DKR-KABUM-20-WA-005: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=སྙན་བརྒྱུད་སྙིང་གི་གསང་མཛོད་ལས། ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་ཕྱི་ནང་གསང་བ་ཡང་གསང་བཀའ་སྲུང་དང་བཅས་པའི་དབང་གི་རིམ་པ་དཀྱུས་གཅིག་ཏུ་བཀོད་པ་རྡོ་རྗེའི་ཡེ་ཤེས་མཆོག་སྦྱིན། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: . Delhi: Shechen Publications, 1994. | |fulltitle=snyan brgyud snying gi gsang mdzod las/ yi dam zhi ba rdo rje sems dpa'i phyi nang gsang ba yang gsang bka' srung dang bcas pa'i dbang gi rim pa dkyus gcig tu bkod pa rdo rje'i ye shes mchog sbyin | ||
|citation=[[Khyentse, Dilgo]]. ''Snyan brgyud snying gi gsang mdzod las yi dam zhi ba rdo rje sems dpa'i phyi nang gsang ba yang gsang bka' srung dang bcas pa'i dbang gi rim pa dkyus gcig tu bkod pa rdo rje'i ye shes mchog sbyin''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: 76-115. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |editor=dwags po sprul sku | ||
| | |editortib=དྭགས་པོ་སྤྲུལ་སྐུ་ | ||
|associatedpeople=gnyags dz+nyA na ku mA ra | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | ||
|tibgenre= | |tibgenre=Empowerment Ritual - dbang chog - dbang skur | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
Line 21: | Line 22: | ||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=020 | |volumenumber=020 | ||
|volnumtib=༢༠ | |volnumtib=༢༠ | ||
|volyigtib=ཝ་ | |volyigtib=ཝ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=005 | |||
|pagenumbers=76-115 | |||
|totalpages=80 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=40b6 | ||
|totalfolios=40 | |||
|multivolumework=No | |||
|rectonotes=dbang chog | |||
|versonotes=gnyags lugs rdor sems | |versonotes=gnyags lugs rdor sems | ||
| | |colophontib=* '''Author colophon:''' །ཅེས་པའང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དངོས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་དབང་གི་རྩ་བ་ཞལ་གསལ་མེད་སྟབས་འདི་ལྟར་བྲིས་ཞེས་དབང་ཆིངས་རྩ་ཐོ་བཅས་བཀའ་ཡི་གནང་བ་བསྩལ་ན་ཡང༌། སྙིགས་མའི་རྒུད་པ་སྣ་ཚོགས་ཀྱིས་ཡིད་གདུང་བས་གཡས་ཆུང་དུ་སོང་སྐབས་དད་བརྩོན་མོས་གུས་ཆེན་པོས་ཚུལ་འདིའི་བསྙེན་སྒྲུབ་ཉམས་བཞེས་རྒྱ་ཆེར་གནང་བ་སྙིང་པོའི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་བསྐུལ་མ་སྔ་ཕྱིར་ནན་ཏན་དུ་བྱུང་བ་དང་བླ་མ་རཏྣ་རསྨི་ཡབ་སྲས། འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་མདོ་སྔགས་བསྟན་འཛིན་སོགས་དམ་པ་དུ་མས་གསུང་བསྐུལ་བཟློག་ཏུ་མ་བཏུབ་པར་མདོ་ཁམས་ཤར་གྱི་དཱ་རི་དྲ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་མདོ་སྔགས་གླིང་པར་སྒྲོ་བཏགས་ཀྱི་མིང་གིས་སྙན་པའི་ཟོག་པོ་དེས་རྟ་ཟླའི་དམར་ཕྱོགས་ཀྱི་ཚེས་ཉེར་གཅིག་འཇམ་མགོན་བླ་མའི་དུས་ཀྱི་མཆོད་པའི་ཚུལ་དུ་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་ལྟེ་བ་བདེ་ཆེན་ཆོས་གླིང་སུམ་རྩེན་ལྷ་ཡི་དགའ་ཚལ་དུ་གྲུབ་པར་བགྱིས་པ་འདིས་ཀྱང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་ཐམས་ཅད་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།། །། | ||
* '''Editor colophon:''' ཆོས་ཀྱི་བདག་པོའི་བཀའ་བཞིན་པད་བཀོད་སྒམ་སྤྲུལ་པས་ཞུ་དག་གི་སྲི་ཞུ་བྱས་པའོ།། | |||
|colophonwylie=* '''Author colophon:''' /ces pa'ang dkyil 'khor rgya mtsho'i khyab bdag dpal ldan rdo rje sems dngos 'jam mgon chos kyi rgyal po pad+ma ye shes rdo rjes gter gzhung dbang gi rtsa ba zhal gsal med stabs 'di ltar bris zhes dbang chings rtsa tho bcas bka' yi gnang ba bstsal na yang*/_snyigs ma'i rgud pa sna tshogs kyis yid gdung bas g.yas chung du song skabs dad brtson mos gus chen pos tshul 'di'i bsnyen sgrub nyams bzhes rgya cher gnang ba snying po'i rnal 'byor pa klong chen ye shes rdo rjes bskul ma snga phyir nan tan du byung ba dang bla ma rat+na rasmi yab sras/_'khrul zhig rin po che 'gyur med mdo sngags bstan 'dzin sogs dam pa du mas gsung bskul bzlog tu ma btub par mdo khams shar gyi dA ri dra 'gyur med theg mchog bstan pa'i rgyal mtshan mdo sngags gling par sgro btags kyi ming gis snyan pa'i zog po des rta zla'i dmar phyogs kyi tshes nyer gcig 'jam mgon bla ma'i dus kyi mchod pa'i tshul du kha bzhi lho yi sman ljongs kyi lte ba bde chen chos gling sum rtsen lha yi dga' tshal du grub par bgyis pa 'dis kyang grong khyer gsum gyi yid can thams cad khyab bdag rdo rje sems dpa'i go 'phang mngon du byed pa'i rgyur gyur cig_/mang+ga laM/_dge'o// | |||
* '''Editor colophon:''' chos kyi bdag po'i bka' bzhin pad bkod sgam sprul pas zhu dag gi sri zhu byas pa'o// | |||
|pdflink=File:DKR-KABUM-20-WA-005.pdf | |pdflink=File:DKR-KABUM-20-WA-005.pdf | ||
}} | }} | ||
Line 37: | Line 45: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་ཕྱི་ནང་གསང་བ་ཡང་གསང་བཀའ་སྲུང་དང་བཅས་པའི་དབང་གི་རིམ་པ་དཀྱུས་གཅིག་ཏུ་བཀོད་པ་རྡོ་རྗེའི་ཡེ་ཤེས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་ཕྱི་ནང་གསང་བ་ཡང་གསང་བཀའ་སྲུང་དང་བཅས་པའི་དབང་གི་རིམ་པ་དཀྱུས་གཅིག་ཏུ་བཀོད་པ་རྡོ་རྗེའི་ཡེ་ཤེས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ།། | ||
<br> | |||
༄༅། །རྨད་བྱུང་རྡོ་རྗེ་བཞི་ཡི་ཡེ་ཤེས་ཆར། །སྐལ་བཟང་རིགས་བཞིའི་ས་བོན་ལ་རེག་པས། །རྣམ་བཞིའི་རིག་འཛིན་བདེ་མྱུར་འབྲས་སྨིན་ནས། །སྐུ་བཞིའི་མཆོག་སྦྱིན་སེམས་དཔའ་རྒྱལ་གྱུར་ཅིག །རྡོ་རྗེ་ཐེག་པའི་ལམ་གྱི་སྙིང༌། །རིག་འཛིན་གྲུབ་པའི་གཤེགས་ཤུལ་ཆེ། །རིམ་པ་དབང་གི་ཐབས་ཟབ་མོ། །འཇུག་བདེའི་ཁྲིགས་སུ་བསྡེབ་ལ་སྤྲོ། །གཉགས་ལུགས་རྡོ་རྗེ་ཕུར་པའི་ཡི་དམ་ཞི་བའི་སྒྲུབ་ཐབས་རྡོ་རྗེ་སེམས་དཔའ་ཡེ་ཤེས་གསང་ཐིག་གི་དབང་བསྐུར་འབོག་ཚུལ་ལ་ལྔ་ལས། དང་པོ་ཕྱི་སྒྲུབ་ཀྱི་དབང་གི་རིམ་པ་ལ་མདུན་དུ་སྟེགས་གཙང་མར་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་བརྒྱད་ཀྱི་དབུས་སུ་རྣམ་རྒྱལ་བུམ་པ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་དང་བཅས་པ། གཡས་སུ་ནོར་བུའི་ཅོད་པན། གཡོན་དུ་སྟོད་གཡོགས་སྨད་གཡོགས་དར་དཔྱངས་དང་བཅས་པ་དངོས་སམ་རི་མོར་བྲིས་པ། རྫས་རྟགས་རྒྱལ་སྲིད་ཀྱི་ཙཀླི། དེ་རྣམས་ལ་ཉེར་སྤྱོད་བདུན་གཡས་སུ་བསྐོར་བཤམས་བྱས་པ་དང༌། སློབ་དཔོན་གྱི་མདུན་དུ་བསང་ཆུ་རྡོར་དྲིལ་སོགས་འདུ་བྱས་ལ། སྒྲུབ་ཐབས་དཀྱུས་ལྟར་སྐྱབས་སེམས་ནས་བརྩམས་ཡིག་བརྒྱའི་བཟླས་པའི་བར་བྱ། བུམ་བཟླས་ནི། ཧཱུྃ༔ རྣམ་རྒྱལ་བུམ་ནང་བདུད་རྩིའི་སྟེང༔ ཡི་གེ་བརྒྱ་པའི་སྔགས་ཕྲེང་གསལ༔ དེ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཞེས་གསལ་བཏབ། གཟུངས་ཐག་བླང་ལ་བུམ་བཟླས་བྱས་མཐར། སྔགས་ཕྲེང་འོད་ཞུ་བདུད་རྩིར་གྱུར༔ ཞེས་དམིགས། བསང་ཆུ་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་གྱུར༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄༔ ཅི་ནུས་བཟླས་མཐར། སྒྲུབ་ཐབས་གཞུང་གི ཨོཾ༔ བླ་མ་དཔལ་ལྡན་སོགས་ནས། སྡིག་ལྟུང་དག་པའི་གནང་བ་བསྩལ༔ ཅེས་པའི་བར་དང༌། ཡིག་བརྒྱ་ཚར་གཅིག་བཟླ། སྤྱི་བོར་བཞུགས་པའི་བླ་མ་རྡོ་རྗེ་སེམས་དཔའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་བྱུང་བ་རང་གི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཐིམ། དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེ་བདེ་བ་ཆེན་པོའི་ངོ་བོར་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་གྱུར། ཅེས་དབང་ལེན་བྱ། དེ་ནས་སྨིན་པར་འོས་པའི་སློབ་མ་མདུན་དུ་བོས་ལ། དྲི་བཟང་གི་ཆབ་ཀྱིས་ཁ་བཤལ་བ་དང་གཙང་མའི་སྟན་ལ་འཁོད་དེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་ཀུན་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་ཟབ་མོ་གསན་ལ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་མ་ལུས་པའི་འབྱུང་གནས། རིགས་ཐམས་ཅད་ཀྱི་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ནི་མཚན་ཐོས་པ་ཙམ་གྱིས་རྒྱུ་ཉམས་ཆག་སྡིག་ལྟུང༌། འབྲས་བུ་འཁོར་བ་དང་ངན་སོང་ཐམས་ཅད་དོང་ནས་སྤྲུགས་པར་འགྱུར་བ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། འདི་ན་མཚམས་མེད་པ་བྱས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང༌། དམ་པའི་ཆོས་ལ་སྨོད་པ་དང༌། ཉེས་པ་ཐམས་ཅད་བྱས་པ་ཡང༌། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་མཆོག་ནི་སྒྲུབ་པ་པོས། །རྡོ་རྗེ་སེམས་དཔའ་དྲན་གྱུར་པས། །ཚེ་འདི་ཉིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་དམ། དངོས་གྲུབ་དམ་པའམ། རྡོ་རྗེ་སེམས་དཔའི་དངོས་གྲུབ་བམ། དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་བར་དུ་འཐོབ་བོ། །ཞེས་འབྱུང་ངོ༌། །དེའི་སྒྲུབ་ཐབས་ཀྱང་དམ་པ་རིགས་བརྒྱ། དེ་ཉིད་རིགས་ལྔ། དཔའ་བོ་གཅིག་པ་སོགས་དཀྱིལ་འཁོར་དང་ཚོམ་བུ་གཙོ་རྐྱང་རྒྱས་བསྡུས་ཀྱི་བྱེ་བྲག་དང༌། རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲུབ་ཚུལ་གྱི་རྣམ་བཞག་དང༌། བཀའ་གཏེར་དག་སྣང་གི་རིམ་པ་མཐའ་ཀླས་པ་ལས། སྐབས་སུ་བབ་པ་འདི་ནི་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་སློབ་དཔོན་བི་མ་མི་ཏྲ་དང༌། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་བཀའ་སྲོལ་ཟུང་འཇུག་གསང་སྔགས་ཆུ་བོ་བཞིའི་བཀའ་བབ་གཉགས་ལོ་ཆེན་པོ་ཛྙཱ་ན་ཀུ་མཱ་ར་ལ་བཀའ་བབ་པའི་རྡོ་རྗེ་ཕུར་པའི་སྒྲུབ་སྡེའི་ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཡེ་ཤེས་གསང་ཐིག་གི་ཆོས་སྡེ་སྟེ། འདི་ལའང་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་སྒྲུབ་ཐབས་དང༌། དེ་རྣམས་དང་འབྲེལ་བའི་སྨིན་བྱེད་དབང་གི་རིམ་པའང་བཞི་དང་བཀའ་སྲུང་གི་རྗེས་གནང་བཅས་ལྔ་ཡོད་པ་ལས། ཐོག་མར་ཕྱི་སྒྲུབ་རྡོ་རྗེ་སེམས་དཔའ་བླ་མའི་རྣལ་འབྱོར་དང་ཟུང་དུ་འཇུག་པའི་བསགས་སྦྱོང་སྙིང་པོར་གྱུར་པའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་བསྒྲུབ་པ་ལ་ཐོག་མར་མཎྜལ་ཕུལ། བླ་མ་དང་རྡོ་རྗེ་སེམས་དཔའ་དབྱེར་མེད་པ་ལ་མི་ཕྱེད་གུས་པས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །རྒྱུད་དག་པར་བྱ་བའི་ཕྱིར་བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྐྱབས་སེམས་བསགས་སྦྱོང་གི་དམིགས་རྣམ་དང་མ་བྲལ་བས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། སྤྱི་བོར་བཞུགས་པའི་བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་རིག་པའི་ལྷ་མོས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་ཁྲུས་མཛད་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ནད་གདོན་ཐམས་ཅད་བྱང་ཞིང་དག །བླ་མ་རྡོ་རྗེ་སེམས་དཔའི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། ཨོཾ༔ བཀྲ་ཤིས་དགེ་བའི་བུམ་པ་རུ༔ ཡེ་ཤེས་བདུད་རྩི་ཆེན་པོས་གཏམས༔ སྐལ་ལྡན་སློབ་མར་ཁྲུས་བགྱིས་པས༔ དྲི་མ་ཐམས་ཅད་དག་པར་མཛོད༔ ཡིག་བརྒྱའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་པས་དབང་བསྐུར་ཞིང་ཁྲུས་བྱ། བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བས་ལུས་ཐ་མལ་གྱི་སྣང་ཞེན་སྦྱངས་ཏེ་ཁྱེད་རང་རྣམས་སྐད་ཅིག་གི་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང༌། གཡོན་པས་དྲིལ་བུ་དཀུ་ལ་བརྟེན་པ་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་འགྱིང་བ། སྐུ་ལ་དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་པར་སྤྲས་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་རབ་འབྱམས་སྤྲོ་བསྡུའི་བྱེད་པོ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་རུ་རྣམ་པར་དག་པར་མོས་མཛོད། གཉིས་པ་གསུང་བཟླས་པའི་ལུང་སྦྱིན་པ་ནི། སློབ་མ་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་རེ་ལྷག་པའི་ལྷ་ལ་ཕུལ་བའི་མོས་པས་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་ལན་གསུམ་བྱའོ། །སྤྱི་བོའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ལ་ཡི་གེ་བརྒྱ་པའི་སྔགས་ཕྲེང་མུ་ཏིག་གི་རྡོག་མ་ལྟ་བུ་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་མཐར་སྔགས་ཕྲེང་གཡས་བསྐོར་དུ་འཁོད་པས་གསུང་གི་བྱིན་རླབས་ཞུགས་པར་མོས་ལ་ཡི་གེ་བརྒྱ་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཨ་སུ་ནྲྀ་ཏྲི་པྲེ་དུཿསརྦ་པཱ་པཾ་ཀླེ་ཤ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱཿལན་གསུམ། དེ་ཉིད་བརྟན་པར་བྱ་བའི་ཕྱིར་སྔགས་ཀྱི་ཕྲེང་བས་དབང་བསྐུར་བར་མོས་མཛོད། སྔགས་བྱང་ཐོགས་ལ། ཟབ་ཅིང་གསང་བ་རྡོ་རྗེའི་སྒྲ། །རྨད་བྱུང་སྔགས་ཀྱི་འཕྲུལ་ཆེན་པོས། །དོན་གཉིས་ཡིད་བཞིན་བྱེད་ནུས་པའི། །རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ། འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་འཁོར་ལོར་དག་པའི་དབང་ཐོབ་པའོ། །གསུམ་པ་ཐུགས་ཡེ་ཤེས་ཀྱི་དབང་ལ། ལྷ་སྔགས་ཀྱི་སྣང་ཆ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་དབྱིངས་ཀྱི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་བསྟན་ལ། ཧཱུྃ། ཆོས་ཀུན་དེ་ཉིད་ཀློང་ཡངས་ལས། །མ་འགག་ཐབས་ཀྱི་སྣང་བ་ཤར། །ཟུང་འཇུག་སྒྱུ་མའི་བརྡ་འདི་ཡིས། །སྤྲོས་བྲལ་ཐུགས་ཀྱི་དབང་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། འཁོར་འདས་ཀྱི་རྟོགས་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་གཉིས་སུ་མེད་པའི་ཡེ་ཤེས་ཐུགས་ཀྱི་འཁོར་ལོར་དག་པའི་དབང་ཐོབ་པའོ། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་ཕན་པ་དང་ནུས་པའི་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསུམ་པ་གསང་བ་ཟབ་མོའི་དབང་ལ་གསུམ་ལས། དང་པོ་གསང་བའི་དབང་གི་སླད་དུ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པར་མོས་མཛོད། ཧཱུྃ༔ བདེ་སྟོང་རོལ་པའི་བྱང་ཆུབ་སེམས༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ གཉིས་མེད་མཉམ་པའི་ཡེ་ཤེས་རྒྱུན༔ གཙང་དམེ་མེད་པར་རོལ་བར་གྱིས༔ ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། དཀྱིལ་འཁོར་པའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་བྱོན་ནས་རང་ལ་འཁྱུད་པར་མོས་ཤིག ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ དཔེ་ཡི་ཐབས་ཀྱིས་མངོན་བྱེད་པའི༔ བཅུ་དྲུག་དགའ་སྦྱིན་སྒྱུ་མ་ཆེ༔ སྒྱུ་མའི་རོལ་པས་སྤྱོད་ཅིག་བུ༔ ཨོཾ་ཨཱཿཧཱུྃ་པདྨ་བྷཉྫ་མོཀྵ་ཧོཿ ཞེས་རིག་ཙཀ་གཏད། དེ་དང་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་འཁྱུད་རྒྱ་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་སྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསུམ་པ་དབང་བཞི་པའི་སླད་དུ་ཤེལ་དང་མེ་ལོང་གི་བརྡས་མཚོན་པའི་རང་བྱུང་གི་ཡེ་ཤེས་རིག་སྟོང་ཟུང་འཇུག་དེ་ཁོ་ན་ཉིད་ཀྱི་ངང་ལ་བློ་བཞག་ནས། ཤེལ་དང་མེ་ལོང་འཕྱར་ལ། ཧཱུྃ༔ སྟོང་གསལ་རིག་པ་ཡེ་ཤེས་སེམས༔ ཀུན་ཁྱབ་རྡོ་རྗེའི་ཁམས་ཆེན་པོ༔ རང་རིག་ཐིག་ལེ་གཉིས་མེད་པས༔ ཆོས་དབྱིངས་གནས་ལུགས་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨཿ དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །སླར་ཡང་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་ཤིས་པ་བརྗོད་པའི་བདེན་ཚིག་གི་གླུ་དང་མེ་ཏོག་གི་ཆར་སིལ་མ་བསྙིལ་བས་དགེ་ལེགས་རྟག་བརྟན་གྱི་སྣང་བ་དམ་པས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་མོས་མཛོད། ཧཱུྃ༔ རིག་འཛིན་བླ་མས་བྱིན་བརླབས་ནས༔ དགོངས་བརྒྱུད་རྟོགས་པའི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཡིས་རྗེས་བཟུང་སྟེ༔ དངོས་གྲུབ་དབང་ཐོབ་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་ཀྱིས༔ ས་ལམ་མཐར་ཕྱིན་བཀྲ་ཤིས་ཤོག༔ འདོད་རྒུ་ལྷུན་གྱིས་གྲུབ་པ་ཡི༔ དགེ་ལེགས་རྟག་བརྟན་བཀྲ་ཤིས་ཤོག༔ དེ་དག་གིས་རྡོར་སེམས་རིགས་ལྔ་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཆིག་རྫོགས་སུ་གྲུབ་པ་ཡིན་པས། དེ་དག་གི་དམ་ཚིག་གནང་བཀག་གི་རིམ་པ་ལས་མི་འདའ་བར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་གཏང་རག་གི་མཎྜལ་ལུས་འབུལ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྲོལ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ཕྲིན་ལས་གཞུང་གི་ལྷག་མ་ནས་བརྩམས་རྗེས་ཀྱི་ལས་རིམ་རྣམས་མཐའ་རྒྱས་སུ་བྱའོ། །ལྔ་པ་བཀའ་སྲུང་སྔགས་ཀྱི་སྲུང་མའི་རྗེས་གནང་བྱ་ཚུལ་ནི། རྡུལ་ཚོན་གྱི་ཆོས་འབྱུང་མཐིང་ག་མེ་རིས་བསྐོར་བའམ། མ་འབྱོར་ན་མཎྜལ་ལ་འབྲུ་ནག་གི་ཚོམ་བུ་གཅིག་བཀོད་པའི་སྟེང༌། མཉྫིར་ལྕགས་སམ་བྷནྡྷའི་སྣོད་དུ་དམར་གཏོར་གྲུ་གསུམ་རྒྱན་སྤྲོས་ཅན་གྱི་རྩེར་སྐུ་ཙཀ་དང་དར་གདུགས་ཀྱིས་སྤྲས་པར་ཤ་ཁྲག་མཐུན་རྫས་ཀྱིས་བརྒྱན་པ་དང༌། འབུལ་གཏོར། ཉེར་སྤྱོད། སྨན་རཀ་སོགས་ཀྱང་བཤམས། དབང་སྔ་མ་རྣམས་དང་མ་འབྲེལ་ན། བདག་གི་རྣལ་འབྱོར་མདོར་བསྡུས་སྔོན་དུ་འགྲོ་བས། སྲུང་མའི་ཕྲིན་ལས་དང་བཟླས་པ་ཅུང་ཟད་བྱས་ལ། མཆོད་བསྟོད་མདོར་བསྡུས་གྲུབ་རྗེས་གནང་བ་ཞུ། སློབ་མ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམས་ནས། དེ་ཡང་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་འགལ་རྐྱེན་སྲུང་བ་དང༌། མཐུན་རྐྱེན་སྒྲུབ་པའི་གྲོགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་དམ་ཅན་སྲུང་མ་ཁྱད་པར་ཅན་བརྟེན་པ་གལ་ཆེ། དེ་ལའང་ཡེ་ཤེས་དང༌། ལས་དང༌། འཇིག་རྟེན་གྱི་ཚུལ་འཛིན་པའི་ཆོས་སྐྱོང་རྒྱུད་གསུམ་དུ་གཏོགས་པ་དུ་མ་ཞིག་བཞུགས་པ་ལས་སྐབས་སུ་བབས་པ་འདི་ནི། གཞུང་ལས། འདི་ནི་དབྱིངས་ཀྱི་རྗེ་མོ་སྟེ༔ ཐུགས་རྗེ་རིག་རྩལ་མ་མོའི་གཙོ༔ ཨ་ཏིའི་བསྟན་སྲུང་རྒྱལ་མོ་སྟེ༔ ཉམས་རྟོགས་ས་ལམ་གྲོགས་སུ་བྱེད༔ བསྒྲུབ་པས་འདོད་པའི་ལས་སྒྲུབ་མ༔ རྣོ་མྱུར་ཟབ་ཁྱད་གཞན་ལས་འཕགས༔ ཀུན་མཐུན་ཀུན་ལས་ཁྱད་པར་ཆོས༔ ངོ་མཚར་གསང་བའི་སྲུང་མ་ཡི༔ མཆོད་བྱང་སྙིང་པོའི་ཡང་ཏིག་འདི༔ འོད་ཀྱི་ལུས་ཅན་བི་མ་ལས༔ སྔགས་སྲུང་ཁྲོས་མའི་རྒྱུད་ལས་བཏུས༔ ཟབ་ཆོས་མཆོག་གི་སྲུང་མ་རུ༔ གཏད་རྒྱས་བཏབ་བཞིན་སྣང་གྱུར་ཅིག༔ ཀུན་ལ་མ་སྤེལ་ཟབ་རྒྱ་ཐཾ༔ ཞེས་གསུངས་པ་ལྟར་ཆོས་དབྱིངས་སྟོང་པ་ཆེན་པོའི་ཀློང་ན་འཁོར་འདས་ཐམས་ཅད་ཀྱི་བསྐྱེད་གཞི་དཔལ་ཀུན་ཏུ་བཟང་མོ་བདེ་ཆེན་ཧེ་རུ་ཀཿདཔལ་གྱི་གསང་བའི་ཡུམ་གཅིག་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ། འཁོར་འདས་ཐམས་ཅད་མཁའ་ཀློང་དབྱིངས་གསུམ་དུ་འབྱེད་སྡུད་ཀྱི་བྱེད་པོ་མ་མོ་ཨེ་ཀ་ཛཱ་ཊི། སྟེང་ཕྱོགས་ལྷ་ཡི་ཡུལ་ན་དུས་གསུམ་རྒྱལ་བའི་བསྟན་པ་སྲུང་བའི་ལྷ་མོ་འདོད་ཁམས་དབང་ཕྱུག་མ་སོགས་མཚན་དང་སྐུ་ཡི་བཀོད་པ་བསམ་ལས་འདས་ཤིང༌། དེང་འདིར་དཔལ་རྡོ་རྗེ་སེམས་དཔའ་ཡེ་ཤེས་གསང་ཐིག་གི་བཀའ་ཡི་སྲུང་མར་བྱོན་པའི་སྔགས་སྲུང་ཨེ་ཀ་ཛཱ་ཊིའི་རྗེས་གནང་འབུལ་བའི་སྐབས་སུ་བབ་པས་དེ་ཉིད་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དོན་དམ་དབྱིངས་ནས་མ་གཡོས་ཀྱང༔ འགྲོ་བ་འདུལ་ཕྱིར་སྤྲུལ་པའི་སྐུ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཡི༔ རྗེས་སུ་གནང་བ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་སྦྱང་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་ཁྱེད་རང་རྣམས་གཉེན་པོ་སྟོབས་ཀྱི་ལྷ་དཔལ་ཆེན་པོའི་སྐུ་འདི་ལྟར་སྒོམས་མཛོད། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་པདྨ་དང་ཉི་མ་དྲེགས་པ་ཁྱོ་ཤུག་བསྣོལ་བའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཉི་མ་འབུམ་གྱི་གཟི་བརྗིད་ཅན་ཞལ་གཅིག་ཕྱག་གཉིས་པ་ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན། རྡོ་རྗེ་དང་དུང་ཁྲག་འཛིན་པ། རང་སྣང་གི་ཡུམ་དང་བཅས་པ་དཔལ་དང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན་ཏེ། ཞབས་གཉིས་གྱད་ཆེན་པོའི་སྟབས་སུ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་གྱི་ཡི་གེ་ལས་བྱུང་བའི་འོད་ཟེར་གྱིས་དཔལ་ཆེན་པོའི་ཡེ་ཤེས་ཀྱི་འཁོར་ལོ་སྤྲིན་ཆར་དྲག་ཏུ་འབབ་པ་བཞིན་སྤྱན་དྲངས་ནས་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་མཛོད། རུ་ལུའི་མཐར། ཛྙཱ་ན་ཨ་བེ་ཤ་ཡ་བཏགས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། རྗེས་གནང་དངོས་ལ། དང་པོ་སྐུ་ཡི་རྗེས་སུ་གནང་བའི་སླད་དུ། མདུན་གྱི་གཏོར་མ་འདི་ཉིད་འདི་ལྟར་གསལ་ཐོབ་མཛོད། ཨེཿ ཆོས་དབྱིངས་མཐིང་ནག་སོགས་ནས་བསྟོད་པའི་བར་བཏང་ལ། གཏོར་མ་ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པར་གསལ་བའི་སྐུ་ལས་འོད་ཟེར་མེ་ལྕེའི་ཕྲེང་བ་ལྟ་བུ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་དང་དངོས་གྲུབ་ཐོགས་མེད་དུ་འགྲུབ་པར་མོས་མཛོད། གཏོར་མ་དཔྲལ་བར་བཞག་ལ། ཨོཾ་མ་མ་ཏྲག་རཀྴ་ཨེ་ཀ་ཛཱ་ཊི་བྷྱོ་ཧཱུྃ་ཛ་ཛཿ ཀཱ་ཡ་སརྦ་ཀརྨ་ཀུ་རུ་ཧོཿ སྤོས་རོལ་དང་བཅས་བྱིན་དབབ། གཉིས་པ་གསུང་གི་རྗེས་སུ་གནང་བའི་སླད་དུ། མདུན་བསྐྱེད་མ་མོའི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲཀ་ཡིག་གི་མཐར་གནས་པའི་སྔགས་ཕྲེང་ལས་ཡིག་འབྲུ་མེ་ཡི་ཟེགས་མ་ཅན་བར་མ་ཆད་དུ་དམར་ནར་གྱིས་བྱུང༌། ཞལ་ནས་ཐོན། བདག་ཉིད་ལྷར་གསལ་བའི་ལྟེ་བ་ནས་ཞུགས། གསུང་གི་བྱིན་རླབས་དང་དངོས་གྲུབ་ཐོགས་མེད་དུ་འགྲུབ་པར་མོས་མཛོད། གཏོར་མ་མགྲིན་པར་བཞག་ལ། ཨོཾ་མ་མ་ཏྲཀ་རཀྴ་ཨེ་ཀ་ཛཱ་ཊི་ཧཱུྃ་བྷྱོ་ཛ་ཛཿ ཝཱཀ་སརྦ་ཀརྨ་ཀུ་རུ་ཧོཿ སྤོས་རོལ་དང་བཅས་བྱིན་དབབ། གསུམ་པ་ཐུགས་ཀྱི་རྗེས་གནང་གི་སླད་དུ། མདུན་བསྐྱེད་མ་མོའི་ཐུགས་ཀ་ནས་ཏྲག་ཡིག་སྨུག་ནག་དང་ཙིཏྟ་འཕྲོས། རང་གི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོགས་མེད་དུ་འགྲུབ་པར་མོས་མཛོད། གཏོར་མ་སྙིང་གར་བཞག་ལ། ཨོཾ་མ་མ་ཏྲཀ་རཀྴ་ཨེ་ཀ་ཛཱ་ཊི་ཧཱུྃ་བྷྱོ་ཛ་ཛཿ ཙིཏྟ་སརྦ་ཀརྨ་ཀུ་རུ་ཧོཿ སྤོས་རོལ་དང་བཅས་བྱིན་དབབ། གཙོ་འཁོར་ཡོངས་རྫོགས་ཀྱི་བཀའ་གཏད་པའི་ཕྱིར། སློབ་དཔོན་དཔལ་ཆེན་པོའི་ང་རྒྱལ་ལ་གནས་པས་གཏོར་མ་མ་མོ་འཁོར་བཅས་གསལ་བ་ལ་ཐ་ཚིག་གཉན་པོ་བསྒྲགས་པས་མ་མོ་འཁོར་བཅས་དམ་ལ་འདུས་ཏེ། ཇི་ལྟར་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་མོས་མཛོད། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོར་སེམས་རིགས་ལྔ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སིངྷ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མ་མི་ཏྲ། སློབ་དཔོན་རྡོ་རྗེ་ཧཱུྃ་མཛད། གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། དགེ་སློང་ནམ་མཁའི་སྙིང་པོ། ལོ་ཆེན་བཻ་རོ་ཙ་ན། གཉགས་ཆེན་ཡེ་ཤེས་གཞོན་ནུ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ། བཀའ་བབ་ཀློང་ཆེན་ནམ་མཁའ་འོད་གསལ། འཇམ་མགོན་ཆོས་ཀྱི་བློ་གྲོས་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་ལས་མ་འདའ་བར་དཔལ་ཡེ་ཤེས་ཀྱི་མ་མོ་སྨུག་ནག་ཁྲོས་མའི་རྒྱལ་མོ་སྔགས་སྲུང་ཨེ་ཀ་ཛཱ་ཊི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པའི་མ་མོ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་པ་རྣམས་ལ་གཉེར་དུ་གཏད་པའི་རྡོ་རྗེའི་སློབ་མ་འདི་རྣམས་ལ་དུས་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་མི་འབྲལ་བར་ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེས་རྟག་ཏུ་སྐྱོངས་ལ་འགལ་རྐྱེན་ཐམས་ཅད་སོལ། མཐུན་རྐྱེན་ཐམས་ཅད་སྤེལ། རྟེན་འབྲེལ་ལེགས་དགུར་སྒྲིགས། ཉམས་དང་རྟོགས་པ་སྤེལ། དངོས་གྲུབ་དང་ཕྲིན་ལས་སྒྲུབས། སངས་རྒྱས་ཀྱི་བསྟན་པ་སྲུངས། བསྟན་འཛིན་གྱི་སྐྱེས་བུ་སྤེལ། མདོར་ན་རང་གཞན་གྱི་དོན་གཉིས་འདོད་དགུའི་ཕྲིན་ལས་རབ་འབྱམས་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ས་མ་ཡ་རཀྵནྟུ་ཞེས་བརྗོད། བརྒྱུད་འཛིན་དང་དམ་ཚིག་ཐུབ་པ་ཡིན་ན་གཏོར་མ་བདུད་རྩིས་བཤལ་ལ་སྦྱིན། སྤྱི་ཙམ་དུ་གཏོར་མས་བཀའ་བསྒོས་པས་འཐུས། རྗེས་ཤིས་བརྗོད་དང༌། དམ་ཚིག་ཁས་བླང༌། གཏང་རག་ཡོན་འབུལ། དགེ་བསྔོ་སོགས་སྤྱི་ལྟར་བྱའོ། །བསྒྲུབ་བྱ་རྨད་བྱུང་ཁྱབ་བདག་རྡོ་རྗེ་སེམས། །ཕྱི་ནང་གསང་སོགས་སྒྲུབ་ཚུལ་སྙིང་པོའི་ལམ། །མཁས་གྲུབ་གོང་མའི་གསུང་གི་སྣང་བ་ལ། །བརྟེན་ནས་འཇུག་བདེའི་སྨིན་བྱེད་བཀླག་ཆོག་བཀྲལ། །བཀའ་གཏེར་གསེར་ཞུན་ལྟ་བུའི་ཟབ་ཆོས་ཀྱང༌། །ད་ནི་དབྱིངས་ཀྱི་ཐིག་ལེར་མནལ་ཉེ་ན། །བདག་ལྟའི་ངལ་བ་དོན་དུ་འགྱུར་དཀའ་ཡང༌། །བླ་མའི་བཀའ་དང་ལས་སྐལ་མཆོག་ལྡན་པའི། །དམ་པ་དུ་མས་གསུང་གི་དབྱུག་གུ་ཡིས། །ཡང་ཡང་བསྐུལ་ཕྱིར་བསམ་སྦྱོར་དག་ཁུལ་གྱིས། །བྲིས་འདིས་བསྟན་འགྲོའི་དགེ་མཚན་རྒྱས་པར་ཤོག །ཅེས་པའང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དངོས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་དབང་གི་རྩ་བ་ཞལ་གསལ་མེད་སྟབས་འདི་ལྟར་བྲིས་ཞེས་དབང་ཆིངས་རྩ་ཐོ་བཅས་བཀའ་ཡི་གནང་བ་བསྩལ་ན་ཡང༌། སྙིགས་མའི་རྒུད་པ་སྣ་ཚོགས་ཀྱིས་ཡིད་གདུང་བས་གཡས་ཆུང་དུ་སོང་སྐབས་དད་བརྩོན་མོས་གུས་ཆེན་པོས་ཚུལ་འདིའི་བསྙེན་སྒྲུབ་ཉམས་བཞེས་རྒྱ་ཆེར་གནང་བ་སྙིང་པོའི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་བསྐུལ་མ་སྔ་ཕྱིར་ནན་ཏན་དུ་བྱུང་བ་དང་བླ་མ་རཏྣ་རསྨི་ཡབ་སྲས། འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་མདོ་སྔགས་བསྟན་འཛིན་སོགས་དམ་པ་དུ་མས་གསུང་བསྐུལ་བཟློག་ཏུ་མ་བཏུབ་པར་མདོ་ཁམས་ཤར་གྱི་དཱ་རི་དྲ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་མདོ་སྔགས་གླིང་པར་སྒྲོ་བཏགས་ཀྱི་མིང་གིས་སྙན་པའི་ཟོག་པོ་དེས་རྟ་ཟླའི་དམར་ཕྱོགས་ཀྱི་ཚེས་ཉེར་གཅིག་འཇམ་མགོན་བླ་མའི་དུས་ཀྱི་མཆོད་པའི་ཚུལ་དུ་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་ལྟེ་བ་བདེ་ཆེན་ཆོས་གླིང་སུམ་རྩེན་ལྷ་ཡི་དགའ་ཚལ་དུ་གྲུབ་པར་བགྱིས་པ་འདིས་ཀྱང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་ཐམས་ཅད་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།། །། ཆོས་ཀྱི་བདག་པོའི་བཀའ་བཞིན་པད་བཀོད་སྒམ་སྤྲུལ་པས་ཞུ་དག་གི་སྲི་ཞུ་བྱས་པའོ།། །།}} | ༄༅། །རྨད་བྱུང་རྡོ་རྗེ་བཞི་ཡི་ཡེ་ཤེས་ཆར། །སྐལ་བཟང་རིགས་བཞིའི་ས་བོན་ལ་རེག་པས། །རྣམ་བཞིའི་རིག་འཛིན་བདེ་མྱུར་འབྲས་སྨིན་ནས། །སྐུ་བཞིའི་མཆོག་སྦྱིན་སེམས་དཔའ་རྒྱལ་གྱུར་ཅིག །རྡོ་རྗེ་ཐེག་པའི་ལམ་གྱི་སྙིང༌། །རིག་འཛིན་གྲུབ་པའི་གཤེགས་ཤུལ་ཆེ། །རིམ་པ་དབང་གི་ཐབས་ཟབ་མོ། །འཇུག་བདེའི་ཁྲིགས་སུ་བསྡེབ་ལ་སྤྲོ། །གཉགས་ལུགས་རྡོ་རྗེ་ཕུར་པའི་ཡི་དམ་ཞི་བའི་སྒྲུབ་ཐབས་རྡོ་རྗེ་སེམས་དཔའ་ཡེ་ཤེས་གསང་ཐིག་གི་དབང་བསྐུར་འབོག་ཚུལ་ལ་ལྔ་ལས། དང་པོ་ཕྱི་སྒྲུབ་ཀྱི་དབང་གི་རིམ་པ་ལ་མདུན་དུ་སྟེགས་གཙང་མར་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་བརྒྱད་ཀྱི་དབུས་སུ་རྣམ་རྒྱལ་བུམ་པ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་དང་བཅས་པ། གཡས་སུ་ནོར་བུའི་ཅོད་པན། གཡོན་དུ་སྟོད་གཡོགས་སྨད་གཡོགས་དར་དཔྱངས་དང་བཅས་པ་དངོས་སམ་རི་མོར་བྲིས་པ། རྫས་རྟགས་རྒྱལ་སྲིད་ཀྱི་ཙཀླི། དེ་རྣམས་ལ་ཉེར་སྤྱོད་བདུན་གཡས་སུ་བསྐོར་བཤམས་བྱས་པ་དང༌། སློབ་དཔོན་གྱི་མདུན་དུ་བསང་ཆུ་རྡོར་དྲིལ་སོགས་འདུ་བྱས་ལ། སྒྲུབ་ཐབས་དཀྱུས་ལྟར་སྐྱབས་སེམས་ནས་བརྩམས་ཡིག་བརྒྱའི་བཟླས་པའི་བར་བྱ། བུམ་བཟླས་ནི། ཧཱུྃ༔ རྣམ་རྒྱལ་བུམ་ནང་བདུད་རྩིའི་སྟེང༔ ཡི་གེ་བརྒྱ་པའི་སྔགས་ཕྲེང་གསལ༔ དེ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཞེས་གསལ་བཏབ། གཟུངས་ཐག་བླང་ལ་བུམ་བཟླས་བྱས་མཐར། སྔགས་ཕྲེང་འོད་ཞུ་བདུད་རྩིར་གྱུར༔ ཞེས་དམིགས། བསང་ཆུ་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་གྱུར༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄༔ ཅི་ནུས་བཟླས་མཐར། སྒྲུབ་ཐབས་གཞུང་གི ཨོཾ༔ བླ་མ་དཔལ་ལྡན་སོགས་ནས། སྡིག་ལྟུང་དག་པའི་གནང་བ་བསྩལ༔ ཅེས་པའི་བར་དང༌། ཡིག་བརྒྱ་ཚར་གཅིག་བཟླ། སྤྱི་བོར་བཞུགས་པའི་བླ་མ་རྡོ་རྗེ་སེམས་དཔའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་བྱུང་བ་རང་གི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཐིམ། དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེ་བདེ་བ་ཆེན་པོའི་ངོ་བོར་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་གྱུར། ཅེས་དབང་ལེན་བྱ། དེ་ནས་སྨིན་པར་འོས་པའི་སློབ་མ་མདུན་དུ་བོས་ལ། དྲི་བཟང་གི་ཆབ་ཀྱིས་ཁ་བཤལ་བ་དང་གཙང་མའི་སྟན་ལ་འཁོད་དེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་ཀུན་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་ཟབ་མོ་གསན་ལ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་མ་ལུས་པའི་འབྱུང་གནས། རིགས་ཐམས་ཅད་ཀྱི་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ནི་མཚན་ཐོས་པ་ཙམ་གྱིས་རྒྱུ་ཉམས་ཆག་སྡིག་ལྟུང༌། འབྲས་བུ་འཁོར་བ་དང་ངན་སོང་ཐམས་ཅད་དོང་ནས་སྤྲུགས་པར་འགྱུར་བ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། འདི་ན་མཚམས་མེད་པ་བྱས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང༌། དམ་པའི་ཆོས་ལ་སྨོད་པ་དང༌། ཉེས་པ་ཐམས་ཅད་བྱས་པ་ཡང༌། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་མཆོག་ནི་སྒྲུབ་པ་པོས། །རྡོ་རྗེ་སེམས་དཔའ་དྲན་གྱུར་པས། །ཚེ་འདི་ཉིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་དམ། དངོས་གྲུབ་དམ་པའམ། རྡོ་རྗེ་སེམས་དཔའི་དངོས་གྲུབ་བམ། དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་བར་དུ་འཐོབ་བོ། །ཞེས་འབྱུང་ངོ༌། །དེའི་སྒྲུབ་ཐབས་ཀྱང་དམ་པ་རིགས་བརྒྱ། དེ་ཉིད་རིགས་ལྔ། དཔའ་བོ་གཅིག་པ་སོགས་དཀྱིལ་འཁོར་དང་ཚོམ་བུ་གཙོ་རྐྱང་རྒྱས་བསྡུས་ཀྱི་བྱེ་བྲག་དང༌། རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲུབ་ཚུལ་གྱི་རྣམ་བཞག་དང༌། བཀའ་གཏེར་དག་སྣང་གི་རིམ་པ་མཐའ་ཀླས་པ་ལས། སྐབས་སུ་བབ་པ་འདི་ནི་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་སློབ་དཔོན་བི་མ་མི་ཏྲ་དང༌། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་བཀའ་སྲོལ་ཟུང་འཇུག་གསང་སྔགས་ཆུ་བོ་བཞིའི་བཀའ་བབ་གཉགས་ལོ་ཆེན་པོ་ཛྙཱ་ན་ཀུ་མཱ་ར་ལ་བཀའ་བབ་པའི་རྡོ་རྗེ་ཕུར་པའི་སྒྲུབ་སྡེའི་ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཡེ་ཤེས་གསང་ཐིག་གི་ཆོས་སྡེ་སྟེ། འདི་ལའང་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་སྒྲུབ་ཐབས་དང༌། དེ་རྣམས་དང་འབྲེལ་བའི་སྨིན་བྱེད་དབང་གི་རིམ་པའང་བཞི་དང་བཀའ་སྲུང་གི་རྗེས་གནང་བཅས་ལྔ་ཡོད་པ་ལས། ཐོག་མར་ཕྱི་སྒྲུབ་རྡོ་རྗེ་སེམས་དཔའ་བླ་མའི་རྣལ་འབྱོར་དང་ཟུང་དུ་འཇུག་པའི་བསགས་སྦྱོང་སྙིང་པོར་གྱུར་པའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་བསྒྲུབ་པ་ལ་ཐོག་མར་མཎྜལ་ཕུལ། བླ་མ་དང་རྡོ་རྗེ་སེམས་དཔའ་དབྱེར་མེད་པ་ལ་མི་ཕྱེད་གུས་པས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །རྒྱུད་དག་པར་བྱ་བའི་ཕྱིར་བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྐྱབས་སེམས་བསགས་སྦྱོང་གི་དམིགས་རྣམ་དང་མ་བྲལ་བས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། སྤྱི་བོར་བཞུགས་པའི་བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་རིག་པའི་ལྷ་མོས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་ཁྲུས་མཛད་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ནད་གདོན་ཐམས་ཅད་བྱང་ཞིང་དག །བླ་མ་རྡོ་རྗེ་སེམས་དཔའི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། ཨོཾ༔ བཀྲ་ཤིས་དགེ་བའི་བུམ་པ་རུ༔ ཡེ་ཤེས་བདུད་རྩི་ཆེན་པོས་གཏམས༔ སྐལ་ལྡན་སློབ་མར་ཁྲུས་བགྱིས་པས༔ དྲི་མ་ཐམས་ཅད་དག་པར་མཛོད༔ ཡིག་བརྒྱའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་པས་དབང་བསྐུར་ཞིང་ཁྲུས་བྱ། བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བས་ལུས་ཐ་མལ་གྱི་སྣང་ཞེན་སྦྱངས་ཏེ་ཁྱེད་རང་རྣམས་སྐད་ཅིག་གི་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང༌། གཡོན་པས་དྲིལ་བུ་དཀུ་ལ་བརྟེན་པ་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་འགྱིང་བ། སྐུ་ལ་དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་པར་སྤྲས་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་རབ་འབྱམས་སྤྲོ་བསྡུའི་བྱེད་པོ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་རུ་རྣམ་པར་དག་པར་མོས་མཛོད། གཉིས་པ་གསུང་བཟླས་པའི་ལུང་སྦྱིན་པ་ནི། སློབ་མ་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་རེ་ལྷག་པའི་ལྷ་ལ་ཕུལ་བའི་མོས་པས་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་ལན་གསུམ་བྱའོ། །སྤྱི་བོའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ལ་ཡི་གེ་བརྒྱ་པའི་སྔགས་ཕྲེང་མུ་ཏིག་གི་རྡོག་མ་ལྟ་བུ་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་མཐར་སྔགས་ཕྲེང་གཡས་བསྐོར་དུ་འཁོད་པས་གསུང་གི་བྱིན་རླབས་ཞུགས་པར་མོས་ལ་ཡི་གེ་བརྒྱ་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཨ་སུ་ནྲྀ་ཏྲི་པྲེ་དུཿསརྦ་པཱ་པཾ་ཀླེ་ཤ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱཿལན་གསུམ། དེ་ཉིད་བརྟན་པར་བྱ་བའི་ཕྱིར་སྔགས་ཀྱི་ཕྲེང་བས་དབང་བསྐུར་བར་མོས་མཛོད། སྔགས་བྱང་ཐོགས་ལ། ཟབ་ཅིང་གསང་བ་རྡོ་རྗེའི་སྒྲ། །རྨད་བྱུང་སྔགས་ཀྱི་འཕྲུལ་ཆེན་པོས། །དོན་གཉིས་ཡིད་བཞིན་བྱེད་ནུས་པའི། །རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ། འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་འཁོར་ལོར་དག་པའི་དབང་ཐོབ་པའོ། །གསུམ་པ་ཐུགས་ཡེ་ཤེས་ཀྱི་དབང་ལ། ལྷ་སྔགས་ཀྱི་སྣང་ཆ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་དབྱིངས་ཀྱི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་བསྟན་ལ། ཧཱུྃ། ཆོས་ཀུན་དེ་ཉིད་ཀློང་ཡངས་ལས། །མ་འགག་ཐབས་ཀྱི་སྣང་བ་ཤར། །ཟུང་འཇུག་སྒྱུ་མའི་བརྡ་འདི་ཡིས། །སྤྲོས་བྲལ་ཐུགས་ཀྱི་དབང་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། འཁོར་འདས་ཀྱི་རྟོགས་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་གཉིས་སུ་མེད་པའི་ཡེ་ཤེས་ཐུགས་ཀྱི་འཁོར་ལོར་དག་པའི་དབང་ཐོབ་པའོ། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་ཕན་པ་དང་ནུས་པའི་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསུམ་པ་གསང་བ་ཟབ་མོའི་དབང་ལ་གསུམ་ལས། དང་པོ་གསང་བའི་དབང་གི་སླད་དུ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པར་མོས་མཛོད། ཧཱུྃ༔ བདེ་སྟོང་རོལ་པའི་བྱང་ཆུབ་སེམས༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ གཉིས་མེད་མཉམ་པའི་ཡེ་ཤེས་རྒྱུན༔ གཙང་དམེ་མེད་པར་རོལ་བར་གྱིས༔ ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། དཀྱིལ་འཁོར་པའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་བྱོན་ནས་རང་ལ་འཁྱུད་པར་མོས་ཤིག ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ དཔེ་ཡི་ཐབས་ཀྱིས་མངོན་བྱེད་པའི༔ བཅུ་དྲུག་དགའ་སྦྱིན་སྒྱུ་མ་ཆེ༔ སྒྱུ་མའི་རོལ་པས་སྤྱོད་ཅིག་བུ༔ ཨོཾ་ཨཱཿཧཱུྃ་པདྨ་བྷཉྫ་མོཀྵ་ཧོཿ ཞེས་རིག་ཙཀ་གཏད། དེ་དང་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་འཁྱུད་རྒྱ་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་སྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསུམ་པ་དབང་བཞི་པའི་སླད་དུ་ཤེལ་དང་མེ་ལོང་གི་བརྡས་མཚོན་པའི་རང་བྱུང་གི་ཡེ་ཤེས་རིག་སྟོང་ཟུང་འཇུག་དེ་ཁོ་ན་ཉིད་ཀྱི་ངང་ལ་བློ་བཞག་ནས། ཤེལ་དང་མེ་ལོང་འཕྱར་ལ། ཧཱུྃ༔ སྟོང་གསལ་རིག་པ་ཡེ་ཤེས་སེམས༔ ཀུན་ཁྱབ་རྡོ་རྗེའི་ཁམས་ཆེན་པོ༔ རང་རིག་ཐིག་ལེ་གཉིས་མེད་པས༔ ཆོས་དབྱིངས་གནས་ལུགས་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨཿ དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །སླར་ཡང་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་ཤིས་པ་བརྗོད་པའི་བདེན་ཚིག་གི་གླུ་དང་མེ་ཏོག་གི་ཆར་སིལ་མ་བསྙིལ་བས་དགེ་ལེགས་རྟག་བརྟན་གྱི་སྣང་བ་དམ་པས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་མོས་མཛོད། ཧཱུྃ༔ རིག་འཛིན་བླ་མས་བྱིན་བརླབས་ནས༔ དགོངས་བརྒྱུད་རྟོགས་པའི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཡིས་རྗེས་བཟུང་སྟེ༔ དངོས་གྲུབ་དབང་ཐོབ་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་ཀྱིས༔ ས་ལམ་མཐར་ཕྱིན་བཀྲ་ཤིས་ཤོག༔ འདོད་རྒུ་ལྷུན་གྱིས་གྲུབ་པ་ཡི༔ དགེ་ལེགས་རྟག་བརྟན་བཀྲ་ཤིས་ཤོག༔ དེ་དག་གིས་རྡོར་སེམས་རིགས་ལྔ་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཆིག་རྫོགས་སུ་གྲུབ་པ་ཡིན་པས། དེ་དག་གི་དམ་ཚིག་གནང་བཀག་གི་རིམ་པ་ལས་མི་འདའ་བར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་གཏང་རག་གི་མཎྜལ་ལུས་འབུལ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྲོལ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ཕྲིན་ལས་གཞུང་གི་ལྷག་མ་ནས་བརྩམས་རྗེས་ཀྱི་ལས་རིམ་རྣམས་མཐའ་རྒྱས་སུ་བྱའོ། །ལྔ་པ་བཀའ་སྲུང་སྔགས་ཀྱི་སྲུང་མའི་རྗེས་གནང་བྱ་ཚུལ་ནི། རྡུལ་ཚོན་གྱི་ཆོས་འབྱུང་མཐིང་ག་མེ་རིས་བསྐོར་བའམ། མ་འབྱོར་ན་མཎྜལ་ལ་འབྲུ་ནག་གི་ཚོམ་བུ་གཅིག་བཀོད་པའི་སྟེང༌། མཉྫིར་ལྕགས་སམ་བྷནྡྷའི་སྣོད་དུ་དམར་གཏོར་གྲུ་གསུམ་རྒྱན་སྤྲོས་ཅན་གྱི་རྩེར་སྐུ་ཙཀ་དང་དར་གདུགས་ཀྱིས་སྤྲས་པར་ཤ་ཁྲག་མཐུན་རྫས་ཀྱིས་བརྒྱན་པ་དང༌། འབུལ་གཏོར། ཉེར་སྤྱོད། སྨན་རཀ་སོགས་ཀྱང་བཤམས། དབང་སྔ་མ་རྣམས་དང་མ་འབྲེལ་ན། བདག་གི་རྣལ་འབྱོར་མདོར་བསྡུས་སྔོན་དུ་འགྲོ་བས། སྲུང་མའི་ཕྲིན་ལས་དང་བཟླས་པ་ཅུང་ཟད་བྱས་ལ། མཆོད་བསྟོད་མདོར་བསྡུས་གྲུབ་རྗེས་གནང་བ་ཞུ། སློབ་མ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམས་ནས། དེ་ཡང་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་འགལ་རྐྱེན་སྲུང་བ་དང༌། མཐུན་རྐྱེན་སྒྲུབ་པའི་གྲོགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་དམ་ཅན་སྲུང་མ་ཁྱད་པར་ཅན་བརྟེན་པ་གལ་ཆེ། དེ་ལའང་ཡེ་ཤེས་དང༌། ལས་དང༌། འཇིག་རྟེན་གྱི་ཚུལ་འཛིན་པའི་ཆོས་སྐྱོང་རྒྱུད་གསུམ་དུ་གཏོགས་པ་དུ་མ་ཞིག་བཞུགས་པ་ལས་སྐབས་སུ་བབས་པ་འདི་ནི། གཞུང་ལས། འདི་ནི་དབྱིངས་ཀྱི་རྗེ་མོ་སྟེ༔ ཐུགས་རྗེ་རིག་རྩལ་མ་མོའི་གཙོ༔ ཨ་ཏིའི་བསྟན་སྲུང་རྒྱལ་མོ་སྟེ༔ ཉམས་རྟོགས་ས་ལམ་གྲོགས་སུ་བྱེད༔ བསྒྲུབ་པས་འདོད་པའི་ལས་སྒྲུབ་མ༔ རྣོ་མྱུར་ཟབ་ཁྱད་གཞན་ལས་འཕགས༔ ཀུན་མཐུན་ཀུན་ལས་ཁྱད་པར་ཆོས༔ ངོ་མཚར་གསང་བའི་སྲུང་མ་ཡི༔ མཆོད་བྱང་སྙིང་པོའི་ཡང་ཏིག་འདི༔ འོད་ཀྱི་ལུས་ཅན་བི་མ་ལས༔ སྔགས་སྲུང་ཁྲོས་མའི་རྒྱུད་ལས་བཏུས༔ ཟབ་ཆོས་མཆོག་གི་སྲུང་མ་རུ༔ གཏད་རྒྱས་བཏབ་བཞིན་སྣང་གྱུར་ཅིག༔ ཀུན་ལ་མ་སྤེལ་ཟབ་རྒྱ་ཐཾ༔ ཞེས་གསུངས་པ་ལྟར་ཆོས་དབྱིངས་སྟོང་པ་ཆེན་པོའི་ཀློང་ན་འཁོར་འདས་ཐམས་ཅད་ཀྱི་བསྐྱེད་གཞི་དཔལ་ཀུན་ཏུ་བཟང་མོ་བདེ་ཆེན་ཧེ་རུ་ཀཿདཔལ་གྱི་གསང་བའི་ཡུམ་གཅིག་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ། འཁོར་འདས་ཐམས་ཅད་མཁའ་ཀློང་དབྱིངས་གསུམ་དུ་འབྱེད་སྡུད་ཀྱི་བྱེད་པོ་མ་མོ་ཨེ་ཀ་ཛཱ་ཊི། སྟེང་ཕྱོགས་ལྷ་ཡི་ཡུལ་ན་དུས་གསུམ་རྒྱལ་བའི་བསྟན་པ་སྲུང་བའི་ལྷ་མོ་འདོད་ཁམས་དབང་ཕྱུག་མ་སོགས་མཚན་དང་སྐུ་ཡི་བཀོད་པ་བསམ་ལས་འདས་ཤིང༌། དེང་འདིར་དཔལ་རྡོ་རྗེ་སེམས་དཔའ་ཡེ་ཤེས་གསང་ཐིག་གི་བཀའ་ཡི་སྲུང་མར་བྱོན་པའི་སྔགས་སྲུང་ཨེ་ཀ་ཛཱ་ཊིའི་རྗེས་གནང་འབུལ་བའི་སྐབས་སུ་བབ་པས་དེ་ཉིད་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དོན་དམ་དབྱིངས་ནས་མ་གཡོས་ཀྱང༔ འགྲོ་བ་འདུལ་ཕྱིར་སྤྲུལ་པའི་སྐུ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཡི༔ རྗེས་སུ་གནང་བ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་སྦྱང་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་ཁྱེད་རང་རྣམས་གཉེན་པོ་སྟོབས་ཀྱི་ལྷ་དཔལ་ཆེན་པོའི་སྐུ་འདི་ལྟར་སྒོམས་མཛོད། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་པདྨ་དང་ཉི་མ་དྲེགས་པ་ཁྱོ་ཤུག་བསྣོལ་བའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཉི་མ་འབུམ་གྱི་གཟི་བརྗིད་ཅན་ཞལ་གཅིག་ཕྱག་གཉིས་པ་ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན། རྡོ་རྗེ་དང་དུང་ཁྲག་འཛིན་པ། རང་སྣང་གི་ཡུམ་དང་བཅས་པ་དཔལ་དང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན་ཏེ། ཞབས་གཉིས་གྱད་ཆེན་པོའི་སྟབས་སུ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་གྱི་ཡི་གེ་ལས་བྱུང་བའི་འོད་ཟེར་གྱིས་དཔལ་ཆེན་པོའི་ཡེ་ཤེས་ཀྱི་འཁོར་ལོ་སྤྲིན་ཆར་དྲག་ཏུ་འབབ་པ་བཞིན་སྤྱན་དྲངས་ནས་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་མཛོད། རུ་ལུའི་མཐར། ཛྙཱ་ན་ཨ་བེ་ཤ་ཡ་བཏགས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། རྗེས་གནང་དངོས་ལ། དང་པོ་སྐུ་ཡི་རྗེས་སུ་གནང་བའི་སླད་དུ། མདུན་གྱི་གཏོར་མ་འདི་ཉིད་འདི་ལྟར་གསལ་ཐོབ་མཛོད། ཨེཿ ཆོས་དབྱིངས་མཐིང་ནག་སོགས་ནས་བསྟོད་པའི་བར་བཏང་ལ། གཏོར་མ་ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པར་གསལ་བའི་སྐུ་ལས་འོད་ཟེར་མེ་ལྕེའི་ཕྲེང་བ་ལྟ་བུ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་དང་དངོས་གྲུབ་ཐོགས་མེད་དུ་འགྲུབ་པར་མོས་མཛོད། གཏོར་མ་དཔྲལ་བར་བཞག་ལ། ཨོཾ་མ་མ་ཏྲག་རཀྴ་ཨེ་ཀ་ཛཱ་ཊི་བྷྱོ་ཧཱུྃ་ཛ་ཛཿ ཀཱ་ཡ་སརྦ་ཀརྨ་ཀུ་རུ་ཧོཿ སྤོས་རོལ་དང་བཅས་བྱིན་དབབ། གཉིས་པ་གསུང་གི་རྗེས་སུ་གནང་བའི་སླད་དུ། མདུན་བསྐྱེད་མ་མོའི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲཀ་ཡིག་གི་མཐར་གནས་པའི་སྔགས་ཕྲེང་ལས་ཡིག་འབྲུ་མེ་ཡི་ཟེགས་མ་ཅན་བར་མ་ཆད་དུ་དམར་ནར་གྱིས་བྱུང༌། ཞལ་ནས་ཐོན། བདག་ཉིད་ལྷར་གསལ་བའི་ལྟེ་བ་ནས་ཞུགས། གསུང་གི་བྱིན་རླབས་དང་དངོས་གྲུབ་ཐོགས་མེད་དུ་འགྲུབ་པར་མོས་མཛོད། གཏོར་མ་མགྲིན་པར་བཞག་ལ། ཨོཾ་མ་མ་ཏྲཀ་རཀྴ་ཨེ་ཀ་ཛཱ་ཊི་ཧཱུྃ་བྷྱོ་ཛ་ཛཿ ཝཱཀ་སརྦ་ཀརྨ་ཀུ་རུ་ཧོཿ སྤོས་རོལ་དང་བཅས་བྱིན་དབབ། གསུམ་པ་ཐུགས་ཀྱི་རྗེས་གནང་གི་སླད་དུ། མདུན་བསྐྱེད་མ་མོའི་ཐུགས་ཀ་ནས་ཏྲག་ཡིག་སྨུག་ནག་དང་ཙིཏྟ་འཕྲོས། རང་གི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོགས་མེད་དུ་འགྲུབ་པར་མོས་མཛོད། གཏོར་མ་སྙིང་གར་བཞག་ལ། ཨོཾ་མ་མ་ཏྲཀ་རཀྴ་ཨེ་ཀ་ཛཱ་ཊི་ཧཱུྃ་བྷྱོ་ཛ་ཛཿ ཙིཏྟ་སརྦ་ཀརྨ་ཀུ་རུ་ཧོཿ སྤོས་རོལ་དང་བཅས་བྱིན་དབབ། གཙོ་འཁོར་ཡོངས་རྫོགས་ཀྱི་བཀའ་གཏད་པའི་ཕྱིར། སློབ་དཔོན་དཔལ་ཆེན་པོའི་ང་རྒྱལ་ལ་གནས་པས་གཏོར་མ་མ་མོ་འཁོར་བཅས་གསལ་བ་ལ་ཐ་ཚིག་གཉན་པོ་བསྒྲགས་པས་མ་མོ་འཁོར་བཅས་དམ་ལ་འདུས་ཏེ། ཇི་ལྟར་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་མོས་མཛོད། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོར་སེམས་རིགས་ལྔ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སིངྷ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མ་མི་ཏྲ། སློབ་དཔོན་རྡོ་རྗེ་ཧཱུྃ་མཛད། གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། དགེ་སློང་ནམ་མཁའི་སྙིང་པོ། ལོ་ཆེན་བཻ་རོ་ཙ་ན། གཉགས་ཆེན་ཡེ་ཤེས་གཞོན་ནུ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ། བཀའ་བབ་ཀློང་ཆེན་ནམ་མཁའ་འོད་གསལ། འཇམ་མགོན་ཆོས་ཀྱི་བློ་གྲོས་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་ལས་མ་འདའ་བར་དཔལ་ཡེ་ཤེས་ཀྱི་མ་མོ་སྨུག་ནག་ཁྲོས་མའི་རྒྱལ་མོ་སྔགས་སྲུང་ཨེ་ཀ་ཛཱ་ཊི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པའི་མ་མོ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་པ་རྣམས་ལ་གཉེར་དུ་གཏད་པའི་རྡོ་རྗེའི་སློབ་མ་འདི་རྣམས་ལ་དུས་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་མི་འབྲལ་བར་ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེས་རྟག་ཏུ་སྐྱོངས་ལ་འགལ་རྐྱེན་ཐམས་ཅད་སོལ། མཐུན་རྐྱེན་ཐམས་ཅད་སྤེལ། རྟེན་འབྲེལ་ལེགས་དགུར་སྒྲིགས། ཉམས་དང་རྟོགས་པ་སྤེལ། དངོས་གྲུབ་དང་ཕྲིན་ལས་སྒྲུབས། སངས་རྒྱས་ཀྱི་བསྟན་པ་སྲུངས། བསྟན་འཛིན་གྱི་སྐྱེས་བུ་སྤེལ། མདོར་ན་རང་གཞན་གྱི་དོན་གཉིས་འདོད་དགུའི་ཕྲིན་ལས་རབ་འབྱམས་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ས་མ་ཡ་རཀྵནྟུ་ཞེས་བརྗོད། བརྒྱུད་འཛིན་དང་དམ་ཚིག་ཐུབ་པ་ཡིན་ན་གཏོར་མ་བདུད་རྩིས་བཤལ་ལ་སྦྱིན། སྤྱི་ཙམ་དུ་གཏོར་མས་བཀའ་བསྒོས་པས་འཐུས། རྗེས་ཤིས་བརྗོད་དང༌། དམ་ཚིག་ཁས་བླང༌། གཏང་རག་ཡོན་འབུལ། དགེ་བསྔོ་སོགས་སྤྱི་ལྟར་བྱའོ། །བསྒྲུབ་བྱ་རྨད་བྱུང་ཁྱབ་བདག་རྡོ་རྗེ་སེམས། །ཕྱི་ནང་གསང་སོགས་སྒྲུབ་ཚུལ་སྙིང་པོའི་ལམ། །མཁས་གྲུབ་གོང་མའི་གསུང་གི་སྣང་བ་ལ། །བརྟེན་ནས་འཇུག་བདེའི་སྨིན་བྱེད་བཀླག་ཆོག་བཀྲལ། །བཀའ་གཏེར་གསེར་ཞུན་ལྟ་བུའི་ཟབ་ཆོས་ཀྱང༌། །ད་ནི་དབྱིངས་ཀྱི་ཐིག་ལེར་མནལ་ཉེ་ན། །བདག་ལྟའི་ངལ་བ་དོན་དུ་འགྱུར་དཀའ་ཡང༌། །བླ་མའི་བཀའ་དང་ལས་སྐལ་མཆོག་ལྡན་པའི། །དམ་པ་དུ་མས་གསུང་གི་དབྱུག་གུ་ཡིས། །ཡང་ཡང་བསྐུལ་ཕྱིར་བསམ་སྦྱོར་དག་ཁུལ་གྱིས། །བྲིས་འདིས་བསྟན་འགྲོའི་དགེ་མཚན་རྒྱས་པར་ཤོག །ཅེས་པའང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དངོས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་དབང་གི་རྩ་བ་ཞལ་གསལ་མེད་སྟབས་འདི་ལྟར་བྲིས་ཞེས་དབང་ཆིངས་རྩ་ཐོ་བཅས་བཀའ་ཡི་གནང་བ་བསྩལ་ན་ཡང༌། སྙིགས་མའི་རྒུད་པ་སྣ་ཚོགས་ཀྱིས་ཡིད་གདུང་བས་གཡས་ཆུང་དུ་སོང་སྐབས་དད་བརྩོན་མོས་གུས་ཆེན་པོས་ཚུལ་འདིའི་བསྙེན་སྒྲུབ་ཉམས་བཞེས་རྒྱ་ཆེར་གནང་བ་སྙིང་པོའི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་བསྐུལ་མ་སྔ་ཕྱིར་ནན་ཏན་དུ་བྱུང་བ་དང་བླ་མ་རཏྣ་རསྨི་ཡབ་སྲས། འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་མདོ་སྔགས་བསྟན་འཛིན་སོགས་དམ་པ་དུ་མས་གསུང་བསྐུལ་བཟློག་ཏུ་མ་བཏུབ་པར་མདོ་ཁམས་ཤར་གྱི་དཱ་རི་དྲ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་མདོ་སྔགས་གླིང་པར་སྒྲོ་བཏགས་ཀྱི་མིང་གིས་སྙན་པའི་ཟོག་པོ་དེས་རྟ་ཟླའི་དམར་ཕྱོགས་ཀྱི་ཚེས་ཉེར་གཅིག་འཇམ་མགོན་བླ་མའི་དུས་ཀྱི་མཆོད་པའི་ཚུལ་དུ་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་ལྟེ་བ་བདེ་ཆེན་ཆོས་གླིང་སུམ་རྩེན་ལྷ་ཡི་དགའ་ཚལ་དུ་གྲུབ་པར་བགྱིས་པ་འདིས་ཀྱང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་ཐམས་ཅད་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།། །། ཆོས་ཀྱི་བདག་པོའི་བཀའ་བཞིན་པད་བཀོད་སྒམ་སྤྲུལ་པས་ཞུ་དག་གི་སྲི་ཞུ་བྱས་པའོ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 09:11, 1 June 2024
🚧 This website is under continued development. We appreciate your patience!
Wylie title | snyan brgyud snying gi gsang mdzod las/ yi dam zhi ba rdo rje sems dpa'i phyi nang gsang ba yang gsang bka' srung dang bcas pa'i dbang gi rim pa dkyus gcig tu bkod pa rdo rje'i ye shes mchog sbyin | |
---|---|---|
Location | dil mgo mkhyen brtse bka' 'bum Volume 20, Text 5, Pages 76-115 (Folios 1a to 40b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Snyan brgyud snying gi gsang mdzod las yi dam zhi ba rdo rje sems dpa'i phyi nang gsang ba yang gsang bka' srung dang bcas pa'i dbang gi rim pa dkyus gcig tu bkod pa rdo rje'i ye shes mchog sbyin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 76-115. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rdo rje sems dpa' | |
Colophon |
| |
|