ་ཏ་བྷ་ཡཾ་ཀ་ར༔ ཨཊྚ་ཨཊྚ་ཧ་ས་ནཱ་དི་ནེ༔ བྱཱ་གྷྲ་ཙརྨ་ནི་བ་པ་ན་ཀུ་རུ་ཀུ་རུ༔ སརྦ་ཀརྨ་ཎི་ཙྪིནྡྷ་ཙྪིནྡྷ༔ སརྦ་མནྟྲཱ་བྷི་ན་ད་བྷི་ན་ད༔ པ་ར་མུ་ཏྲཱ་ན་ཨཱ་ཀརྵ་ཡ༔ ཨཱ་ཀརྵ་ཡ༔ སརྦ་བྷུ་ཏཱ་ན་མ་ཐ་མ་ཐ༔ ནིརྨ་ཐ་ནི་ནིརྨ་ཐ་སརྦ་དུཥྚན་པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ༔ མཎྜ་ལ་མ་ཌྷྱ༔ བཻ་བ་པྲ་ཏ་ཛཱི་བི་ཏྲན་ཏ་ཀ་ར་ཀུ་རུ་ཀུ་རུ༔ མ་མ་སརྦ་ཀ་ཡཾ༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ མཱ་བི་ལམྦ་མཱ་བི་ལམྦ༔ ས་མ་ཡ་མ་ནུ་སྨ་ར་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄༔ སྥོ་ཊ་སྥོ་ཊ༔ སརྦ་ནཱ་ཤ་ཡ༔ ཀ་ར་ཀ་ར་བིགྷྣཱན༔ སརྦ་ཤ་བ་རི་པཱུ་ར་ཀ༔ ཧེ་ཧེ་བྷ་ག་ཝཱན༔ ཀཉྩི་ར་ཡ་སི༔ མ་མ་སརྦ་ཨརྠ་སཱ་དྷ་ཡ་སྭཱ་ཧཱ༔ ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཞེས་ཤམ་བཏགས་པ་འབུམ་ཕྲག་བཟླ༔ ཐུན་མཚམས་སུ་ཚེ་འགུགས་པ་ནི༔ ཨོཾ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད༔ འཆི་བདག་འཇོམས་པའི་ཧེ་རུ་ཀ༔ འབར་བ་གཏུམ་པོའི་ཆོ་འཕྲུལ་ཅན༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ དབུས་ཀྱི་ཚེ་བདག་ཕྲ་མེན་མ༔ ཆོས་དབྱིངས་ཡེ་ཤེས་དབྱིངས་ནས་བཞེངས༔ མྱུར་མགྱོགས་ཕོ་ཉའི་ཚོགས་དང་བཅས༔ བདེ་གཤེགས་རིགས་ཀྱི་ཚེ་ཁུག་ཅིག༔ འབྱུང་བ་ནམ་མཁའི་བཅུད་བསྡུས་ལ༔ བླ་ཚེ་ཉམས་རྒུད་ཡར་འཐོར་བསྡུས༔ བདེ་གཤེགས་རིགས་ཀྱི་ཚེ་སྩོལ་ཅིག༔ ཤར་གྱི་ཚེ་བདག་ལ་སྱཱ་མ༔ མེ་ལོང་ལྟ་བུའི་དབྱིངས་ནས་བཞེངས༔ མྱུར་མགྱོགས་ཕོ་ཉའི་ཚོགས་དང་བཅས༔ རྡོ་རྗེའི་རིགས་ཀྱི་ཚེ་ཁུག་ཅིག༔ འབྱུང་བ་ཆུ་ཡི་བཅུད་བསྡུས་ལ༔ བླ་ཚེ་ཉམས་རྒུད་ཡར་འཐོར་བསྡུས༔ རྡོ་རྗེའི་རང་བཞིན་ཚེ་སྩོལ་ཅིག༔ ལྷོ་ཡི་ཚེ་བདག་མ་ལྱཱ་མ༔ མཉམ་ཉིད་ཡེ་ཤེས་དབྱིངས་ནས་བཞེངས༔ མྱུར་མགྱོགས་ཕོ་ཉའི་ཚོགས་དང་བཅས༔ རིན་ཆེན་རིགས་ཀྱི་ཚེ་ཁུག་ཅིག༔ འབྱུང་བ་ས་ཡི་བཅུད་བསྡུས་ལ༔ བླ་ཚེ་ཉམས་རྒུད་ཡར་འཐོར་བསྡུས༔ རིན་ཆེན་རང་བཞིན་ཚེ་སྩོལ་ཅིག༔ ནུབ་ཀྱི་ཚེ་བདག་གཱིརྟི་མ༔ སོར་རྟོག་ཡེ་ཤེས་དབྱིངས་ནས་བཞེངས༔ མྱུར་མགྱོགས་ཕོ་ཉའི་ཚོགས་དང་བཅས༔ པདྨའི་རིགས་ཀྱི་ཚེ་ཁུག་ཅིག༔ འབྱུང་བ་མེ་ཡི་བཅུད་བསྡུས་ལ༔ བླ་ཚེ་ཉམས་རྒུད་ཡར་འཐོར་བསྡུས༔ པདྨའི་རང་བཞིན་ཚེ་སྩོལ་ཅིག༔ བྱང་གི་ཚེ་བདག་ནཱིརྟི་མ༔ བྱ་གྲུབ་ཡེ་ཤེས་དབྱིངས་ནས་བཞེངས༔ མྱུར་མགྱོགས་ཕོ་ཉའི་ཚོགས་དང་བཅས༔ ལས་ཀྱི་རིགས་ཀྱི་ཚེ་ཁུག་ཅིག༔ འབྱུང་བ་རླུང་གི་བཅུད་བསྡུས་ལ༔ བླ་ཚེ་ཉམས་རྒུད་ཡར་འཐོར་བསྡུས༔ ལས་ཀྱི་རང་བཞིན་ཚེ་སྩོལ་ཅིག༔ ཨོཾ་བཛྲ་ཨཱ་ཡུ་ཛྙཱ་ན་ས་མ་ཡ་ཛཿཛཿ ཏིཥྛ་ལྷན༔ ཞེས་བརྗོད༔ ཚེ་གྲུབ་པའི་རྟགས་བྱུང་ན༔ ཨོཾ༔ བུམ་པ་རིན་ཆེན་ཚེའི་གཞལ་ཡས༔ འཆི་མེད་དྭངས་མའི་བདུད་རྩིས་གཏམས༔ མི་ཤིག་རྡོ་རྗེ་ཚེ་ཡི་ལྷས༔ སྐྱེ་འཆི་མེད་པའི་ཚེ་ཐོབ་ཤོག༔ ཀཱ་ཡ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ ཨཱཿ རང་བྱུང་ཡེ་ཤེས་བདུད་རྩིའི་རྒྱུན༔ འབྱུང་ལྔ་འདུས་པའི་དྭངས་མའི་རྒྱུན༔ ཚེ་ཡི་ལྷ་ཚོགས་བྱང་སེམས་ཀྱིས༔ རྒྱུན་ཆད་མེད་པའི་ཚེ་ཐོབ་ཤོག༔ ཝཱཀ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ ཧཱུྃ༔ རྟག་ཏུ་འཕོ་མེད་ཚེའི་རིལ་བུ༔ ལྷ་ཚོགས་དྭངས་མ་མི་ཤིག་ཁམས༔ སྙིང་གི་དབུས་སུ་བསྟིམ་པ་ཡིས༔ རྡོ་རྗེ་རྟག་པའི་ཚེ་ཐོབ་ཤོག༔ ཙིཏྟ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ ཨཱཿ འབྱུང་ལྔའི་དྭངས་མ་ཁམས་ལྔར་བསྟིམ༔ ཕུང་ལྔ་ཡེ་ཤེས་ཐིག་ལེར་བསྡུ༔ གཉིས་མེད་གཉུག་མ་རྡོ་རྗེའི་དབྱིངས༔ རྟག་ཏུ་མི་འགྱུར་རྒྱས་གདབ་བོ༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ ཞེས་རྒྱས་གདབ་པས་ཚེ་མི་འགྱུར་བ་གཡུང་དྲུང་གི་གོ་འཕང་ཐོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་མི་གཡོ་བ་ལ་བརྟེན་ནས་སྲིད་སྤེལ་ཞིང་སྲིའུ་གསོ་བ་ནི༔ གནམ་ལྕགས་ས་ལྕགས་ཁྲོ་ལྕགས་གྲི་ལྕགས་ལྕགས་ཕལ་པ་དང་ལྔ་བསྲེས་པའི་ཕུར་པ་དང་ལྔ་ཚན་ལྔའི་རྫས་ཀྱིས་བཀང་བའི་བུམ་པ་དལ་དུ་བཀོད་ལ་མདུན་དུ་ཁྲོ་བོ་མི་གཡོ་བ་བསྒོམ༔ ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཨ་ཙ་ལ་ཀ་ཎ་ཙཎྜ་ན་ཊ་ན་ཊ་ཏ༔ མོཊྚ་མོཊྚ༔ བེ་ཏ་བེ་ཏ༔ ཧ་ཏ་ཧ་ཏ༔ མོ་ཧ་ཡ་མོ་ཧ་ཡ༔ ཧ་ས་ཧ་ས༔ ཧ་ན་ཧ་ན༔ ཏིཥྛ་ཏིཥྛ༔ ཨཱ་བེ་ཤ་ཨཱ་བེ་ཤ༔ མ་ཧཱ་མནྟ་བཱ་ལ་ཀ༔ རི་ཎི་རི་ཎི༔ ཁ་ད་ཁ་ད༔ བིགྷྣཱཾ༔ མཱ་ར་ཡ་མཱ་ར་ཡ༔ དུཥྚན་བྷཀྵ་བྷཀྵ༔ སརྦཾ་ཀུ་རུ་ཀུ་རུ༔ ཀི་རི་ཀི་རི༔ མ་ཧཱ་བི་ཥ་མ༔ བཛྲ་སྥོ་ཊ་སྥོ་ཊ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཏྲི་བ་ལི་ཏ་རཾ་ག་བརྟ་ཀ༔ ཨཾ་ཨཾ་ཨཾ་ཧཾ་ཧཾ་ཧཾ༔ ཨ་ཙ་ལ་ཙི་ཊ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུྃ་ཧཱུྃ༔ ཨ་ས་མནྟ་ཀཱ་ཊ༔ མ་ཧཱ་བ་ལ་ཤ་ཏ་ཡ༔ བ་ར་མནྟྲཾ༔ ཨཱཾ་ཨཱཾ༔ ཧཱཾ་ཧཱཾ་མཾ་ཤུདྡྷྱེན་ཏུ་ལོ་ཀ་ཏུ་ཥཡཾ་ཏུ༔ བཛྲི་ན་མོ་ཏ་ཀུ་ཨ་པྲ་ཧ་ཏ༔ བ་ལེ་བྷྱཿཛ་ལ་ཡ་ཏྲཱཊ༔ ཨ་པ་ཧ་ན་ས་སྭཱ་ཧཱ༔ ཞེས་འབུམ་བཟླས་ཏེ་སྒྲུབ༔ ཡུངས་ཀར་ལའང་སྔགས་བཏབ་ནས་བུམ་པར་བླུག་ཅིང་ཕུར་པར་བྲན༔ གྲུབ་པའི་རྟགས་བྱུང་བ་དང་བུམ་པའི་ཆུས་ཁྲུས་བྱ་ཞིང་ཁོང་དུ་བཏང༔ བུམ་བཅུད་བ་དམར་སེར་གྱི་འོ་མ་དང་སྦྱར་ལ་མོ་གསར་རིགས་བཟང་ལ་བྱུག་པ་རྟེན་དུ་གཞུག༔ ཆུང་སྲི་ལ་དམིགས་ཏེ་གདབ་ལས་ཀྱང་བྱ༔ ཚོགས་དང་གཏོར་མས་ལྷ་ཚོགས་རྣམས་ལ་མཆོད་པ་རྒྱས་པར་འབུལ༔ གལ་ཆེ་ན་མནན་པ་ཡང་བྱ༔ ཞི་བའི་སྦྱིན་སྲེག་གི་ཆོ་གས་ཀྱང་བར་ཆད་སེལ་ཞིང་སྲིད་འཕེལ་བ་དང་སྲིའུ་གསོ་སྲུང་ནུས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་རྟ་མགྲིན་ལ་བརྟེན་ནས་དུག་གི་ནད་ཞི་བའི་ཐབས་ཀྱི་ཆོ་ག་ནི༔ རིན་པོ་ཆེའི་བུམ་པའི་ནང་དུ་བདུད་རྩི་ལྔ་བླུག༔ རྒྱུན་འབབ་ཀྱི་ཆུས་བཀང་ལ་དལ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བཞག༔ དེ་ཉིད་རྟ་མགྲིན་གྱི་དཀྱིལ་འཁོར་དུ་བསམ་པས༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃ༔ ཏ་རུ་ལ་བི་རུ་མ༔ སརྦ་བི་ཥ་བྷཱ་ཏ་ཀ་བ༔ ཛྭ་ལི་ཏ༔ བི་སྥུ༔ ལིངྒ༔ ཨཊྚ་ཨཊྚ་ཧཱ་ས༔ ཀེ་ས་རི་བ་ཊཾ་ཊ་ས༔ བཛྲ་ཁུར་ནིརྒྷཱ་ཏ་ན༔ ཙ་ལི་ཏོ༔ བ་སུ་དྷཱ་ཏ་ལ༔ ནི་ཤྭ་ཙ་མཱ་རུ་ད་ཀྵི་བ་ཏ༔ དྷཱ་ར་ཎཱི་དྷཱ་ར༔ བྷི་ཥ་ཎ་ཨཊྚ་ཨཊྚ་ཧཱ་ས་ཨ་པ་རི་མི་ཏ༔ བ་ལ་པཱ་ཏཱ་ཀྲ་མ༔ ཨཱརྻ་ག་ཎ་བྷཱི་ཏ་བྷུ་ཏ་ག་ནཱ་དྷྱ་ནི་ཏ༔ བུདྡྷྱ་བུདྡྷྱ༔ ཧྱ་གྲཱྀ་ཝ༔ ཁཱ་ད་ཁཱ་ད༔ ས་ར་སནྟྲཱི༔ ཙྪིནྡྷ་ཙྪིནྡྷ༔ པ་ཏ་པ་ཏ༔ སིདྡྷི་མྨེ་དི་ཤ༔ ཨ་བེ་ཤ་ཡ་ཨ་བེ་ཤ་ཡ༔ སརྦ་ཛྭ་ར་པི་ཤཱ་ཙཱ་ན༔ སརྦ་གྲ་ཧེཥཙ་པྲ་ཏི་ཧ་ཏོ་བྷ་བ་བཛྲ་དཾཥྚ་ཀཉྩི་རཱ་ཡ་སི༔ ཨི་དཾ་དུཥྚཾསརྦཾ་ཝ༔ དྷུ་ན་དྷུ་ན༔ མ་ཐ་མ་ཐ༔ སཱ་ཊ་སཱ་ཊ༔ པ་ཊི་ཡ་པ་ཊི་ཡ༔ མ་ཊ་མ་ཊ༔ བྷནྡྷ་བྷནྡྷ༔ བུདྡྷ་དྷརྨ་སཾ་གྷཱ་ནུ༔ ཛྙཱ་ན་ཀརྨ་ཀུ་རུ་ཤཱི་གྷྲཾ༔ ཧྱ་གྲཱྀ་ཝ་ཕཊ྄༔ བཛྲ་ཡ་ཕཊ྄༔ བཛྲ་གཱིརྟ་ཡ་ཕཊ྄༔ བཛྲ་ནཱིརྟ་ཡ་ཕཊ༔ བཛྲ་དཾ་ཊ་ཡ་ཕཊ྄༔ བཛྲ་ཀུ་རུ་ཡ་ཕཊ྄༔ བཛྲ་ཁུར་ནིརྒྷཱ་ཏ་ནཱ་ཡ་ཕཊ྄༔ པ་ར་མནྟྲ་བི་ནཱ་ཤ་ནཱ་ཡ་ཕཊ྄༔ ཏྲཻ་ལོ་ཀྱ་བྷ་ཡཾ་ཀ་ར་ཡ་ཕཊ྄༔ སརྦ་ཀརྨ་ཥྭ་པྲ་ཏི་ཧ་ཏཱ་ཡ་ཕཊ྄༔ བཛྲ་ཀུ་ལ་སནྟྲཱ་ས་ན་མ་ཕཊ྄༔ ཧཱུྃ་ཧཱུྃྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སརྦ་བི་ཥ་རོ་ག་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྷྱ་ཥ་ཛྱེ་ཨ་མྲྀ་ཏ་སིདྡྷི་ཧཱུྃ༔ ཞེས་འབུམ་ཕྲག་གཅིག་གིས་སྒྲུབ་ནས༔ ལྷ་ཞུ་བ་བདུད་རྩིར་བསམ་སྟེ་འཐོར་འཐུང་བྱས་པས་བརྟན་གཡོའི་དུག་གི་རིགས་ཐམས་ཅད་སེལ༔ ཁྱད་པར་དུ་གཞན་ལའང་ཁྲུས་བྱ་བ་དང༔ རིལ་བུར་དྲིལ་ཏེ་བྱིན་ན་དུག་གི་རིགས་ཐམས་ཅད་ལས་གྲོལ་བར་ནུས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་འདོད་རྒྱལ་ལ་བརྟེན་ནས་གདོན་སྲུང་བའི་ལས་རིམ་ནི༔ རེ་ལྕགས་ཐར་ནུ་སོགས་དུག་རིགས་ཀྱི་སྔོ་དང་ཞོ་འབབ་པ་ཁམ་ས་བསྲེས་ལ་རང་ལ་གང་གིས་གནོད་པའི་གདོན་དེའི་གཟུགས་བཅའ༔ མིང་དང་སྲོག་ཡིག་འཛུད༔ མཆོག་ཕུར་ལ་རང་སྔགས་ཡུངས་ཀར་གྱི་ཐུམ་པོ་བཅས་རུས་ཆེན་གྱིས་གདགས༔ མཆོད་པས་བསྐོར༔ སྔར་གྱི་གདོན་གཟུགས་ལ་ཕུར་བུས་གཟིར་ཏེ་ལྷར་བསྐྱེད་ལ༔ ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཊཱཀྐི་ཧཱུྃ་ཛཿ སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཕཊ྄༔ ཞེས་འབུམ་ཕྲག་བཟླ༔ སྨད་ལས་ཀྱི་སྐབས་བཞིན་གདབ་ཁ་རྟགས་མ་བྱུང་གི་བར་དུ་བྱས་པས་བགེགས་དང་སྡེ་བརྒྱད་ཐུལ་བར་གདོན་མི་ཟའོ༔ སྔགས་ལས་ཀྱི་སྤུ་གྲི་ནི༔ སརྦ་བིགྷྣཱནཾ་ཤ་ཏྲཱུཾ་མཱ་ར་ཡ་སོད་སོད༔ མྱོག་མྱོག༔ ཐུཾ་རི་ལི་ལི༔ རྦད་རྦད་རྦད་ཤག་ཤག་བྷྱོ་བྷྱོ༔ ཙིཏྟ་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ རུས་ལ་རྦད་རྦད༔ གདོན་བགེགས་བྱད་མ་མཱ་ར་ཡ་རྦད་ཕཊ྄༔ ཅེས་གདགས་པ་ཡུངས་ཀར་དང་གུ་གུལ་ལ་བསྔགས་ཏེ་གདགས་པ་དང༔ བདུག་པས་སྲུང་བའི་མཆོག་ཏུ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་བདུད་རྩི་འཁྱིལ་བ་ལ་བརྟེན་ནས་མཆོག་གི་བདུད་རྩི་སྒྲུབ་པ་ནི༔ མཚན་ཉིད་དང་ལྡན་པའི་བམ་བླངས་ནས་དེ་དང་མཉམ་དུ་ཤ་ལྔ་བདུད་རྩི་རྩ་བརྒྱད་ཡན་ལག་སྟོང་གཞུང་སྤྱི་བཞིན་སྦྱར་ནས་མཚན་དང་ལྡན་པའི་བྷནྡྷ་ཁ་སྦྱོར་དུ་བཅུག་ལ་དལ་གྱི་དབུས་སུ་བཞག༔ སྦྱང་ཁྲུས་ལེགས་པར་བྱས་ནས༔ བདག་ཉིད་ལྷའི་ས་མ་དྷི་ལ་གནས་པས་ཛཔ་བཟླ༔ མདུན་གྱི་དཀྱིལ་འཁོར་ལ་དམིགས་ནས༔ ཧཱུྃ༔ སྙིང་པོ་རང་བྱུང་བདུད་རྩིའི་དཀྱིལ་འཁོར་ནི༔ སྟོང་ཉིད་མེ་ལྕེ་ཡེ་ཤེས་རླུང་གིས་བསྐུལ༔ ཟུང་འཇུག་བྷནྡྷ་ཡངས་པའི་སྣོད་དྲོས་པས༔ བདེ་ཆེན་ཤ་ལྔའི་རི་བོ་བདུད་རྩིར་ཞུ༔ དྭངས་མ་ལྔ་ལྡན་ཕབ་ཀྱིས་བྲན་པ་ནི༔ རྦ་རླངས་འཁྲུགས་པ་ཨ་ཧཾ་སྔགས་སྒྲ་སྒྲོགས༔ ལྔ་ལྡན་འོད་ཀྱི་སྤྲིན་ཕུང་འཁྲིགས་པའི་ཀློང༔ དོན་ཡོད་རྒྱལ་པོ་རིགས་རྒྱལ་བདུད་རྩི་འཁྱིལ༔ སྐུ་མདོག་ལྗང་ནག་བདེ་ཆེན་ཆགས་པ་རྒྱས༔ གཟི་བྱིན་འོད་དུ་འཁྲིགས་པ་ལྟར་མི་བཟོད༔ འབར་བའི་ཕྱག་གཉིས་སྣ་ཚོགས་རྡོ་རྗེ་དང༔ བྷནྡྷ་བསྣམས་པ་རང་འོད་ཡུམ་ལ་སྦྱོར༔ དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀས་སྒེག༔ བདེ་བའི་སྒྱུ་རྩལ་རྡོ་རྗེ་པདྨར་གསོར༔ ཨ་ཧཾ་སྒྲ་འབྱིན་ལྗགས་དང་མཆུ་འཇིབ་རོལ༔ ཐུགས་ཀྱི་ཡེ་ཤེས་མཁའ་ཁྱབ་རྣམ་པར་དག༔ རྗེས་ཆགས་ནུས་པས་འཁོར་འདས་དྭངས་མ་འདྲེན༔ ལྔ་ལྡན་བདུད་རྩི་ཞལ་ཞུགས་སྐུའི་དབྱིབས་བརྒྱུད༔ སྦྱོར་མཚམས་ནས་བྱུང་བྱང་ཆུབ་སེམས་སྤྲིན་རྒྱུན༔ མཁའ་གསང་བབས་པ་ཐོད་པའི་བདུད་རྩིར་འདྲེས༔ ངོ་བོ་ཡེ་ཤེས་རྣམ་པ་སྲིད་ཞིའི་བཅུད༔ ལས་ཀུན་འགྲུབ་པའི་རྫས་སུ་བྱིན་གྱིས་རློབས༔ ཞེས་གདབ་ལ༔ སྔགས་ནི༔ ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ན་མོ་བཛྲ་ཀྲོ་དྷ་ཡ༔ མ་ཧཱ་དཾཥྚོ་ཀ་ཊ་བྷཻ་ར་ནཱ་ཡ༔ ཨ་སི་མུ་ས་ལ་པྲ་ཤུ་པཱ་ཤ་ཧསྟཱ་ཡ༔ ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ གརྫ་གརྫ༔ སྥོ་ཊ་ཡ་སྥོ་ཊ་ཡ༔ སརྦ་བིགྷྣཱཾན༔ བི་ནཱ་ཡ་ཀཱ་ན༔ མ་ཧཱ་ག་ན་པ་ཏི་ཛི་བི་ཏ་ཨ་ན་ཏ་ཀ་ར་ཡ་སྭཱ་ཧཱ༔ བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་འབུམ་ཕྲག་ལ་སོགས་པ་རྟགས་མཐོང་གི་བར་དུ་སྒྲུབ༔ སྐབས་སུ་སྨན་སྲུང་བསྐུལ་བ་དང་བྱིན་འབེབས་སོགས་ཀྱང་རྒྱས་པར་བྱ༔ རྟགས་མཐོང་བ་དང་ཕོ་བྲང་ལས་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ བླ་མེད་དོན་རྫོགས་ཁྲག་འཐུང་འདུས་པ་ཡི༔ བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱ་མཚོ་ཆེ༔ འཁོར་འདས་དྭངས་མའི་སེམས་ལ་རོལ་པའི་མཐུས༔ སྒོ་གསུམ་རྡོ་རྗེའི་རིག་འཛིན་གདུང་འཚོབ་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་པས་བྷནྡྷ་ཁ་ཕྱེས་ལ་རང་གིས་མྱོང༔ རྣལ་འབྱོར་སྐལ་མཉམ་ལ་ཡང་སྦྱིན༔ དེ་ལྟ་བུའི་ལས་ཀྱིས་ནི༔ བདུད་རྩི་མཐོང་བས་ལུས་ཀྱི་ན་ཚ་གདོན་བགེགས་ཐམས་ཅད་ཞི༔ དྲི་ཚོར་བས་ངག་གི་སྐྱོན་དང་སྒྲིབ་པ་འདག༔ ལྕེས་མྱོང་ཞིང་ཁོང་དུ་སོང་བས་ཡིད་ཀྱི་ཉེས་པ་སེལ་ཞིང་ཏིང་ངེ་འཛིན་སྐྱེ༔ མཐར་ཐུག་དཔལ་ཆེན་ཧེ་རུ་ཀ་དང་མཉམ་པའི་གོ་འཕང་ལ་སྦྱོར་ངེས་པས་རྨད་དུ་བྱུང་བའི་ཕྲིན་ལས་ཟབ་མོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལ་བརྟེན་ནས་ལྷ་ཀླུ་མི་ཡི་བུ་མོ་དགུག་པ་ནི༔ དར་རམ་ཤིང་ཤུན་ལ་འཁོར་ལོའི་དབུས་སུ་དགུག་བྱའི་གཟུགས་སམ་མིང༔ རྩིབས་ལ་གབ་པའི་སྔགས་དྲུག་བྲི༔ ལྟེ་བར་སྙིང་པོ་འབྲུ་དགུ་གཡོན་དུ་བསྐོར༔ མུ་ཁྱུད་ལ་ཁྲོ་བོ་བཅུའི་སྔགས་ཤམ་ཅན་བྲི༔ སྣག་ཚ་ནི་ཙནྡན་གྱི་ལྡེ་གུའི་བྱས་ལ་བྱང་སེམས་དཀར་དམར་བྱུག༔ ལེགས་པར་ལྟེབ་ལ་དར་དམར་གྱིས་གཏུམ༔ མདུན་དུ་དལ་རྩིབས་བརྒྱད་པའི་དབུས་སུ་ཙནྡན་གྱི་ཕུར་པ་གཟུགས༔ འཁོར་ལོ་ལག་གཡས་པའི་མཐིལ་དུ་བཅངས༔ ཕུར་པ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དུ་བསྒོམ་ནས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་བི་ཛ་ཡ༔ མ་ཧཱ་ས་མ་ཡ༔ ཨོཾ་ཨཱཿཧཱུྃ་ཧཱུྃ་ཧཱུྃ༔ ཆེ་གེ་མོ་ཨ་ཀརྵ་ཧྲཱིཿ ཝཱ་ཤཾ་ཀུ་རུ་ཛཿ ཡིད་མྱོས་མྱོས༔ ཙིཏྟ་དཀྲུགས་དཀྲུགས༔ ཛོ་ཟེ་ཛོ་ཟེ་ཆགས་པ་སློང་སློང༔ ཨཾ་ཀུ་ཤ་ཡ་ཛཿཛཿཛཿ ཞེས་འབུམ་བཟླས་པས་ཚངས་པའི་བུ་མོ་ཡང་འགུགས་པར་ངེས་ཤིང༔ རྟགས་མཐོང་བའི་ཚེ་འཁོར་ལོ་དཔྲལ་བར་བླན་ཏེ་སོང་ན་དེ་མཐོང་ཚད་ཀྱང་དབང་དུ་བྱེད་ངེས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཁྲོ་བོ་སྟོབས་པོ་ཆེ་ལ་བརྟེན་ནས་ཆར་དབབ་པའི་ལས་རྩོམ་ན༔ གཙང་མའི་གནས་སུ་དལ་དབུས་ཕུར་པ་བཞག་པ་ཁྲོ་བོ་སྟོབས་ཆེན་དུ་བསྐྱེད༔ ཡབ་ཡུམ་སྦྱོར་བའི་སེམས་སྤྲིན་ལས༔ འཁོར་དུ་གྱུར་པའི་ཁྲོ་བོ་བརྒྱད༔ སྐུ་མདོག་དུད་ཁ་ཁྲོ་རྔམ་འབར༔ ཞལ་གཅིག་ཕྱག་གཉིས་མི་བཟད་པ༔ ཀ་ར་བི་རའི་ཕུར་པ་འདྲིལ༔ གདུག་པའི་ཀླུ་ཡི་སྙིང་ལ་འདེབས༔ སྐུ་ལ་སྦྲུལ་ཆེན་རིགས་ལྔས་བརྒྱན༔ འོད་ཟེར་སྣ་ཚོགས་གཟུགས་སུ་བསྒོམ༔ རིག་པའི་སྔགས་ནི་འབུམ་ཕྲག་བཟླ༔ ན་མཿས་མནྟ་བུདྡྷ་ཎཱཾ༔ ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཨོཾ་ཨུ་གྲ་ཤུ་ལ་པཱ་ཎི་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཨོཾ་ཛྱེ་ཏི་ནི་ར་ད་ན༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ༔ ལས་ལ་སྦྱར་བའི་ཚེ་མཚོའམ་ཆུ་མིག་གི་ཁར་སོང་ལ༔ མདུན་དུ་བག་ཕྱེའི་གཏོར་མ་མཐུན་རྫས་རྣམས་བཤམ་ལ༔ བྱིན་གྱིས་བརླབ་ཏེ༔ ཧཱུྃ༔ ཀླུ་རྒྱལ་ཆུ་བདག་ཆེན་པོ་རྣམས༔ འཁོར་དང་བཅས་པ་འདིར་གཤེགས་ཤིག༔ བདག་གིས་སེམས་ཅན་དོན་གྱི་ཕྱིར༔ ཕན་པའི་ཕྲིན་ལས་འདི་བཅོལ་ན༔ སྟོན་པའི་བཀའ་ལས་མ་འདའ་བར༔ ཆར་གྱི་རྒྱུན་ཆེན་དབབ་ཏུ་གསོལ༔ བརྔན་དུ་འདོད་ཡོན་གཏོར་མ་བསྔོ༔ དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང༔ བདག་གིས་བཅོལ་བའི་ཕྲིན་ལས་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ ཞེས་དང་ལྷ་སྔགས་ཀྱི་ཤམ་དུ༔ ཨོཾ་སྥོ་ཊ་ཡ་སྥོ་ཊ་ཡ༔ ནཱ་ག་ཏ་ལ་ཕཊ྄༔ ནཱ་ག་ནཱ་ག་དུན་དུན༔ ཧྲི་ད་ཡ་ཕཊ༔ ཅེས་བཟླ་ཞིང་ཐུགས་ཀའི་འོད་ཀྱིས་ཀླུ་བསྐུལ་བར་མོས༔ དེས་ཀྱང་མ་ཕེབས་ན་སྔགས་ཤམ་ལ༔ ནཱ་ག་ཙིཏྟ་ས་མ་ཡ་སྟྭཾ༔ ཞེས་བཏགས་པ་དང་ཀ་ར་བི་རའི་ཕུར་པ་ཀླུ་ལ་གཟིར་བས་ཇི་ལྟར་འདོད་པ་འབེབས་ངེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཕྲ་ཐབས་ཕོ་མོ་ཉི་ཤུ་ལ་བརྟེན་ནས་ལྟས་ངན་བཟློག་པའི་ལས་བྱ་ན༔ དྲག་པོའི་ཤིང་གི་ཕུར་པ་སོར་བཞི་ཅན་གྱི་མགུལ་དུ་ཡུངས་ཐུན་ཀར་གདགས༔ རཀྟས་ངར་བླུད་པ་ཅན་ལྷ་གྲངས་དང་མཉམ་པར་བྱ༔ དབལ་རྩེར་བྷྱོ་ཟློག་དང༔ འཆང་གཟུང་ལ་རང་སྔགས་སོ་སོར་དུག་ཁྲག་གིས་བྲི༔ གཏོར་ཟོར་གྱི་མཐར་བཀོད་ལ་ཕྲིན་ལས་གཞུང་བསྲང༔ བཟླས་པའི་རྗེས་གཏོར་འབུལ་ཕྲིན་བཅོལ༔ ཕུར་པ་རྣམས་ཕྲ་ཕྱག་ཏུ་གསལ་བས་རང་སྔགས༔ གརྫ་གརྫ་མཚན་ལྟས་ངན་པ་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཞེས་རེ་རེ་བཞིན་སྦྱར་ལ་སྒྲུབ༔ དེའི་མཐར་ཕུར་པ་རྣམས་ཡུངས་ཀར་ནག་གིས་བྲབ༔ རཀྟས་བྲན་ཞིང་གུ་གུལ་བདུག་ལ༔ ཧཱུྃ༔ སྒྲོལ་བྱེད་དཔལ་ཆེན་ཀཱི་ལ་ཡའི༔ ཡེ་ཤེས་རང་སྣང་ཁྲོ་རྒྱལ་བཅུའི༔ ཐབས་ཤེས་བདེ་སྟོང་རོལ་པ་ལས༔ བྱུང་བའི་ཕྲ་མེན་ཕོ་མོ་ནི༔ མི་ཡི་ལུས་ལ་དུད་འགྲོའི་གདོང༔ མགོ་དང་ལུས་སུ་མི་འཚམ་པ༔ ལྟས་ངན་ཟློག་པའི་རྒྱལ་པོ་ཡིན༔ ཞེ་སྡང་རུས་མཐར་རྒྱས་པ་ཡི༔ སྟག་ལ་སོགས་པའི་གཅན་གཟན་གདོང༔ འདོད་ཆགས་གཤོག་མཐར་རྒྱས་པ་ཡི༔ བྱ་རྒོད་ལ་སོགས་འདབ་ཆགས་གདོང༔ གཏི་མུག་འཆོལ་བར་སྤྱོད་པ་ཡི༔ མི་ཡི་ལུས་ལ་དུད་འགྲོའི་མགོ༔ དུག་གསུམ་ཡེ་ཤེས་དག་པའི་ཕྱིར༔ ཁྲོ་རྒྱལ་རྣམས་ཀྱི་སྲས་སུ་བྱུང༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ ལས་ལ་མྱུར་ཞིང་བར་ཆད་སྒྲོལ༔ ཐུགས་རྗེ་མཐུ་རྩལ་ནུས་པ་ཆེ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྐུ་ནི་གཅེར་བུ་གར་དང་བཅས༔ འཇིགས་པའི་ཞལ་གདངས་མཆེ་བ་གཙིགས༔ རྔམ་པའི་ཆོ་འཕྲུལ་མི་བཟད་པས༔ ཟློག་སྒྱུར་ཆེན་པོའི་ལས་ལ་བཞེངས༔ ཕྱག་ན་ཟློག་བྱེད་ཕུར་པ་འདྲིལ༔ མགོ་བོ་རྒྱ་མདུད་སྲུང་བའི་རྫོང༔ མི་ཤིགས་མི་ཕྱེད་རྡོ་རྗེའི་མདུད༔ འཆང་གཟུང་ཟུར་བརྒྱད་དཀྱིལ་འཁོར་རྫོགས༔ ཕོ་ཉ་སྤྲོས་པས་དགྲ་བགེགས་གསོད༔ ཟུར་གསུམ་དབལ་ལས་མཚོན་ཆར་འབེབས༔ གང་ལ་དམིགས་ཀྱང་མིང་མེད་བརླག༔ བསྒྲིལ་བས་ལྷ་ཡང་འདུལ་བྱེད་ན༔ བཏབ་པས་བགེགས་ལ་སྨོས་ཅི་དགོས༔ དེ་ཕྱིར་ཁྲོ་རྒྱལ་དམག་དཔུང་གིས༔ ཕུར་པའི་མཚོན་གྱིས་ལྟས་ངན་ཟློག༔ དུར་བྱས་ཉ་ཁྱེར་མ་མོ་དང༔ ཀླུ་ཡི་ལྟས་ངན་དགྲ་ལ་ཟློག༔ བྱ་གསུམ་བར་སྣང་སྡེར་འཛིང་བྱེད༔ ཕུང་སྲིའི་ལྟས་ངན་དགྲ་ལ་ཟློག༔ རྒོད་བཞི་གཤོག་འཛིང་བྱེད་པ་ཡང༔ གནམ་ལྷའི་ལྟས་ངན་དགྲ་ལ་ཟློག༔ རྨ་བྱས་མི་རོ་ཟ་བ་ཡང༔ སྲིད་རྒྱལ་ལྟས་ངན་དགྲ་ལ་ཟློག༔ གནམ་ནས་བྱ་གསུམ་ཤ་གཅིག་འདྲད༔ བདུད་རྒྱལ་ལྟས་ངན་དགྲ་ལ་ཟློག༔ འདབ་ཆགས་གཅིག་ལ་གཅིག་གིས་ཞོན༔ སྲི་ལངས་ལྟས་ངན་དགྲ་ལ་ཟློག༔ སྟེང་གི་ཕྲ་མེན་བྱ་རྒོད་གདོང༔ ལ་སོགས་འདབ་ཆགས་མགོ་ཅན་གྱི༔ འདབ་ཆགས་ལྟས་ངན་མི་འདྲ་རྣམས༔ ཉི་ཤུ་དམ་སྲི་དགྲ་ལ་ཟློག༔ དོམ་གསུམ་མི་ཡི་རོ་གཅིག་ཁྱེར༔ མ་མོའི་ལྟས་ངན་དགྲ་ལ་ཟློག༔ དུག་སྦྲུལ་ནག་པོ་ཐུར་དུ་རྒྱུག༔ ཀླུ་ཡི་ལྟས་ངན་དགྲ་ལ་ཟློག༔ ཝ་མོ་དུར་དུ་བརྒྱལ་བ་ཡང༔ དུར་སྲིའི་ལྟས་ངན་དགྲ་ལ་ཟློག༔ ནེའུ་ལེའི་ཁ་ནས་བྱི་རོ་ཁྱེར༔ ཆུང་སྲིའི་ལྟས་ངན་དགྲ་ལ་ཟློག༔ སྤྱང་གསུམ་དུས་གཅིག་འོ་དོད་འབོད༔ རྒྱལ་བཙན་ལྟས་ངན་དགྲ་ལ་ཟློག༔ ཁྱི་ཡིས་སྙིང་ཁྱེར་ལྷ་ཡི་བདུད༔ ཁྲོས་པའི་ལྟས་ངན་དགྲ་ལ་ཟློག༔ ཐོ་རངས་སྒོ་ཁྱི་ངུ་ཟུག་བྱེད༔ མ་བདུད་ལྟས་ངན་དགྲ་ལ་ཟློག༔ བྱི་བས་ཕོ་མོའི་སྐྲ་ནས་ཟ༔ གནམ་སའི་ལྟས་ངན་དགྲ་ལ་ཟློག༔ སྟེང་གི་ཕྲ་མེན་སྟག་གདོང་སོགས༔ སྡེར་ཆགས་མགོ་བོ་ཅན་རྣམས་ཀྱིས༔ སྡེར་ཆགས་ལྟས་ངན་མི་འདྲ་རྣམས༔ ཉི་ཤུ་དམ་སྲི་དགྲ་ལ་ཟློག༔ ཅང་ཤེས་གྲུལ་བུམ་ཤེལ་མིག་ཅན༔ ཡ་བདུད་ལྟས་ངན་དགྲ་ལ་ཟློག༔ རྟིའུ་ཕྲུག་གླང་མགོ་སྐྱེས་པ་ཡང༔ ཀླུ་བཙན་ལྟས་ངན་དགྲ་ལ་ཟློག༔ རྔ་མོང་མི་རོ་བཀལ་བ་རྒྱུག༔ ཕུང་གསུམ་ལྟས་ངན་དགྲ་ལ་ཟློག༔ ཕྲུ་གུ་མགོ་བརྙན་ཅན་བྱུང་བ༔ དགྲ་སྲིའི་ལྟས་ངན་དགྲ་ལ་ཟློག༔ དྲེའུའི་སྟེང་དུ་བྱ་རྒོད་བབས༔ དམ་སྲིའི་ལྟས་ངན་དགྲ་ལ་ཟློག༔ མིང་སྲིང་སྲིད་པའི་བུ་བྱུང་བ༔ གདབ་སྲིན་ལྟས་ངན་དགྲ་ལ་ཟློག༔ བོང་བུ་སྦྲུལ་མཐུར་ཅན་བྱུང་བ༔ མ་བདུད་ལྟས་ངན་དགྲ་ལ་ཟློག༔ བོང་ཕྲུག་མགོ་གསུམ་བྱུང་བ་ནི༔ མ་ཡམས་ལྟས་ངན་དགྲ་ལ་ཟློག༔ ཤར་ལྷོའི་ཕྲ་མེན་གཡག་གདོང་སོགས༔ རྨིག་ཆགས་མགོ་བོ་ཅན་རྣམས་ཀྱིས༔ རྨིག་ཟླུམ་ལྟས་ངན་ཉི་ཤུ་ཡང༔ དགྲ་བགེགས་དམ་སྲིའི་སྟེང་དུ་ཟློག༔ སྤྲེའུའི་ལག་ན་ཁྲམ་ཤིང་ཁྱེར༔ ཐེའུ་རང་ལྟས་ངན་དགྲ་ལ་ཟློག༔ སྤྲེལ་གསུམ་སྟག་ཞོན་འགྲོ་བ་ཡང༔ ཕུང་གསུམ་ལྟས་ངན་དགྲ་ལ་ཟློག༔ འདབ་ཆགས་དྲེད་ལ་ཞོན་ནས་རྒྱུ༔ རྒྱལ་བློན་ལྟས་ངན་དགྲ་ལ་ཟློག༔ སྤྱང་ཕྲུག་མི་རོ་ཟ་བ་ནི༔ མ་ཡམས་ལྟས་ངན་དགྲ་ལ་ཟློག༔ སྦལ་པས་ལག་ན་སྦྲུལ་ཁྱེར་བ༔ ས་བདག་ལྟས་ངན་དགྲ་ལ་ཟློག༔ བུད་མེད་འཐབ་འཛིང་བྱེད་པ་ནི༔ བསེན་མོའི་ལྟས་ངན་དགྲ་ལ་ཟློག༔ དྲེད་མོང་སྐྲ་འབལ་བྲང་བརྡུང་བ༔ མ་བདུད་ལྟས་ངན་དགྲ་ལ་ཟློག༔ ཕོ་མོ་ལྷ་མདུན་བསྣོལ་བྱེད་པ༔ ལྷ་ཀླུའི་ལྟས་ངན་དགྲ་ལ་ཟློག༔ རྨིགས་བུ་ལ་སོགས་སྟེང་ཕྱོགས་ཀྱི༔ ཕྲ་མེན་གདོང་ཅན་རྣམས་ཀྱིས་ཀྱང༔ གདོང་ཅན་ལྟས་ངན་ཉི་ཤུ་ཡང༔ དམ་སྲི་དགྲ་བགེགས་སྟེང་དུ་ཟློག༔ མཛོ་ལ་དུར་གྱི་བྱས་ཞོན་པ༔ རྒྱལ་པོའི་ལྟས་ངན་དགྲ་ལ་ཟློག༔ སྲོད་ལ་དུས་མིན་བྱ་ཕོ་འཚེར༔ གཟའ་ཡི་ལྟས་ངན་དགྲ་ལ་ཟློག༔ ནམ་གྱི་གུང་དུ་རྟ་འཚེར་བ༔ ཡུལ་འདྲེའི་ལྟས་ངན་དགྲ་ལ་ཟློག༔ ཐོ་རངས་སྒོ་ཁྱི་ངུ་བ་ཡང༔ དགྲ་ལྷའི་ལྟས་ངན་དགྲ་ལ་ཟློག༔ ཐད་ནས་ཤིང་ཆག་ཤིང་འདུ་འབྲལ༔ ཡུལ་ལྷའི་ལྟས་ངན་དགྲ་ལ་ཟློག༔ ཁྱིམ་དུ་བྱ་དང་རི་དྭགས་འཛུལ༔ གནོད་སྦྱིན་ལྟས་ངན་དགྲ་ལ་ཟློག༔ ཕུག་གདུང་ཀ་བ་ཆག་པ་ཡང༔ ཁྱིམ་ལྷའི་ལྟས་ངན་དགྲ་ལ་ཟློག༔ གློ་བུར་རི་ལས་ཆུ་བོ་རྡོལ༔ སྡེ་བརྒྱད་ལྟས་ངན་དགྲ་ལ་ཟློག༔ ཕ་ཝཾ་ལ་སོགས་ལུས་གཅིག་ལ༔ གཟུགས་ཀྱི་རྣམ་པ་དུ་མ་ཅན༔ ཕྲ་མེན་ཆེན་མོ་མ་ངེས་པས༔ ལྟས་ངན་དམ་སྲི་དགྲ་ལ་ཟློག༔ མདོར་ན་རྟེན་འབྲེལ་ལོག་པ་ལས༔ བཀྲ་མི་ཤིས་པའི་ལྟས་ངན་བྱུང༔ ཀུན་ཀྱང་ཁྲོ་རྒྱལ་ཡབ་ཡུམ་སྲས༔ ཕྲ་ཐབས་ཉི་ཤུས་དབྱིངས་སུ་ཟློག༔ རང་བྱུང་ཡེ་ཤེས་དབྱིངས་སུ་བསྒྱུར༔ ཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ རང་སྔགས་མཐར༔ མ་ཧཱ་ཤཱ་རི་རཾ་སརྦ་དུཥྚན་པྲ་ཏྱཾ་གི་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཞེས་བཏགས་པ་བཟླས་ལ་གལ་ཆེ་ན་ཕུར་བུ་རྣམས་གནོད་པའི་ཕྱོགས་སུ་འཕང་བས་འགལ་རྐྱེན་རྨིང་མེད་དུ་ཞི་བར་བྱེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ སྒོ་མ་བཞི་ལ་བརྟེན་ནས་ལས་བཞི་སྒྲུབ་པར་འདོད་པས་དྲག་པོའི་ཤིང་གི་རྩང་ཕུར་ཟླུམ་པོ༔ གྲུ་བཞི༔ ཟླ་གམ༔ ཟུར་གསུམ་བཅས་རྒྱ་མདུད་ཅན་བཞི་བྱ༔ རྡོ་རྗེའི་སྔགས་བྲིས་ལ་གདགས༔ རྫས་ཀྱང་ཞི་བ་ལ་ཡུངས་ཀར༔ རྒྱས་པ་ལ་རིན་པོ་ཆེ༔ དབང་ལ་མེ་ཏོག་དམར་པོ༔ དྲག་པོ་ལ་དུག་སྣ་ཐུམ་དུ་དྲིལ་བའང་སྐེད་པར་བཅིངས༔ ཟོར་གྱི་ཕྱོགས་བཞིར་བཙུགས་ལ་གྱེར་ནི༔ ཧཱུྃ༔ ཞི་བའི་བསམ་པས་ཞི་བ་སྟེ༔ ཞི་བྱེད་རྡོ་རྗེ་མཁའ་འགྲོ་མ༔ གཞལ་ཡས་ཤར་གྱི་སྒོ་སྐྱོང་བའི༔ མ་མོ་ཆེན་མོ་མཐུ་རྩལ་ཅན༔ སྐུ་མདོག་དཀར་མོ་རྟ་གདོང་ཅན༔ ཞི་བྱེད་ཆེན་པོའི་ལྕགས་ཀྱུ་བསྣམས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དངུལ་ལམ་ཞི་བའི་ཤིང་དག་ལ༔ ཞི་བའི་རྩང་ཕུར་ཟླུམ་ལ་འདྲིལ༔ དཀར་པོ་བདུད་རྩི་འོད་ཟེར་འཕྲོ༔ འོད་ལས་ཞི་བྱེད་ཆར་དུ་འབེབས༔ འཇིགས་པ་བརྒྱད་སོགས་མི་མཐུན་ཕྱོགས༔ རྫས་སྔགས་ཏིང་འཛིན་འདི་ཡིས་ཟློག༔ ཛཿཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྒྱས་པའི་བསམ་པས་རྒྱས་པ་སྟེ༔ རྒྱས་མཛད་རིན་ཆེན་མཁའ་འགྲོ་མ༔ གཞལ་ཡས་ལྷོ་ཡི་སྒོ་སྐྱོང་བའི༔ མ་མོ་ཆེན་མོ་ཞགས་པ་མ༔ སྐུ་མདོག་སེར་མོ་ཕག་གི་གདོང༔ རྒྱས་པའི་ལས་མཛད་ཞགས་པ་འཕེན༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གསེར་རམ་རྒྱས་པའི་ཤིང་དག་ལས༔ རྒྱས་པའི་རྩང་ཕུར་གྲུ་བཞི་ལམ༔ སེར་པོ་ལྷ་རྫས་ཆར་དུ་འབེབས༔ འདོད་དགུ་འགྲུབ་བྱེད་དཔག་བསམ་ཤིང༔ འབྱོར་པ་དྲུག་སོགས་ལེགས་པའི་ཕྱོགས༔ རྫས་སྔགས་ཏིང་འཛིན་འདི་ཡིས་སྤེལ༔ ཧཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཧཱུྃ༔ དབང་གི་བསམ་པས་དབང་འགྱུར་ཏེ༔ དབང་མཛད་པདྨ་མཁའ་འགྲོ་མ༔ གཞལ་ཡས་ནུབ་ཀྱི་སྒོ་སྐྱོང་བའི༔ མ་མོ་ཆེན་མོ་མཐུ་རྩལ་ཅན༔ སྐུ་མདོག་དམར་མོ་སེང་གེའི་གདོང༔ དབང་མཛད་འཆིང་བའི་ལྕགས་སྒྲོག་འཕེན༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཟངས་སམ་དབང་གི་ཤིང་དག་ལས༔ དབང་གི་རྩང་ཕུར་ཟླ་གམ་མཛེས༔ དམར་པོ་འོད་དམར་རླུང་ཞགས་སྤྲོ༔ ཟེར་གྱི་ལྕགས་ཀྱུས་གང་འདོད་འགུགས༔ འགྲོ་ཀུན་སློབ་དཔོན་རྒྱལ་པོ་དང༔ ཕ་མར་མོས་པ་བཞི་ལ་སོགས༔ སྣང་སྲིད་འཁོར་འདས་མ་ལུས་པ༔ རྫས་སྔགས་ཏིང་འཛིན་འདི་ཡིས་ཁུག༔ བྃ་ཝཱ་ཤཾ་ཀུ་རུ་ཛཿ ཧཱུྃ༔ དྲག་པོའི་བསམ་པས་དྲག་པོ་སྟེ༔ དྲག་མཛད་ལས་ཀྱི་མཁའ་འགྲོ་མ༔ གཞལ་ཡས་བྱང་གི་སྒོ་སྐྱོང་བའི༔ མ་མོ་ཆེན་མོ་མཐུ་རྩལ་ཅན༔ སྐུ་མདོག་ལྗང་མོ་སྤྱང་ཀིའི་གདོང༔ མྱོས་མཛད་དྲིལ་བུ་འཁྲོལ་ཞིང་རྒྱུག༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ལྕགས་སམ་དྲག་པོའི་ཤིང་དག་ལས༔ དྲག་མཛད་རྩང་ཕུར་ཟུར་གསུམ་མཛེས༔ མེ་རླུང་འཁྲུགས་པའི་མཚོན་ཆ་འབེབས༔ མངོན་སྤྱོད་ལས་ཆེན་བཅུ་གཉིས་སོགས༔ དགྲ་བགེགས་གདུག་པའི་སྟེང་དུ་འཕེན༔ རྫས་སྔགས་ཏིང་འཛིན་འདི་ཡིས་ཆོམས༔ ཧོཿམཱ་ར་ཡ་ཕཊ྄༔ ཧཱུྃ༔ དྲག་པོ་ཤིང་གི་རྩང་རྣོན་ནི༔ དམར་ནག་སྲིན་མོའི་དྲག་ཤུལ་འགྲོས༔ ཡར་རྩེ་སྲིད་པའི་རྩེ་མོར་འགྲོ༔ སྤྲིན་དང་སྐྱི་སེར་ཤ་ར་ར༔ མར་རྩེ་དམྱལ་བའི་གཏིང་དུ་འབིགས༔ ཁྲོ་ཆུའི་རྦ་ཀློང་ཆི་ལི་ལི༔ སྐེད་པར་ཉི་ཟླ་བསྐོར་ཞིང་འགྲོ༔ ཚ་གྲང་འབྱུང་བ་ནང་ནས་འཐབ༔ ཡར་སྟོད་འདབ་ཆགས་འཁྱུགས་ཤིང་འབིགས༔ གཡུ་འབྲུག་ངར་སྒྲ་འུ་རུ་རུ༔ ཁྱུང་ཆེན་གཤོག་འགྱུར་ལམས་སེ་ལམ༔ རྡོ་རྗེའི་མཆུ་སྡེར་དགྲ་ལ་འདེབས༔ མར་སྨད་གཅན་གཟན་གདུག་པ་ཅན༔ སྟག་གཟིག་དོམ་དྲེད་ངར་ཞིང་འགྱིང༔ ང་རོ་དགྲ་ལ་འོ་དོད་འབོད༔ མཆེ་བ་སྡེར་མོ་གཟེངས་སེ་གཟེང༔ སྐེད་པར་ཤ་ཟ་ལས་མཁན་འཕྱོ༔ སྐྲ་གཟེངས་སྡང་མིག་ཁྲོ་གཉེར་ཅན༔ སྤུ་གྲི་མཚོན་ཆ་ཐོགས་ཤིང་རྒྱུག༔ བསྟན་པའི་དགྲ་ལ་ཞེ་རེ་གནག༔ བར་གྱི་རེའུ་མིག་རེ་རེར་ཡང༔ མཚོན་ཆ་སྣ་ཚོགས་ཐུ་ལུ་ལུ༔ ཐོག་སེར་མང་པོ་ཤ་ར་ར༔ གང་ལ་དམིགས་ན་མདའ་ལྟར་འགྲོ༔ ཟོར་ཆེན་དམག་གི་རྫོང་ཡིན་ཏེ༔ ཁྲོ་རྒྱལ་འཁོར་བཅས་བཞུགས་པའི་གནས༔ ཟོར་མདའ་རྩང་རྣམས་དམག་གི་དཔུང༔ ཕོ་ཉའི་རྔམ་རྒྱུག་གློག་བཞིན་འཁྱུགས༔ ཀུན་ཀྱང་རང་སྲུང་རྡོ་རྗེའི་གོ༔ དགྲ་བགེགས་བརླག་བྱེད་འབར་བའི་མཚོན༔ ཉམས་པའི་གློ་སྙིང་རྒྱུ་མས་བརྒྱན༔ ཁྲག་གི་ཁ་ཆུ་ཛ་ར་ར༔ ཞེ་སྡང་གདུག་རྩུབ་གཟེངས་སེ་གཟེང༔ མཐུ་རྩལ་མ་ཆུང་ལས་ལ་ཆོས༔ རྫས་ནི་བརླག་བྱེད་མཚོན་ཆའི་དབལ༔ སྔགས་ཀྱིས་ངར་གདགས་ཤུགས་དང་ལྡན༔ ཏིང་འཛིན་དམོད་པས་ལྷ་རུ་བསྒོམས༔ བསྐུལ་ལོ་བཞེངས་ཤིག་མཱ་ར་ཡ༔ ལས་ལ་ཆོས་ཤིག་བང་མ་བུལ༔ ལས་འདི་མྱུར་དུ་འགྲུབ་པར་མཛོད༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་ཕཊ྄༔ ཅེས་བསྐུལ་བས་ལས་བཞི་གང་འདོད་འགྲུབ་པར་ངེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ ཕུར་སྲུང་དབང་ཕྱུག་བཀའ་སྡོད་ལ་བརྟེན་ནས་རཀྟའི་རྫས་ཀྱིས་སྣང་སྲིད་གཡོ་འཁྲུགས་བཟློག་པ་ནི༔ ཕུང་ས་ལ་བཅོས་པའི་ཁྲག་ཀོང་ཟུར་གསུམ་པ་ཕྱི་རོ་སོལ་གྱིས་ནག་པོར་བྱ༔ ནང་དུ་དུག་ཁྲག་བླུག༔ དྲག་པོའི་ཤིང་གི་རྩང་བཙུགས་པ་དཀྱིལ་འཁོར་གྱི་མཐའ་བསྐོར་ཏེ་བཞག་ལ་ལས་ཀྱི་གཞུང་བསྲངས་ཏེ་སྔགས་པ་རྣམས་བེར་ནག་པོ་གྱོན༔ གདོང་ལ་རོ་སོལ་དང་ཁྲག་ཐིག་བྱུག༔ སྐྲ་ཐུར་དུ་འཕྱང་ལ་སྲིད་པ་སྤྱི་བླུགས་ཀྱི་ཞྭ་དང་བཅས་ལག་ཏུ་ཀོང་ཟོར་ཁྲག་གིས་བརྒྱན་པ་ཐོགས་ཏེ་ཐལ་མོ་ཕྱིར་བསྒྱུར་བའི་གར་དང་བཅས་འདི་སྐད་དོ༔ བྷྱོ༔ སྣང་སྲིད་བདེ་བ་ཆེན་པོའི་མཁའ༔ ཡེ་ཤེས་ཀློང་ལས་མ་གཡོས་པའི༔ བཀོད་པ་ཆེན་པོའི་ཆོ་འཕྲུལ་ལས༔ དབྱིངས་ཀྱི་མ་མོ་བདེ་ཀློང་འཁྱིལ༔ རང་ཤར་ཡེ་ཤེས་ཆེན་པོ་ལྔས༔ བཀྲག་གསལ་འབར་སོགས་རྟག་རྒྱལ་ལྔ༔ རིགས་ཀྱི་འཁོར་ལོས་བསྒྱུར་བ་ཡི༔ ཟིལ་གནོན་མ་མོ་ཆེན་མོར་ཤར༔ སྣང་སྲིད་ཐམས་ཅད་མཁའ་ལས་འབྱུང༔ འཁོར་འདས་ཀུན་ཁྱབ་སྤྲོ་ཞིང་སྡུད༔ འཇིག་རྟེན་ལས་ཀྱི་མ་མོ་སོགས༔ སྣ་ཚོགས་བཀོད་པ་ཅིར་ཡང་སྟོན༔ ལེགས་ཉེས་སྟངས་འཛིན་རྗེས་གཅོད་མཁན༔ འདས་དང་མ་འདས་སོ་མཚམས་འཛིན༔ སྣ་ཚོགས་ཡུམ་གྱི་རྒྱལ་མོ་ཡི༔ དཀྱིལ་འཁོར་མུ་རན་སྐྱོང་མཛད་པའི༔ དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད༔ ཕུར་སྲུང་མ་མོ་བཅུ་གཉིས་སོགས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ཀུན་ཀྱང་ཡེ་ཤེས་དབྱིངས་ནས་བཞེངས༔ སྔོན་གྱི་ཐུགས་དམ་དུས་ལ་བབ༔ ཆོས་ཉིད་ཁྱབ་བརྡལ་ཆེན་པོ་ལ༔ བཟང་ངན་ཕྱོགས་ལྷུང་བྲལ་ན་ཡང༔ མ་རྟོགས་དུག་ལྔར་ཞེན་པའི་འགྲོར༔ སྣང་སྲིད་གཡོ་འཁྲུགས་ཅིར་ཡང་འབྱུང༔ ཕྱི་འབྱུང་ས་ཆུ་མེ་རླུང་མཁའ༔ བྱེར་དང་སྡུད་པའི་ཆོ་འཕྲུལ་ལས༔ ས་གཡོ་རི་ཉིལ་ཤྭ་འུད་དང༔ ཐོག་སེར་མེ་ཐན་དྲག་པོའི་རླུང༔ སྣོད་ཀྱི་འབྱུང་བ་རྒུད་པའི་རྐྱེན༔ བཙའ་སད་སྒང་གཤོང་མི་སྙོམ་ཤར༔ ནང་འབྱུང་སྲ་གཤེར་དྲོད་དང་གཡོ༔ བུ་ག་སྟོང་པའི་ཁམས་རྣམས་ཀྱང༔ ཆ་མི་སྙོམ་པ་རླུང་མཁྲིས་ཁྲག༔ བད་ཀན་འདུས་པའི་ནད་རྣམས་བྱུང༔ དེ་ལ་བརྟེན་པའི་གདོན་གྱི་ཚོགས༔ རྒྱལ་བཙན་དམུ་བདུད་ཀླུ་ལ་སོགས༔ འཁྲུགས་འཁོན་གློ་བུར་ཉེས་པའི་ཁམས༔ མི་བཟོད་ཚོར་བས་ལུས་ངག་སེམས༔ གདུང་ཞིང་མནར་བའི་ཚོགས་ཀུན་དང༔ གསང་བ་བརྟན་དང་མཉེན་དྲོད་ཡང༔ གསལ་བ་ཡུམ་ལྔའི་དབྱིངས་ཀྱི་མཁའ༔ མ་རྟོགས་ཡུལ་དང་ཡུལ་ཅན་དུ༔ ཞེན་པས་གཟུང་འཛིན་མཐུ་བརྟས་ཏེ༔ གནས་དོན་ལུས་ཀྱི་འཇིག་རྟེན་གསུམ༔ འཁྲུལ་པའི་ཐང་ལ་འཁྱམས་པ་ཡང༔ ཡུམ་གྱི་བྷ་ག་ཡངས་པའི་ཀློང༔ བདེ་བ་ཆེན་པོའི་བདག་ཉིད་དུ༔ བྱུང་ཡང་དབྱིངས་ཀྱི་མཁའ་ལས་བྱུང༔ བཟློག་ཀྱང་སྟོང་པའི་ཀློང་དུ་ཟློག༔ བསྒྱུར་རོ་དབྱིངས་ཀྱི་རྒྱན་དུ་བསྒྱུར༔ རཀྟ་ཁྲག་གི་རྒྱ་མཚོ་ནི༔ རྒྱུད་དྲུག་བསྒྲལ་བ་ཆགས་པའི་མདངས༔ ལྦུ་བ་རི་རབ་ཙམ་དུ་བརྩེགས༔ རྦ་རླབས་ནམ་མཁའ་ཁྱབ་པར་འཕྱོ༔ རླངས་སྤྲིན་དམར་ནག་དུག་དུ་འཕྱུར༔ མ་དང་མཁའ་འགྲོའི་སྐྱེམས་ཀྱི་མཆོག༔ སྣང་སྲིད་ལྷ་འདྲེའི་ཡིད་བསྒྱུར་རྫས༔ འདོད་ཡོན་མཆོད་པའི་རྫས་ཆེན་པོ༔ ཟུར་གསུམ་ཨེ་ཡི་ཀློང་དུ་འཁྱིལ༔ མི་རྟའི་བམ་རོ་ལང་ལིང་འཕྱོ༔ བླ་མེད་དམ་ཚིག་རྫས་ཆེན་པོ༔ དང་པོ་མཆོད་པའི་མཆོག་ཏུ་འབུལ༔ མ་དང་མཁའ་འགྲོ་མཉེས་པའི་རྫས༔ བར་དུ་ཁྲག་ཀོང་ནད་ཀྱི་ཟོར༔ བཟློག་བསྒྱུར་དྲག་པོའི་རྫས་ཀྱི་མཆོག༔ ཐ་མ་དགྲ་བགེགས་རློག་བྱེད་པའི༔ མཚོན་གྱི་མཆོག་ཏུ་འདི་བྱུང་བས༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ཕྱི་རུ་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ སྣང་སྲིད་མཁའ་འགྲོའི་ཞིང་དུ་བསྒྱུར༔ ནང་དུ་འདུ་བའི་ནད་རྣམས་ཟློག༔ ལྷ་སྲིན་སྡེ་བརྒྱད་སུན་ཁ་བསྒྱུར༔ གསང་བ་རྣམ་རྟོག་གཡོ་འཁྲུགས་ཟློག༔ ཅིར་སྣང་ཡེ་ཤེས་འཆར་བར་མཛོད༔ བཟློག་དང་མི་བཟློག་རྣམ་པར་རྟོག༔ རྣམ་རྟོག་ཡེ་ཤེས་ཆོས་སྐུའི་རྩལ༔ རོལ་པ་འགག་མེད་རྒྱན་དུ་ཆེ༔ བདེ་བ་ཆེན་པོར་ས་མ་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ སརྦ་ཨ་པ་ཀ་ར་ཤ་ཏྲཱུན་བིགྷྣཱན་བྷྱོ་ཟློག་ཨ་ཨ་ཨ༔ ཞེས་བྱས་པས་ཆག་ཆེ་ཉམ་ང་བའི་འགལ་རྐྱེན་མཐའ་དག་རྨིང་མེད་དུ་བཟློག་པར་གདོན་མི་ཟའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་ཕུར་པའི་ལས་ཁ་ཚར་གྱི་རིམ་པ་རིག་མཆོག་འབུམ་སྡེའི་རྒྱུད་ལས་ལུང་དུ་བསྡུས༔ མན་ངག་དམར་ཁྲིད་སྙིང་པོར་བྱས་པ་ཁ་ཆེའི་པཎྜི་ཏ་བི་མ་ལས་གཉགས་ཀྱི་བན་དེ་ལོ་ཙཱ་བ་ཀུ་མཱ་ར་ཛྙཱ་ན་ལ་བོད་ཡུལ་དབུས་ནས་གཏད་དེ་གསང་ཆོས་སུ་གདམས་པ་༔༔༔༔བརྡ་ཡིག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ྀཨཐི༔ བརྡ་ཐིམ༔ མ་འོངས་ཕྱི་མའི་གདུལ་བྱ་ལ་བསམ་ནས་གཏེར་དུ་སྦས་པ་སྨོན་ལམ་ལས་འཕྲོ་དང་ལྡན་པའི་སྐྱེས་བུ་དང་འཕྲད་པར་ཤོག༔ ཅེས་གསུངས་ནས་མཁའ་འགྲོའི་འཕྲུལ་ཡིག་ཏུ་བྲིས་ཏེ་སྦས་སོ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་དངོས་སུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་མདོ་སྨད་བྱང་ཕྱོགས་རེབ་ཀོང་རིག་པའི་འབྱུང་གནས་ཀྱི་བྱེ་བྲག་ཞོ་འོང་སྔགས་མང་གི་གཙུག་ལག་ཁང་གསང་སྔགས་དར་རྒྱས་གླིང་དུ་རྫོགས་པར་གཏན་ལ་ཕབ་པ་ཀསྨི་རའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ། །གུ་ཧྱ་རྒྱ།། །། །།}} | ||
</onlyinclude> | </onlyinclude> |
Latest revision as of 09:12, 1 June 2024
Wylie title | snyan brgyud snying gi gsang mdzod las: yi dam rdo rje phur pa'i las kyi kha tshar gyi sgrub thabs | |
---|---|---|
Location | dil mgo mkhyen brtse bka' 'bum Volume 20, Text 11, Pages 202-229 (Folios 1a to 28b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Snyan brgyud snying gi gsang mdzod las yi dam rdo rje phur pa'i las kyi kha tshar gyi sgrub thabs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 202-229. Delhi: Shechen Publications, 1994. | |
Genre | Root Treasure - gter gzhung · Sadhanas - Evocation Ritual - sgrub thabs | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rdo rje phur pa | |
Colophon |
རྡོ་རྗེ་ཕུར་པའི་ལས་ཁ་ཚར་གྱི་རིམ་པ་རིག་མཆོག་འབུམ་སྡེའི་རྒྱུད་ལས་ལུང་དུ་བསྡུས༔ མན་ངག་དམར་ཁྲིད་སྙིང་པོར་བྱས་པ་ཁ་ཆེའི་པཎྜི་ཏ་བི་མ་ལས་གཉགས་ཀྱི་བན་དེ་ལོ་ཙཱ་བ་ཀུ་མཱ་ར་ཛྙཱ་ན་ལ་བོད་ཡུལ་དབུས་ནས་གཏད་དེ་གསང་ཆོས་སུ་གདམས་པ་༔༔༔༔བརྡ་ཡིག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ྀཨཐི༔ བརྡ་ཐིམ༔ མ་འོངས་ཕྱི་མའི་གདུལ་བྱ་ལ་བསམ་ནས་གཏེར་དུ་སྦས་པ་སྨོན་ལམ་ལས་འཕྲོ་དང་ལྡན་པའི་སྐྱེས་བུ་དང་འཕྲད་པར་ཤོག༔ ཅེས་གསུངས་ནས་མཁའ་འགྲོའི་འཕྲུལ་ཡིག་ཏུ་བྲིས་ཏེ་སྦས་སོ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་དངོས་སུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་མདོ་སྨད་བྱང་ཕྱོགས་རེབ་ཀོང་རིག་པའི་འབྱུང་གནས་ཀྱི་བྱེ་བྲག་ཞོ་འོང་སྔགས་མང་གི་གཙུག་ལག་ཁང་གསང་སྔགས་དར་རྒྱས་གླིང་དུ་རྫོགས་པར་གཏན་ལ་ཕབ་པ་ཀསྨི་རའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ། །གུ་ཧྱ་རྒྱ།། | |
rdo rje phur pa'i las kha tshar gyi rim pa rig mchog 'bum sde'i rgyud las lung du bsdus:_man ngag dmar khrid snying por byas pa kha che'i paN+Di ta bi ma las gnyags kyi ban de lo tsA ba ku mA ra dz+nyA na la bod yul dbus nas gtad de gsang chos su gdams pa ::::brda yig:_sa ma ya:_sku'i rgya:_gsung gi rgya:_thugs kyi rgya:_\ithi:_brda thim:_ma 'ongs phyi ma'i gdul bya la bsam nas gter du sbas pa smon lam las 'phro dang ldan pa'i skyes bu dang 'phrad par shog:_ces gsungs nas mkha' 'gro'i 'phrul yig tu bris te sbas so:_ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga las sku yi gsung gi gnas mchog 'og min karma'i gan+d+ho la chen po nas bka' srung ye shes kyi mgon pos dngos su gtad pa'i shog ser las khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pas mdo smad byang phyogs reb kong rig pa'i 'byung gnas kyi bye brag zho 'ong sngags mang gi gtsug lag khang gsang sngags dar rgyas gling du rdzogs par gtan la phab pa kasmi ra'i slob dpon bi ma la mi tras snyan brgyud du gdams pa'o/__/gu h+ya rgya// |