DKR-KABUM-20-WA-009: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ རྡོ་རྗེ་ཕུར་པ་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་སྒྲུབ་ཐབས་རྒྱས་པ༔ | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: . Delhi: Shechen Publications, 1994. | |fulltitle=snyan brgyud snying gi gsang mdzod las: rdo rje phur pa dkyil 'khor brgya dang bcu gnyis pa'i sgrub thabs rgyas pa | ||
|citation=[[Khyentse, Dilgo]]. ''Snyan brgyud snying gi gsang mdzod las rdo rje phur pa dkyil 'khor brgya dang bcu gnyis pa'i sgrub thabs rgyas pa''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: 178-188. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=gnyags dz+nyA na ku mA ra | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | ||
|tibgenre=Sadhanas - Evocation Ritual - sgrub thabs | |tibgenre=Initiations in the Maṇḍala - dkyil 'khor dbang chog - dkyil chog, Root Treasure - gter gzhung, Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
Line 21: | Line 20: | ||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=020 | |volumenumber=020 | ||
|volnumtib=༢༠ | |volnumtib=༢༠ | ||
|volyigtib=ཝ་ | |volyigtib=ཝ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=009 | |||
|pagenumbers=178-188 | |||
|totalpages=21 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=11a6 | ||
|totalfolios=11 | |||
|multivolumework=No | |||
|rectonotes=gter gzhung | |||
|versonotes=gnyags lugs phur pa | |versonotes=gnyags lugs phur pa | ||
| | |colophontib=དབང་དང་སྒྲུབ་ཐབས་འདི་ནི་ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲས་རྡོ་རྗེ་ཕུར་པ་ཞེ་སྡང་དག་པའི་རྒྱུད་སོགས་དུ་མ་ནས་བཏུས་ཏེ་ལུང་དུ་བསྡེབས་ནས་བོད་ཡུལ་དུ་གཉགས་ཀྱི་བན་དེ་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་ལ་སྣོད་ལྡན་དུ་མཐོང་ནས་གཏད་པ་ཥྞྱོགས་ཥྞྱོགས་ཥྞྱོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་དངོས་སུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་གནམ་ས་ཆུ་ཀླུང་དང་བཅས་པ་ཟུར་གསུམ་ཕུར་བུའི་དབལ་རྩེར་མཛེས་པའི་བསམ་གཏན་གྱི་སྤྱིལ་བུར་དག་པར་ཕབ་པ་ཀསྨིརའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ།། | ||
|colophonwylie=dbang dang sgrub thabs 'di ni kha che'i slob dpon bi ma la mi tras rdo rje phur pa zhe sdang dag pa'i rgyud sogs du ma nas btus te lung du bsdebs nas bod yul du gnyags kyi ban de lo tsA ba dz+nyA na ku mA ra la snod ldan du mthong nas gtad pa Sh+N+yogs Sh+N+yogs Sh+N+yogs:_sa ma ya:_rgya rgya rgya:_ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga las sku yi gsung gi gnas mchog 'og min karma'i gan+d+ho la chen po nas bka' srung ye shes kyi mgon pos dngos su gtad pa'i shog ser las khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pas gnam sa chu klung dang bcas pa zur gsum phur bu'i dbal rtser mdzes pa'i bsam gtan gyi spyil bur dag par phab pa kasmira'i slob dpon bi ma la mi tras snyan brgyud du gdams pa'o// | |||
|pdflink=File:DKR-KABUM-20-WA-009.pdf | |pdflink=File:DKR-KABUM-20-WA-009.pdf | ||
}} | }} | ||
Line 36: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ རྡོ་རྗེ་ཕུར་པ་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་སྒྲུབ་ཐབས་རྒྱས་པ་བཞུགས༔ གཉགས་ལོ་ཙཱ་བའི་ལུགས་སོ།། | {{TibP|༁ྃ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ རྡོ་རྗེ་ཕུར་པ་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་སྒྲུབ་ཐབས་རྒྱས་པ་བཞུགས༔ གཉགས་ལོ་ཙཱ་བའི་ལུགས་སོ།།<br><br> | ||
༁ྃ༔ བརྡ་ཡིག ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕུར་པའི་བསྐྱེད་རིམ་ལ་གོམས་པས་ཕྱག་རྒྱ་སྤྲོས་བཅས་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པ་བསྒོམ་པར་བྱ་སྟེ་ལས་ཀྱི་རིམ་པའི་མངོན་རྟོགས་སྤྱི་ཡི་ཁོག་ལས་བྱང་ལྟར་ལ༔ ཀྲོ་དྷ་མཎྜ་ལ་བྷྲཱུྃ༔ ཞེས་པའི་མཚམས་ནས༔ དཀྱིལ་འཁོར་ཆེན་པོ་དེ་ཡི་ནང༔ དབུས་ཀྱི་གྲུ་གསུམ་སྟེང་ཉིད་དུ༔ གཞལ་ཡས་གྲུ་བཞི་རྒྱན་རྫོགས་ལྔ༔ རྩིབས་བཅུར་གཞལ་ཡས་ཁང་ཆེན་བཅུ༔ གཡས་གཡོན་གྲུ་གསུམ་ཨེ་རེ་རེ༔ ཟླ་གམ་གསུམ་དང་ཁྲག་གི་ཁྱམས༔ ཕྱི་རོལ་ཁོར་ཡུག་ཨེ་ཡི་དལ༔ གསེར་ཁྱམས་ལེའུ་ཚེར་ཟླ་གམ་བརྒྱད༔ གྲུ་ཆད་གློ་འབུར་ཀུན་ལ་ཡང༔ དབང་གི་ཕོ་བྲང་སྒོ་གཅིག་པ༔ མ་འདྲེས་གསལ་ལ་རྫོགས་པར་ཤར༔ ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ དབུས་ཀྱི་གཞལ་ཡས་ལྟེ་བ་རུ༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུགས་བྱི་ཆིངས་བསྣོལ་བ་དང༔ ཕྱོགས་བཅུར་ཚངས་པ་བརྒྱ་བྱིན་དང༔ མེ་ལྷ་གཤིན་རྗེ་སྲིན་པོ་རླུང༔ ཆུ་བདག་རླུང་ལྷ་གནོད་སྦྱིན་དང༔ དབང་ལྡན་ས་བདག་ཆུང་མར་བཅས༔ བསྣོལ་བའི་པད་ཉི་བྲག་ཆེན་གསལ༔ ཨེ་རྣམས་ཁྲག་གི་མཚོ་འཁྲུགས་པར༔ པད་ཉི་བམ་རོ་གན་རྐྱལ་བསྒྱེལ༔ གནས་ཡུལ་མ་མོ་སྒོ་མ་དང༔ དབང་ཕྱུག་ཕུར་སྲུང་བཞུགས་པའི་གནས༔ ཀེང་རུས་གྲམ་བུའི་ཁྲི་བཅས་གསལ༔ མ་སཱུརྻ་མཎྜ་ལ༔ ཞེས་པ་ནས༔ ཞལ་ཞུགས་བྱང་ཆུབ་སེམས་སུ་ཞུ༔ བར་གྱིས་གཙོ་བོ་ཡབ་ཡུམ་བསྐྱེད༔ དྭངས་མའི་སེམས་སྤྲིན་ཧཱུྃ་བཞི་སྤྲོས༔ ཤར་དུ་བཛྲ་ཀྲོ་དྷ་སྟེ༔ རྡོ་རྗེ་ཕུར་པ་དཀར་ལ་སྒེག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་མཐིང་གཡོན་དམར་འཁོར་ལོ་དང༔ དགྲ་སྟྭ་ཐོ་བ་མེ་ལྕེ་འབར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བྃ་ཧཱུྃ་ཕཊ྄༔ ལྷོ་རུ་རཏྣ་ཀྲོ་དྷ་སྟེ༔ རིན་ཆེན་ཕུར་པ་སེར་ལ་བརྗིད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་རིན་པོ་ཆེ༔ རལ་གྲི་ཞགས་པ་ཁཊྭཱཾ་གདེང༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བྃ་ཧཱུྃ་ཕཊ྄༔ ནུབ་ཏུ་པདྨ་ཀྲོ་དྷ་སྟེ༔ པདྨ་ཕུར་པ་དམར་ལ་ཆགས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་མཐིང་པདྨ་དང༔ བེ་ཅོན་མཚོན་འཁོར་གསལ་ཤིང་འཕྱར༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་བྃ་ཧཱུྃ་ཕཊ྄༔ བྱང་དུ་ཀརྨ་ཀྲོ་དྷ་སྟེ༔ ཕྲིན་ལས་ཕུར་པ་ལྗང་ནག་གཏུམ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་རྒྱ་གྲམ་གདེང༔ ཏྲི་ཤུལ་ཙིཏྟ་དུང་དམར་སྟོབ༔ རིགས་བཞིའི་ཁྲོ་བོ་རང་འདྲའི་ཡུམ༔ ཕྱག་རྒྱ་རང་རྟགས་བྷཉྫ་ཐོགས༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ གཙོ་བོ་བཞིན་དུ་ཡོངས་སུ་རྫོགས༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བྃ་ཧཱུྃ་ཕཊ྄༔ སླར་ཡང་གཙོ་མཆོག་སྦྱོར་མཚམས་ནས༔ བྱང་སེམས་ས་བོན་ཧཱུྃ་བཅུ་སྤྲོས༔ ཕྱོགས་བཅུའི་རྩིབས་ཀྱི་གཞལ་ཡས་དབུས༔ ཐོག་ལྟར་བབ་པའི་སྤྲོ་བསྡུ་ཡིས༔ འོད་ཟེར་རྣོན་པོས་ཕྱོགས་སྐྱོང་བའི༔ སོགས་ནས༔ འཁོར་དུ་རང་འདྲའི་རིགས་བཞི་ཡི༔ ཁྲོ་རྒྱལ་རྣམ་བཞི་ཡུམ་དང་སྦྱོར༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ༔ འབར་བའི་ཆས་ཀུན་རྫོགས་པར་གསལ༔ བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་བྷྲཱུྃ༔ ཞེས་པའི་བར་ཕྲ་ཕྱག་རྣམས་དོར་བས་ཁྲོ་བཅུ་བསྒོམ༔ ཁྲོ་རྒྱལ་ཆེན་པོ་རྣམ་པ་བཅུའི༔ དཀྱིལ་འཁོར་རྣམས་ཀྱི་གཡས་གཡོན་དུ༔ རྟོག་འཇོམས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཕག་གི་གདོང༔ དཔའ་གཏུམ་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྟག་གི་མགོ༔ རྫིས་ཚོར་སྤང་བའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཡག་གི་མགོ༔ དུས་འཇུག་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཤ་བའི་མགོ༔ ཡེ་རྫོགས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཟིག་གི་མགོ༔ ཐབས་མཁས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་བྱི་ལའི་མགོ༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྤྱང་ཀིའི་མགོ༔ རིགས་བཙུན་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སེང་གེའི་མགོ༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དོམ་གྱི་མགོ༔ མྱོས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དྲེད་ཀྱི་མགོ༔ མི་འགྱུར་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་རྨིགས་བུའི་མགོ༔ ཐོགས་མེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རྒོད་མགོ༔ གསལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རོག་མགོ༔ མཐོང་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་འུག་པའི་མགོ༔ ཐལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྭ་ཏའི་མགོ༔ བཀྲ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་པུ་ཤུད་མགོ༔ སྒྲིབ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྲ་ཡི་མགོ༔ གསོ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཕ་ཝཾ་མགོ༔ བཙལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་སྲེ་མོང་མགོ༔ འགུགས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱི་བའི་མགོ༔ ཕྲ་ཕྱག་ཕོ་མོ་དེ་དག་ཀྱང༔ གཅེར་བུ་ཁྲོ་རྔམས་སྟངས་སྟབས་ཅན༔ སོགས་ནས༔ མེ་དཔུང་རྔམ་པའི་ཀློང་ན་འགྱིང༔ རང་འདྲའི་ཕོ་ཉའི་འདུ་འཕྲོ་ནི༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང༔ སུམ་སྤྲུལ་བྱེ་བ་རྡུལ་ལྟར་འཁྲིགས༔ གོ་མཚམས་མེད་པར་གཏམས་པར་གྱུར༔ འབར་བ་ཆེན་པོའི་དཀྱིལ་འཁོར་ཤར༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ སོགས་ནས༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ༔ བར་དང༔ གྲུ་ཆད་ཤར་ནས་ཕྱོགས་བཞི་རུ༔ གཽ་རི་དཀར་མོ་ཞིང་དབྱུག་འཕྱར༔ ཙཽ་རི་སེར་མོ་མདའ་གཞུ་འགེངས༔ པྲ་མོ་དམར་མོ་ཆུ་སྲིན་འཕྱར༔ བཻ་ཏ་ལྗང་མོ་རྡོ་རྗེ་གདེངས༔ མཚམས་བཞིར་པུཀྐ་རྒྱུ་ཞགས་སེར༔ གྷསྨ་ལྗང་གུ་བྷན་ཁྲག་འཐུང༔ ཙཎྜ་སེར་མོ་རྒྱུ་ཞགས་འཇིབ༔ སྨེ་ཤ་མཐིང་ག་བམ་ཆེན་ཟ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཌཱ་ཀི་ནི་ཕེཾ་བྷྱོ༔ གསེར་ཁྱམས་ཕྱོགས་མཚམས་རེ་རེ་བཞིན༔ སིཾ་ཧ་སྨུག་ནག་རོ་ལ་ཟ༔ བྱཱ་གྲྀ་དམར་མོ་ལག་བསྣོལ་ཏེ༔ སྲི་ལ་ནག་མོས་བྱིས་བམ་ལྡག༔ ཤྭ་ན་སྤྱང་མཐིང་རོ་ཐོགས་པ༔ གྲྀ་དྷ་སེར་མོ་རྒྱུ་ཞགས་འདྲེན༔ ཀངྐ་དམར་མོ་ཞིང་ཕྲག་ཁུར༔ ཀཱ་ཀ་ནག་མོ་བྷན་གྲི་ཐོགས༔ ཨུ་ལུ་མཐིང་གས་རྡོ་རྗེ་གསོར༔ ཀུན་ཀྱང་ཁྲོ་མོ་འཇིགས་པའི་གཟུགས༔ གཟིག་ཤམ་རུས་པའི་རྒྱན་གྱིས་སྒེག༔ ཐོད་སྐམ་ཕྲེང་གསོལ་ཞབས་བརྐྱང་བསྐུམ༔ རལ་གསིགས་མཆེ་གཙིགས་སྡང་མིག་ཅན༔ ཟླ་གམ་གཞལ་ཡས་རྫོགས་པར་རོལ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཨ་རལླི་ཕེཾ་བྷྱོ༔ གཙོ་བོའི་སྦྱོར་མཚམས་ཛཿཧཱུྃ་བྃ༔ སོགས༔ ཁྲག་ཁྱམས་དཔལ་གྱི་བཀའ་སྡོད་ཆེའི༔ མཐིང་ནག་ཨེ་ཡི་དལ་རེ་རེར༔ ཤར་སྟོད་སྲིན་མོ་ཚངས་པ་དང༔ ལྷ་ཆེན་མོ་གསུམ་ཤར་སྨད་དུ༔ གཏོག་འདོད་གཞོན་ནུ་བརྒྱ་བྱིན་མ༔ ལྷོ་སྟོད་རྡོ་རྗེ་བདུད་རྩི་ཟླ༔ བེ་ཅོན་སྲིན་མོ་ཟླ་བ་སྨད༔ ནུབ་སྟོད་དགའ་སྟོབས་རྡོ་རྗེ་མ༔ འདོད་པ་ནོར་སྲུང་རླུང་ལྷ་སྨད༔ བྱང་སྟོད་གསོད་བྱེད་ཕག་མོ་མེ༔ རྒན་བྱེད་སྣ་ཆེན་ཆུ་ལྷ་སྨད༔ རྡོ་རྗེ་ནག་མོ་སྡེར་མོ་དང༔ དམར་མོ་ལྗང་ནག་ཕྱིའི་སྒོ་བཞིར༔ རིམ་པར་གཡག་སྦྲུལ་གཟིག་སྤྲེལ་དྲེད༔ དོམ་དང་ཕ་ཝཾ་ཆུ་སྲིན་སྡིག༔ ཁྲ་དང་ཁྭ་ཏ་སྟག་བྱ་རྒོད༔ རྟ་དོམ་ཁྱི་ཤ་སྐྱིན་ཕག་གདོང༔ བྱ་རོག་གླང་སྦྲུལ་ཁུ་བྱུག་སེང༔ སྦྲུལ་གྱི་གདོང་ཅན་མཚོན་ཆ་འཕེན༔ གྲུ་གསུམ་དལ་དུ་ཁྲག་མཚོའི་ཀློང༔ བམ་རོའི་སྟེང་འགྱིང་ཁྲོ་མོའི་གཟུགས༔ ཕྱོགས་བཞིར་ལས་བཞི་སྒྲུབ་པ་ཡི༔ ཕོ་ཉ་བྲན་དང་མངག་གཞུག་མ༔ མ་མོ་མཁའ་འགྲོའི་དཀྱིལ་འཁོར་ནི༔ ལས་བྱེད་ཆེན་པོའི་ཚུལ་དུ་གསལ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ མ་མ་ཀྲོ་དྷཱི་ཌཱ་ཀི་ནི་མཎྜ་ལ་ཧཱུྃ་བྷྱོ༔ སླར་ཡང་ཕྱོགས་མཚམས་བཅུ་གཉིས་ཀྱི༔ ཨེ་ལ་དཔལ་ཆེན་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྲག་ཁྱམས་ཤར་དུ་ཤྭ་ན་མཐིང༔ ལག་གཡས་ཐོད་པའི་ཕྲེང་བ་འདྲེན༔ གཡས་སུ་ཐབས་ཀྱི་སྐྱེས་བུ་དཀར༔ ལྷོ་རུ་ཀྲྀ་ཏ་མུ་ཁ་སེར༔ ལག་གཡས་འབར་བའི་ལྕགས་ཀྱུ་གདེངས༔ གཡས་སུ་གཤིན་རྗེའི་སྐྱེས་བུ་ནག༔ ནུབ་ཏུ་སྲི་ལ་མུ་ཁ་དམར༔ ལག་གཡས་སྙིང་གི་ཕྲེང་བ་འདྲེན༔ གཡས་སུ་བདུད་ཀྱི་སྐྱེས་བུ་དམར༔ བྱང་དུ་ཤྲི་གཾ་མུ་ཁ་ལྗང༔ ལག་གཡས་གནམ་ལྕགས་རྡོ་རྗེ་གདེངས༔ གཡས་སུ་གནོད་སྦྱིན་སྐྱེས་བུ་ལྗང༔ མ་མོ་རྣམས་ཀྱི་གཡོན་ཕུར་པ༔ གདོང་དང་མཚུངས་པའི་ཆིབས་ལ་ཞོན༔ ཡབ་རྣམས་ཤེལ་གྲི་ཁྲམ་ཤིང་དང༔ དར་དམར་བེ་ཅོན་གཡོན་ཕུར་པ༔ ཤར་སྟོད་རེ་མ་ཏི་མཐིང་ནག༔ ཕྱག་བཞི་སྲིད་པའི་ཕུར་པ་དང༔ མེ་ལོང་ཞགས་ཐོགས་ཤར་བདུད་སྦྱོར༔ ལྷོ་སྟོད་རེ་མ་ཏྲི་སེར་ནག༔ བདུད་རྩིའི་བུམ་ཐོགས་ལྷོ་བདུད་སྦྱོར༔ ནུབ་སྟོད་རེ་མ་ཛཿདམར་ནག༔ ནད་རྐྱལ་རྡེབས་ཤིང་ནུབ་བདུད་སྦྱོར༔ བྱང་སྟོད་རེ་མ་ཛུ་ལྗང་ནག༔ ཁྲམ་ཤིང་ཐོགས་ཤིང་བྱང་བདུད་སྦྱོར༔ ཡབ་རྣམས་གཡས་གཡོན་དུང་ཁྲག་ཐོ༔ ཆིབས་སུ་བོང་བུ་ཤ་བ་དང༔ ཆུ་གླང་རྔ་མོང་གྭ་པ་ཆིབས༔ ཤར་སྨད་ཡ་བྱིན་སེང་ཞོན་ནག༔ ལྷོ་སྨད་དེ་བྱིན་འབྲུག་ཞོན་སེར༔ ནུབ་སྨད་བསེ་བྱིན་གློག་ཞོན་ནག༔ བྱང་སྨད་ཕག་བྱིན་ཆུ་སྲིན་ཞོན༔ གིང་ཆེན་སྡེ་བཞི་རྟ་དང་ཁྱུང༔ བྱ་གླག་བསེ་གཡག་ཁམ་པ་ཞོན༔ ཡུམ་རྣམས་ཉི་ཟླ་ཐོག་སེར་རི༔ རྒྱ་མཚོ་ཐོགས་པ་གཉིས་རེའོ༔ ཕྱོགས་མཚམས་གྲུ་གསུམ་རེ་རེའི་ནང༔ བཞུགས་པའི་མ་མོ་བཅུ་གཉིས་ཀྱི༔ ལས་བྱེད་ཕོ་ཉ་འབར་བའི་སྐུ༔ བདུད་གཟའ་བཙན་དང་ཀླུའི་བུ་མོ༔ ཕྱོགས་སྐྱོང་འདུལ་བའི་ཁྱི་མོ་བརྒྱད༔ དཀར་སེར་དམར་ལྗང་ཕྱོགས་མཚམས་རྒྱུག༔ གནམ་ཁྱི་ངར་མ་ཀླད་ལ་ལྡིང༔ བསེ་ཁྱི་དམར་པོས་རི་ཀླུང་ཉུལ༔ ཁྱུང་ཁྱི་གཟན་ལ་འཇབ་ཅིང་འཁྱུགས༔ སྟག་ཁྱི་ཁྲག་རྔུབ་ཤ་རྗེས་ཉུལ༔ ལྕགས་ཀྱི་སྤྱང་བརྒྱད་དགྲ་ཤ་ཟ༔ དུང་གི་ཁྱི་བརྒྱད་ང་རོ་སྒྲོགས༔ གསེར་གྱི་འཕར་བརྒྱད་བྱ་ར་བྱེད༔ ཟངས་ཀྱི་ཁྱི་བརྒྱད་འུར་འུར་ཟུག༔ སྟག་ཆེན་བརྒྱད་ཀྱིས་མཆོང་ཞིང་རྩེ༔ སྦྲུལ་ཆེན་བརྒྱད་ཀྱིས་འཁྱུགས་ཤིང་འགྲོ༔ བྱི་ལ་བརྒྱད་ཀྱིས་བླ་ལ་འཇབ༔ ཁྱུང་གི་ཕྲ་མེན་བརྒྱད་འཕུར་འཕྱོ༔ སྤྲུལ་པའི་ཕོ་ཉ་རྡུལ་ལྟར་འཚུབས༔ མཚོན་ཆའི་ཆར་པ་སྤྲོ་ཞིང་རྒྱུག༔ སྒྲོལ་བྱེད་བཀའ་སྡོད་ཆེན་པོ་ཡི༔ དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་མ་ཧཱ་ཀྲོ་དྷ་མཎྜ་ལ་བྷྲཱུྃ༔ ཞེས་ལེགས་པར་གསལ་གདབ༔ སྤྱན་འདྲེན་ལ་སོགས་པ་ལས་བྱང་གཞུང་ལྟར་རྫོགས་པར་བྱ༔ བསྟོད་ཆེན་སྦྱར་ན་རྒྱུད་ལས་འབྱུང་བ་ལྟར་བྱས་ཀྱང་རུང༔ བཟླས་པ་ནི༔ བསྙེན་སྒྲུབ་གཉིས་ལས་བྱང་ལྟར་བྱས་ལ་གཙོ་བོ་བསྙེན་སྒྲུབ་ཀྱི་སྔགས་བཟླ༔ དེ་ཟིན་པ་དང༔ དཔལ་གྱི་ཐུགས་ཀའི་འོད་ཟེར་གྱིས༔ རིགས་བཞིའི་ཁྲོ་བོའི་རྒྱལ་པོ་བསྐུལ༔ སྤྲོ་བསྡུའི་མཛད་པས་དོན་གཉིས་སྒྲུབ༔ ཁྱད་པར་རྒྱལ་ཀུན་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེའི་བྱིན་རླབས་བསྡུས༔ འགྲོ་བའི་ལུས་ངག་ཡིད་སྒྲིབ་སྦྱངས༔ མཆོག་གི་ཕྲིན་ལས་བཞི་འགྲུབ་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དཔལ་ཆེན་སྐུ་ཡི་གནས་གསུམ་ལས༔ བྱུང་བའི་འོད་ཀྱིས་ཁམས་གསུམ་བསྒྲལ༔ སྲིད་པ་རྡོ་རྗེ་ཕུར་པའི་ཞིང༔ རྡོ་རྗེའི་དམ་ཚིག་གསུམ་དུ་དག༔ ཅེས་དམིགས་ལ་སྲས་མཆོག་གི་སྔགས་བཟླ༔ གཙོ་བོའི་འོད་ཀྱིས་ཕྱོགས་མཚམས་སུ༔ བཞུགས་པའི་ཁྲོ་རྒྱལ་ཡབ་བཅུ་བསྐུལ༔ འོད་ཟེར་སྤྲོ་བསྡུས་འཇིག་རྟེན་ཁྱབ༔ གདུག་པའི་ཕྱོགས་སྐྱོང་སྡེ་བརྒྱད་བཏུལ༔ སྟོབས་བཅུའི་བྱིན་རླབས་ནུས་པ་བསྡུས༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་ཀྱིས༔ དངོས་གྲུབ་མཐའ་དག་འགྲུབ་པར་གྱུར༔ ཁྲོ་བོ་བཅུའི་སྔགས་བཟླ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཐུགས་སྲོག་འོད་ཀྱིས་ཁྲོ་མོ་བསྐུལ༔ དེ་དག་ལས་སྤྲོས་འོད་ཟེར་གྱིས༔ འགྲོ་ཀུན་ཕར་ཕྱིན་མཛད་པས་བསྐུལ༔ སེར་སྣ་ལ་སོགས་སྒྲིབ་སྦྱངས་ནས༔ སྣོད་བཅུད་ཡེ་ཤེས་རོལ་པར་བལྟ༔ ཁྲོ་མོ་བཅུའི་སྔགས་བཟླ༔ གཙོ་མོའི་འོད་ཀྱིས་ཁྲོ་བཅུ་བསྐུལ༔ དེ་དག་ཐུགས་ཀའི་འོད་ཀྱི་ཕྲེང༔ ཕྲ་མེན་ཚོགས་བསྐུལ་རང་འདྲ་སྤྲོས༔ ས་གསུམ་ཁྱབ་པའི་སྤྲོ་བསྡུ་ཡིས༔ འཇིག་རྟེན་དྲེགས་ཚོགས་གཟིར་ཞིང་དངངས༔ བཀའ་ཉན་དབང་བསྡུས་ཟིལ་གྱིས་མནན༔ གདུག་པ་ཅན་རྣམས་མ་ལུས་བསྒྲལ༔ འབར་བ་གར་དགུའི་རོལ་རྩེད་ཀྱིས༔ མངོན་སྤྱོད་ཕྲིན་ལས་རྫོགས་པར་གྱུར༔ ཟ་གསོད་ཀྱི་སྔགས་རྣམས་བགྲང༔ དཔལ་ཆེན་རྣམས་ཀྱི་སྦྱོར་མཚམས་ནས༔ བདེ་ཆེན་འོད་ཟེར་དམར་ལྗང་སྤྲོས༔ གནས་ཡུལ་ཌཱ་ཀིའི་སྙིང་གར་རེག༔ རྗེས་ཆགས་ཕྱག་རྒྱའི་འོད་ཟེར་གྱིས༔ འཇིག་རྟེན་གཡོ་འགུལ་དབང་མེད་བརྡེག༔ འཁྲུལ་སྣང་བར་ཆད་གདོན་བགེགས་བསྒྲལ༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་གཅིག་གི་ཆོ་འཕྲུལ་རྫོགས༔ ཨོཾ་བཛྲ་གཽ་རི་ཧ༔ ཨོཾ་བཛྲ་ཙཽ་རི་ཧ༔ ཨོཾ་བཛྲ་པྲ་མོ་ཧེ་ཧ༔ ཨོཾ་བཛྲ་བཻ་ཏ་ལི་ཧ༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཨོཾ་བཛྲ་གསྨ་རི་ཧ༔ ཨོཾ་བཛྲ་ཙཎྜ་ལི་ཧ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧེ༔ ཨོཾ་བཛྲ་བྱཱ་གྲྀ་མུ་ཁ་ཧེ༔ ཨོཾ་བཛྲ་ཤྲི་ལ་མུ་ཁ་ཧེ༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཨོཾ་བཛྲ་གྲྀ་དྷ་མུ་ཁ་ཧེ༔ ཨོཾ་བཛྲ་ཀངྐ་མུ་ཁ་ཧེ༔ ཨོཾ་བཛྲ་ཀ་ཀ་མུ་ཁ་ཧེ༔ ཨོཾ་བཛྲ་ཨུ་ལུ་ཀ་མུ་ཁ་ཧེ༔ ཞེས་སོ་སོར་བཟླ༔ ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས༔ ཕྲིན་ལས་སྒོ་མའི་ཐུགས་རྒྱུད་བསྐུལ༔ ཚད་མེད་འོད་ཀྱིས་འགྲོ་ཀུན་སྦྱངས༔ མེ་ལོང་ལ་སོགས་ཡེ་ཤེས་བཞིས༔ ས་ལ་དབུགས་དབྱུང་ཕྲིན་ལས་མཛད༔ ནང་གི་སྒོ་མ་བཞིའི་སྔགས་བཟླ༔ ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སྦྱོར་མཚམས་འོད་དཀར་སྤྲོ་བསྡུ་ཡིས༔ ཤར་གྱི་མ་བདུན་ལས་ལ་བསྐུལ༔ ཉོན་མོངས་ཞི་བའི་ལས་མཛད་གྱུར༔ མ་ནུ་རཀྴ་སི་བྷྱོ༔ བྲཧྨ་ནི་བྷྱོ༔ རཽ་ཏྲཱི་བྷྱོ༔ བིཥྞ་བྷྱ་བྷྱོ༔ ཀུ་མཱ་རི་བྷྱོ༔ ཨིནྡྲ་ཎཱི་བྷྱོ༔ སིང་ག་ལཾ་བྷྱོ༔ ཤིནྟཾ་ཀུ་རུ་སྭཱ་ཧཱ༔ དེ་བཞིན་དུ་ཕྱོགས་དང་འོད་ཟེར་སྤྲོ་བསྡུ་ཁ་བསྒྱུར་ལ་སྔགས་ནི༔ ཨ་མྲྀ་ཏཾ་བྷྱོ༔ སཽ་མེ་བྷྱོ༔ དཎྜ་དཾ་བྷྱོ༔ རཀྴ་སི་བྷྱོ༔ བྷཀྵ་སི་བྷྱོ༔ ར་ཏི་བཛྲ་བྷྱོ༔ རུ་ཏི་ར་མ་ཏི་བྷྱོ༔ པུཥྚིཾ་ཀུ་རུ་ཨོཾ༔ ཨེ་ཀ་ཙ་ཏི་ཎི་བྷྱོ༔ མ་ནུ་ཧ་རཾ་བྷྱོ༔ སི་ཏི་ཀཾ་བྷྱོ༔ ཝཱ་ཡ་ཝེ་བྷྱོ༔ མ་ཧཱ་མ་ར་ཎ་བྷྱོ༔ ཨགྣི་བཛྲ་བྷྱོ༔ བྷ་ར་ཧི་བྷྱོ༔ ཝཱ་ཤཾ་ཀུ་རུ་ཧོཿ ཙ་མུནྟྲི་བྷྱོ༔ སུ་ཏ་ནི་བྷྱོ༔ ཝ་རུ་ཎ་བྷྱོ༔ མ་ཧཱ་ཀཱ་ལི་བྷྱོ༔ ཙ་ཀ་ལ་བྷྱོ༔ ཀུཾ་བྷ་ཀརྞ་བྷྱོ༔ ལམྦྷོ་དྷ་ར་བྷྱོ༔ མཱ་ར་ཡ་ཕཊ༔ འདི་ཉམས་སུ་ལེན་པའི་སྔོན་དུ་དབང་གི་རིམ་པ་བྱ་ན་སྤྱི་ཡི་ཁོག་སྲིད་པ་ཕུར་བུའི་སྒྲུབ་ཐབས་ལྟར་ལ་ཐོག་མར་ཕན་པའི་དབང་གིས་རྒྱུད་སྦྱངས་ཏེ་སྣོད་རུང་དུ་བསྒྲུབས༔ དེ་ནས་ནུས་པའི་དབང་ལ་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྫས་ཀྱི་ཕུར་བུའི་སྒྲུབ་ཐབས་ཀྱི་དབང་གི་མདོ་བྱང་གི་གཞུང་ལྟར་བསྐུར༔ གཙོ་བོ་ཡབ་ཡུམ་གྱི་རྗེས་སུ༔ ཧཱུྃ༔ ཉོན་མོངས་ཞེ་སྡང་གནས་དག་ཅིང༔ མེ་ལོང་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་བཛྲ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་ང་རྒྱལ་གནས་དག་ཅིང༔ མཉམ་ཉིད་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་རཏྣ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་འདོད་ཆགས་གནས་དག་ཅིང༔ སོར་རྟོག་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་པདྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་ཕྲག་དོག་གནས་དག་ཅིང༔ བྱ་གྲུབ་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁྲོ་བོ་བཅུ་ལ༔ ཧཱུྃ༔ སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ ཡུམ་ནི་རྡོ་རྗེ་སྒྲ་འབྱིན་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྱར་ཏེ་ཕྲ་ཐབས་ཉི་ཤུ་དོར༔ ཁྲོ་བོ་བཅུ་རྫོགས་པ་དང༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ རྟོག་འཇོམས་ཆེན་པོའི་ཏིང་འཛིན་གྱིས༔ ཕྲ་མེན་ཕོ་ཉ་ཕག་གདོང་གིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ གརྫ་གརྫ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མངོན་རྟོགས་སྐབས་སུ་འབྱུང་བ་བཞིན་གུང་བསྡེབས་ཀྱིས་ཕྲ་མེན་ཉི་ཤུའི་དབང་བསྐུར༔ དེ་རྫོགས་པ་དང༔ སྲས་མཆོག་གི་དབང་བསྐུར༔ དེ་ནས་རིགས་བཞིའི་ཁྲོ་བོ་དོར༔ གནས་མ་བརྒྱད་ཀྱི་དབང་བསྐུར་ཏེ༔ བྷྱོ༔ ཞི་བྱེད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཞི་བར་བྱེད་པའི་མཆོག༔ གནས་ཀྱི་མ་མོ་གཽ་རི་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་གཽ་རི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དབང་མཛད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་དབང་དུ་མཛད༔ གནས་ཀྱི་མ་མོ་ཙཽ་རི་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ གཉིས་མེད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་གཉིས་མེད་སྦྱོར༔ གནས་ཀྱི་མ་མོ་རྨོངས་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ དྲག་མོ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་རྡུལ་དུ་བྱེད༔ གནས་ཀྱི་མ་མོ་ཐལ་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ རྒྱས་པ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཀུན་ནས་རྒྱས་པར་བྱེད༔ གནས་ཀྱི་མ་མོ་སྦོས་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ དྲག་ཤུལ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་རློག་པར་བྱེད༔ གནས་ཀྱི་མ་མོ་གཏུམ་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཐམས་ཅད་འགྲུབ་པའི་ཏིང་འཛིན་གྱིས༔ ལས་རྣམས་མ་ལུས་ཀུན་ཀྱང་བྱེད༔ གནས་ཀྱི་མ་མོ་སྨེ་ཤ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ རོལ་པ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཀུན་ཀྱང་འཕེལ་བར་བྱེད༔ གནས་ཀྱི་མ་མོ་མ་ཚོགས་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་སེང་གེའི་གདོང༔ རྟོག་པའི་བདུད་འཇོམས་ཟ་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་སྟག་གི་གདོང༔ དཔའ་བརྟུལ་འབར་བའི་ཆོ་འཕྲུལ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཝ་ཡི་གདོང༔ ཕུང་པོའི་བདུད་འཇོམས་ཐབས་མཁས་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཁྱི་ཡི་གདོང༔ ལྷ་བུའི་བདུད་འཇོམས་མེལ་ཚེ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་བཞད་ཀྱི་གདོང༔ ཤེས་བྱ་ཐོགས་མེད་མིག་རྣོན་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཀངྐའི་གདོང༔ འཆི་བདག་བདུད་འཇོམས་རོ་ཟ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཁྭ་ཏའི་གདོང༔ ཉོན་མོངས་བདུད་འཇོམས་ཟད་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་འུག་པའི་གདོང༔ མི་འདོད་ཐུགས་རྗེ་དྲག་ཤུལ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ དེ་ནས་དབང་མོ་རྣམས་ཀྱི་དབང་ནི༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་སྲིན་པོ་ལ་སོགས་པའི༔ ཆུང་མ་ཞི་བའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་འཇུག་སྲེད་ལ་སོགས་པའི༔ ཆུང་མ་རྒྱས་པའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་དགའ་བྱེད་དབང་ཕྱུག་གི༔ ཆུང་མ་དབང་གི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་གསོད་བྱེད་ལ་སོགས་པའི༔ ཆུང་མ་དྲག་པོའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ ལྷ་མཆོག་ནག་པོའི་ཆུང་མ་ནི༔ ནག་པོ་ཆེན་པོ་མ་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ ར་གདོང་ཆེན་པོའི་ཆུང་མ་ནི༔ ར་མགོ་དམར་སེར་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ སྲིན་པོ་བུམ་སྣའི་ཆུང་མ་ནི༔ བུམ་སྣ་སྔོ་ནག་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ གསུས་པོ་ཆེ་ཡི་ཆུང་མ་ནི༔ གསུས་འཛིན་སེར་ནག་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ དེ་ནས་བཀའ་སྲུང་གི་དབང་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་ཤྭ་ན་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་རེ་ཏི་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་ས་བདག་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ དེ་ནས་གསུང་དབང་ལ་ལྷ་དབང་སྐབས་ཀྱི་སྔགས་སོ་སོའི་བཟླས་ལུང་སྦྱར༔ ཐུགས་ཡེ་ཤེས་ཀྱི་དགོངས་པ་ངོ་སྤྲད༔ དཔལ་གྱི་ཆས་བཅུས་མངའ་གསོལ༔ མཾ་ས་རཀྟ་བཟའ་བཏུང་གཏད་པ་བཅས་རྫས་ཕུར་གྱི་དབང་གི་སྐབས་ལྟར་བྱ༔ དམ་ཚིག་གསུམ་སྦྱིན་པ་ནས་བཟུང་བུམ་དབང་མཐའ་རྟེན་དང་བཅས་པ་རྫོགས་པར་བྱས་ལ༔ ཤིས་པ་བརྗོད༔ དབང་ལྷ་སློབ་མར་བསྟིམ༔ དམ་ཚིག་ཁས་བླང་སོགས་མཐར་དབྱུང་བས་བསྐྱེད་རིམ་རྒྱས་པ་ཆེན་པོའི་སྣོད་རུང་དུ་སྒྲུབ་པའི་སྒོ་ཟབ་མོའོ༔ དབང་དང་སྒྲུབ་ཐབས་འདི་ནི་ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲས་རྡོ་རྗེ་ཕུར་པ་ཞེ་སྡང་དག་པའི་རྒྱུད་སོགས་དུ་མ་ནས་བཏུས་ཏེ་ལུང་དུ་བསྡེབས་ནས་བོད་ཡུལ་དུ་གཉགས་ཀྱི་བན་དེ་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་ལ་སྣོད་ལྡན་དུ་མཐོང་ནས་གཏད་པ་ཥྞྱོགས་ཥྞྱོགས་ཥྞྱོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་དངོས་སུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་གནམ་ས་ཆུ་ཀླུང་དང་བཅས་པ་ཟུར་གསུམ་ཕུར་བུའི་དབལ་རྩེར་མཛེས་པའི་བསམ་གཏན་གྱི་སྤྱིལ་བུར་དག་པར་ཕབ་པ་ཀསྨིརའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ།། །།}} | ༁ྃ༔ བརྡ་ཡིག ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕུར་པའི་བསྐྱེད་རིམ་ལ་གོམས་པས་ཕྱག་རྒྱ་སྤྲོས་བཅས་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པ་བསྒོམ་པར་བྱ་སྟེ་ལས་ཀྱི་རིམ་པའི་མངོན་རྟོགས་སྤྱི་ཡི་ཁོག་ལས་བྱང་ལྟར་ལ༔ ཀྲོ་དྷ་མཎྜ་ལ་བྷྲཱུྃ༔ ཞེས་པའི་མཚམས་ནས༔ དཀྱིལ་འཁོར་ཆེན་པོ་དེ་ཡི་ནང༔ དབུས་ཀྱི་གྲུ་གསུམ་སྟེང་ཉིད་དུ༔ གཞལ་ཡས་གྲུ་བཞི་རྒྱན་རྫོགས་ལྔ༔ རྩིབས་བཅུར་གཞལ་ཡས་ཁང་ཆེན་བཅུ༔ གཡས་གཡོན་གྲུ་གསུམ་ཨེ་རེ་རེ༔ ཟླ་གམ་གསུམ་དང་ཁྲག་གི་ཁྱམས༔ ཕྱི་རོལ་ཁོར་ཡུག་ཨེ་ཡི་དལ༔ གསེར་ཁྱམས་ལེའུ་ཚེར་ཟླ་གམ་བརྒྱད༔ གྲུ་ཆད་གློ་འབུར་ཀུན་ལ་ཡང༔ དབང་གི་ཕོ་བྲང་སྒོ་གཅིག་པ༔ མ་འདྲེས་གསལ་ལ་རྫོགས་པར་ཤར༔ ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ དབུས་ཀྱི་གཞལ་ཡས་ལྟེ་བ་རུ༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུགས་བྱི་ཆིངས་བསྣོལ་བ་དང༔ ཕྱོགས་བཅུར་ཚངས་པ་བརྒྱ་བྱིན་དང༔ མེ་ལྷ་གཤིན་རྗེ་སྲིན་པོ་རླུང༔ ཆུ་བདག་རླུང་ལྷ་གནོད་སྦྱིན་དང༔ དབང་ལྡན་ས་བདག་ཆུང་མར་བཅས༔ བསྣོལ་བའི་པད་ཉི་བྲག་ཆེན་གསལ༔ ཨེ་རྣམས་ཁྲག་གི་མཚོ་འཁྲུགས་པར༔ པད་ཉི་བམ་རོ་གན་རྐྱལ་བསྒྱེལ༔ གནས་ཡུལ་མ་མོ་སྒོ་མ་དང༔ དབང་ཕྱུག་ཕུར་སྲུང་བཞུགས་པའི་གནས༔ ཀེང་རུས་གྲམ་བུའི་ཁྲི་བཅས་གསལ༔ མ་སཱུརྻ་མཎྜ་ལ༔ ཞེས་པ་ནས༔ ཞལ་ཞུགས་བྱང་ཆུབ་སེམས་སུ་ཞུ༔ བར་གྱིས་གཙོ་བོ་ཡབ་ཡུམ་བསྐྱེད༔ དྭངས་མའི་སེམས་སྤྲིན་ཧཱུྃ་བཞི་སྤྲོས༔ ཤར་དུ་བཛྲ་ཀྲོ་དྷ་སྟེ༔ རྡོ་རྗེ་ཕུར་པ་དཀར་ལ་སྒེག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་མཐིང་གཡོན་དམར་འཁོར་ལོ་དང༔ དགྲ་སྟྭ་ཐོ་བ་མེ་ལྕེ་འབར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བྃ་ཧཱུྃ་ཕཊ྄༔ ལྷོ་རུ་རཏྣ་ཀྲོ་དྷ་སྟེ༔ རིན་ཆེན་ཕུར་པ་སེར་ལ་བརྗིད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་རིན་པོ་ཆེ༔ རལ་གྲི་ཞགས་པ་ཁཊྭཱཾ་གདེང༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བྃ་ཧཱུྃ་ཕཊ྄༔ ནུབ་ཏུ་པདྨ་ཀྲོ་དྷ་སྟེ༔ པདྨ་ཕུར་པ་དམར་ལ་ཆགས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་མཐིང་པདྨ་དང༔ བེ་ཅོན་མཚོན་འཁོར་གསལ་ཤིང་འཕྱར༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་བྃ་ཧཱུྃ་ཕཊ྄༔ བྱང་དུ་ཀརྨ་ཀྲོ་དྷ་སྟེ༔ ཕྲིན་ལས་ཕུར་པ་ལྗང་ནག་གཏུམ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་རྒྱ་གྲམ་གདེང༔ ཏྲི་ཤུལ་ཙིཏྟ་དུང་དམར་སྟོབ༔ རིགས་བཞིའི་ཁྲོ་བོ་རང་འདྲའི་ཡུམ༔ ཕྱག་རྒྱ་རང་རྟགས་བྷཉྫ་ཐོགས༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ གཙོ་བོ་བཞིན་དུ་ཡོངས་སུ་རྫོགས༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བྃ་ཧཱུྃ་ཕཊ྄༔ སླར་ཡང་གཙོ་མཆོག་སྦྱོར་མཚམས་ནས༔ བྱང་སེམས་ས་བོན་ཧཱུྃ་བཅུ་སྤྲོས༔ ཕྱོགས་བཅུའི་རྩིབས་ཀྱི་གཞལ་ཡས་དབུས༔ ཐོག་ལྟར་བབ་པའི་སྤྲོ་བསྡུ་ཡིས༔ འོད་ཟེར་རྣོན་པོས་ཕྱོགས་སྐྱོང་བའི༔ སོགས་ནས༔ འཁོར་དུ་རང་འདྲའི་རིགས་བཞི་ཡི༔ ཁྲོ་རྒྱལ་རྣམ་བཞི་ཡུམ་དང་སྦྱོར༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ༔ འབར་བའི་ཆས་ཀུན་རྫོགས་པར་གསལ༔ བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་བྷྲཱུྃ༔ ཞེས་པའི་བར་ཕྲ་ཕྱག་རྣམས་དོར་བས་ཁྲོ་བཅུ་བསྒོམ༔ ཁྲོ་རྒྱལ་ཆེན་པོ་རྣམ་པ་བཅུའི༔ དཀྱིལ་འཁོར་རྣམས་ཀྱི་གཡས་གཡོན་དུ༔ རྟོག་འཇོམས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཕག་གི་གདོང༔ དཔའ་གཏུམ་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྟག་གི་མགོ༔ རྫིས་ཚོར་སྤང་བའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཡག་གི་མགོ༔ དུས་འཇུག་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཤ་བའི་མགོ༔ ཡེ་རྫོགས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཟིག་གི་མགོ༔ ཐབས་མཁས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་བྱི་ལའི་མགོ༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྤྱང་ཀིའི་མགོ༔ རིགས་བཙུན་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སེང་གེའི་མགོ༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དོམ་གྱི་མགོ༔ མྱོས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དྲེད་ཀྱི་མགོ༔ མི་འགྱུར་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་རྨིགས་བུའི་མགོ༔ ཐོགས་མེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རྒོད་མགོ༔ གསལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རོག་མགོ༔ མཐོང་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་འུག་པའི་མགོ༔ ཐལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྭ་ཏའི་མགོ༔ བཀྲ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་པུ་ཤུད་མགོ༔ སྒྲིབ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྲ་ཡི་མགོ༔ གསོ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཕ་ཝཾ་མགོ༔ བཙལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་སྲེ་མོང་མགོ༔ འགུགས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱི་བའི་མགོ༔ ཕྲ་ཕྱག་ཕོ་མོ་དེ་དག་ཀྱང༔ གཅེར་བུ་ཁྲོ་རྔམས་སྟངས་སྟབས་ཅན༔ སོགས་ནས༔ མེ་དཔུང་རྔམ་པའི་ཀློང་ན་འགྱིང༔ རང་འདྲའི་ཕོ་ཉའི་འདུ་འཕྲོ་ནི༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང༔ སུམ་སྤྲུལ་བྱེ་བ་རྡུལ་ལྟར་འཁྲིགས༔ གོ་མཚམས་མེད་པར་གཏམས་པར་གྱུར༔ འབར་བ་ཆེན་པོའི་དཀྱིལ་འཁོར་ཤར༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ སོགས་ནས༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ༔ བར་དང༔ གྲུ་ཆད་ཤར་ནས་ཕྱོགས་བཞི་རུ༔ གཽ་རི་དཀར་མོ་ཞིང་དབྱུག་འཕྱར༔ ཙཽ་རི་སེར་མོ་མདའ་གཞུ་འགེངས༔ པྲ་མོ་དམར་མོ་ཆུ་སྲིན་འཕྱར༔ བཻ་ཏ་ལྗང་མོ་རྡོ་རྗེ་གདེངས༔ མཚམས་བཞིར་པུཀྐ་རྒྱུ་ཞགས་སེར༔ གྷསྨ་ལྗང་གུ་བྷན་ཁྲག་འཐུང༔ ཙཎྜ་སེར་མོ་རྒྱུ་ཞགས་འཇིབ༔ སྨེ་ཤ་མཐིང་ག་བམ་ཆེན་ཟ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཌཱ་ཀི་ནི་ཕེཾ་བྷྱོ༔ གསེར་ཁྱམས་ཕྱོགས་མཚམས་རེ་རེ་བཞིན༔ སིཾ་ཧ་སྨུག་ནག་རོ་ལ་ཟ༔ བྱཱ་གྲྀ་དམར་མོ་ལག་བསྣོལ་ཏེ༔ སྲི་ལ་ནག་མོས་བྱིས་བམ་ལྡག༔ ཤྭ་ན་སྤྱང་མཐིང་རོ་ཐོགས་པ༔ གྲྀ་དྷ་སེར་མོ་རྒྱུ་ཞགས་འདྲེན༔ ཀངྐ་དམར་མོ་ཞིང་ཕྲག་ཁུར༔ ཀཱ་ཀ་ནག་མོ་བྷན་གྲི་ཐོགས༔ ཨུ་ལུ་མཐིང་གས་རྡོ་རྗེ་གསོར༔ ཀུན་ཀྱང་ཁྲོ་མོ་འཇིགས་པའི་གཟུགས༔ གཟིག་ཤམ་རུས་པའི་རྒྱན་གྱིས་སྒེག༔ ཐོད་སྐམ་ཕྲེང་གསོལ་ཞབས་བརྐྱང་བསྐུམ༔ རལ་གསིགས་མཆེ་གཙིགས་སྡང་མིག་ཅན༔ ཟླ་གམ་གཞལ་ཡས་རྫོགས་པར་རོལ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཨ་རལླི་ཕེཾ་བྷྱོ༔ གཙོ་བོའི་སྦྱོར་མཚམས་ཛཿཧཱུྃ་བྃ༔ སོགས༔ ཁྲག་ཁྱམས་དཔལ་གྱི་བཀའ་སྡོད་ཆེའི༔ མཐིང་ནག་ཨེ་ཡི་དལ་རེ་རེར༔ ཤར་སྟོད་སྲིན་མོ་ཚངས་པ་དང༔ ལྷ་ཆེན་མོ་གསུམ་ཤར་སྨད་དུ༔ གཏོག་འདོད་གཞོན་ནུ་བརྒྱ་བྱིན་མ༔ ལྷོ་སྟོད་རྡོ་རྗེ་བདུད་རྩི་ཟླ༔ བེ་ཅོན་སྲིན་མོ་ཟླ་བ་སྨད༔ ནུབ་སྟོད་དགའ་སྟོབས་རྡོ་རྗེ་མ༔ འདོད་པ་ནོར་སྲུང་རླུང་ལྷ་སྨད༔ བྱང་སྟོད་གསོད་བྱེད་ཕག་མོ་མེ༔ རྒན་བྱེད་སྣ་ཆེན་ཆུ་ལྷ་སྨད༔ རྡོ་རྗེ་ནག་མོ་སྡེར་མོ་དང༔ དམར་མོ་ལྗང་ནག་ཕྱིའི་སྒོ་བཞིར༔ རིམ་པར་གཡག་སྦྲུལ་གཟིག་སྤྲེལ་དྲེད༔ དོམ་དང་ཕ་ཝཾ་ཆུ་སྲིན་སྡིག༔ ཁྲ་དང་ཁྭ་ཏ་སྟག་བྱ་རྒོད༔ རྟ་དོམ་ཁྱི་ཤ་སྐྱིན་ཕག་གདོང༔ བྱ་རོག་གླང་སྦྲུལ་ཁུ་བྱུག་སེང༔ སྦྲུལ་གྱི་གདོང་ཅན་མཚོན་ཆ་འཕེན༔ གྲུ་གསུམ་དལ་དུ་ཁྲག་མཚོའི་ཀློང༔ བམ་རོའི་སྟེང་འགྱིང་ཁྲོ་མོའི་གཟུགས༔ ཕྱོགས་བཞིར་ལས་བཞི་སྒྲུབ་པ་ཡི༔ ཕོ་ཉ་བྲན་དང་མངག་གཞུག་མ༔ མ་མོ་མཁའ་འགྲོའི་དཀྱིལ་འཁོར་ནི༔ ལས་བྱེད་ཆེན་པོའི་ཚུལ་དུ་གསལ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ མ་མ་ཀྲོ་དྷཱི་ཌཱ་ཀི་ནི་མཎྜ་ལ་ཧཱུྃ་བྷྱོ༔ སླར་ཡང་ཕྱོགས་མཚམས་བཅུ་གཉིས་ཀྱི༔ ཨེ་ལ་དཔལ་ཆེན་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྲག་ཁྱམས་ཤར་དུ་ཤྭ་ན་མཐིང༔ ལག་གཡས་ཐོད་པའི་ཕྲེང་བ་འདྲེན༔ གཡས་སུ་ཐབས་ཀྱི་སྐྱེས་བུ་དཀར༔ ལྷོ་རུ་ཀྲྀ་ཏ་མུ་ཁ་སེར༔ ལག་གཡས་འབར་བའི་ལྕགས་ཀྱུ་གདེངས༔ གཡས་སུ་གཤིན་རྗེའི་སྐྱེས་བུ་ནག༔ ནུབ་ཏུ་སྲི་ལ་མུ་ཁ་དམར༔ ལག་གཡས་སྙིང་གི་ཕྲེང་བ་འདྲེན༔ གཡས་སུ་བདུད་ཀྱི་སྐྱེས་བུ་དམར༔ བྱང་དུ་ཤྲི་གཾ་མུ་ཁ་ལྗང༔ ལག་གཡས་གནམ་ལྕགས་རྡོ་རྗེ་གདེངས༔ གཡས་སུ་གནོད་སྦྱིན་སྐྱེས་བུ་ལྗང༔ མ་མོ་རྣམས་ཀྱི་གཡོན་ཕུར་པ༔ གདོང་དང་མཚུངས་པའི་ཆིབས་ལ་ཞོན༔ ཡབ་རྣམས་ཤེལ་གྲི་ཁྲམ་ཤིང་དང༔ དར་དམར་བེ་ཅོན་གཡོན་ཕུར་པ༔ ཤར་སྟོད་རེ་མ་ཏི་མཐིང་ནག༔ ཕྱག་བཞི་སྲིད་པའི་ཕུར་པ་དང༔ མེ་ལོང་ཞགས་ཐོགས་ཤར་བདུད་སྦྱོར༔ ལྷོ་སྟོད་རེ་མ་ཏྲི་སེར་ནག༔ བདུད་རྩིའི་བུམ་ཐོགས་ལྷོ་བདུད་སྦྱོར༔ ནུབ་སྟོད་རེ་མ་ཛཿདམར་ནག༔ ནད་རྐྱལ་རྡེབས་ཤིང་ནུབ་བདུད་སྦྱོར༔ བྱང་སྟོད་རེ་མ་ཛུ་ལྗང་ནག༔ ཁྲམ་ཤིང་ཐོགས་ཤིང་བྱང་བདུད་སྦྱོར༔ ཡབ་རྣམས་གཡས་གཡོན་དུང་ཁྲག་ཐོ༔ ཆིབས་སུ་བོང་བུ་ཤ་བ་དང༔ ཆུ་གླང་རྔ་མོང་གྭ་པ་ཆིབས༔ ཤར་སྨད་ཡ་བྱིན་སེང་ཞོན་ནག༔ ལྷོ་སྨད་དེ་བྱིན་འབྲུག་ཞོན་སེར༔ ནུབ་སྨད་བསེ་བྱིན་གློག་ཞོན་ནག༔ བྱང་སྨད་ཕག་བྱིན་ཆུ་སྲིན་ཞོན༔ གིང་ཆེན་སྡེ་བཞི་རྟ་དང་ཁྱུང༔ བྱ་གླག་བསེ་གཡག་ཁམ་པ་ཞོན༔ ཡུམ་རྣམས་ཉི་ཟླ་ཐོག་སེར་རི༔ རྒྱ་མཚོ་ཐོགས་པ་གཉིས་རེའོ༔ ཕྱོགས་མཚམས་གྲུ་གསུམ་རེ་རེའི་ནང༔ བཞུགས་པའི་མ་མོ་བཅུ་གཉིས་ཀྱི༔ ལས་བྱེད་ཕོ་ཉ་འབར་བའི་སྐུ༔ བདུད་གཟའ་བཙན་དང་ཀླུའི་བུ་མོ༔ ཕྱོགས་སྐྱོང་འདུལ་བའི་ཁྱི་མོ་བརྒྱད༔ དཀར་སེར་དམར་ལྗང་ཕྱོགས་མཚམས་རྒྱུག༔ གནམ་ཁྱི་ངར་མ་ཀླད་ལ་ལྡིང༔ བསེ་ཁྱི་དམར་པོས་རི་ཀླུང་ཉུལ༔ ཁྱུང་ཁྱི་གཟན་ལ་འཇབ་ཅིང་འཁྱུགས༔ སྟག་ཁྱི་ཁྲག་རྔུབ་ཤ་རྗེས་ཉུལ༔ ལྕགས་ཀྱི་སྤྱང་བརྒྱད་དགྲ་ཤ་ཟ༔ དུང་གི་ཁྱི་བརྒྱད་ང་རོ་སྒྲོགས༔ གསེར་གྱི་འཕར་བརྒྱད་བྱ་ར་བྱེད༔ ཟངས་ཀྱི་ཁྱི་བརྒྱད་འུར་འུར་ཟུག༔ སྟག་ཆེན་བརྒྱད་ཀྱིས་མཆོང་ཞིང་རྩེ༔ སྦྲུལ་ཆེན་བརྒྱད་ཀྱིས་འཁྱུགས་ཤིང་འགྲོ༔ བྱི་ལ་བརྒྱད་ཀྱིས་བླ་ལ་འཇབ༔ ཁྱུང་གི་ཕྲ་མེན་བརྒྱད་འཕུར་འཕྱོ༔ སྤྲུལ་པའི་ཕོ་ཉ་རྡུལ་ལྟར་འཚུབས༔ མཚོན་ཆའི་ཆར་པ་སྤྲོ་ཞིང་རྒྱུག༔ སྒྲོལ་བྱེད་བཀའ་སྡོད་ཆེན་པོ་ཡི༔ དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་མ་ཧཱ་ཀྲོ་དྷ་མཎྜ་ལ་བྷྲཱུྃ༔ ཞེས་ལེགས་པར་གསལ་གདབ༔ སྤྱན་འདྲེན་ལ་སོགས་པ་ལས་བྱང་གཞུང་ལྟར་རྫོགས་པར་བྱ༔ བསྟོད་ཆེན་སྦྱར་ན་རྒྱུད་ལས་འབྱུང་བ་ལྟར་བྱས་ཀྱང་རུང༔ བཟླས་པ་ནི༔ བསྙེན་སྒྲུབ་གཉིས་ལས་བྱང་ལྟར་བྱས་ལ་གཙོ་བོ་བསྙེན་སྒྲུབ་ཀྱི་སྔགས་བཟླ༔ དེ་ཟིན་པ་དང༔ དཔལ་གྱི་ཐུགས་ཀའི་འོད་ཟེར་གྱིས༔ རིགས་བཞིའི་ཁྲོ་བོའི་རྒྱལ་པོ་བསྐུལ༔ སྤྲོ་བསྡུའི་མཛད་པས་དོན་གཉིས་སྒྲུབ༔ ཁྱད་པར་རྒྱལ་ཀུན་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེའི་བྱིན་རླབས་བསྡུས༔ འགྲོ་བའི་ལུས་ངག་ཡིད་སྒྲིབ་སྦྱངས༔ མཆོག་གི་ཕྲིན་ལས་བཞི་འགྲུབ་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དཔལ་ཆེན་སྐུ་ཡི་གནས་གསུམ་ལས༔ བྱུང་བའི་འོད་ཀྱིས་ཁམས་གསུམ་བསྒྲལ༔ སྲིད་པ་རྡོ་རྗེ་ཕུར་པའི་ཞིང༔ རྡོ་རྗེའི་དམ་ཚིག་གསུམ་དུ་དག༔ ཅེས་དམིགས་ལ་སྲས་མཆོག་གི་སྔགས་བཟླ༔ གཙོ་བོའི་འོད་ཀྱིས་ཕྱོགས་མཚམས་སུ༔ བཞུགས་པའི་ཁྲོ་རྒྱལ་ཡབ་བཅུ་བསྐུལ༔ འོད་ཟེར་སྤྲོ་བསྡུས་འཇིག་རྟེན་ཁྱབ༔ གདུག་པའི་ཕྱོགས་སྐྱོང་སྡེ་བརྒྱད་བཏུལ༔ སྟོབས་བཅུའི་བྱིན་རླབས་ནུས་པ་བསྡུས༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་ཀྱིས༔ དངོས་གྲུབ་མཐའ་དག་འགྲུབ་པར་གྱུར༔ ཁྲོ་བོ་བཅུའི་སྔགས་བཟླ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཐུགས་སྲོག་འོད་ཀྱིས་ཁྲོ་མོ་བསྐུལ༔ དེ་དག་ལས་སྤྲོས་འོད་ཟེར་གྱིས༔ འགྲོ་ཀུན་ཕར་ཕྱིན་མཛད་པས་བསྐུལ༔ སེར་སྣ་ལ་སོགས་སྒྲིབ་སྦྱངས་ནས༔ སྣོད་བཅུད་ཡེ་ཤེས་རོལ་པར་བལྟ༔ ཁྲོ་མོ་བཅུའི་སྔགས་བཟླ༔ གཙོ་མོའི་འོད་ཀྱིས་ཁྲོ་བཅུ་བསྐུལ༔ དེ་དག་ཐུགས་ཀའི་འོད་ཀྱི་ཕྲེང༔ ཕྲ་མེན་ཚོགས་བསྐུལ་རང་འདྲ་སྤྲོས༔ ས་གསུམ་ཁྱབ་པའི་སྤྲོ་བསྡུ་ཡིས༔ འཇིག་རྟེན་དྲེགས་ཚོགས་གཟིར་ཞིང་དངངས༔ བཀའ་ཉན་དབང་བསྡུས་ཟིལ་གྱིས་མནན༔ གདུག་པ་ཅན་རྣམས་མ་ལུས་བསྒྲལ༔ འབར་བ་གར་དགུའི་རོལ་རྩེད་ཀྱིས༔ མངོན་སྤྱོད་ཕྲིན་ལས་རྫོགས་པར་གྱུར༔ ཟ་གསོད་ཀྱི་སྔགས་རྣམས་བགྲང༔ དཔལ་ཆེན་རྣམས་ཀྱི་སྦྱོར་མཚམས་ནས༔ བདེ་ཆེན་འོད་ཟེར་དམར་ལྗང་སྤྲོས༔ གནས་ཡུལ་ཌཱ་ཀིའི་སྙིང་གར་རེག༔ རྗེས་ཆགས་ཕྱག་རྒྱའི་འོད་ཟེར་གྱིས༔ འཇིག་རྟེན་གཡོ་འགུལ་དབང་མེད་བརྡེག༔ འཁྲུལ་སྣང་བར་ཆད་གདོན་བགེགས་བསྒྲལ༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་གཅིག་གི་ཆོ་འཕྲུལ་རྫོགས༔ ཨོཾ་བཛྲ་གཽ་རི་ཧ༔ ཨོཾ་བཛྲ་ཙཽ་རི་ཧ༔ ཨོཾ་བཛྲ་པྲ་མོ་ཧེ་ཧ༔ ཨོཾ་བཛྲ་བཻ་ཏ་ལི་ཧ༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཨོཾ་བཛྲ་གསྨ་རི་ཧ༔ ཨོཾ་བཛྲ་ཙཎྜ་ལི་ཧ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧེ༔ ཨོཾ་བཛྲ་བྱཱ་གྲྀ་མུ་ཁ་ཧེ༔ ཨོཾ་བཛྲ་ཤྲི་ལ་མུ་ཁ་ཧེ༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཨོཾ་བཛྲ་གྲྀ་དྷ་མུ་ཁ་ཧེ༔ ཨོཾ་བཛྲ་ཀངྐ་མུ་ཁ་ཧེ༔ ཨོཾ་བཛྲ་ཀ་ཀ་མུ་ཁ་ཧེ༔ ཨོཾ་བཛྲ་ཨུ་ལུ་ཀ་མུ་ཁ་ཧེ༔ ཞེས་སོ་སོར་བཟླ༔ ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས༔ ཕྲིན་ལས་སྒོ་མའི་ཐུགས་རྒྱུད་བསྐུལ༔ ཚད་མེད་འོད་ཀྱིས་འགྲོ་ཀུན་སྦྱངས༔ མེ་ལོང་ལ་སོགས་ཡེ་ཤེས་བཞིས༔ ས་ལ་དབུགས་དབྱུང་ཕྲིན་ལས་མཛད༔ ནང་གི་སྒོ་མ་བཞིའི་སྔགས་བཟླ༔ ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སྦྱོར་མཚམས་འོད་དཀར་སྤྲོ་བསྡུ་ཡིས༔ ཤར་གྱི་མ་བདུན་ལས་ལ་བསྐུལ༔ ཉོན་མོངས་ཞི་བའི་ལས་མཛད་གྱུར༔ མ་ནུ་རཀྴ་སི་བྷྱོ༔ བྲཧྨ་ནི་བྷྱོ༔ རཽ་ཏྲཱི་བྷྱོ༔ བིཥྞ་བྷྱ་བྷྱོ༔ ཀུ་མཱ་རི་བྷྱོ༔ ཨིནྡྲ་ཎཱི་བྷྱོ༔ སིང་ག་ལཾ་བྷྱོ༔ ཤིནྟཾ་ཀུ་རུ་སྭཱ་ཧཱ༔ དེ་བཞིན་དུ་ཕྱོགས་དང་འོད་ཟེར་སྤྲོ་བསྡུ་ཁ་བསྒྱུར་ལ་སྔགས་ནི༔ ཨ་མྲྀ་ཏཾ་བྷྱོ༔ སཽ་མེ་བྷྱོ༔ དཎྜ་དཾ་བྷྱོ༔ རཀྴ་སི་བྷྱོ༔ བྷཀྵ་སི་བྷྱོ༔ ར་ཏི་བཛྲ་བྷྱོ༔ རུ་ཏི་ར་མ་ཏི་བྷྱོ༔ པུཥྚིཾ་ཀུ་རུ་ཨོཾ༔ ཨེ་ཀ་ཙ་ཏི་ཎི་བྷྱོ༔ མ་ནུ་ཧ་རཾ་བྷྱོ༔ སི་ཏི་ཀཾ་བྷྱོ༔ ཝཱ་ཡ་ཝེ་བྷྱོ༔ མ་ཧཱ་མ་ར་ཎ་བྷྱོ༔ ཨགྣི་བཛྲ་བྷྱོ༔ བྷ་ར་ཧི་བྷྱོ༔ ཝཱ་ཤཾ་ཀུ་རུ་ཧོཿ ཙ་མུནྟྲི་བྷྱོ༔ སུ་ཏ་ནི་བྷྱོ༔ ཝ་རུ་ཎ་བྷྱོ༔ མ་ཧཱ་ཀཱ་ལི་བྷྱོ༔ ཙ་ཀ་ལ་བྷྱོ༔ ཀུཾ་བྷ་ཀརྞ་བྷྱོ༔ ལམྦྷོ་དྷ་ར་བྷྱོ༔ མཱ་ར་ཡ་ཕཊ༔ འདི་ཉམས་སུ་ལེན་པའི་སྔོན་དུ་དབང་གི་རིམ་པ་བྱ་ན་སྤྱི་ཡི་ཁོག་སྲིད་པ་ཕུར་བུའི་སྒྲུབ་ཐབས་ལྟར་ལ་ཐོག་མར་ཕན་པའི་དབང་གིས་རྒྱུད་སྦྱངས་ཏེ་སྣོད་རུང་དུ་བསྒྲུབས༔ དེ་ནས་ནུས་པའི་དབང་ལ་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྫས་ཀྱི་ཕུར་བུའི་སྒྲུབ་ཐབས་ཀྱི་དབང་གི་མདོ་བྱང་གི་གཞུང་ལྟར་བསྐུར༔ གཙོ་བོ་ཡབ་ཡུམ་གྱི་རྗེས་སུ༔ ཧཱུྃ༔ ཉོན་མོངས་ཞེ་སྡང་གནས་དག་ཅིང༔ མེ་ལོང་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་བཛྲ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་ང་རྒྱལ་གནས་དག་ཅིང༔ མཉམ་ཉིད་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་རཏྣ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་འདོད་ཆགས་གནས་དག་ཅིང༔ སོར་རྟོག་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་པདྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་ཕྲག་དོག་གནས་དག་ཅིང༔ བྱ་གྲུབ་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁྲོ་བོ་བཅུ་ལ༔ ཧཱུྃ༔ སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ ཡུམ་ནི་རྡོ་རྗེ་སྒྲ་འབྱིན་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྱར་ཏེ་ཕྲ་ཐབས་ཉི་ཤུ་དོར༔ ཁྲོ་བོ་བཅུ་རྫོགས་པ་དང༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ རྟོག་འཇོམས་ཆེན་པོའི་ཏིང་འཛིན་གྱིས༔ ཕྲ་མེན་ཕོ་ཉ་ཕག་གདོང་གིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ གརྫ་གརྫ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མངོན་རྟོགས་སྐབས་སུ་འབྱུང་བ་བཞིན་གུང་བསྡེབས་ཀྱིས་ཕྲ་མེན་ཉི་ཤུའི་དབང་བསྐུར༔ དེ་རྫོགས་པ་དང༔ སྲས་མཆོག་གི་དབང་བསྐུར༔ དེ་ནས་རིགས་བཞིའི་ཁྲོ་བོ་དོར༔ གནས་མ་བརྒྱད་ཀྱི་དབང་བསྐུར་ཏེ༔ བྷྱོ༔ ཞི་བྱེད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཞི་བར་བྱེད་པའི་མཆོག༔ གནས་ཀྱི་མ་མོ་གཽ་རི་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་གཽ་རི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དབང་མཛད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་དབང་དུ་མཛད༔ གནས་ཀྱི་མ་མོ་ཙཽ་རི་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ གཉིས་མེད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་གཉིས་མེད་སྦྱོར༔ གནས་ཀྱི་མ་མོ་རྨོངས་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ དྲག་མོ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་རྡུལ་དུ་བྱེད༔ གནས་ཀྱི་མ་མོ་ཐལ་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ རྒྱས་པ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཀུན་ནས་རྒྱས་པར་བྱེད༔ གནས་ཀྱི་མ་མོ་སྦོས་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ དྲག་ཤུལ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་རློག་པར་བྱེད༔ གནས་ཀྱི་མ་མོ་གཏུམ་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཐམས་ཅད་འགྲུབ་པའི་ཏིང་འཛིན་གྱིས༔ ལས་རྣམས་མ་ལུས་ཀུན་ཀྱང་བྱེད༔ གནས་ཀྱི་མ་མོ་སྨེ་ཤ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ རོལ་པ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཀུན་ཀྱང་འཕེལ་བར་བྱེད༔ གནས་ཀྱི་མ་མོ་མ་ཚོགས་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་སེང་གེའི་གདོང༔ རྟོག་པའི་བདུད་འཇོམས་ཟ་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་སྟག་གི་གདོང༔ དཔའ་བརྟུལ་འབར་བའི་ཆོ་འཕྲུལ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཝ་ཡི་གདོང༔ ཕུང་པོའི་བདུད་འཇོམས་ཐབས་མཁས་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཁྱི་ཡི་གདོང༔ ལྷ་བུའི་བདུད་འཇོམས་མེལ་ཚེ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་བཞད་ཀྱི་གདོང༔ ཤེས་བྱ་ཐོགས་མེད་མིག་རྣོན་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཀངྐའི་གདོང༔ འཆི་བདག་བདུད་འཇོམས་རོ་ཟ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཁྭ་ཏའི་གདོང༔ ཉོན་མོངས་བདུད་འཇོམས་ཟད་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་འུག་པའི་གདོང༔ མི་འདོད་ཐུགས་རྗེ་དྲག་ཤུལ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ དེ་ནས་དབང་མོ་རྣམས་ཀྱི་དབང་ནི༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་སྲིན་པོ་ལ་སོགས་པའི༔ ཆུང་མ་ཞི་བའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་འཇུག་སྲེད་ལ་སོགས་པའི༔ ཆུང་མ་རྒྱས་པའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་དགའ་བྱེད་དབང་ཕྱུག་གི༔ ཆུང་མ་དབང་གི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་གསོད་བྱེད་ལ་སོགས་པའི༔ ཆུང་མ་དྲག་པོའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ ལྷ་མཆོག་ནག་པོའི་ཆུང་མ་ནི༔ ནག་པོ་ཆེན་པོ་མ་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ ར་གདོང་ཆེན་པོའི་ཆུང་མ་ནི༔ ར་མགོ་དམར་སེར་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ སྲིན་པོ་བུམ་སྣའི་ཆུང་མ་ནི༔ བུམ་སྣ་སྔོ་ནག་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ གསུས་པོ་ཆེ་ཡི་ཆུང་མ་ནི༔ གསུས་འཛིན་སེར་ནག་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ དེ་ནས་བཀའ་སྲུང་གི་དབང་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་ཤྭ་ན་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་རེ་ཏི་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་ས་བདག་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས༔ དེ་ནས་གསུང་དབང་ལ་ལྷ་དབང་སྐབས་ཀྱི་སྔགས་སོ་སོའི་བཟླས་ལུང་སྦྱར༔ ཐུགས་ཡེ་ཤེས་ཀྱི་དགོངས་པ་ངོ་སྤྲད༔ དཔལ་གྱི་ཆས་བཅུས་མངའ་གསོལ༔ མཾ་ས་རཀྟ་བཟའ་བཏུང་གཏད་པ་བཅས་རྫས་ཕུར་གྱི་དབང་གི་སྐབས་ལྟར་བྱ༔ དམ་ཚིག་གསུམ་སྦྱིན་པ་ནས་བཟུང་བུམ་དབང་མཐའ་རྟེན་དང་བཅས་པ་རྫོགས་པར་བྱས་ལ༔ ཤིས་པ་བརྗོད༔ དབང་ལྷ་སློབ་མར་བསྟིམ༔ དམ་ཚིག་ཁས་བླང་སོགས་མཐར་དབྱུང་བས་བསྐྱེད་རིམ་རྒྱས་པ་ཆེན་པོའི་སྣོད་རུང་དུ་སྒྲུབ་པའི་སྒོ་ཟབ་མོའོ༔ དབང་དང་སྒྲུབ་ཐབས་འདི་ནི་ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲས་རྡོ་རྗེ་ཕུར་པ་ཞེ་སྡང་དག་པའི་རྒྱུད་སོགས་དུ་མ་ནས་བཏུས་ཏེ་ལུང་དུ་བསྡེབས་ནས་བོད་ཡུལ་དུ་གཉགས་ཀྱི་བན་དེ་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་ལ་སྣོད་ལྡན་དུ་མཐོང་ནས་གཏད་པ་ཥྞྱོགས་ཥྞྱོགས་ཥྞྱོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་དངོས་སུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་གནམ་ས་ཆུ་ཀླུང་དང་བཅས་པ་ཟུར་གསུམ་ཕུར་བུའི་དབལ་རྩེར་མཛེས་པའི་བསམ་གཏན་གྱི་སྤྱིལ་བུར་དག་པར་ཕབ་པ་ཀསྨིརའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 09:12, 1 June 2024
Wylie title | snyan brgyud snying gi gsang mdzod las: rdo rje phur pa dkyil 'khor brgya dang bcu gnyis pa'i sgrub thabs rgyas pa | |
---|---|---|
Location | dil mgo mkhyen brtse bka' 'bum Volume 20, Text 9, Pages 178-188 (Folios 1a to 11a6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Snyan brgyud snying gi gsang mdzod las rdo rje phur pa dkyil 'khor brgya dang bcu gnyis pa'i sgrub thabs rgyas pa. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 178-188. Delhi: Shechen Publications, 1994. | |
Genre | Initiations in the Maṇḍala - dkyil 'khor dbang chog - dkyil chog · Root Treasure - gter gzhung · Sadhanas - Evocation Ritual - sgrub thabs | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rdo rje phur pa | |
Colophon |
དབང་དང་སྒྲུབ་ཐབས་འདི་ནི་ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲས་རྡོ་རྗེ་ཕུར་པ་ཞེ་སྡང་དག་པའི་རྒྱུད་སོགས་དུ་མ་ནས་བཏུས་ཏེ་ལུང་དུ་བསྡེབས་ནས་བོད་ཡུལ་དུ་གཉགས་ཀྱི་བན་དེ་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་ལ་སྣོད་ལྡན་དུ་མཐོང་ནས་གཏད་པ་ཥྞྱོགས་ཥྞྱོགས་ཥྞྱོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་དངོས་སུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་གནམ་ས་ཆུ་ཀླུང་དང་བཅས་པ་ཟུར་གསུམ་ཕུར་བུའི་དབལ་རྩེར་མཛེས་པའི་བསམ་གཏན་གྱི་སྤྱིལ་བུར་དག་པར་ཕབ་པ་ཀསྨིརའི་སློབ་དཔོན་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ།། | |
dbang dang sgrub thabs 'di ni kha che'i slob dpon bi ma la mi tras rdo rje phur pa zhe sdang dag pa'i rgyud sogs du ma nas btus te lung du bsdebs nas bod yul du gnyags kyi ban de lo tsA ba dz+nyA na ku mA ra la snod ldan du mthong nas gtad pa Sh+N+yogs Sh+N+yogs Sh+N+yogs:_sa ma ya:_rgya rgya rgya:_ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga las sku yi gsung gi gnas mchog 'og min karma'i gan+d+ho la chen po nas bka' srung ye shes kyi mgon pos dngos su gtad pa'i shog ser las khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pas gnam sa chu klung dang bcas pa zur gsum phur bu'i dbal rtser mdzes pa'i bsam gtan gyi spyil bur dag par phab pa kasmira'i slob dpon bi ma la mi tras snyan brgyud du gdams pa'o// |
Footnotes
Other Information
- DKR-KABUM-20-WA-009
- Tibetan Publications
- Tibetan Texts
- dil mgo mkhyen brtse bka' 'bum
- snyan brgyud snying gi gsang mdzod
- rdo rje phur pa
- Initiations in the Maṇḍala - dkyil 'khor dbang chog - dkyil chog
- Root Treasure - gter gzhung
- Sadhanas - Evocation Ritual - sgrub thabs
- Khyentse, Dilgo
- gnyags dz+nyA na ku mA ra
- DKR-KABUM-Volume-20-WA
- Khyentse Lineage Project