སྙན་བརྒྱུད་སྙིང་གི་གསང་མཛོད་ལས། །གཉགས་ལུགས་རྡོ་རྗེ་ཕུར་པའི་ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཡེ་ཤེས་གསང་ཐིག་གི་རྣམ་བཤད་གསང་ཆེན་བདུད་རྩིའི་ཉིང་ཁུ།

From Khyentse Lineage - A Tsadra Foundation Project
DKR-KABUM-20-WA-006
Wylie title snyan brgyud snying gi gsang mdzod las/ /gnyags lugs rdo rje phur pa'i yi dam zhi ba rdo rje sems dpa'i sgrub thabs ye shes gsang thig gi rnam bshad gsang chen bdud rtsi'i nying khu DKR-KABUM-20-WA-006.pdf
Location dil mgo mkhyen brtse bka' 'bum
Volume 20, Text 6, Pages 116-151 (Folios 1a to 36a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Snyan brgyud snying gi gsang mdzod las gnyags lugs rdo rje phur pa'i yi dam zhi ba rdo rje sems dpa'i sgrub thabs ye shes gsang thig gi rnam bshad gsang chen bdud rtsi'i nying khu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 116-151. Delhi: Shechen Publications, 1994.
Genre Contemplative Guide Books and Instructional Manuals - khrid yig
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
Colophon

།འཕྲོ་ལུས། སརྦ་མངྒ་ལཾ། དགེའོ།།

/'phro lus/__sarba mang+ga laM/_dge'o//

[edit]
༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། །གཉགས་ལུགས་རྡོ་རྗེ་ཕུར་པའི་ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཡེ་ཤེས་གསང་ཐིག་གི་རྣམ་བཤད་གསང་ཆེན་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས། །


༄༅། །མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི། །ཁྱབ་བདག་རྡོ་རྗེའི་ཡེ་ཤེས་ནམ་མཁའི་སྐུ། །མི་ཕྱེད་སེམས་མཆོག་ཆེས་དཔའ་ལྷག་པའི་ལྷ། །དབྱེར་མེད་རྡོ་རྗེ་དབང་མཆོག་སྤྱི་བོས་བཏུད། །བཀའ་གཏེར་ཟབ་གསང་རྒྱུ་སྐར་རྣམ་བཀྲ་བའི། །མདངས་མཛེས་སྙན་བསྒྱུར་ནམ་མཁའི་ཐིག་ལེའི་བཅུད། །སྐལ་བཟང་ཀུ་མུཏ་ཟེའུ་འབྲུར་ཆགས་པ་ཡི། །ཆོས་ཀྱི་ཟབ་དོན་དད་ལྡན་དཔལ་དུ་དབྱེ། །དེ་ལ་འདིར་གསང་ཆེན་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་རྒྱུད་སྡེ་བཞི་འབྲེལ་གྱི་ཕྱི་ནང་གསང་སྒྲུབ་ཀྱི་ཟབ་དོན་རྣམ་པར་དབྱེ་བ་ལ་གཉིས། རང་བྱུང་རྒྱུད་ཀྱི་དགོངས་དོན་བཤད་པས་བསྒྲུབ་བྱ་མདོར་བསྟན། ཕྱི་ནང་གསང་བ་བླ་མེད་ཀྱི་དབང་དང་སྒྲུབ་ཐབས་རྒྱས་པར་བཤད་པས་སྒྲུབ་བྱེད་ཀྱི་ལམ་རྣམ་པར་དབྱེ་བའོ། །དང་པོ་ལའང་གསུམ། ཐོག་མར་དགེ་བ་མཚན་དོན་བཤད་པས་མདོར་བསྟན། བར་དུ་དགེ་བ་རྒྱུད་དོན་མཐར་ཆགས་སུ་རྒྱས་པར་བཤད། ཐ་མ་དགེ་བ་རྫོགས་ཚིག་གི་མཇུག་བསྡུ་བས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་སྒྲུབ་པའོ། །དང་པོ་ནི། རྒྱ་གར་སྐད་དུ༔ བཛྲ་སཏྭ་དྷཱ་ཏུ་ཏནྟྲ༔ བོད་སྐད་དུ༔ རྡོ་རྗེ་སེམས་དཔའ་རང་བྱུང་གི་རྒྱུད༔ ཅེས་པའི་དོན་རྒྱུད་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །འདི་ནི་ཤེས་རབ་རིག་པ་ཡིས། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །ཅེས་གསུངས་པ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ་རྣམ་ཐར་སྒོ་གསུམ་དང་འདུ་འབྲལ་མེད་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གང་ལ་འཁོར་འདས་གཉིས་སུ་དབྱེར་མི་ཕྱེད་པའི་གཤིས་ལུགས་གང༌། ཐབས་བདེ་བ་ཆེན་པོ་རང་རིག་པ་བྱང་ཆུབ་སེམས་དང་གཉིས་སུ་མེད་པའི་ཀུན་ཁྱབ་ཐུགས་རྗེའི་གོ་ཆ་ཆེས་དཔའ་བ་སྟེ། ཡེ་ཐོག་གཞི་ཡི་རྡོ་རྗེ་སེམས་དཔའ་དེ་རྒྱུ་རྐྱེན་རྟེན་འབྲེལ་གང་གིས་ཀྱང་མ་བྱས་པའི་རང་བྱུང་གསང་བ་ཆེན་པོ་སྟེ། དེ་ཉིད་མ་རྟོགས་པའི་གང་ཟག་རྣམས་ལ་བརྗོད་བྱེད་སྒྲ་ཡི་རྒྱུད་ཡི་གེའི་རྣམ་པར་བསྟན་པ་སྟེ་རྒྱུད་ཀྱི་མཚན་ལའང་འཇུག་པ་སྟེ། བརྗོད་བྱ་དོན་གྱི་རྒྱུད་གཞི་ལམ་འབྲས་གསུམ་གང་གི་སྐབས་སུའང་རང་བཞིན་གྱིས་རྣམ་པར་དག་པས་བཏགས་པ་རྡོ་རྗེ་སེམས་དཔའ་དང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་སྤང་བླང་མེད་ན་མཉམ་པ་ཉིད་གཅིག་ཏུ་བཟླུམས་པས་བསྡུས་པ་རྡོ་རྗེ་སེམས་དཔའ། གནས་ལུགས་དེ་སྐྱེས་བུས་མངོན་དུ་བྱས་པ་རྡོ་རྗེ་སེམས་དཔའ་གསུམ་དུ་དབྱེ་བའི་དོན་གང་ཞིག །དངོས་ཀྱི་འཁོར་རྣམས་ལ་རྒྱུད་དོན་ཡེ་ཤེས་རྣམ་འཕྲུལ་དུ་སྣང་བ། མ་འོངས་པའི་གདུལ་བྱ་རྣམས་ཀྱི་རྒྱུད་ལའང་སྒྲ་སྤྱི་ལྟར་སྣང་བའི་རྒྱུད་དང༌། དངོས་དང་མཐུན་པ་སྐྱེས་བུའི་རྣམ་རིག་དང་གནས་དང་བྱེད་པས་མིང་ཚིག་ཡི་གེ་སྒྲར་གྲགས་པའི་རྒྱུད་བརྗོད་པའི་རྟེན་ཡི་གེའི་གཟུགས་ཀྱི་གླེགས་བམ་དང་བཀོད་པ་བརྡར་གྱུར་པའི་རྒྱུད་དུ་དབྱེ་ཡང་དོན་ཐབས་ཀྱི་ཟིན་མ་ཟིན་འཁོར་འདས་སུ་སྣང་བ་རྟོགས་བྱ་གཞི་རྒྱུད། གློ་བུར་དྲི་མ་སྦྱོང་བ་རྟོགས་བྱེད་ལམ་རྒྱུད། རྟོགས་པ་མཐར་ཕྱིན་པ་རྟོགས་བྱ་འབྲས་བུའི་རྒྱུད་གང་ཡིན་ཀྱང་དོན་གཅིག་རྒྱུན་ཆགས་དང་རྒྱུད་ཅེས་བཏགས་པ་སྟེ། ཡེ་ཤེས་རང་སྣང་གི་སྟོན་འཁོར་ཕུན་སུམ་ཚོགས་པ་ལྔས་རྟག་པ་རྒྱུན་གྱི་ཆོས་འཁོར་ལས། ཐུགས་རྗེ་ཡུལ་ལ་འཇུག་པས་གཞན་སྣང་དུ་སྒྲ་ཚིག་ཡི་གེའི་རྣམ་པར་རྡོ་རྗེ་སེམས་དཔའ་རང་བྱུང་གི་རྒྱུད་དང༌། ལུང་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས། མན་ངག་དབང་བསྐྱེད་རྫོགས་དང་བཅས་པ་ཡེ་ཤེས་གསང་བའི་ཐིག་ལེ་ཞེས་བསྟན་པ་ཕྱིའི་གླེང་གཞི་དང༌། ཕྱི་ནང་གཞན་གསུམ་གྱི་དག་པ་སྦྱར་བའི་སྐབས་རྒྱ་གར་གྱི་ཡུལ་དབུས་རྡོ་རྗེ་གདན་ནི་སྙིང་དབུས་མི་ཤིགས་པའི་ཐིག་ལེ་སྟེ། དེར་རང་བྱུང་ཡེ་ཤེས་རྡོ་རྗེ་རྡུལ་བྲལ་ནམ་མཁའ་ལྟ་བུའི་དབྱིངས་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་གོ་སྐབས་མི་ཕྱེད་པའི་སེམས་ཀྱི་རྡོ་རྗེ་ཆེས་ཆེར་དཔའ་བ་ལ་ཕུན་ཚོགས་ལྔ་རང་བྱུང་ལྷུན་གྲུབ་ཏུ་བཞུགས་པ་ཡང་གསང་དོན་གྱི་གླེང་གཞི་དང༌། རྡོ་རྗེའི་ལུས་ལ་གནས་ཡུལ་གྱི་བཀོད་པ་ལྷུན་རྫོགས་སུ་བཤད་སྐབས་བོད་ཡུལ་ནི་བདེ་བ་ཆེན་པོ་ཆོས་ཀྱི་འབྱུང་གནས་ཏེ་དེ་ལ་ཐབས་ཤེས་སྦྱོར་བའི་ཞུ་བདེའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་དེ་ཉིད་མངོན་དུ་བྱེད་པའི་གསང་བ་ཟབ་མོ་ཡང་བོད་སྐད་དུ་རྒྱུད་ཀྱི་མཚན་སྨོས་པས་གོ་བ་གསང་བའི་གླེང་གཞི་སྟེ། དེ་དག་གི་དགོངས་དོན་རྟོགས་གོམས་ཀྱི་རྒྱུད་དོན་མངོན་དུ་བྱེད་ནུས་པས་གླེང་བསླངས་ཀྱང་ཤུག་འབྱུང་དུ་བསྟན་པའོ། །གཉིས་པ་ཞར་བྱུང་ཕྱག་གི་དོན་ནི། མཉམ་ཉིད་དབྱིངས་སུ་བདུད་བཞི་ངང་གིས་བཅོྃམ། །ཕྱག་རྒྱ་རང་བཞིན་ཚོགས་གཉིས་རྫོགས་པར་ལྡནྃ། །ཡོད་མེད་མཐའ་འདྃས་བདག་གཞན་ཡོངས་ཀྱི་དཔལ། །ཐམས་ཅད་རང་བཞིན་རྟོགས་སྤང་ཐུགས་རྗེ་བཟང༌། །ཀུན་བཟང་ལྷ་ཡི་ལྷ་ཁྱོད་དབྱེར་མེད་ལྃ། །རྟོགས་དང་གྲུབ་པས་རབ་ཏུ་ཕྱགྃ་འཚྃལ་ལོྃ། །ཞེས་པའི་དོན་ནོ། །གཉིས་པ་བར་དུ་དགེ་བ་རྒྱུད་དོན་མཐར་ཆགས་སུ་བཤད་པ་ལ་མདོར་བསྟན་དང༌། རྒྱས་བཤད་གཉིས། དང་པོ་ལ་བརྗོད་བྱ་དོན་གྱི་རྒྱུད་མདོར་བསྟན་པ་དང༌། རྗོད་བྱེད་ཚིག་གི་རྒྱུད་མདོར་བསྟན་པ་གཉིས་ལས། དང་པོ་ནི། འཁོར་འདས་ཀྱི་ཆོས་ཉིད་ཀྱི་གནས་ལུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་གཟུང་འཛིན་མཚན་རྟོག་གིས་གཉིས་སུ་མི་ཕྱེད་པའི་རྡོྃ་རྗེྃ་ཞེས་རྒྱུ་རྐྱེན་གང་གིས་ཀྱང་མིྃ་ཤིགྃས་པ་ཆོས་ཀྱི་དབྱིངྃས་ཀྱིྃ་ངངྃ་དུ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སེམྃས་དཔྃའ་བདེྃ་བ་ཆེྃན་པོ་སོ་སོ་རང་རིགྃ་པྃའི་སྤྱོད་ཡུལ་ཅན་དང་དབྱེར་མི་ཕྱེད་པ་དུས་རྣམ་ཀུན་ཏུ་འཕེལ་འགྲིབ་མེད་པར་བཞུགས་པ་ནི་ངེས་པ་དོན་གྱི་ལྷྃ་སྟེྃ། དེས་ན་སྤྱིར་ཤེས་རབ་སྟོང་པ་ཉིད་དང་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་གཉིས་ཟུངྃ་དུ་འཇུགྃ་པ་ནི་ངེས་དོན་སྒྱུྃ་འཕྲུལྃ་དྲྭྃ་བྃ་སྟེ། རྡོ་རྗེ་ལས། ཐབས་དང་ཤེས་རབ་འབྲེལ་བའི་དོན། །ཞེས་གསུངས། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་མཐར་ཐུག་གི་དགོངས་པ་མ་ནོར་བ་ཡིན་པས་མདོ་རྒྱུདྃ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུང་རྣམྃས་ཀུནྃ་གྱིྃ་འཕྲོ་གཞི་རྩྃ་བྃའམ་སྙིང་པོ་མཐར་ཐུག་པྃའོ། །གཉིས་པ་རྗོད་བྱེད་ཚིག་གི་རྒྱུད་དོན་མདོར་བསྟན་པ་ནི། མདོ་ལས། ཚིག་བྲལ་ངག་གི་ལམ་གྱིས་མི་མཚོན་པའི། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རྣམ་སྤངས་བ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་གསུངས་པ་ལྟར་སངས་རྒྱས་འཕགས་པའི་མཉམ་བཞག་གི་ཡེ་ཤེས་དེ་གདུལ་བྱ་རྣམས་ཀྱིས་རྟོགས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་གནས་ལུགས་དེྃ་ཉིདྃ་ཐབས་ཤེས་དབྱངས་གསལ་གྱི་ཡི་གེའི་སྤྲིན་གྱིས་གཞི་ལམ་འབྲས་བུའི་བརྗོྃད་བྱརྃ་སྣངྃ་བྃ་སྟེ་སྙིང་པོའི་རྒྱུད་ལས། ཆོས་རྣམས་མིང་དུ་བཏགས་པ་ཙམ། །སྟོན་པས་དོན་དང་མཐུན་ཕྱོགས་སུ། །མིང་དང་ཚིག་ཏུ་བཏགས་ནས་བསྟན། །སྟོན་ཞིང་ཚིག་ལ་དངོས་པོ་མེད། །ཞེས་སོ། །རྒྱུ་མཚན་དེ་ཡིྃས་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་དབང་རྟུལ་རིམྃ་པ་ཅན་ལ་གྲོལ་ལམ་དངྃ༌། དབང་རྣོན་གཅིྃག་ཆརྃ་གྲོལྃ་བར་བྱེད་པྃའི་ཐབས་ལམྃ་སྟོན་པའི་རྩ་བཤད་མན་ངག་གི་རྒྱུདྃ་སྡེྃའི་རྣམ་གྲང་འདི་ངེསྃ་པྃ་བློས་བསམ་བརྗོད་བགྲངྃ་ཡསྃ་པ་བཞུགས་ཀྱངྃ༌། ཕྱི་རབས་ཀྱི་གདུལ་བྱས་རྟོགས་སླ་བའི་ཕྱིར་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་བསྐྱེད་རྫོགས་གཉིས། གྲོགས་དམ་ཚིག་སྟེ་སྤྱི་དོན། ཉམས་སུ་ལེན་བྱ་གནད་ཀྱི་སྙིངྃ་པོྃ་རྣམྃ་པྃ་བཞིྃ་རུྃ་བསྡུསྃ་ཏེ་བསྟན་པར་མཛད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། གཞི། ལམ། འབྲས་བུའི་རྒྱུད་བཤད་པའོ། །དང་པོ་གཞི་ལ། གཞི་དངོས་དང༌། གཞི་སྣང་བཤད་པའོ། །དང་པོ་ནི་གཞི་ཆོས་ཉིད་ཀྱི་གནྃས་ལུགྃས་ཡེ་གདོྃད་མའི་དུས་ནསྃ་ངོ་བོ་ཀ་ནས་དག་པས་འཕོ་འགྱུར་འཕེལ་འགྲིབ་ཀྱི་ནམ་ཡང་མིྃ་འགྱུརྃ་བ་གཉུག་མའི་སེམྃས་ཉིད་དེ། དེ་ངོ་བོའི་ཆ་ནས་གཞལ་ན་ངོ་བོ་ཀ་ནས་དག་པས་སྒྲིབ་པས་བཅིྃངས་ཏེ་ངན་དུ་སོང་བ་མེདྃ་ཅིང༌། དེའི་ལྡོག་ཆ་རྣམྃ་པརྃ་གྲོལྃ་སྟེ་རྒྱུ་དང་ཡེ་ཤེས་ཀྱི་འབྲས་བུ་ཆོས་གསར་དུ་ཐོབ་བྱ་མེདྃ་པའིྃ་གཤིས་ལ་ཟག་མེད་ཀྱི་སྤང་རྟོགས་མཐའ་དག་ཉི་མ་དང་འོད་ཟེར་བཞིན་རང་བཞིན་ལྷུན་གྱིས་གྲུབ་པར་རྩོལ་སྒྲུབ་མ་དགོས་ལ་ངོ་བོའི་གཤིས་སུ་ཡེྃ་ནསྃ་ལྷུནྃ་གྲུབ་ཏུ་རྫོགྃས་ཟིན་པས་སངྃས་རྒྱསྃ་ཀྱི་ཆོསྃ་ཁམས་རྒྱ་མཚོ་ལྟ་བུ་འདུ་འབྲལ་མེད་པར་བཞུགས་ཏེ། གསང་སྙིང་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་སོ། །གནས་ལུགས་དེ་ལ་མྱང་འདས་ཀྱི་ཆོས་མཐའ་དག་འདུ་འབྲལ་མེད་པ་ཡོངས་སུ་རྫོགས་པས་ངོ་བོའི་གཞི་དང༌། འཁོར་ཆོས་ཐམས་ཅད་ལ་མི་ལྡན་པའི་ཚུལ་དུ་བསྟེན་པས་བཏགས་པའི་གཞི་ཞེས་གཉིས་སུ་དབྱེ་བ་ཡང་མཛད་དོ། །གཉིས་པ་གཞི་སྣང་བཤད་པ་ནི། ཆོས་ཉིད་ཀྱི་བཞུགྃས་ཚུལ་བསལ་བཞག་ལས་འདས་ཀྱྃང་ངོ་བོ་སྐྱེ་མེད་ཀྱི་རོལ་པ་འགག་མེད་དུ་ཤར་བ་རིག་རྩལ་རང་སྣང་ཡིན་པ་རངྃ་ངོྃ་མ་ཤེས་པ་ལྷན་སྐྱེས་དང༌། བདག་གཞན་ཡུལ་དང་ཡུལ་ཅན་དུ་བདེན་པར་བཟུང་བ་ཀུན་བརྟགས་ཀྱི་མ་རིག་པས་བྲལ་ཐོབ་སྤངས་བའི་སངས་རྒྱས་རང་རིག་ཏུ་བཞུགས་པ་ངོ་མྃ་ཤེྃས་ཁ་ཕྱིར་བསྟན་དུ་གཟུང་འཛིན་ཅན་དུ་ཞེན་པསྃ། ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པས་འཇིགས་སྣང་སྐྱེ་བ་བཞིན་སེམས་ཅན་རངྃ་རང་གིྃ་རྣམྃ་པར་རྟོགྃ་པ་སྣ་ཚོགས་པའི་ལསྃ་གནས་དོན་ལུས་ཀྱིྃ་སྲིད་པའི་གྲོང་ཁྱེར་ཆེན་པོ་སྤྲུལྃ་ཏེ་བདེན་བདེན་ལྟར་སྣང་ཡང༌། བྱིས་པ་རྩེད་མོ་ལ་གཡེང་བས་ལུས་ངལ་དུབ་ཀྱི་ལས་ནནྃ་དྲགས་གྱིྃས་ནམ་མཁྃའ་ལྃ་བཟུང་བར་རློམས་ནས་ཐག་པས་མདུདྃ་པྃ་འདོྃར་ཡང་ངལ་བ་དོན་མེད་ཀྱི་རྩེ་འཇོའི་གཡེང་བ་ལྟར་སྲིྃད་པའི་རྩེ་མོ་ནས་འདིར་ཐོག་མཐའ་མེད་པྃར་ལས་ཉོན་གྱི་གཞན་དབང་གིས་ཀུནྃ་ཏུྃ་རྒྱུྃ་ཞིང་སྡུག་བསྔལ་བྃར་སྣངྃ་ཡང་དོན་ལ་གྲུབ་པ་མེད་བཞིན་འཁྲུལ་བའི་བློ་ཁོ་ནས་བཀོད་པའོ། །གཉིས་པ་ལམ་རྒྱུད་བསྟན་པ་ལའང༌། མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། གློ་བུར་འཁྲུལ་རྟོག་རྒྱུ་འབྲས་དེ་སྦྱོངྃ་བྱེདྃ་ལམ་གྱི་རིམ་པས་སྦྱངས་པས་མཁྲིས་པའི་ནད་ལས་གྲོལ་ན་དུང་དཀར་པོར་སྣང་བ་བཞིན་མ་འཁྲུལ་པའི་ཆོས་ཉིད་ངོ་བོའི་བཞུགས་ཚུལ་ངོ་བོ་ཇི་བཞིན་དུ་རྟོགས་ནས་སྲིད་པའི་རྒྱུ་འབྲས་ཀྱི་འཁྲུལ་སྣང་རང་དག་ཏུ་འགྲོ་བར་ནུས་པས་ན། སྐྱོན་དེ་གདུལ་བྱའི་དབང་པོའི་ཁྱད་པར་གྱིས་འབྲས་བུ་སངས་རྒྱས་དེ་མ་འོངས་པར་རང་རྒྱུད་དུ་ཐོབ་པའི་ཐབས་གཙོ་བོར་བཏོན་པ་རྒྱུྃ་མཚན་ཉིད་ཐེག་པ་དངྃ༌། གཞི་འབྲས་གཉིས་མེད་དུ་རྟོགས་ནས་སངས་རྒྱས་ཀྱི་མཛད་པ་དང་མཐུན་པར་འབྲས་བུ་ལམ་དུ་བྱེད་པ་རྡོ་རྗེ་ཐེག་པའམ་འབྲསྃ་བུའིྃ་ཐེགྃ་པ་ཞེས་གཉིས་སུ་བསྟན་ཅིང༌། དོན་དུ་གནས་ངན་སྡུག་བསྔལ་གྱི་གནས་ལས་ལོག་ཅིང༌། བདེ་བའི་ངལ་སྟེགས་ལ་དབུགས་འབྱིན་པའི་ལྟ་སྒོམ་སྤྱོད་གསུམ་དང་ལྡན་པ་ནི་ཐེག་པ་ཞེས་གསུངས། རྒྱུ་མཚན་ཉིད་ཐེག་པ་ལའང་གདུལ་བྱའི་དབང་པོའི་རིམ་པས་ལྷ་དང་མིའི་ཐེག་པ་དང་པོ་བསྟན་ཏེ་གཞི་དགེ་སྡིག་གཉིས་ལས་འབྲས་བུ་བདེ་སྡུག་གཉིས་འབྱུང་བ་ལ་ཡིད་ཆེས་པས། ལམ་དགེ་བ་བཅུ་ལ་སྤྱོད་པས་འདོད་ལྷ་མིའི་གནས་དང༌། བསམ་གཏན་བཞི་དང་ཚད་མེད་བཞི་གོམས་པས་གཟུགས་ཁམས་གཟུགས་མེད་སྐྱེ་བ་དང༌། གཉིས་པ་ཉན་ཐོས་ཀྱི་གཞི་གང་ཟག་གི་བདག་མེད་རྟོགས་ཤིང༌། དངོས་པོ་རྡུལ་ཕྲན་ཆ་མེད་དང༌། སེམས་སྐད་ཅིག་ཆ་མེད་གཉིས་པོ། དོན་དམ་དུ་ལྟ་བ་དང༌། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི་བསླབ་པ་ལ་གནས་ནས། ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔ་བགྲོད་དེ། འབྲས་བུ་ལྷག་བཅས་ལྷག་མེད་དགྲ་བཅོམ་མངོན་དུ་བྱེད་པ། གསུམ་པ་རང་རྒྱལ་གྱི་གཞི་ཕྱི་ནང་རྟེན་འབྲེལ་ལུགས་འབྱུང་ལྡོག་གིས་འཁོར་འདས་བྱེད་པར་སློབ་དཔོན་མེད་པར་རང་ཉིད་སྔོན་གོམ་གྱི་སྟོབས་ཀྱིས་ཤེས་པ། གང་ཟག་དང་ཆོས་ཀྱི་བདག་མེད་ཕྱེད་གཟུང་བ་རང་བཞིན་མེད་པ་རྟོགས་པས། ལམ་ལྔ་བགྲོད་དེ། ཚོགས་སྤྱོད་དང་བསེ་རུ་ལྟ་བུའི་དགྲ་བཅོམ་ཐོབ་པའོ། །བཞི་པ་བྱང་སེམས་ཐེག་པ་ཆེན་པོ་བདུན་ལྡན་གྱིས་གཞི་བདག་མེད་གཉིས་རྟོགས། ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་ཕར་ཕྱིན་བཅུ་ལ་བསླབས་པས་འབྲས་བུ་ཀུན་ཏུ་འོད་ཀྱི་ས་ལ་སངས་རྒྱས་ནས་དོན་གཉིས་ལྷུན་གྱིས་གྲུབ་པ་སྟེ་ཉན་རང་གཉིས་གཅིག་ཏུ་རྩི་བ་ཀུན་འབྱུང་འདྲེན་པའི་ཐེག་པ་ལ་བསམ་མོ། །ལྔ་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ནི་དང་པོ་བྱ་རྒྱུད་དེ། གཞི་ཆོས་རྣམས་སྟོང་པར་རྟོགས་ནས། དབང་ཆུ་དང་ཅོད་པན་གཙོ་བོར་བསྐུར་ཏེ། མཐའ་རྟེན་བཟླས་ལུང༌། བཀྲུ་བྱབས་སྲུང་གསུམ། བཀྲ་ཤིས་རྫས་རྟགས་སྦྱིན་ཅིང༌། དོན་དམ་པར་ལྷ་དང་བདག་དབྱེར་མེད་ཡིན་པ་དང༌། ཀུན་རྫོབ་ཏུ་ལྷ་ཡེ་ཤེས་སེམས་དཔའ་ཡོན་ཏན་མཐར་ཕྱིན་པའི་རྒྱལ་པོ་དང༌། རང་འབངས་ལྟར་མཆོག་དམན་དུ་ལྟ་བས་ཁྲུས་དང་གཙང་སྦྲ་སོགས་ལུས་ངག་གི་བྱ་བ་གཙོ་བོར་བཏོན་ཏེ། འབྲས་བུ་མི་ཚེ་བཅུ་དྲུག་ན་སངས་རྒྱས་པར་འདོད་པའོ། །གཉིས་པ་སྤྱོད་པ་བྱ་རྒྱུད་དང་མཐུན་ཞིང༌། སྒོམ་པ་རྣལ་འབྱོར་རྒྱུད་ལྟར་བསྟན་པ་སྤྱོད་རྒྱུད་སྟེ། གཞི་ངོ་བོ་ཉིད་ཡེ་ནས་མཚུངས་པ་མེད་པའི་ཤེས་རབ་དང༌། ལམ་བདག་དང་ལྷ་སྤུན་དང་གྲོགས་པོའི་ཚུལ་དུ་མཉམ་པར་ལྟ་བས། དབང་སྔ་མའི་སྟེང༌། རྡོ་རྗེ་དྲིལ་བུ། མིང་དབང༌། མེ་ལོང༌། ཐུར་མ། ཆོས་འཆད་ཀྱི་རྗེས་གནང་སོགས་དང༌། སྒོམ་པས་འབྲས་བུ་མི་ཚེ་བདུན་ན་རིགས་བཞིའི་སངས་རྒྱས་སུ་འདོད་པ་དང༌། གསུམ་པ་རྣལ་འབྱོར་རྒྱུད་ཀྱིས་གཞི་དོན་གཉིས་ཟུང་འཇུག་གི་ཚུལ་ལ་ངེས་པ་ཆེར་འཕེལ་བས་ཕྱིའི་བྱ་བ་ལ་མ་ལྟོས་པར་སྒོམ་པ་གཙོར་བཏོན་པས། དབང་རིགས་དབང་ལྔ། སློབ་དཔོན་གྱི་དབང༌། དམ་ཚིག་གསུམ་བཟུང༌། ལྷག་པ་དཀྱིལ་འཁོར་དེ་ཉིད་སྟོན་པ། བཀའ་ཡི་དབང་ཞེས་ཆོས་འཆད་རྗེས་གནང༌། ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་སོགས་སྦྱིན་པས་སྨིན་པར་བྱས་ནས་ལམ་བདག་ལྷ་དམ་ཡེ་གཉིས་མེད་ཆུ་ལ་ཆུ་བཞག་པ་ལྟར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་ཕྱག་རྒྱ་བཞིས་བཏབ་ནས་བསྒོམས་པས་འབྲས་བུ་མི་ཚེ་གསུམ་ན་རིགས་ལྔའི་བདག་ཉིད་དུ་སངས་རྒྱས་པ་སྟེ་གསུམ་མོ། །བཞི་པ་རྣལ་འབྱོར་ཆེན་པོ་སྔགས་ནང་པ་བླ་མེད་ཀྱི་ཐེག་པ་ནི། དང་པོ་མ་ཧཱ་ཡོ་གས་བདག་དང་ལྷ་དབྱེར་མེད་པས་འདུ་འབྲལ་མེད་ཅིང༌། སྣང་སྲིད་དག་མཉམ་དུ་རྟོགས་པའི་ལྟ་བ་ཟབ་མོ་དང་རྗེས་སུ་མཐུན་པར། རིགས་པའི་དབང་ལྔ། རྡོ་རྗེ་སློབ་མའི་དབང༌། རྡོ་རྗེ་སློབ་དཔོན་གྱི་དབང༌། ལུང་བསྟན། དབུགས་དབྱུང༌། གཟེངས་བསྟོད། གསང་དབང༌། ཤེར་དབང༌། ཚིག་དབང་བཅས་བསྐུར་ནས། བསྐྱེད་རིམ་གཙོ་བོར་བསྒོམས་པས། འབྲས་བུ་ཚེ་འདིར་གྲོལ་བ་དང༌། ལམ་མ་ཧཱ་ཡོ་གའི་སྒྲ་ལས་ཐབས་ཤེས་ཀྱི་རྣལ་འབྱོར་བསྐྱེད་པས་རླུང་གཙོ་བོར་བྱས་ནས་གྲོལ་བར་འདོད། ཨ་ནུ་ཡོ་གས་ཤེས་རབ་རྫོགས་པའི་རིམ་པ་དབྱིངས་ཡེ་གཉིས་མེད་རྒྱུད་ལ་འདྲེན་པའི་ཕྱིར་ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པའི་དབང་ཆོག་སུམ་ཅུ་རྩ་དྲུག་བསྐུར་ནས་ཐིག་ལེ་འཇུ་འདུལ་གྱི་ལམ་གཙོ་བོ་བྱས་ནས་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པ་དང༌། ཨ་ཏི་ཡོ་གས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཀུན་ཡེ་ནས་སངས་རྒྱས་པའི་གནས་ཚུལ་དང་མཐུན་པར་སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་བཅས་ཀྱིས་སྨིན་པར་བྱས་ནས། ལམ་བསྒོམས་པས་གནས་སྣང་མཐར་ཕྱིན་པ་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་པ་སྟེ། དེས་ན་གདུལ་བྱའི་དབང་པོ་དང་མཐུན་པར་སྒྲུབ་བྱེད་ལྷ་མི། ཉན་རང༌། བྱང་སེམས། གསང་སྔགས་ཐེགྃ་པྃ་བྃཞི་རུ་བསྟན་ན་ཡང་རང་རང་གི་མི་མཐུན་ཕྱོགས་འཁོར་བའི་སྡུག་བསྔལ་དང༌། ཐེག་པ་དམན་པའི་ཡིད་བྱེད་སོགས་མི་མཐུན་ཕྱོགས་ལས་ངེྃས་པར་འབྱུངྃ་བ་བྱེད་ལྃ། བསྒྲུབ་བྱ་མཐར་ཐུག་བླ་ན་མེད་པའི་ཐེགྃ་པྃ་རང་བཞིན་རྫོགས་པ་ཆེན་པོ་དབྱིངས་རིག་གཉིས་མེད་ཀུན་བཟང་རྡོ་རྗེ་སེམས་དཔའི་གསང་ཚིག་གཅིྃག་གིྃ་འབྲསྃ་བུྃ་སངས་རྒྱས་ཀྱི་སར་གནྃས་པ་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། སྟོན་པའི་ཐེག་པ་རང་བཞིན་དགུ་པོ་ཡང༌། །རང་བཞིན་རྫོགས་པ་ཆེན་པོ་བགྲོད་པའི་ལམ། །བླང་དོར་མེད་པའི་ཆོས་ཉིད་འདི་རྟོགས་ནས། །ཇི་བཞིན་པ་ལ་རང་བཞིན་ལྷུན་གྱིས་གྲུབ། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ་པར་བརྡལ། །ཞེས་གསུངས་པ་ལྟར་རོ། །དེས་ན་གནས་སྣང་གཉིས་ཀ་སངས་རྒྱས་འཕགས་པའི་གཟིགས་པ་སྒྲ་ཇི་བཞིན་དུ་བསྟན་པའི་ཆོས་ཀྱི་མཐརྃ་ཐུགྃ་འོ་མའི་ཉིང་ཁུ་མར་ལྟ་བུ་ནི་སྙིངྃ་པོྃ་རྡོ་རྗེ་སེམས་དཔའ་རང་བྱུང་གི་རྒྱུདྃ་འདིྃ་ཉིད་ཡིནྃ་པས་གནས་ལུགས་དེ་རྟོགས་པའི་ཐབས་སུ་དབང་དང༌། དམ་ཚིག །ལྟ་སྒོམ་སྤྱོད་འབྲས་སོགས་རྒྱུད་ཀྱི་དངོས་པོ་བཅུ་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། སྐུ། གསུང༌། ཐུགས་ཀྱི་རྡོ་རྗེ་སེམས་དཔའ་གསུམ་བཤད་པའོ། །དང་པོ་སྐུ་རྡོ་རྗེ་སེམས་དཔའ་བཤད་པ་ནི། དངོས་གཅིག་དངོས་པོ་ཀུན་གྱི་ཁྱབ་བདག་ཏུ་བཞུགས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེན་པོའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་མཆོག་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་སོ། །གནས་ལུགས་དེ་ལྟར་ཡིན་ཀྱང་དེ་རྟོགས་པ་ལ་ཐབས་དུ་མས་མ་བསྟན་ན་མངོན་དུ་བྱེད་མི་ནུས་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་གླེང་བསླངས་ལ་ཐབས་ཀྱི་ཆ་བཟུང་བ་ཀུན་ཏུ་བཟང་པོའི་གླེང་བསླང༌། ཤེས་རབ་ཀྱི་ཆ་བཟུང་བ་ཀུན་ཏུ་བཟང་མོའི་གླེང་བསླང༌། དག་མཉམ་བདེན་པ་དབྱེར་མེད་རྫོགས་པ་ཆེན་པོའི་ཚུལ་དུ་སངས་རྒྱས་པའི་ཆེ་བའི་སྒོ་ནས་ཡབ་ཡུམ་ཐབས་ཤེས་འདུ་འབྲལ་མེད་པའི་བདག་ཉིད་ཆེན་པོའི་གླེང་བསླང་བ་དང༌། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་མཚན་ཡང་དག་པར་བརྗོད་པ་ལས་ཀྱང་རྣམ་བཅས་ཀུན་རྫོབ་ཀྱི་འཇམ་དཔལ་དང༌། རྣམ་མེད་དོན་དམ་གྱི་འཇམ་དཔལ་གཉིས་བསྟན་པ་བཞིན་འདིར་ཡང་སྣང་བཅས་སྐུ་རྡོ་རྗེ་སེམས་དཔའ་ཐོག་མར་བསྟན་པའི་ཕྱིར། འཁོར་འདས་ཀྱི་ཆོས་མ་ལུས་པའི་རང་བཞིན་བཟང་ངན་གཉིས་སུ་མེད་པར་ཡེ་ནས་སངས་རྒྱས་ནས་རྡོྃ་རྗེྃ་སྟེ་ཆོས་ཉིད་སྟོང་པ་ཉིད་དང་ཆོས་ཅན་སྣང་བའི་ཆ་ཕུངྃ་པོྃ་ལྔ་རུ་དབྱེ་ཡང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཕྱེ་བས་མི་བསྐྱོད་པ་ལ་སོགས་པའི་རྫོགས་པའི་སངས་རྒྱས་ལྔ་ཡིན་ལ། ཀུན་རྫོབ་ཀྱི་སྣང་ཆ་རྟེན་འབྱུང་མ་འགག་སྒྱུྃ་མ་ལྟ་བུ་ཉིད་ཡེ་ཤེས་རིགས་ལྔའི་ཆོ་འཕྲུལྃ་དུ་གདོད་ནས་གནས་ཏེྃ། ས་ཆུ་མེ་རླུང་ནམ་མཁའི་འབྱུང་བ་ཡང་དབྱིངྃས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆ་ལྔྃ་ཐབས་མཆོག་ཏུ་མི་འགྱུར་པའི་བདེ་བ་ཆེན་པོ་དང་འབྲལ་མི་ཤེས་པའི་དྲྭྃ་བྃ་ནི་སངས་རྒྱས་སྤྱན་མ་ལ་སོགས་པའི་རིགས་ཀྱི་འཁོར་ལོའི་བསྒྱུར་བའི་ཡུམྃ་ཆེནྃ་ལྔའི་མཁྃའ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཅན་ཏེ། སྲིད་པ་གསུམ་གྱི་རྟོགས་ཚོགས་དབང་ཤེས་ཡུལ་དུས་ཐམས་ཅད་ཀྱང་མཐའ་བཞི་ལས་འདས་པའི་ཡིད་ཆོས་གཉིྃས་མེདྃ་སེམྃས་དཔྃའ་ལྕམྃ་དྲལྃ་དང་བཅས་ལྃ། དེ་དག་གི་བྱ་བྱེད་ལསྃ་དབྃང་སྒོྃ་བྃ་ཡབ་ཡུམ་ལྷྃ་རུྃ་གནྃས་པ་སྟེ། མདོར་ན་ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་སོ་ཅོག་སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད་ལས་གཞན་མ་ཡིན་པ་སངས་རྒྱས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་གཟིགས་པ་གནས་ལུགས་ཡང་དག་སྟེ། དོན་གྱི་ཡིན་ཚུལ་དེ་ལྟ་བུ་མ་ཤེས་ན་སོ་སོའི་སྐྱེ་བོ་མ་དག་པས་དག་པ་ཡེ་ཤེས་ཀྱི་ལྷ་རྡོ་རྗེ་སེམས་དཔའ་སྒྲུབ་མི་བཏུབ་པས་འདི་ཉིད་རྡོ་རྗེ་ཐེག་པའི་དག་མཉམ་བདེན་པ་དབྱེར་མེད་ཀྱི་ལྟ་བ་སྟེ། ད་ལྟ་ལས་དང་པོ་པའང་དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་མཁྱེན་བརྩེ་ནུས་པ་ཚད་མེད་པ་མཚན་ཙམ་གཟུང་བས་འཁོར་བ་ངན་སོང་གི་སྐྱེ་སྒོ་ཁེག་པ། རིག་པའི་གསང་སྔགས་བཟླས་པ་ཙམ་གྱིས་རྟོག་སྒྲིབ་ཉམས་ཆག་སྦྱོང་ནུས་པ་ལ་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་ཏུ་བསྐྱེད་པ་ནི་དངོས་གྲུབ་འཐོབ་བྱེད་ཀྱི་མན་ངག་ཐུན་མོང་མ་ཡིན་པ་སྟེ། དེས་ན་རྡོར་སེམས་ལྷ་གཅིག་བསྒྲུབས་པས་ཞི་ཁྲོ་རབ་འབྱམས་འགྲུབ་པའི་གནད་ཀྱང་དེ་ཡིན་པ་དང༌། རང་བཞིན་གཤིས་ཀྱི་ཡིན་ལུགས་དེ་རྟོགས་མི་ནུས་པ་ལ་རྡོ་རྗེ་སེམས་དཔའ་ཞལ་ཕྱག་གི་རྣམ་པར་བཞེངས་པ་ཤེས་པས་སྒྲུབ་དགོས་སོ། །རྒྱུ་དེ་ཡང་དངོས་མཚན་དུ་མི་གནས་པ་སྐུ་གཅིག་གིས་ཞིང་རབ་འབྱམས་ཁྱབ་པ་ཞིང་ཁམས་རབ་འབྱམས་སྐུའི་བ་སྤུ་གཅིག་རྫོགས་པར་སྟོན་ཀྱང་སྐུ་ཆེ་རུ་མ་འགྲོ། ཞིང་ཁམས་ཆུང་དུ་མི་སྟོན། སྐུའི་བ་སྤུ་ཚུན་ཆད་ན་མཆོག་ཏུ་མི་འགྱུར་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་གང་བས། བ་སྤུ་ཉག་མ་གཅིག་གིས་ཀྱང་སངས་རྒྱས་ཀྱི་མཛད་པ་མཐའ་དག་སྒྲུབ་ནུས་པ་སོགས་སྐུའི་ཡོན་ཏན་དེ་ལྟར་ལྡན་པ་དེའི་གནས་ལུགས་མ་རྟོགས་པ་མ་གཏོགས། རྟོགས་ན་རང་ཉིད་ཀྱི་ལུས་འདི་ཡིན་པའི་ངེས་ཤེས་བསྐྱེད་ནས་གསལ་སྣང་བསྒྲུབ་པས་གཟུགས་སྣང་ཐམས་ཅད་སྐུ་རྡོ་རྗེའི་དཀྱིལ་ཁོར་དུ་དག་པར་འགྱུར་རོ། །གཉིས་པ་ཕྱེད་སྣང་གསུང་རྡོ་རྗེ་ནི། སེམས་ཉིད་ཡེ་ནས་དག་པ་ཆོས་ཀྱི་དབྱིངྃས་འགྱུར་བ་མེད་པའི་ངང་ལྃ་ཡེ་ནས་ལྷུན་གྱིས་གྲུབ་པ་བྱ་རྩོལ་མེད་པའི་དབྱིངྃས་ཀྱིྃས་ཡེ་ནས་བྲིསྃ་པྃ་སྟེྃ་གཞན་དུ་འཕོ་འགྱུར་མེད་པའི་ཆོས་ཉིད་ལ་རང་བཞིན་གྱིས་འོད་གསལ་བའི་ཆ་ལ་ཡི་གེ་ཞེས་བྱ་བའི་དོན་དུ་བཏགས་པ་ཡི་གེ་སྤྲིན་གྱི་འཁོར་ལོ་འཁོར་འདས་ཐམས་ཅད་ལ་ཡེ་ནས་རང་ཆས་སུ་གནས་པ་སངས་རྒྱས་ཀུན་གྱི་དགོངས་པ་སྟེ། དེས་ན་ཨ་སྐྱེ་བ་མེད་པ་གཅིག་གི་ངང་ལས། དབྱངས་གསལ་གྱི་ཡི་གེ་འགག་མེད་དུ་ཤར་བས་ཤེས་བྱ་ཐམས་ཅད་མཚོན་པའི་མིང་ཚིག་ཏུ་གྲུབ་པས་དོན་ཐམས་ཅད་སྟོན་པར་བྱེད་པ་ཆོ་འཕྲུལ་ཆེན་པོ་ནི་ཡི་གེ་སྟེ། ཡི་གེ་དེས་རྒྱུ་བྱས་ནས་ལྷ་ཡི་སྔགས་གྲུབ་པ་སྟེ། ཡི་གེ་ཐམས་ཅད་སྟོང་ཆེན་མཉམ་པ་ཉིད་ཀྱི་ངོ་བོ་ཅན་དུ་ཡེ་ནས་གྲུབ་པས་ཆོས་ཉིད་ངོ་བོས་གྲུབ་པ། ཡི་གེ་རང་རང་གི་ངོ་བོ་ཐུན་མོང་མ་ཡིན་པར་སྣང་བའི་རང་བཞིན་བསླུ་མེད་དུ་གྲུབ་པ་ཆོས་ཅན་རང་བཞིན་གྱིས་གྲུབ་པ། དེ་ལྟ་བུ་ཡིན་པའི་དབང་གིས་ཆོས་ཀུན་ལ་མངའ་དབང་འབྱོར་བའི་སངས་རྒྱས་རྣམས་ཀྱི་ཡི་གེ་གཅིག་ནས་མང་པོའི་བར་སྔགས་རྣམས་ཡེ་ཤེས་ཀྱི་རྣམ་འཕྲུལ་དུ་བསྟན་པས་བྱིན་བརླབ་ཀྱིས་གྲུབ་པ། སྨན་དང་ནོར་བུ་བཞིན་སྔགས་དེ་དག་ལ་དངོས་གྲུབ་སྒྲུབ་པའི་ནུས་པ་ཐོགས་མེད་དུ་བསླུ་བ་མེད་པ་ནུས་པའི་མཐུ་གྲུབ་པའི་ཡོན་ཏན་བཞི་དང་ལྡན་ཞིང༌། སྤྱིར་ངག་ཐམས་ཅད་ཡེ་ནས་དག་མཉམ་དུ་གནས་པས་སྒྲར་གྲགས་པ་ཐམས་ཅད་གསུང་གི་དཀྱིལ་འཁོར་ཏེ། སེམྃས་ཉིད་དམིགས་སུ་མེད་པ་དོན་དམ་པའི་ཡི་གེ་ནི་འོད་གསལ་བའི་ཁམས་སྣ་ཚོགས་པའི་ཕྱིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིྃ་བདག་ཉིད་དུ་ལྷུན་གྱིས་གྲུབ་པ་ནོར་བུ་རིནྃ་པོ་ཆེྃ་སྤུངས་པའི་ཟྃ་མྃ་ཏོགྃ་ལྟར་ཡེ་ནས་ལྷུན་གྱིས་གྲུབ་པའི་ངོ་མཚར་གྱི་མཆོག་ཏུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་འགུགས་ནུས་པ་དབྱངས་གསལ་ཐབས་ཤེས་ཀྱི་ཡིྃ་གེྃ་སྤྲིནྃ་གྱིྃ་འཁོྃར་ལོྃ་ནིྃ་སྐབས་འདིར་ཟློས་པའི་སྔགས་སུ་བྱེ་བྲག་ཏུ་ཞུགས་པ་སྟེ་འདི་ཉིད་དངོས་གྲུབ་སྒྲུབ་པའི་ཐབས་ཁྱད་པར་ཅན་ཡིན་པས། འདིའི་ནུས་པས་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་ཕྱིར་རྡོྃ་རྗེྃ་དོན་ལྟ་བུ་བླ་མའི་མན་ངག་གི་གནད་དང་ལྡན་པ་ལས་ཕལ་གྱིས་མི་རྟོག་པས་གསྃང་བའིྃ་སྔགྃས་སུྃ་བཤྃད་པའམ་བསྟན་པའི་དོན་ཤེས་པས་བསྒྲུབ་ན་ངག་གསུང་རྡོ་རྗེའི་གསང་བ་རུ་རྟོགས། ཇི་ལྟར་འདོད་པའི་དངོས་གྲུབ་བདེ་བླག་ཏུ་འཐོབ་བྱེད་ཀྱི་ལྡེའུ་མིག་ལྟ་བུའོ། །གསུམ་པ་མི་སྣང་བ་ཐུགས་རྡོ་རྗེ་ནི། ཇི་སྐད་དུ། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །གང་ཞིག་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་གསུངས་པ་ལྟར་འཁྲུལ་པས་བཏགས་པའི་མ་དག་འཁོྃར་བའི་འཁྲུལ་སྣང་དང༌། དག་པ་ཡེ་ཤེས་ཀྱི་གནས་ལུགས་ཇི་བཞིན་དུ་གཟིགས་པའི་མྱ་ངན་ལས་འདྃས་པ་སྐུ་དང་ཡེ་ཤེས་གཉིས་སུ་དབྱེ་བ་ཡང་དོན་ལ་གཉིས་སུ་མེད་པ་རང་བཞིན་ཉིད་ཀྱིས་རྣམ་པར་དག་པ་རྒྱུའྃམ་གཞི་ཉིདྃ་གཅིྃག་པྃ་ལས་ཐ་དད་དུ་དབྱེར་མེད་པ་སྟེྃ་དབུ་མ་ཆོས་དབྱིངས་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་བར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཉིད་དེ་ཡིན་ནོ། །ཞེས་གསུངས་པ་ལྟར་སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པ་དང༌། ཡེ་ཤེས་རྟོགས་དུས་སེམས་ཀྱང་དེ་ལས་ཐ་དད་དུ་མ་དམིགས་པས་ཡེ་ཤེས་ཀྱི་རོལྃ་པྃ་སྟེ་ཡིགྃ་འྃབྲུ་ཨ་ཉིད་རང་བཞིན་གདོད་ནས་སྐྱེ་མེད་ཡིན་པ་དང༌། དབྱངས་གསལ་ཡི་གེའི་རྣམ་འགྱུར་གང་ལྟར་ཤར་ཡང་ཨ་ལས་མ་འདས་པས་ཉི་མ་དང་འོད་ཟེར་བཞིན་རོལ་པ་འགྃག་པྃ་མེདྃ་པས་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཏེ། སྣང་སྲིད་ཀྱི་ཆོསྃ་ཀུནྃ་མེ་དང་ཚ་བ་བཞིན་མ་ཁྱབ་པ་མེད་པས་ཆོས་སྐུ་གཅིག་གིས་བྱིནྃ་གྱིསྃ་བརླབྃས་པའིྃ་མཐུ་ལསྃ། སྣོད་བཅུད་རྒྱུད་གསུམ་ཐམྃས་ཅདྃ་དཔལ་རྡོ་རྗེ་སེམས་དཔའ་འབྲས་བུའི་སངྃས་རྒྱསྃ་གཅིག་གི་ཡེ་ཤེས་ཆེན་པོ་ད་ལྟ་ཉིད་དུ་དོན་ཟབ་མོ་དེ་སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་གཞན་སུས་ཀྱང་རྟོགས་མི་ནུས་པས། གསང་བའི་སྔགས་བཟོ་བཅོས་མ་དགོས་པར་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས་ཉིད་དུ་མངོྃན་སུམྃ་ཤརྃ་བས་ཕྱི་སྣང་བ་ཡུམ། ནང་ཕུང་པོ་ཡབ། རྟོགས་ཚོགས་ལྷའི་རང་བཞིན་སྣང་ལ་རང་བཞིན་མེད་པའི་དོན་དེ་ཉིད་ངེས་པ་དོན་གྱི་རྡོ་རྗེ་སེམས་དཔའ་ཞེས་པ་ནི་དྷྃརྨྃ་ཙྃཀྲྃ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་ཞེས་སྙིང་ག་ཆོས་ཀྱི་འཁོར་ལོར་ཡེ་ནས་རྃང་བྱུངྃ་དུ་གནྃས་པ་སྟེ། རྒྱུད་དུ་མ་ལས། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ལྷག་པ་འདི་ནི་ལྷ་ཉིད་དོ། །ཞེས་གསུངས། དུས་འཁོར་རྩ་རྒྱུད་ལས། སྤྲོས་པ་ལ་ནི་དངོས་པོའི་ཚོགས། །བརྟག་པའི་མཐའ་སྤང་བེམ་པོ་མིན། །འདི་ནི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡིས་བཞིན། །དངོས་ཀུན་མཉམ་པ་ཉིད་གྱུར་ནས། །དངོས་པོ་གཅིག་ཏུ་མི་འགྱུར་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་བ། །ཆད་པ་མ་ཡིན་རྟག་པའང་མིན། །མིང་གི་བདག་ཉིད་ཡི་གེ་ཀུན། །ཨ་ཡིག་རིགས་ལ་ཡང་དག་འབྱུང༌། །མི་འགྱུར་ཆེན་པོའི་གནས་ཐོབ་པ། །མིང་མེད་མིང་ཅན་དག་ཀྱང་མེད། །སྐྱེས་པ་མ་ཡིན་པ་ཡི་ཆོས། །འདུ་བྱེད་བྲལ་བ་རྣམས་ལ་ཡང༌། །སངས་རྒྱས་ཉིད་མེད་བྱང་ཆུབ་མེད། །སེམས་ཅན་མེད་ཅིང་སྲོག་ཉིད་མེད། །རྣམ་པར་ཤེས་པའི་ཆོས་ཉིད་ལས། །ཡེ་ནས་དག་པ་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱིས་བགྲོད་པར་གནས། །ཞེས་ཚིགས་བཅད་ལྔས་རིམ་པ་ལྟར་གཟུགས་སོགས་ཕུང་པོ་ལྔ་སྒྲིབ་བྲལ་མེ་ལོང་མཉམ་ཉིད་སོར་རྟོགས་བྱ་གྲུབ་ཆོས་དབྱིངས་ཡེྃ་ཤེྃས་ཆེནྃ་པོྃ་ལྔྃ་ཉིདྃ་དུ་གནྃས་པར་སྟོན་པ་ལྟར་ལ། མདོར་ན་ཡེ་ཤེས་ཆེན་པོ་དེ་ནི་གཟུང་འཛིན་སེམས་ཀྱི་རྟོགས་པས་མ་བསླད་པའི་དྭངྃས་མྃ་སྟེ་ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ནི་དུས་གསུམ་གྱི་ཆས་དབྱེ་རྒྱུ་མེད་པས་མིྃ་ཤིགྃས་པ། སྤང་གཉེན་གང་གི་ཕྱོགས་སུ་མ་ལྷུང་བས་ཐིགྃ་ལེྃ་ཉག་ཅིག །འཁོར་འདས་ཀུན་གྱི་སྲོག་ཏུ་གནས་པས་དཔྱིདྃ་ཅེས་བསྟན་པ་དེ་མངོན་དུ་གྱུར་བ་མཆོག་ཏུ་མི་འགྱུར་བའི་བདེྃ་བ་ཆེནྃ་པོར་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་གང་བས་ཡེ་ཤེས་རངྃ་སྣངྃ་ཉིདྃ་དུྃ་འཕེལ་འགྲིབ་བྲལ་བས་འོད་གསྃལ་འཕོ་འགྱུར་མེད་པའི་དགོངས་པ་གཤིས་ཀྱི་གནས་ལུགས་འཕོ་འགྱུར་མེད་པ་ཉིདྃ་ལསྃ་དཀྱིལ་འཁོར་རབ་འབྱམས་སྤྲོ་བསྡུ་ཐམས་ཅད་ཞི་ཁྲོ་རབ་འབྱམས་གཙོ་འཁོར་རྣམ་རོལ་ཐམས་ཅད་དེ་ཉིདྃ་དུྃ་འཁོར་འདས་སྣ་ཚོགས་གངྃ་སྣངྃ་བ་ལྟར་སྟོན་ཡངྃ༌། དོ་ཧ་ལས། རྟོགས་པར་གྱུར་ན་ཐམས་ཅད་དེ་བཞིན་ཏེ། །དེ་ལས་གཞན་པ་སུས་ཀྱང་མི་ཤེས་སོ། །ཞེས་གསུངས་པ་ལྟར་རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྡོྃ་རྗེྃ་སེམྃས་དཔྃའ་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་ལས་སུས་ཀྱང་མི་རྟོགས་པས་ནམྃ་མཁྃའ་ཆེྃ་ཡི་ཀློང་ལས་གསང་བ་གསུམ་གྱི་ཟབ་རྒྱས་ཀྱི་ཡོན་ཏན་ཀུནྃ་ཀྱངྃ་དགོངས་པ་དེྃ་ལསྃ་ནམ་ཡང་མྃ་འདྃས་པྃས་རྟོགས་བྱ་གཞི་དང༌། རྟོགས་བྱེད་ལམ། རྟོགས་པ་མཐར་ཕྱིན་འབྲས་བུ་ཐམས་ཅད་ཆོས་ཉིད་བྱ་རྩོལྃ་མེྃད་པའི་དབྱིངས་སུ་ཡེ་ནས་མངོན་སངས་རྒྱས་ཟིན་པ་དང་མ་བཅོས་འབྲསྃ་བུའིྃ་རྒྱལྃ་པོྃ་ཀུན་བཟང་རྡོ་རྗེ་སེམས་དཔའ་ཉིད་དུ་འགྲུབྃ་ཟིན་པའོ། །གསུམ་པ་ཐ་མར་དགེ་བ་རྫོགས་ཚིག་གི་མཇུག་བསྡུ་བ་ནི། དཔལ་གསང་བ་སྙིང་པོ་སྒྱུྃ་འཕྲུལྃ་དྲྭྃ་བྃ་ཆེན་པོ་རྩ་བཤད་མན་ངག་གི་རྒྱུྃད་ཆེནྃ་པོྃའི་དབྱེ་བ་ནི་སྟོན་པ་རྡོ་རྗེའི་ཐུགས་ཀྱི་གསང་བ་ལས་གཞན་གང་གིས་ཀྱང་རྫོགས་པར་ཚད་གཟུང་མི་ནུས་ཀྱང༌། དེ་ཁོ་ན་ཉིད་ངེས་པའི་ཐེག་པ་ཆེན་པོ་འབྱུང་བའི་དུས་བཅུ་གཉིས་སུ་གསུངས་པ་ལས། སྔགས་ནི་ལས་ཅན་སྤྲུལ་བའི་ངོར༔ རང་བཞིན་ཉིད་དུ་འབྱུང་བ་ལས༔ ཞེས་པ་ལྟར་ཆོས་འདིའི་གདུལ་བྱ་སྐབས་སུ་བབ་པའི་ཚེ་སོ་སྐྱེ་ཐ་མའི་ཐ་མ་བདག་ལྟ་བུ་ལ་ཡང་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་ཡུལ་དུ་གྱུར་ནས། རང་ལོ་བཅུ་ཕྲག་གསུམ་དང་བཞིའི་ལྷག་པའི་དུས་ཉམས་རྨིས་ཀྱི་སྣང་ཆར་མིག་ནས་འོད་ཀྱི་ཟེར་ཐག་ཟླ་ཟེར་ལྟ་བུ་ཁམས་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་ཆེན་པོའི་ཤར་ཕྱོགས། རྟོགས་ལྡན་ཆེན་པོ་སེང་གེ་དཔལ་ཞེས་པའི་སྒྲུབ་གནས། རག་བཀྲམ་བྲག་དཀར་དུ་ཟུག་སྟེ་ས་གཏེར་ཡོད་པའི་གསལ་སྣང་བརྟན་པོ་བྱུང་ཡང་རྟེན་འབྲེལ་དུས་སུ་མ་སོན་པས་བཏང་སྙོམས་སུ་གྱུར་ཀྱང༌། སླར་ཡང་རང་ལོ་ཞེ་གཉིས་པའི་སྟེང་དགོངས་གཏེར་དུ་བརྡ་གྲོལ་བྱུང་བ་ལྟར་ལོ་དེའི་གྲོ་བཞིན་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུའི་ཉི་ཤར་ལ་མནྃ་ངགྃ་གསྃང་བྃ་སྙིངྃ་པོའིྃ་རྒྱུད་ཀྱི་ཡང་ཏིག་ཟབ་རྒྱས་སྔོན་འགྲོ་དངོས་གཞིའི་ལམྃ་ཚང་ལ་མ་ནོར་ཉམས་ལེན་གྱི་མཐྃར་ཐུགྃ་རྩྃ་བའིྃ་རྒྱུདྃ་ཀྱིྃ་ཉིང་ཁུ་སྙིངྃ་པོ་ལྟ་བུ་འདི་ནི་ངེས་པ་དོན་གྱི་རིགྃ་སྟོངྃ་རྡོྃ་རྗེྃ་སེམྃས་དཔྃའ་སྟངས་དཔྱལ་གྱིས་རྒྱུད་གསུམ་ཆིག་རྫོགས་སུ་བསྟནྃ་པའི་སྐལ་བཟང་ཐོབ་པ་འདི་ཡི་གེར་བཏབ་སྟེ་ཁྱབ་བདག་འཁོར་ལོའི་མགོན་པོ་སངས་རྒྱས་གཉིས་པའི་ཞལ་སྐྱིན་པདྨ་ཡེ་ཤེས་རྡོ་རྗེ་ལ་དགྱེས་པའི་མཆོད་སྤྲིན་དུ་ཕུལ་ཞིང་རང་གིས་ཀྱང་ཇི་ལྟར་ནུས་པའི་ཉམས་ལེན་དང༌། ཡིད་ཆེས་དོན་གཉེར་ཅན་ལའང་ཅི་རིགས་སྤེལ་བའི་གུྃ་ཧྱྃ་གྷྃརྦྷྃ་རྫོགྃས་སོྃ། །ཞེས་སྨོས་པའོ། །གཉིས་པ་ཕྱི་ནང་གསང་བ་བླ་མེད་ཀྱི་སྒྲུབ་བྱེད་ལམ་གྱི་རྣམ་བཞག་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་བཞི་ལས། དང་པོ་ཕྱི་སྒྲུབ་བསགས་སྦྱང་སྙིང་པོར་བྱེད་པས་སྒྲུབ་པ་ལ། ལམ་སྤྱིའི་སྔོན་འགྲོ་དང༌། ཕྱི་སྒྲུབ་དངོས་གཞིའི་ཉམས་ལེན་གཉིས་ལས། དང་པོ་ལའང༌། ཐུན་ལ་འཇུག་པའི་སྔོན་འགྲོ་དང༌། ལམ་གྱི་སྔོན་འགྲོའོ། །དང་པོ་ནི། དབེན་པའི་གནས་སུ་སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲངས། རླུང་རོ་ལན་གསུམ་གསལ་བས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། དེ་ནས་མཁའ་ཁྱབ་སེམས་ཅན་གྱི་དོན་དུ་ཐེག་པ་ཆེན་པོའི་ལམ་ཟབ་མོ་ཉམས་སུ་ལེན་སྙམ་པས། དཔྃལ་ལྡནྃ་རྩྃ་བའིྃ་བླྃ་མྃ་སོགས་ཀྱིས་རང་གི་སྤྱི་གཙུག་ཏུ་རྩ་བའི་བླ་མ་དངོས་སམ། ངོ་བོ་བླ་མ་ལ་རྣམ་པ་རྡོར་སེམས་དད་མོས་གང་སྐྱེ་སླ་བ་དེ་བསྒོམས་ལ། མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་ལྟོས་ལིང་སྐྱུར་གྱིས་གསོལ་བ་བཏབ་རྗེས་བླ་མ་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་བྱོན། སྙིང་དབུས་སུ་ཐིམས་པས་རང་སེམས་གཉུག་མའི་གཤིས་ལུགས་དང་གཅིག་ཏུ་འདྲེས་པར་བསམ་ལ་མཉམ་བཞག་གི་ངང་བསྐྱང་བར་བྱའོ། །གཉིས་པ་ལམ་གྱི་སྔོན་འགྲོ་ནི། གཏེར་གཞུང་ལས། དང་པོ་རྡོ་རྗེ་སེམས་བསྒོམ་ན༔ ངེས་འབྱུང་བསམ་པ་ཡང་དག་བསྐྱེད༔ དལ་བའི་རྟེན་ནི་ངེས་རྙེད་ཅིང༔ ཆོས་ཀུན་མི་རྟག་རྨི་ལམ་བཞིན༔ ཕྱི་མའི་ལམ་ནི་རྒྱུ་འབྲས་ཕྱིར༔ དེ་ལས་སྲིད་པའི་སྡུག་བསྔལ་སྣང༔ སྡུག་བསྔལ་ཆེ་ལས་ངེས་བསྒྲལ་ཕྱིར༔ བསླུ་མེད་སྐྱབས་གསུམ་སྙིང་ནས་བསྟེན༔ བདག་བས་གཞན་གཅེས་བློ་གྲོས་ཀྱིས༔ བླ་ན་མེད་པའི་སེམས་བསྐྱེད་ཅིང༔ ཞེས་པ་སྟེ་ཐེག་པ་ཆེ་ཆུང་ཉིད་ལམ་གང་ཉམས་སུ་བླང་ཀྱང་ངེས་འབྱུང་གི་བསམ་པ་གཤའ་མ་ཞིག་རྒྱུད་ལ་མ་སྐྱེས་ན་ཆོས་ཡང་དག་པ་ཞིག་ཏུ་འགྲོ་བའི་ཐབས་མེད་པས་འཁོར་བའི་བྱ་བ་ཐམས་ཅད་རང་མགོ་རང་གིས་བསྐོར་སྟེ་རང་ཕུང་བའི་མཚང་དེ་ངོས་ཟིན་དགོས། དེ་ཇི་ལྟར་འཛིན་ན། ཡང་ཡང་རྙེད་དཀའ་ཞིང་དོན་ཆེན་པོ་དང་ལྡན་པའི་རྟེན་ཕུན་སུམ་ཚོགས་པ་མི་ལུས་རིན་པོ་ཆེ་ད་རེས་རྙེད་པའི་དུས་འདིར་གཏན་བདེའི་འདུན་མ་དམ་པའི་ཆོས་ཁོ་ན་བསྒྲུབས་ན་རྟེན་བཟང་རྙེད་པ་དོན་དང་ལྡན་ཞིང་བདེ་ནས་བདེ་བར་འགྲོ་བ་དེ་མི་ཤེས་པར། དབང་པོ་སྒོ་ལྔ་ཚང༌། རྣམ་རིག་སྤྱང་གྲུང་དང་ལྡན། ལང་ཚོ་དར་ལ་བབ་ཚེ་དགྲ་འདུལ་གཉེན་སྐྱོང༌། ཞིང་ཁ་སོ་ནམ། ཚོང་ཁེ་དཔོག །ཁ་དྲག་དཔུང་པ་འབའ་ཞིག་བསྒྲུབས་པས་མི་ལུས་དོན་མེད་དུ་ཟད། སྡིག་པའི་ཕུང་པོ་བསགས། ཉིན་མཚན་ཀུན་ཏུ་འདིར་སྣང་འབའ་ཞིག་ལ་གཡེང༌། མཇལ་དཀའ་བའི་སངས་རྒྱས་ཀྱི་བསྟན་པའི་ཆེ་བ་མི་ཤེས། བླ་མ་དགེ་བའི་བཤེས་དང་མི་འགྲོགས། དགེ་བ་ཏིལ་འབྲུ་ཙམ་བྱས་ན་ཆེན་པོར་རློམས། ལས་ཉོན་གྱི་ཕུང་པོ་བསགས་ཞིང་ཇེ་ཆེར་བཏང༌། འཇིག་རྟེན་མགུ་བའི་ཁ་དྲག་དང་སྙན་གྲགས་ལ་ཆོག་མི་ཤེས་པར་ཡེངས་པའི་ཚེ། འཆི་བདག་གི་ཞགས་པ་གློ་བུར་དུ་ཐེབས་པའི་ཚེ་ཉེས་ཅན་བཙོན་དུ་བཟུང་བ་བཞིན་བློ་གཡེང༌། འཇིགས་སྐྲག་དང་སྡུག་བསྔལ་ཐོག་ཏུ་བབ་ནས་བློ་མི་བདེ་བཞིན་དེའི་མལ་དུ་ལྷུང༌། བསགས་ཤིང་བསྲུང་བའི་དཔལ་འབྱོར་མ་ཚད་ཤིན་ཏུ་གཅེས་སྤྲས་བྱས་པའི་ལུས་ཀྱང་མདངས་ཤོར། ཁྲུས་དང་བྱི་དོར་གྱི་རེ་བ་བྲལ། ཡན་ལག་བརྐྱང་བསྐུམ་ཙམ་ལའང་ངལ་བ་ཐོབ། ཟས་ནོར་ལོངས་སྤྱོད་དབང་ཐང་དགྲ་གཉེན་གནས་ཡུལ་གང་ཡང་རྗེས་སུ་མི་འབྲང་བས་ཕན་གནོད་སྤུ་ཙམ་མེད་པར་ད་དུང་ཡིད་འཕྲེང༌། རང་གི་རྗེས་སུ་འབྲང་ཐབས་མེད་པས་ཡིད་སྐྱོ། ཕ་མ་གཉེན་གྲོགས་སོགས་ཀྱིས་མིག་མཆི་མ་ཙ་རེ་བལྟ། སྡང་དགྲ་ལ་སོགས་ཀྱིས་རང་རྒུད་པ་མཐོང་སྐབས་གློ་ཁུམས། ཆོས་བསྒྲུབ་པས་ཕན་པར་ཤེས་ཀྱང་བྱ་ཐབས་བྲལ། རྒྱལ་ཕམ་སྐྱིད་སྡུག་གང་བྱུང་ཀྱང་ཕན་པ་མེད་པར་ཤེས་ཀྱང་ཕྱིས། ཕྱི་མའི་ལམ་པོ་ཆེ་རང་ཉིད་གཅིག་པུར་འགྲོ་དགོས་སྙམ་བག་གྲང༌། རང་མ་ཚད་སྣོད་བཅུད་འཇིག་རྟེན་ཐམས་ཅད་རྨི་ལམ་ལྟར་ཡིན་ཀྱང་མ་ཤེས། འདིར་བྱས་པའི་དགེ་སྡིག་གི་ལས་གཉིས་པོ་ནི་ལུས་དང་གྲིབ་མ་བཞིན་ཅི་ནས་ཀྱང་འགྲོགས། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། དགེ་བ་རང་གི་མ་བྱས་པས་ཁྱེར་རྒྱུ་མེད། ཚེ་འདིར་ཞེན་ཆེ་བས་སྡིག་པ་ནི་ཆེ། དགེ་བ་ནི་ཆུང༌། ཤི་བའི་རྗེས་གཉེན་འདུན་སོགས་ཀྱིས་དགེ་བ་རེ་བྱས་ཀྱང་ཕལ་ཆེར་གཟུགས་བརྙན་ཙམ་དུ་སོང༌། ཇི་ལྟར་བྱས་ཀྱང་དང་པོ་ནས་འདུན་མ་གཏན་ཉེས་སུ་སོང་བས་འཁོར་བ་ལས་ཐར་བའི་ཐབས་མེད། མི་ལུས་རིན་པོ་ཆེ་གཅིག་རྙེད་པ་འཕྲོ་བརླག་ཏུ་སོང་བས། ད་ངན་སོང་གི་ལུས་ལས་མི་ལུས་ཐོབ་དཀའ། མཐོ་རིས་གསུམ་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས། ལས་ཀྱི་དབང་གིས་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས། ད་ལྟའི་སྡུག་བསྔལ་ཕྲ་མོ་འདི་ཡང་མི་བཟོད་ན་ངན་སོང་གསུམ་དུ་སྐྱེས་ན་ཅི་ཚུགས་བྱེད། མི་སྐྱེ་བའི་གདེང་ནི་མེད། དེར་སྐྱེ་བའི་ལས་ནི་མང་པོ་བསགས་ཟིན། འདིར་སྣང་གི་བདེ་བ་ཕྲ་མོ་འདི་གཉིད་ཐུན་གཅིག་གི་རྨི་ལམ་བཟང་པོ་འདྲ་སྟེ། འགྱུར་ཞིང་འགྲོ། ཚེ་འདིའི་འཇིག་རྟེན་ཆོས་བརྒྱད་ཀྱི་དོན་ཇི་ཙམ་དཀའ་ངལ་བྱུང་ཡང་འཚེར་སྣང་མེད། ཆོས་ཕྱིར་ངལ་དུབ་ཕྲ་མོ་ཙམ་ཡང་དཀའ་བ་ཆེན་པོ་སྤྱད་པའི་བྱས་ཡུས་འདྲེན། སྲིད་པའི་སྡུག་བསྔལ་མིག་གིས་མཐོང་ཞིང༌། རང་ཐོག་ཏུ་བབ་བཞིན་དུ་ཡང་ཉེས་པ་རུ་མི་མཐོང་བ་འདི་ཁ་ནང་དུ་བསྐོར་ཏེ་བག་ཕེབས་པས་བསམ་མནོ་བཏང་མ་ཤེས་པས་ལན། འཁོར་བའི་རྒྱལ་ཕམ་སྐྱིད་སྡུག་ཀྱང་རེས་མོས་ལས་རྟག་ཐུབ་པ་གཅིག་ཀྱང་མེད། འཁོར་བའི་བདེ་སྐྱིད་ཇི་ལྟར་བཟང་ཡང་མཐར་སྡུག་བསྔལ་དུ་མི་འགྱུར་བ་མེད་པས་སྙིང་པོ་མེད། དགེ་བ་ཕྲ་མོ་ཞིག་བྱས་ཀྱང་དེའི་འབྲས་བུ་བདེ་བ་ལས་སྡུག་བསྔལ་དུ་ནམ་ཡང་འགྱུར་མི་སྲིད། དེས་ན་དམ་པའི་ཆོས་ལས་གཞན་པའི་བྱ་སྤྱོད་ཐམས་ཅད་བྱས་པ་དོན་མེད་སྡུག་བསྔལ་གྱི་འཁོར་ལོ་ལས་ནམ་ཡང་མ་འདས་སྙམ་དུ་སྙིང་ཁོང་རུས་པའི་གཏིང་ནས་ཡང་ཡང་བསམ་ཞིང་ལག་ལེན་དུ་ཐེབ་པ་ཞིག་དགོས་པས་འདིར་སྙིང་པོ་ཙམ་སྟེ། རྒྱས་པར་ཁྲིད་གཞུང་གཞན་ལྟར་སྒོམ་ཞིང་མྱོང་བ་ཐོབ་པ་གལ་ཆེ་བ་ཡིན་ནོ། །གཉིས་པ་ཕྱི་སྒྲུབ་དངོས་གཞིའི་ཉམས་ལེན་ལ་གསུམ། ཐེག་པ་ཆེ་ཆུང་སྤྱིའི་ཉམས་ལེན་སྐྱབས་འགྲོ་དང༌། ཐེག་པ་ཆེན་པོའི་ཁྱད་པར་གྱི་ཉམས་ལེན་བྱང་ཆུབ་སེམས་བསྐྱེད། རྡོ་རྗེ་ཐེག་པའི་ལམ་མཆོག་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་སོ། །དང་པོ་ནི་ནང་པ་སངས་རྒྱས་པ་ཡིན་ནས་བཟུང་སྐྱབས་སུ་མི་འགྲོ་བ་མེད་ཀྱང༌། ཐེག་པ་ཆེ་ཆུང་གི་དབྱེ་བ་ཡོད་དེ། སངས་རྒྱས་མཆོག་གི་སྤྲུལ་སྐུ། ཆོས་བདེན་བཞི་དང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། དགེ་འདུན་ཕྱི་གཟུགས་རྟགས་ཀྱི་འདུལ་བ། སྐྱབས་སུ་འགྲོ་བྱེད་ཀྱི་གང་ཟག་ཉན་རང༌། སྐྱབས་སུ་འགྲོ་ཚུལ་རང་དོན་དུ་བྱེད་པ་ཐུན་མོང་གི་སྐྱབས་འགྲོ་ལ་བརྟེན་ནས་སོ་ཐར་གྱི་སྡོམ་པ་སྐྱེ། སྡོམ་པ་སྦྱིན་པ་ཆོ་གའི་དུས་སུ་ཐོབ། ལམ་བདེན་བཞི་སྤང་བླང་ལ་སྦྱང༌། འབྲས་བུ་དགྲ་བཅོམ་ཐོབ། ཐེག་པ་ཆེན་པོའི་སངས་རྒྱས་སྐུ་གསུམ། ཆོས་ལྷག་པ་ཤེས་རབ་ཀྱི་བསླབ་པ་དོན་དམ་རྣམ་པར་ངེས་པ། དགེ་འདུན་ཐེག་ཆེན་བྱང་སེམས། གང་ཟག་དབང་པོ་རྣོ་རྟུལ་གཉིས། སྐྱབས་སུ་འགྲོ་ཚུལ་ཚད་མེད་བཞིས་རང་གཞན་གྱི་དོན་བྱེད། ཁྱད་པར་གྱི་སྐྱབས་འགྲོ་ལ་བརྟེན་ནས་སྡོམ་པ་སྐྱེ། སེམས་བསྐྱེད་ཀྱི་དུས་སུ་སྡོམ་པ་ཐོབ། ལམ་ཕར་ཕྱིན་དྲུག་ལ་བསླབས་པས་གྲངས་མེད་གསུམ་ནས་སངས་རྒྱས་ཐོབ། གསང་སྔགས་རྡོ་རྗེ་ཐེག་པའི་སྐྱབས་འགྲོ་ནི། སངས་རྒྱས་སྐུ་ལྔ་དབྱེར་མེད། ཆོས་རྡོ་རྗེ་ཐེག་པ་བསླབ་པ་གསུམ་རྫོགས་གསང་སྔགས། དགེ་འདུན་ཡང་དག་དོན་གྱི་དགེ་འདུན། གང་ཟག་སྡོམ་པ་གསུམ་ལྡན། སྐྱབས་སུ་འགྲོ་ཚུལ་རང་གི་སྒོ་གསུམ་དང་དཀོན་མཆོག་གསུམ་དབྱེར་མེད། བླ་མེད་ཀྱི་སྐྱབས་འགྲོ་དེ་ལ་བརྟེན་ནས་སྔགས་སྡོམ་སྐྱེ། དབང་དུས་སུ་ཐོབ། རིམ་གཉིས་སྦྱངས་པས་སྐྱེ་བ་གཅིག་གམ་ལྔ་ལ་སངས་རྒྱས། ཁྱད་པར་ཨ་ཏི་ཡོ་ག །རིག་པ་སྐུ་བཞིར་གནས་པ་སངས་རྒྱས། དེ་ངོ་ཤེས་པ་ཆོས། ཟག་མེད་ཀྱི་དགོངས་སྤྱོད་ལ་དགེ་འདུན། གང་ཟག་དབང་པོ་ཡང་རབ། སྐྱབས་སུ་འགྲོ་ཚུལ་རང་སེམས་ལས་གཞན་དུ་དཀོན་མཆོག་ལོགས་ན་མེད་པར་རྟོགས་པ་སྐྱབས་འགྲོ་སྟེ་དེ་དག་ཀྱང་གང་ཟག་གཅིག་གིས་འགལ་མེད་གཅིག་དྲིལ་དུ་ཉམས་སུ་ལེན་དགོས་པས། སྤྱིར་ཁམས་གསུམ་འཁོར་བ་ལ་འཇིགས་པ་ཐེག་དམན་གྱི་ཀུན་སློང༌། སྒོས་རང་དོན་ཡིད་བྱེད་ལ་འཇིགས་པ་ཐེག་ཆེན་གྱི་ལམ་གྱི་མི་མཐུན་ཕྱོགས། ཁྱད་པར་ཐ་མལ་འཁྲུལ་འཛིན་ལ་འཇིགས་པ་རྡོ་རྗེ་ཐེག་པའི་ལམ་བཟང་གི་སྤང་བྱ་སྟེ། འཇིགས་པ་དེ་ལས་སྐྱོབ་པའི་ཕྱིར་གང་ལ་སྐྱབས་སུ་འགྲོ་བ་མདོ་སྔགས་ཐུན་མོང་གི་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་གྲོགས་སུ་ཁས་བླངས་ན་སྐྱབས་སུ་འགྲོ་བ་རྒྱུའི་སྐྱབས་འགྲོ། མཐར་ཐུག་སྐྱབས་གསུམ་དབྱེར་མེད་སངས་རྒྱས་དེ་ཐོབ་པར་བྱས་ནས་དཀོན་མཆོག་གསུམ་གྱི་གདུང་མི་གཅོད་པ་འབྲས་བུའི་སྐྱབས་འགྲོ་དང༌། གསང་སྔགས་ཀྱི་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་གསུམ་ལ་སྐྱབས་སུ་འགྲོ་དགོས་ཀྱང་ཡི་དམ་ནི་སངས་རྒྱས། མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་དགེ་འདུན། བླ་མ་དཀོན་མཆོག་ཀུན་འདུས་ཡིན་པས་དོན་གཅིག །ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་དཀོན་མཆོག་གསུམ་མཐར་ཐུག་པ་སངས་རྒྱས་ཆོས་སྐུ། དེ་ཉིད་གཞན་རྒྱུད་ལ་བྱོན་ཟིན་པ་རྒྱུའི་སྐྱབས། རང་སེམས་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། གསལ་སྟོང་གཉིས་མེད་སྤྲུལ་སྐུ་སྟེ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་དང༌། གང་སྐྱབས་སུ་འགྲོ་བ་པོ་ཐ་དད་དུ་གྲུབ་པ་རྡུལ་ཙམ་མེད་པ་ཡེ་སངས་རྒྱས་པ་སྟེ། དོན་གྱི་ཡིན་ལུགས་དེ་ལྟ་བ་གདིང་དང་ལྡན་པ། སྒོམ་པ་ཉམས་དང་ལྡན་པ། སྤྱོད་པ་རོ་སྙོམས་དང་ལྡན་པས་དུས་ཇི་ཙམ་ན་སངས་རྒྱས་ཀྱི་བར་དུ་སྐྱབས་སུ་སོང་བས། དགོས་པ་སངས་རྒྱས་མྱུར་དུ་ཐོབ་པའི་ཕྱིར། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་ཚུལ་ནི། རང་གར་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེའི་ས་གཞི་ཡངས་ཤིང་རྒྱ་ཆེ་བ་ཁོད་སྙོམས་པར་གྱུར་པའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་འདབ་མེ་ཏོག་འབྲས་བུས་དུད་པ། དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་མ་ལ་གདན་ཁྲིའི་བཀོད་པ་མཐོ་ཞིང་ཡངས་པར་རྩ་བའི་བླ་མ་སྐུ་དངོས་སམ་རྡོ་རྗེ་སེམས་དཔའི་རྣམ་པ། དེའི་སྟེང་ནས་མར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་ཀྱི་རྣམ་པ་ཅན་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པ། ཕྱོགས་བཞིར་གྱེས་པའི་ཡལ་ག་ལས། མདུན་མཁར་ཁྱད་པར་གྱི་ཡི་དམ་རྒྱལ་བ་དཀྱིལ་འཁོར་གྱི་ལྷ་ཚོགས། གཡས་སུ་ཐུན་མོང་གི་སངས་རྒྱས་སྟོན་པ་ཐུབ་པའི་དབང་པོ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུ་རྣམས། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན། གཡོན་དུ་ཐུན་མོང་གི་དགེ་འདུན་བྱང་སེམས་དང་ཉན་རང་འཕགས་པ། དེ་ཐམས་ཅད་ཀྱི་མཐའ་བསྐོར་དུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་སྤྲིན་ཕུང་ལྟ་བུར་བཞུགས་པར་མོས་ལ། རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་འདུས་ནས་སྐྱིད་སྡུག་ལེགས་ཉེས་ཁྱེད་རང་ཤེས་སྙམ་དུ་རེ་ལྟོས་ལིང་སྐྱུར་གྱི་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་མོས་ཏེ། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་ཅི་ནུས་སུ་བརྗོད་ཅིང༌། ཐུན་འཇོག་ཁར། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སོང༌། སྐྱབས་ཡུལ་རྣམས་འོད་དུ་ཞུ་བ་རང་ལ་བསྟིམས་ཏེ་བསྔོ་བ་བྱ། དེ་ལྟར་སྐྱབས་སུ་སོང་ནས་སྤང་བའི་བསླབ་བྱ། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་མི་བསྟེན། ཆོས་ལ་སྐྱབས་སུ་སོང་ནས་གཞན་ལ་མི་འཚེ། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་དང་མི་འགྲོགས། བླ་མར་སྐྱབས་སུ་སོང་ནས་མཆོད་འོས་མི་བསླུ། སྐུར་བ་མི་འདེབས། དམ་པའི་གྲོགས་དང་འགྲོགས། བསྒྲུབ་བྱའི་བསླབ་བྱ། སྐུ་གཟུགས་ཆག་དུམ་ཡན་ཆད་དང༌། ཡི་གེ་འབྲུ་གཅིག །ལྷན་པ་དམར་པོ་ཡན་ཆད་བཀུར་བསྟི་བྱ། གུས་པས་སྤྱི་བོར་བླང༌། དམ་པའི་སྐྱེས་བུ་བསྟེན། ཆོས་ཉན། དགེ་འདུན་དང་མཐུན་པར་འགྲོགས། ལས་ཅི་ལ་ཐུག་ཀྱང་དཀོན་མཆོག་མི་སྤང༌། ཡོན་ཏན་དྲན། ཟས་གོས་སོགས་ཕུད་ཀྱིས་མཆོད། ཉིན་མཚན་ཀུན་ཏུ་སྐྱབས་འགྲོ་མི་བརྗེད་པའོ། །འབྲས་བུའི་བསླབ་བྱ་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པར་ཤེས་ཤིང་སྣང་སྲིད་དཀྱིལ་འཁོར་དུ་ཤེས་པའི་དག་སྣང་བྱ། བླ་མ་ལ་སྐྱབས་སུ་སོང་ནས་གསོལ་འདེབས་དག་སྣང་བྱ། ཡི་དམ་ལ་སྐྱབས་སུ་སོང་ནས་དེའི་བསྐྱེད་རྫོགས་སྒོམ་བཟླས་བྱ། མཁའ་འགྲོར་སྐྱབས་སུ་སོང་ནས་ཚོགས་དང་གཏོར་མས་མཆོད། ལྟ་བ་སངས་རྒྱས་དང་སེམས་ཅན་མཉམ་པར་བལྟ། སྒོམ་པ་ལྷུག་པ་གཏད་མེད་དུ་བཞག །སྤྱོད་པ་བདེ་སྡུག་རོ་སྙོམས་བྱའོ། །དེ་ལྟར་ཉམས་སུ་བླང་བས་ནང་པའི་གྲལ་དུ་ཆུད། ངན་འགྲོར་མི་སྐྱེ། སྡོམ་པ་ཀུན་གྱི་རྟེན་དུ་འགྱུར། ཚོགས་གཉིས་ཡོངས་སུ་རྫོགས་ནས་སངས་རྒྱས་འཐོབ་པར་འགྱུར་རོ། །དེ་ལྟར་མདོ་སྔགས་ཀྱི་སྐྱབས་འགྲོ་ཐམས་ཅད་གནད་གཅིག་ཏུ་དྲིལ་ནས་རྩེ་གཅིག་ཉམས་སུ་བླངས་ན་བློ་རྒྱུད་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས་ཆོས་སུ་འགྲོ། ཐེག་པ་ཐམས་ཅད་འགལ་མེད་དུ་ཡོད་པ་ཁ་བསྒྱུར་བས་ཆོས་ཡང་དག་པའི་ལམ་དུ་འགྲོ། ལམ་རྟགས་ཀྱི་ཡོན་ཏན་རྫོགས་པས་ལམ་འཁྲུལ་པ་སེལ། འཁྲུལ་སྣང་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པས་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱེད་པས་ན། འདི་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྩ་བ་ཉམས་སུ་ལེན་བདེ་ཞིང་འབྲེལ་བ་ཐེབས་ཆོག་ཡིན་པས་སྐྱབས་འགྲོའི་དོན་ལ་བློ་བཞག་སྟེ་གྲངས་འབུམ་ཕྲག་སོགས་བསགས་པ་ནི་ཤིན་ཏུ་གལ་ཆེའོ། །གཉིས་པ་ཐེག་པ་ཆེན་པོའི་ཁྱད་པར་གྱི་ཉམས་ལེན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཁྲིད་ནི་རང་རེ་ད་ལྟ་མན་ཆད་དུ་འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་དགོས་པ་བྱུང་བ་ནི་བདག་གཅེས་འཛིན་གྱི་བློ་ངན་འདིས་བྱས་པ་ཡིན། བདག་འཛིན་དེ་རྩད་ནས་ཕྱུང་སྟེ་གཞན་སེམས་ཅན་ཐམས་ཅད་ད་ལྟ་རྩ་བའི་ཕ་མ་ལྟར་ཤེས་པས་སྡུག་བསྔལ་དང་བྲལ་འདོད། བདེ་བ་དང་ལྡན་འདོད་ཀྱི་བློ་བཅོས་མིན་ཞིག་སྐྱེས་ན་ཐེག་ཆེན་བྱང་ཆུབ་སེམས་དཔའི་ལམ་རྣལ་མ་ཡིན། དེ་སྐྱེ་བའི་ཐབས་ལ་ཚད་མེད་པ་བཞིས་བློ་སྦྱོང་དགོས་པས། སེམས་ཅན་བདེ་བ་དང་ལྡན་འདོད་བྱམས་པ། སྡུག་བསྔལ་དང་བྲལ་འདོད་སྙིང་རྗེ། བདེ་བ་ལ་གནས་འདོད་དགའ་བ། ཉེ་རིང་ཆགས་སྡང་གི་བློ་བཏང་བ་བཏང་སྙོམས་ཡིན། སེམས་ཅན་གཅིག་ནས་གཉིས་སོགས་ལ་དམིགས་པ་འཇིག་རྟེན་པ། འགྲོ་བ་ཐམས་ཅད་ལ་དམིགས་པ་འཇིག་རྟེན་ལས་འདས་པའི་ཚད་མེད་ཡིན། སེམས་ཅན་ཐམས་ཅད་ཕ་མར་ཤེས་ཤིང་བདེ་བ་དང་ལྡན་འདོད་སོགས་སེམས་ཅན་ལ་དམིགས་པ་སྐྱེ་བོ་ཕལ་པ། དོན་དམ་པར་ཅི་ཡང་མ་གྲུབ་ཀྱང༌། ཀུན་རྫོབ་སྒྱུ་མ་རྨི་ལམ་ལྟ་བུའི་བདེ་བ་དང་ལྡན་འདོད་སོགས་ཆོས་ལ་དམིགས་པ་ཉན་རང༌། དེ་ལྟར་སྒོམ་པའི་དུས་ནས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་གདངས་མ་འགགས་པས་བདེ་བ་དང་ལྡན་འདོད་སོགས་ཀྱི་བློ་དུང་ངེ་བ་དམིགས་པ་མེད་པ་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་སྟེ། སྒོམ་ཚུལ་དངོས་ལ་ཐོག་མ་སྐྱེ་སླ་རིམ་ནས་བཟུང་སྟེ་དང་པོ་བཏང་སྙོམས་ཐོག་མར་བསྒོམ་པ་དང༌། རྩལ་སྦྱང་བའི་ཕྱིར་གོ་རིམ་ངེས་པ་ཅན། ཡང་ལྡོག་ནས་བཏང་སྙོམ། དགའ་བ། སྙིང་རྗེ། བྱམས་པའི་བར་དང༌། བྱམས་པ་དང་དགའ་བ། སྙིང་རྗེ་དང་བཏང་སྙོམས་སྤེལ་བ་སོགས་ཀྱིས་སྦྱོར་དངོས་རྗེས་གསུམ་གྱི་རྩིས་ཟིན་པར་ཉམས་སུ་བླང་ངོ༌། །དེ་ལྟར་ཚད་མེད་བཞི་ལ་གོམས་ནས་བྱང་ཆུབ་སེམས་གཉིས་བསྒོམ་དགོས་ལ། བྱང་ཆུབ་ཀྱི་སེམས་དེ་ཡང་རང་བཞིན་གནས་རིགས་དང༌། རྒྱས་འགྱུར་གྱི་རིགས་གཉིས་ཀྱི་ཚུལ་དུ་རང་ཉིད་ལ་ཡེ་ནས་ཡོད། དེ་མེད་ན་སངས་རྒྱས་སྒྲུབ་པའི་བློ་མི་སྐྱེ། དེས་ན་རང་རེ་རྣམས་འཁོར་བའི་ཐོག་མ་མེད་ཀྱང་ཐ་མ་དང་ལྡན་པའི་གནད་འདི་ཡིན། གཤིས་ཀྱི་གནས་ལུགས་དེ་གོ་བ་ཙམ་གྱིས་མི་ཕན། སྒྲིབ་པས་བསྒྲིབས་ནས་ཡོད་པ་དེ་སྦྱང་བའི་ཐབས་ལ་འབད་དགོས། དེའི་ཐབས་མཆོག་ཏུ་གྱུར་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། སེམས་དེ་སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་སེམས་ཀྱི་སྡོམ་པ་ལེན་འདོད་ཡོད་པ་གསུམ་ལས་སྐྱེ་བས། དེ་ལས་ཀྱང་སྙིང་རྗེ་ནི་བྱང་སེམས་ཀྱི་རྒྱུའི་གཙོ་བོ་མེད་དུ་མི་རུང་བ་སྟེ། དེ་དག་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི། མདུན་གྱི་ནམ་མཁར་ཚོགས་ཞིང་སྐྱབས་ཡུལ་སྔར་ལྟར་གསལ་ཏེ། འདི་ལྟར་ཕྱོགས་བཅུ་གང་ལས་གཞལ་ཀྱང་འཇིག་རྟེན་གྱི་ཁམས་ལ་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་ཐམས་ཅད་ཀྱིས་རང་གི་ཕ་མ་ལན་གྲངས་དཔག་ཏུ་མེད་པར་བྱས་ཏེ། ལེགས་པར་བསྐྱངས་པའི་དྲིན་ཅན་ཤ་སྟག་ཡིན། དེ་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་སྒྲུབ་པ་སྡུག་བསྔལ་སྒྲུབ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུ་འདི་རྣམས་སྙིང་རེ་རྗེ་སྙམ་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེ། བདག་གི་ཕ་མ་མི་འདོད་བཞིན་དུ་སྡུག་བསྔལ་རྣམས་ཉམས་སུ་མྱོང་བ་འདི་ཀུན་ཅི་ཚུགས་བྱ། ད་ནི་སྙིང་རྗེ་ཟེར་བཞག་པས་ཅི་ཕན། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ཏེ། ཐར་པ་མཆོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ་སྙམ་པ་སངས་རྒྱས་ལ་དམིགས་པའི་དད་པ་སྨོན་པ་སེམས་བསྐྱེད་དང༌། ད་ལྟ་དེའི་ནུས་པ་བདག་ལ་མེད་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་དཔལ་རྡོ་རྗེ་སེམས་དཔའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་བསྒོམ་པར་བགྱིའོ་སྙམ་པའི་བྱང་ཆུབ་ཐོབ་འདོད་ཡོད་པ་འཇུག་པ་སེམས་བསྐྱེད་དེ་གནད་གསུམ་ཚང་བས། རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་པའི་ཚིག་དམ་བཅའི་ཚུལ་དུ་ཁ་ཡེངས་མིག་ཡེངས་ཚིག་ཙམ་དུ་མ་སོང་བར་འགྲོ་དྲུག་གི་སེམས་ཅན་རྣམས་སྙིང་ཁོང་དུ་བཅུག་པའི་ལྷག་བསམ་དྲག་པོའི་སེམས་རྩེ་གཅིག་པས་སྐྱབས་ཡུལ་རྣམས་ཀྱིས་བདག་གི་བསམ་སྦྱོར་ཇི་བཞིན་དུ་མཁྱེན་ངེས་སྙམ་པའི་བླ་མ་དཀོན་མཆོག་ལ་དད་པ་དང་བཅས་ཚར་གྲངས་བསགས། སེམས་བསྐྱེད་བསམ་པ་ཡང་ཡང་གོམས་པར་བྱའོ། །མཐར་ཚོགས་ཞིང་རྣམས་དགྱེས་པས་འོད་དུ་ཞུ་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པས་སྐྱབས་ཡུལ་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གནས་ལུགས་རྟོགས་པའི་ལྟ་བ་ཕྱིན་ཅི་མ་ལོག་པ་དེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་མོས་ལ་མི་དམིགས་པའི་ངང་ལ་དར་གཅིག་མཉམ་པར་བཞག་རྗེས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་ཁྲིད་གཞུང་རྒྱས་པ་གཞན་ནས་གསུངས་པ་ལྟར་བྱང་བ་ཐོན་ཐོན་དུ་བསྒོམ་དགོས་པ་ལས་སེམས་བསྐྱེད་ཀྱི་གྲངས་བསགས་པ་ཙམ་དངོས་གཞི་མ་ཡིན་པར་ཤེས་པར་བྱ་བ་གནད་དོ། །སྤྱིར་བྱང་ཆུབ་སེམས་དཔའི་བསླབ་བྱ་ཐམས་ཅད་གཞན་ཕན་གཞིར་བཅས་སྒྲུབ་པ་ལ་འདུ་བ་ཡིན་ཀྱང༌། ད་ལྟ་རང་རེ་སོ་སྐྱེས་ལས་དང་པོ་པའི་སྐབས་འདིར་སྦྱོར་བ་དང་དངོས་སུ་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་དཀའ་ཞིང༌། གཙོ་བོ་ཀུན་སློང་གི་བསམ་པ་གཞན་ཕན་འབའ་ཞིག་ཁོང་དུ་བཅུག་ནས། སྦྱོར་བ་རང་རྒྱུད་ཀྱི་ཉེས་སྤྱོད་སྡོམ་ཞིང་དགེ་ཆོས་སྤེལ་བའི་སྒོ་ནས་རང་གི་རྒྱུད་ཀྱི་འཆིང་བ་གྲོལ་བའི་ཐབས་ལ་བརྩོན་པས་དེས་གཞན་དོན་ཀྱང་ཞར་ལ་འགྲུབ་ནས་འཕགས་ས་ཐོབ་ནས་གཞན་དོན་ནུས་པའི་སྐབས་སུ་སྐད་ཅིག་ཀྱང་མི་གཡེང་བར་བསམ་སྦྱོར་གཉིས་ཀས་གཞན་ཕན་འབའ་ཞིག་བསྒྲུབས་པས་དེས་རང་དོན་དུ་སྤང་རྟོགས་ཀྱང་ཞར་ལ་རྫོགས་ནས། མཐར་ཕྱིན་སངས་རྒྱས་ཀྱི་ས་ལ་རང་གཞན་གྱི་དོན་གཉིས་འབད་མེད་ལྷུན་གྲུབ་ཀྱི་ཚུལ་དུ་འབྱུང་བས་ན། རང་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་དང་བཅས་ནུས་པ་དང་འཚམས་པར་བཏང་བསྲུང་དག་པ་སྤེལ་བའི་ཚུལ་ལ་མཁས་པར་བྱ་བ་ལ་དོན་གྱི་གནད་འདུའོ། །གསུམ་པ་རྡོ་རྗེ་ཐེག་པའི་ལམ་མཆོག་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དངོས་ཀྱི་ཁྲིད་ལ། གཉེན་པོ་སྟོབས་བཞི་དང་ལྡན་པ་དགོས་པས་དང་པོ་སུན་འབྱིན་པའི་སྟོབས་ནི། དེ་ཡང་རང་ཅག་རྣམས་གཞན་དོན་རྫོགས་བྱང་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་གེགས་ནི་སྡིག་སྒྲིབ་ཡིན། སྦྱང་བྱ་དེ་ངོས་བཟུང་བ་ལ་སྡིག་པའི་སྒོ་དྲུག་གསུངས་ཏེ། ཀུན་སློང་གི་སྒོ་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ། འགྲིམ་པའི་སྒོ་ལུས་ངག་ཡིད་གསུམ་གྱིས། ཡུལ་སངས་རྒྱས་དང་སེམས་ཅན་ལ། དུས་ཐོག་མེད་ནས་ད་ལྟའི་བར། ངོ་བོ་རང་བཞིན་དང་བཅས་པའི་སྡིག་པ། སྦྱོར་བ་རང་གིས་བྱས་པ་དང༌། གཞན་ལ་བྱེད་དུ་འཇུག་པ། བྱས་པ་ལ་རྗེས་སུ་ཡི་རང་བ་རྣམས། སྦྱོང་བྱེད་གཉེན་པོ་སྟོབས་བཞིས་སྦྱང་དགོས་པས། རང་གིས་སྡིག་པ་ནི་དགྲ་གཉེན་གཉིས་དང་ལུས་ལོངས་སྤྱོད་སོགས་ཀྱི་ཕྱིར་བྱས་པ་ཡིན། དེ་ཐམས་ཅད་བདག་ཡུན་དུ་འགྲོགས་དབང་མེད། སྡིག་པའི་འབྲས་བུས་རང་ངན་སོང་དུ་ལྟུང་སྟེ་ཤིན་ཏུ་ཉམ་ཐག་ཅིང་དགོས་གལ་ཆེ་བའི་དུས་སྐབས་སུ་ནི་དེ་དག་རང་གི་ཕྱོགས་ཙམ་དུ་མི་ཉེ་ཞིང་ཕན་པ་མེད། རྣམ་སྨིན་སྡུག་བསྔལ་གྱི་འབྲས་བུ་ནི་རང་འབའ་ཞིག་གིས་མྱོང་དགོས་པས། སྡིག་པ་ཉིད་ཚེགས་ཆེ་ལ་དོན་ཆུང་བར་འདུག་བསམས་ཏེ་འགྱོད་པ་བསྐྱེད། སྡིག་པའི་འབྲས་བུས་ཚེ་འདིར་ཡང་སྲོག་གཅོད་པས་ཚེ་ཐུང༌། ནད་མང༌། མ་བྱིན་པ་བླངས་པས་ནོར་དབུལ་བ་སོགས་དང༌། རང་ཉིད་འཆི་ཀ་གནད་གཅོད་ཀྱི་སྡུག་བསྔལ་དང༌། འཆི་ཚེ་གཤིན་རྗེའི་ཕོ་ཉས་བརྡུང་བརྡེག་སོགས་འཇིགས་སྣང་དང༌། ཤི་བའི་འོག་ཏུ་ངན་སོང་དུ་ལྷུང་བའི་སྡུག་བསྔལ་གྱི་འཇིགས་སྣང་ལ་བསམས་ཏེ་འགྱོད་པ་བསྐྱེད། སྡིག་པ་བྱས་པ་བཤགས་པས་ཆོག་སྙམ་ན་སྡིག་པ་བཤགས་ཤིང་མ་བྱང་བའི་སྔོན་དུ་རང་འཆི་ན་ཆ་མེད། འཆི་རྐྱེན་ངེས་མེད་ཡིན་པས་འཆི་བདག་གི་བདུད་དེས་ནམ་འདོད་དུ་ཁྱེར་བ་ལས་བདག་གི་སྡིག་པ་བྱང་མ་བྱང་མི་ལྟ་བས་ཡིད་བརྟན་མི་རུང་བས་མྱུར་དུ་བཤགས་དགོས། ཉེས་པ་གསང་ཞིང་སྦེད་ན་སྡིག་པ་ཇེ་འཕེལ་དུ་འགྲོ་བས་སྐྱོན་དུ་ཤེས་པས་ཚོགས་སུ་བསྒྲགས་ན་སྡིག་པ་སྟོབས་ཆུང་དུ་འགྲོ། ནམ་ཡང་མི་འཕེལ་བ་བཤགས་ཡུལ་གྱི་མདུན་དང་ཚོགས་སུ་བསྒྲགས་པ་ནི་མཐོལ་བ། སྡིག་པ་བྱས་པ་བདག་ཤིན་ཏུ་ཉེས་ཤིང་འཕྱུག་སྙམ་འགྱོད་སེམས་གདུང་བས་མཚང་ཁས་ལེན་པ་བཤགས་པ། རང་ནོངས་པས་ཞུམ་པས་དམན་ས་བཟུང༌། ཉེས་པ་མི་ལྡན་པ་རྣམས་མཆོག་དང་ངོ་མཚར་དུ་ཤེས་པ་དང་གུས་པས་གཙུག་ཏུ་བཀུར་བའི་ཀུན་སློང་གིས་རང་གི་ཉེས་སྤྱོད་བགྱིས་པ་ལ་ངོ་ཚ་ཡང་གསོང་པོར་སྨྲ་བའི་སྒོ་ནས། བླ་མ་རྡོ་རྗེ་སེམས་དཔའི་དྲུང་དུ་བཤགས་པ་ཡིན་པས་ཁྱེད་རྣམས་ཀྱི་བརྩེ་བས་རྗེས་སུ་བཟུང་ལ། ལས་འདི་དག་པར་མཛད་དུ་གསོལ་ཞེས་སྙིང་ཐག་པ་ནས་བརྗོད་པ་བཤགས་པའི་དོན་གྱི་སྙིང་པོ་ཡིན་ནོ། །གཉིས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པའི་གཉེན་པོ་དགེ་བ་ལ་སྤྱོད་པ་སྟེ། དེ་ལས་འགྲུབ་སླ་ཞིང་ཕན་ཡོན་ཆེ་བ་འགའ་ཞིག་གཅེས་པར་བཏུས་པ་ལ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྒོ་དྲུག་ཏུ་གྲགས་ཏེ། དང་པོ་སངས་རྒྱས་དང་བྱང་སེམས་ཀྱི་མཚན་བཟུང་བ། གཉིས་པ་སྐུ་གཟུགས་དང་མཆོད་རྟེན་བཞེངས་པ། གསུམ་པ་རྟེན་ལ་ཕྱག་མཆོད་བསྐོར་བ་བྱེད་པ། བཞི་པ་མདོ་རྒྱུད་ཟབ་མོ་ཁ་ཏོན་དུ་བྱེད་པ། ལྔ་པ་གཟུངས་སྔགས་བཟླ་བ། དྲུག་པ་སྟོང་ཉིད་བསྒོམ་པ་རྣམས་སུ་གསུངས་པ་ལས། དཔེར་ན་ཉི་ཟླ་སྤྲིན་ལས་དོན་པ་ལྟར་དགེ་བ་གཅིག་བྱས་པ་དང་སྡིག་པ་མང་པོ་དག་པར་འགྱུར་ཞིང༌། རྡོ་རྗེ་རིན་ཆེན་ཆུང་ངུས་རི་རབ་འཇོམས་པ་དང༌། མེ་སྟག་ཆུང་ངུས་རྩ་ཤིང་རི་ཙམ་བསྲེགས་པ་དང༌། དུག་ཆུང་ངུས་མི་བསད་པ་ལྟར་ཡིན་པས་སྡིག་པ་བྱས་པ་ཇི་སྙེད་ཀྱི་དགེ་བ་བྱེད་མི་མོས་པས་སྐབས་འདིར་སྡིག་པའི་གཉེན་པོ་བྱ་སླ་ཚེགས་ཆུང་བ་རྡོར་སེམས་བསྒོམ་བཟླས་ཏེ། དེའི་ཚུལ་ལ་ཚོགས་རྟེན་གསལ་གདབ་པ་དང༌། བསགས་སྦྱོང་སྙིང་པོ་ལེན་པ་གཉིས་ལས། དང་པོ་ནི། ཨ༔ བདག་གི་ཚངས་པའི་གནས་ཉིད་དུ༔ སོགས་ཏེ། རང་གིས་སྤྱི་བོར་པད་ཟླའི་གདན་ལ་ཧཱུྃ་ཡིག་དཀར་པོ། དེ་ལས་འཕྲོས་པའི་འོད་ཟེར་གྱིས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བླ་མ་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བསྟེན་པས་ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། དར་དང་རིན་པོ་ཆེའི་རྒྱན་ཅན། ཡབ་སེམས་དཀྱིལ་དང་ཡུམ་པད་དཀྱིལ་གྱིས་ཕན་ཚུན་འཁྲིལ་བ། གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱིས་མཚན་པ་གསལ། དམིགས་རྣམ་རྒྱས་པར་སྤྲོ་ན། ཡབ་ཡུམ་གཉིས་ཀ་ང་རྒྱལ་མ་སྤངས་གནས་སུ་དག་པས་ཕྱག་ཞབས་རྣམས་གསེར་ཞུན་མ་ལྟར་མཉེན་པ་སོགས་ཞི་བའི་ཚུལ་དགུ། དར་གྱི་ཆས་གོས་ལྔ་དང༌། རིན་པོ་ཆེའི་རྒྱན་བརྒྱད་སོགས་ཞིབ་པར་གསལ། མདོར་ན་སྤྱི་གཙུག་ཏུ་བསྒོམས་པའི་རྡོར་སེམས་ཀྱི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། དམ་ཡེ་གཉིས་མེད་དུ་བསྟིམ། དབང་ལྷས་དབང་བསྐུར་བ་བཅས་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། གཉིས་པ་བསགས་སྦྱོང་སྙིང་པོ་ལེན་པ་འདི་ལ་བདུན་ལས། དང་པོ་ཕྱག་འཚལ་བའི་ཡན་ལག་ནི། ཧོཿ དགོངས་ཀློང་དབྱེར་མེད་སོགས་ཀྱིས་བསྟན་པ་ལྟར། ཚོགས་ཞིང་ཁྱད་པར་ཅན་བླ་མ་རྡོ་རྗེ་སེམས་དཔའི་སྟེང་གི་ཆ་ལ་བརྒྱུད་གསུམ་བླ་མ། བར་དུ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས། འདབས་འཁོར་དུ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཡེ་ཤེས་ཀྱི་ཆོས་སྲུང་གི་ཚོགས་དང་བཅས་པ་གངས་རི་ཆེན་པོ་ལ་ཆར་སྤྲིན་འཁྲིགས་པ་བཞིན་བཞུགས་པར་གསལ་བའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་རབ་ཏུ་གུས་པས་འཁོད་དེ་རང་རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཞིང་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པའི་བསྟོད་དབྱངས་བཅས་མེ་ཏོག་པདྨ་དཀར་པོ་གསར་དུ་ཁ་འབུས་པ་དང་འདྲ་བའི་ལག་གཉིས་ཐལ་མོ་སྦྱར་ཏེ། ལུས་དྲང་པོར་བསྲང༌། དེ་ཡང་ཐལ་མོ་སྤྱི་བོར་སྦྱར་བས་ལུས་སྒྲིབ་དག །མགྲིན་པར་སྦྱར་བས་ངག་སྒྲིབ་དག །སྙིང་གར་སྦྱར་བས་ཡིད་སྒྲིབ་དག །དེ་ནས་ལུས་ཀྱི་མ་ལྔ་ས་ལ་ཕབ་པ་ཞེས། དཔྲལ་བ་དང་གཅིག །ལག་པའི་མཐིལ་གཉིས། པུས་མོ་གཉིས་དང་བཅས་ས་ལ་ཕབ་སྟེ་ཕྱག་བྱས་པས་རང་རྒྱུད་ཀྱི་ཉོན་མོངས་དུག་ལྔའི་སྒྲིབ་པ་དག །ཚོགས་ཞིང་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ལྔའི་དབང་དང་བྱིན་རླབས་ཐོབ་པ་དང༌། མཐར་ཐུག་སངས་རྒྱས་ཀྱི་དབུའི་གཙུག་ཏོར་བལྟར་མི་མངོན་པ་འགྲུབ་པར་བྱེད་པའི་དགོས་པ་ཡོད་པ་ཡིན། གོང་དུ་སྡིག་པའི་གཉེན་པོ་སྒོ་དྲུག་གི་གསུམ་པ་ཡིན་ཅིང༌། ཁྱད་པར་ཡན་ལག་ཐམས་ཅད་བརྐྱང་སྟེ་ཕྱག་འཚལ་བས་གསང་སྔགས་ཀྱི་རུ་ཟུང་བཞིའི་བཤགས་པ་ནས་ལུས་ཀྱི་དམ་ཚིག་ཉམས་ཆག་བཤགས་པའི་ཐབས་སུ་གསུངས་པས། ཉམས་ཆག་སྦྱོང་བར་གཙོ་བོར་དམིགས་ན་བླ་མ་རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཡིན་པས་ཐུགས་ཀར་ཞི་བ་བཞི་བཅུ་རྩ་གཉིས། དབུ་ལ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་གསལ་ལ། དེ་དག་གི་མཚན་ནས་བརྗོད་པའི་ཞི་ཁྲོའི་ཕྱག་འཚལ་སྦྱར་དུ་རུང་ལ། ཞི་ཁྲོའི་སྐུ་དམིགས་བསལ་མ་བསྒོམས་ཀྱང་རྡོ་རྗེ་སེམས་དཔའ་གཅིག་ཆོག་ནོར་བུའི་ལུགས་སུ་བསྒོམ་པ་མཆོག་ཡིན་ཏེ། ལྷ་དེ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཡིན་པའི་ཕྱིར་གསང་བ་སྙིང་པོ་ལས། མཁའ་དཀྱིལ་དྭང་པའི་དབྱིངས་ཉི་ཟླར། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན། །མ་ལུས་པར་ནི་བསྒོམ་པར་འགྱུར། །ཞེས་གསུངས་པའོ། །ཕྱག་འཚལ་བའི་ཕན་ཡོན་ཀྱང༌། འདུལ་བ་ལུང་ལས། དགེ་སློང་དག་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པའི་དབུ་སྐྲ་སེན་མོའི་མཆོད་རྟེན་ལ་དད་པས་ཕྱག་འཚལ་བ་དེའི་རྣམ་པར་སྨིན་པ་ནི་ཇི་སྲིད་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཁོང་ཁྲོ་མ་སྐྱེས་པ་དེ་སྲིད་དུ་དབང་ཆེན་ས་གཞི་ལ་ཐུག་གི་བར་དུ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོའི་བསྒྱུར་བའི་རྒྱལ་པོའི་བདེ་བ་མྱོང་ཞིང་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་པར་འགྱུར་རོ། །གཉིས་པ་མཆོད་པ་འབུལ་བ་ནི། དངོས་སུ་འབྱོར་བའི་མཆོད་པ་སེར་སྣ་དང་ང་རྒྱལ་ངོམ་ཆོས་ཀྱི་ཀུན་སློང་ངན་པས་མ་བསླད་པ། རང་ཉིད་ཀྱི་ཇི་ལྟར་འབྱོར་བའི་མཆོད་པ་རྒྱུ་བཟང་བ། དངོས་གཙང་བའི་མཆོད་ཡོན་སོགས་ཉེར་སྤྱོད་དང༌། ཡིད་སྤྲུལ་གཞལ་ཡས་ཁང༌། ཡུལ་འཁོར། རི་གླིང༌། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་བདུན། ཉེ་བའི་རིན་ཆེན་བདུན། ལྷ་དང་ལྷ་མོའི་གླུ་གར་རོལ་མོ་སོགས་ཞིང་འདི་དང་དག་པའི་ཞིང་གཞན་དུ་ཡོད་པ། གསང་སྔགས་ནང་གི་དམ་རྫས་སྨན་གཏོར་རཀྟ་སོགས་ཟག་མེད་ཀྱི་འདོད་ཡོན་རྣམས་ཅིར་ཡང་འཆར་བ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་སྤྲུལ་ནས་འབུལ་བ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་མཐུ་ལས། རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་མི་འདྲ་བ་བྱེ་བ་བརྒྱ་སྟོང་སངས་རྒྱས་ཀྱི་ཞིང་ཁམས་གྲང་མེད་པའི་རྡུལ་དང་མཉམ་པར་སྤྲོས། འོད་ཟེར་དེ་རེ་རེའི་རྩེར་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རང་འདྲ་བ་རེ་རེ་སྤྲུལ། དེ་རེ་རེའི་ཐུགས་ཀ་ནས་སྔར་དང་འདྲ་བའི་འོད་ཟེར་སྤྲོ་ཞིང༌། དེའི་རྩེར་ཀུན་ཏུ་བཟང་པོ་སྤྲུལ་པ་སོགས་གྲངས་མེད་བསམ་གྱིས་མི་ཁྱབ་པའི་བར་སྤྲོས་ཏེ། དེ་དག་རེ་རེས་ཀྱང་གཅིག་ཏུ་མེད་པའི་མཆོད་རྫས་ཀྱི་རྣམ་གྲང་བསམ་གྱིས་མི་ཁྱབ་པར་སྤྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད་པ་ནི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཞེས་བྱའོ། །ཚུལ་དེ་འདྲ་བ་རང་ཉིད་བློས་ཅི་ལྕོག་ཏུ་སྤྲུལ་ནས་འབུལ་བའང་སྡིག་པ་སྦྱོང་བའི་སྒོ་གསུམ་པའོ། །དེའི་ཡན་ལག་ཏུ་མཎྜལ་འབུལ་བ་ཡང་ཚོགས་བསགས་པའི་སྒོ་ཁྱད་པར་ཅན་ཏེ། འབྱོར་འཁོས་རབ་འབྲིང་ཐ་གསུམ་དང་བསྟུན་པའི་མཎྜལ་ལ། ཚོམ་བུའི་རྒྱུ་རིན་པོ་ཆེ། སྨན་འབྲུ་གཙང་ཞིང་དག་པས། སྒྲུབ་པའི་མཎྜལ་ཚོམ་བུ་གཅིག་པ་མདུན་སྟེགས་ལ་བཀོད་ནས་མཆོད་པས་བསྐོར། མཆོད་པའི་མཎྜལ་རང་གི་ལག་ཏུ་ཐོགས་ལ། འབྲུ་སོགས་དྲི་དང་བ་བྱུང་གིས་བརླན་པར་བྱས་ལ། ཡིག་བརྒྱ་དང་མཆོད་པའི་སྤྲིན་གཟུངས་བཟླས་པས་བྱི་དོར་བྱ། རྒྱས་པ་ཡོངས་གྲགས་ཚོམ་བུ་སོ་བདུན་མ་དང༌། གཏེར་ཁ་ནས་འབྱུང་བའི་ཕྱི་རིན་པོ་ཆེའི་མཎྜལ། ནང་དུ་ཕུང་ཁམས་སྐྱེ་མཆེད་ཀྱི་མཎྜལ། གསང་བ་སེམས་ཉིད་གསལ་སྟོང་གི་མཎྜལ་དང༌། སྐུ་གསུམ་གྱི་ཞིང་གི་མཎྜལ་སོགས་སྤྲོ་ན་སྦྱར་སྟེ་ཕུལ་བའམ། སེམས་ཀྱི་དམིགས་པའི་འཕྲུལ་དང་ལྡན་པས་ངག་འདོན་ཕྱི་སྒྲུབ་ཟུར་དུ་ཡོད་པ་ཉིད་གྲངས་བསགས་རུང་ལ། སྒྲུབ་པའི་མཎྜལ་དམིགས་རྟེན་མ་འབྱོར་ཀྱང་ཆོག་ལ། གོང་དུ་མཆོད་པའི་སྐབས་སུ་སྨོས་པའི་ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི་མཆོད་འབུལ་ལྟར་དམིགས་ནས་ཕུལ་ན་མཎྜལ་གྱི་ཚོགས་བསགས་གཅིག་ལ་ཕར་ཕྱིན་དྲུག་ཚང་བས་ཚོགས་གཉིས་ཡོངས་སུ་རྫོགས་པ་དང༌། ཆོས་སྤྱོད་ཐམས་ཅད་གཅིག་ཏུ་དྲིལ་བའི་བསོད་ནམས་ལས། མཎྜལ་ཕུལ་བའི་བསོད་ནམས་ཆེ་བ་དང༌། ཏིང་འཛིན་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་སོགས་བསོད་ནམས་ཕུང་པོ་གང་གིས་ཀྱང་དཔག་མི་ནུས་སོ། །སྤྱིར་མདོ་སྡེ་ལས་རྣམ་འབྱེད་ལས། རྟེན་ལ་ཕྱག་འཚལ་བ། ཐལ་མོ་སྦྱར་བ། ཕྱག་དར་བྱེད་པ། གདུགས་དང་དྲིལ་བུ་སོགས་ཕུལ་བ་ལ་སོ་སོར་ཕན་ཡོན་ཆེན་པོ་བཅུ་རེ་གསུངས་པ་དང༌། སྤྱན་རས་གཟིགས་ཀྱི་མདོར། སུ་ཞིག་དཔའ་བའི་སེམས་ཀྱིས་མེ་ཏོག་བླངས། །དད་བསྐྱེད་འཇིག་རྟེན་མགོན་ལ་ཆར་དུ་གཏོར། །དེ་ནི་མི་ཡི་འཇིག་རྟེན་བསོད་ནམས་ལྡན། །རྒྱལ་སྲིད་གནས་ནས་རྒྱལ་བ་མཆོད་པར་འགྱུར། །ཞེས་དང༌། མར་མེ་ཕུལ་བའི་བསོད་ནམས་གསལ་རྒྱལ་ལས། དཔེ་མེད་མཆོད་རྟེན་མར་མེ་ཕུལ་བ་ཡིས། །ཨུཏྤལ་སྔོན་པོ་ཁ་བྱེ་འདྲ་བའི་མིག །གསལ་ཞིང་སྡུག་ལ་མིག་གི་དཀྱུས་རིང་མཛེས། །དྲི་མ་མེད་པ་ལྷ་ཡི་མིག་དང་ལྡན། །ཞེས་སོགས་མཐའ་ཡས་པའི་ཚུལ་ཁོ་བོའི་བླ་མའི་གསུང་རྟེན་བཞེངས་ཀྱི་ཕན་ཡོན་དང༌། གསང་སྔགས་སྤྱིའི་སྔོན་འགྲོའི་ཁྲིད་ཡིག་ལས་རྒྱ་ཆེར་འབྱུང་བས་བློ་དང་ལྡན་ཞིང་མིག་ཡོད་པའི་དོན་དང་ལྡན་པར་གཟིགས་པར་བྱས་ན་ལེགས་སྙམས་སོ། །གསུམ་པ་སྡིག་པ་བཤགས་པ་ནི། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར། དྲན་པ་དང་མི་དྲན་པའི་སྡིག་པ། ཚེ་རབས་ཐོག་མ་མེད་པ་ནས་དེ་རིང་ཡན་ཆད་དུ་བསགས་པ། སྒོ་གསུམ་གྱིས་ཕ་མ་མཁན་སློབ་མཆེད་གྲོགས་དམ་པ། སྐྱེས་བུ་དམ་པ་གཞན་དག་ལ་མ་གུས་པ་བྱས་པ། སྡིག་པ་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། དཀོན་མཆོག་དཀོར་ལ་འབགས་པ། སེར་སྣ་དང་འཇུར་གེགས་བྱས་པ་ལ་སོགས་པ་ཐམས་ཅད་དང༌། ཁྱད་པར་བླ་མ་རྡོ་རྗེ་འཛིན་པ་ལ་ཐ་མལ་མི་རུ་བཟུང་བའི་དབང་གིས་སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་དང་འགལ་བ་དང༌། ཉམས་པ་དང་འདྲེས་ཤིང་ཉམས་པའི་སྐྱོན་ཆགས་པ་ལ་སོགས་པ་མདོར་ན་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་སྒོར་གྱུར་པའི་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཐམས་ཅད་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པར་བསམས་ལ་བཤགས་པས་སྐད་ཅིག་དེ་ཉིད་ལ་རྟེན་ཚོགས་ཞིང་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་པོ་བྱུང་བ་ཕོག་པའི་རྐྱེན་གྱིས་དག་པར་བསམ་ལ། ཕྱིས་མི་བྱེད་པར་གཉེན་པོས་བསྡམ་ཞིང་བཤགས་པའི་ཚིག་བརྗོད་པར་བྱའོ། །དམིགས་བསལ་གྱི་སྡིག་བཤགས་རྒྱས་པར་སྤྲོ་ན་ཐམས་ཅད་མཁྱེན་གཟིགས་མི་ཕམ་རིན་པོ་ཆེའི་གསུང་ཀློང་བཤགས་དང༌། འཇམ་མགོན་ཡོན་ཏན་རྒྱ་མཚོའི་སྡོམ་གསུམ་བཤགས་སྦྱང་སོགས་སྦྱར་ན་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །ཕན་ཡོན་ནི། གང་ཞིག་དྲན་པའི་མོད་ལས་ནི། །སྡིག་རྣམས་དྲན་ནས་འགྱོད་པ་ཡིས། །བཤགས་པས་ཐམས་ཅད་འཛད་པ་སྟེ། །རྒྱལ་བའི་སྲས་པོ་ཕྱིས་སྡོམས་ཤིག །ཅེས་གསུངས་སོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། ཕྱོགས་དུས་རྒྱལ་བ་རྣམས་ཀྱིས་གཞན་དོན་དུ་ཆོས་འཁོར་བསྐོར་བ་དང༌། རྫུ་འཕྲུལ་ལ་སོགས་ངོ་མཚར་གྱི་མཛད་པ་སྟོན་པའི་དགེ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱད་པའི་དགེ་བ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་རབ་དང་རྣམ་པར་གྲོལ་བའི་ཕུང་པོ། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་ཐར་པ་ཆ་མཐུན་གྱི་དགེ་བ། རང་གིས་སྔར་བྱས་པ། ད་ལྟ་བྱེད་བཞིན་པ་སླད་ཀྱིས་བྱ་ངེས་པ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་སྙིང་ཐག་པ་ནས་དུང་དུང་བསྒོམས་པའི་ཕན་ཡོན་ཀྱང༌། སྡུད་པ་ལས། ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང༌། །རིན་ཆེན་བཻ་ཌཱུརྻ་ཀུན་དེ་གཅིག་ཟིལ་གྱིས་གནོན། །དེ་བཞིན་འགྲོ་ཀུན་སྦྱིན་སོགས་ཕུང་པོ་རྒྱ་ཆེར་ཀུན། །རྗེས་སུ་ཡི་རང་བྱང་སེམས་གཅིག་གིས་ཟིལ་གྱིས་གནོན། །ཞེས་སོ། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། །སངས་རྒྱས་དང་བྱང་ཆུབ་སེམས་པའི་དགེ་བའི་བཤེས་གཉེན་གཞན་དོན་རླབས་ཆེན་མཛད་པ་རྣམས་ལ། ཞུ་བ་པོའི་རྒྱུད་ལ་དགེ་རྩ་བསྐྱེད་པ་ལ་དགོངས་པ་དང༌། འཁོར་གྱི་ལོག་སྒྲུབ་དང་སྤྱོད་ངན་གྱིས་ཐུགས་སུན་ནས་ཆོས་མི་གསུང་བར་བཞུགས་པ་རྣམས་ཀྱི་དྲུང་དུ་ཚངས་པ་དང་བརྒྱ་བྱིན་གྱིས་སྟོན་པ་ལ་ཞུ་བ་ཕུལ་བ་ལྟར། བདག་ཀྱང་ལུས་བྱེ་བ་མང་པོ་སྤྲུལ་ཏེ་མངོན་སུམ་སྣང་བར་བྱས་ཏེ་དུང་གཡས་འཁྱིལ་དང༌། གསེར་གྱི་འཁོར་ལོ་རྩིབས་སྟོང་ཕུལ་ནས་ཆོས་འཁོར་བསྐོར་བར་ཞུས་པས་ཐམས་ཅད་ཀྱང་དགྱེས་པས་ཞལ་གྱིས་བཞེས་ཏེ་གསུང་གདུལ་བྱའི་བསམ་པ་དང་མཐུན་པར་དུས་རྟག་པ་རྒྱུན་གྱི་འཁོར་ལོ་བསྐོར་བར་མོས་པ་སྟེ་ཕན་ཡོན་ཀྱང་ཆོས་སྤོང་བའི་སྒྲིབ་པ་དག །ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་རྒྱུད་ལ་འཛིན་པ་དང་མི་འབྲལ་བ་སོགས་ཕན་ཡོན་ཚད་མེད་དེ། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། རྒྱལ་བས་དགོངས་པ་མཛད་པ་ལ། །གང་ཞིག་གསོལ་བ་འདེབས་པ་དེ། །དབང་གི་རྒྱལ་པོ་ལྟ་བུ་སྟེ། །བསོད་ནམས་གཞན་དག་མཆིང་བུ་འདྲ། །ཞེས་སོ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། ཞིང་ཁམས་འདི་དང་གཞན་དག་ལ་བླ་མ་དང་སངས་རྒྱས་བྱང་སེམས་གང་དག་སེམས་ཅན་གྱི་དོན་མཛད་ཟིན་ནས་གཟུགས་སྐུ་མྱ་ངན་ལས་འདའ་བར་དགོངས་པ་རྣམས་ཀྱི་མདུན་དུ། སྔོན་དགེ་བསྙེན་ཙུན་དས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་ལྟར་བདག་གི་ལུས་མང་པོར་སྤྲུལ་པ་དག་གིས་གསོལ་བ་བཏབ་པས། འཁོར་བ་མ་སྟོང་བར་དུ་བཞུགས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པར་མོས་པ་སྟེ། དེས་ནི་ཚེ་ཐུང་བ་དང༌། དུས་མ་ཡིན་པའི་འཆི་བ་དང༌། གཞན་གྱི་སྲོག་ལ་འཚེ་བའི་སྡིག་པ་འབྱང་ཞིང༌། ཚེ་དཔག་ཏུ་མེད་པ་ཐུབ་པ་སོགས་ཕན་ཡོན་མཐའ་ཡས་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཉོན་ཅིག་ཚངས་པའི་རྒྱལ་པོ་ཁྱོད། །བཅོམ་ལྡན་འདས་ལ་གསོལ་འདེབས་པ། །བསོད་ནམས་དེ་ནི་ཁྱད་པར་འཕགས། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་སོ། །བདུན་པ་བསྔོ་བ་ནི། ཕྱག་ནས་བཟུང་སྟེ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་བར་གྱི་ད་ལྟར་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དང་འབྲེལ་བར་བསགས་པའི་དགེ་བ་ཐམས་ཅད་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོས་ཡོངས་སུ་བསྔོ་བ་ཇི་ལྟ་བར་དམིགས་པ་མེད་པའི་ཤེས་རབ་ཀྱི་རྒྱས་འདེབས་དང་བཅས་རྫོགས་པའི་སངས་རྒྱས་ཀྱི་སར་བསྔོ་བ་སྟེ། ཕན་ཡོན་གྱི་ཁྱད་པར་ཡང༌། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་སོ། །རྟེན་གྱི་སྟོབས་ལ་ཡུལ་གྱི་རྟེན་ནི་སྡིག་པ་བཤགས་པའི་ཡུལ་བླ་མ་དགེ་བའི་བཤེས་གཉེན་ནམ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་དངོས་སུ་མཆོད་པའི་དབུས་སུ་སྤྱན་དྲངས་ཤིང༌། ཡིད་ཀྱི་དམིགས་པས་ཀྱང་མདུན་གྱི་ནམ་མཁའ་རྒྱལ་བ་སྲས་བཅས་དཔང་པོའི་ཚུལ་དུ་མངོན་སུམ་གྱིས་བཞུགས་པར་མོས་པ་སྟེ། སྐབས་འདིར་བླ་མ་རྡོ་རྗེ་སེམས་དཔའ་དང་རྩ་བའི་བླ་མ་གཉིས་སུ་མེད་པ་མངོན་སུམ་བཞིན་དུ་བཞུགས་པར་བསྒོམ་པ་དེ་ཡིན། རང་རྒྱུད་ཀྱི་སྟོབས་ནི་སྐྱབས་འགྲོ་དང་སེམས་བསྐྱེད་ཡིན་པས་སྔོན་དུ་སོང་ཟིན། སུན་འབྱིན་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པའི་ལས་སྤྱི་དང་བྱེ་བྲག་སྡོམ་པ་གསུམ་གྱི་སྲུང་མཚམས་དང་འགལ་བ། ཁྱད་པར་བླ་མ་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་དང་འགལ་བའི་ལས་རང་གིས་བྱས་པ་དང༌། གཞན་ལ་བཅོལ་བ་དང༌། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བགྱིས་པ་སོགས་དངོས་སུ་གང་དྲན་པ་རྣམས་གཙོ་བོར་ཡིད་ཡུལ་དུ་བྱས་ཏེ་ངོ་ཚ་དང་གནོང་འགྱོད་ཀྱི་བསམ་པ་དྲག་པོས་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་མི་ཤེས་པ་དང༌། མ་གུས་པ་དང༌། བག་མེད་པ་དང༌། ཉོན་མོངས་པ་མང་བའི་དབང་གིས་སྔོན་ཆད་སྡིག་པའི་ལས་ཅི་དང་ཅི་བགྱིས་པ་ཐམས་ཅད་མི་འཆབ་བོ། །མི་སྦེད་དོ། །མཐོལ་ལོ་བཤགས་སོ། །སྡིག་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་དུ་སྙིང་ཁུང་རུས་པའི་གཏིང་ནས་བསམ་པ་ནི་སུན་འབྱིན་པའི་སྟོབས་སོ། །ད་ཕྱིན་ཆད་ལས་ཅི་ལ་ཐུག་ཀྱང༌། འཆི་བ་སྲོག་ལ་བབས་ཀྱང༌། དེ་ལྟ་བུའི་སྡིག་པའི་ལས་དངོས་སུ་ལྟ་ཅི། ཐ་ན་རྨི་ལམ་དུ་ཡང་མི་བགྱིད་དོ། །དེ་ལྟར་བགྱི་བར་མ་གྱུར་ཅིག་སྙམ་པ་སྡིག་པ་ལས་སླར་ལྡོག་པའི་སྟོབས་སོ། །སྔར་བྱས་ཀྱི་གཉེན་པོར་དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་སྤྱོད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་ལྟར་སྟོབས་བཞིའི་དམིགས་གནད་དྲན་བཞིན་པའི་ངང་ནས་ཡི་གེ་བརྒྱ་པ་དག་ཅིང་གསལ་ལ་མི་ཚིག་སོགས་ཀྱི་བར་མ་ཆོད་པར་བརྒྱ་སྟོང་ཁྲི་འབུམ་སོགས་སྡིག་སྒྲིབ་དག་པའི་རྟགས་མཚན་མངོན་དུ་མ་གྱུར་གྱི་བར་དུ་བཟླ་བར་བྱའོ། །དེ་ལྟར་བཟླས་པའི་ཚེ་ཐུགས་ཀའི་ས་བོན་དང༌། ཞབས་ཀྱི་མཐེ་བོང་གི་རྩེ་དང༌། ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་དང༌། མཐར་སྐུ་ཡི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་ཆུ་རྒྱུན་དཀར་ཆིལ་ཆིལ་བབས་པ་པད་སྡོང་ལ་འཁྲིལ་བའི་ཚུལ་དུ་བྱུང་བ་རང་གི་ཚངས་བུག་ནས་ཞུགས། ནད་ཐམས་ཅད་རྣག་ཁྲག་དང་ལྗན་ལྗིན། གདོན་ཐམས་ཅད་སྡིག་སྦྲུལ་སོགས་སྲོག་ཆགས་ཕྲ་མོའི་རྣམ་པ། སྡིག་སྒྲིབ་ཐམས་ཅད་སོལ་ཁུའམ་དུད་ཁུའི་རྣམ་པ་ནག་ཉིལ་གྱིས་རང་གི་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་དང༌། མདོར་ན་ཕུ་ཆུ་དྲག་པོའི་ཐལ་བ་བདས་པ་བཞིན་ཕྱིར་སང་སང་སོང་ནས་རང་ལུས་ཤེལ་གོང་དག་པ་ལྟར་གྱུར་པར་མོས། སླར་ཡང་སྔར་ལྟར་གསོལ་བ་བཏབ་པས་བྱང་སེམས་བདུད་རྩིའི་རྒྱུན་དེས་རང་གི་སྤྱི་གཙུག་ནས་རྐང་མཐིལ་བར་དེ་སྲིད་དུ་མེར་ཁྲིག་གེ་ལྟེམ་གྱིས་གང་བས་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་བྱང༌། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་དང་དངོས་གྲུབ་ཐོབ་ནས་རང་གི་སྒོ་གསུམ་དཔལ་ལྡན་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་པ་ལྟར་བྱིན་གྱིས་བརླབས་པར་མོས། མཐར་ཐུན་འཇོག་པ་ན། ཨོཾ། བླ་མ་དཔལ་ལྡན་རྡོ་རྗེ་སེམས་སོགས་ཀྱིས་གསོལ་བ་བཏབ། རྩ་བ་སྐུ་གསུང་ཐུགས་ཞེས་པ། དམ་ཚིག་སྲུང་བའི་ཡུལ་ལྷ་དང་བླ་མ་གཙོ་བོ་ཡིན་ལ། སྲུང་ཚུལ་ཕན་འདོགས་པ་དང་གནོད་པ་བཟློག་པའི་གཞིའི་གཙོ་བོ་ལུས་ཡིན་ལ། སྐུྃ་ཡི་དམ་ཚིག་ཏུ་བླ་མ་དང་ལྷ་ལ་གུས་པར་བལྟ། མཆེད་དང་ལྕམ་དྲལ་གྱི་མཚོན་པའི་འགྲོ་བ་ཐམས་ཅད་བླ་མའི་སྐུ་ཡི་གདུལ་བྱ་ཡིན་པས་གནོད་པ་སྤང་བ་དང༌། རྣམ་པར་སྨིན་པའི་ཐ་མལ་གྱི་ལུས་ཀྱི་སྣང་ཞེན་བསྐྱེད་རིམ་གྱིས་སྦྱང་བར་བྱེད་པའོ། །དགེ་མི་དགེའི་རྣམ་འགྱུར་ཐམས་ཅད་ངག་ལ་བརྟེན་ནས་བསྐྱེད་པས། གསུངྃ་གི་དམ་ཚིག་ཏུ་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་དང༌། ངག་གི་ཉེས་པ་སྤང་བའི་ཕྱིར་བླ་མས་ཅི་གསུངས་སྒྲུབ་པ་དང༌། མཆེད་ལྕམ་གྱི་ངག་མི་གཅོག་པའོ། །འཁོར་བ་བསྐྱེད་པའི་རྒྱུའི་གཙོ་བོ་ཡིད་ཡིན་པས། ཐུགྃས་རྡོ་རྗེའི་དམ་ཚིག་ཏུ་ཡིད་ཀྱི་ཉེས་པ་སྤང་ཞིང༌། ལྷ་སྔགས་ལྟ་སྒོམ་གྱི་གསང་བ་གཞན་ལ་མི་སྤེལ་བ་དང༌། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ཅིང་བླ་མ་དང་ཐུགས་ཡིད་བསྲེ་བས། ཏིང་ངེ་འཛིན་གྱི་སྒོ་དུ་མ་སྤྱོད་པ་སྟེ། ཡན་ལག་གི་དམ་ཚིག་ཉེར་ལྔ་ནི། སྤྱོད་པའི་དམ་ཚིག་ཏ་ན་སྒྲོལ་བ། ག་ཎ་སྦྱོར་བ། མ་བྱིན་པ་ལེན་པ། རྫུན་དུ་སྨྲ་བ། ངག་འཁྱལ་ལྔ་སྔགས་བླ་མེད་ཀྱི་ལམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་རྟོགས་ནས་སྣང་སྤྱོད་ཐམས་ཅད་ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་པ་ལས་མི་འདའ་བར་སྤྱད་ན་ཕལ་པ་རྣམས་འཁོར་བར་འཆིང་བྱེད་ཀྱི་ལས་ཉོན་གང་གིས་ཀྱང་དེ་ལ་མི་གོས་པར་མ་ཟད་རང་གི་ཚོགས་རྫོགས་ཤིང་གཞན་ལ་ཕན་པ་རླབས་པོ་ཆེ་སྒྲུབ་པར་བྱེད་པས་དམ་ཚིག་ཉེར་ལྔ་ལ་རྟོགས་གོམས་ཀྱི་གདེང་དང་ལྡན་པས་སྒྲ་ཇི་བཞིན་དུ་སྤྱོད། ནུས་པ་མེད་པ་རྣམས་ཀྱིས་སྦས་དོན་ལ་སློབ་ཅིང་ལྟ་སྒོམ་གྱི་དམ་ཚིག་བཅུ་པོ་དངོས་སུ་སློབ་པར་གསུངས། ལྔ་ཚན་གཉིས་པ་ཉོན་མོངས་དུག་ལྔ་གཞི་ཡེ་ཤེས་ལྔའི་རང་བཞིན་ཐབས་ཀྱིས་ལམ་དུ་མ་ལྷོངས་བས་འབྲས་བུ་སྐུ་དང་ཡེ་ཤེས་སུ་འཆར་མ་ནུས་པ་དང༌། ལྔ་ཚན་གསུམ་པ་བདུད་རྩི་ལྔ་གཉིས་འཛིན་གྱི་རྟོག་པ་བྲལ་བས་གྲུབ་པ་བཞི་དང༌། ཡིན་པ་གསུམ་ཡིན་པར་མ་ཤེས་པས་གཙང་དམེར་བལྟ་བ་དང༌། ལྔ་ཚན་བཞི་པ་ཤེས་བྱ་ལྟ་བའི་དམ་ཚིག་ཕུང་ཁམས་ཡུལ་དབང་ཁ་དོག་ལྔ་ཐམས་ཅད་རིགས་ལྔའི་ཡེ་ཤེས་ཀྱི་རང་གདངས་སུ་ཡེ་ནས་ལྷར་དག་པར་མ་ཤེས་པ་དང༌། ལྔ་ཚན་ལྔ་པ་བསྒྲུབ་བྱ་སྒོམ་པའི་དམ་ཚིག་ལྔ་ཚན་ཐམས་ཅད་ཆོ་ག་ལྔ་དང་ཏིང་འཛིན་གསུམ་གྱིས་རིགས་ལྔ་རུ་སྒྲུབ་མ་ཤེས་པའོ། །རང་བཞིན་ལྟ་བའི་དམ་ཚིག་བཞི་ནི། རིག་པའི་གཤིས་ལ་དགག་སྒྲུབ་གང་ཡང་མེད་པས་མེདྃ་པྃ། གཉིས་ཆོས་ཐམས་ཅད་ཡེ་ཤེས་གཅིག་ཏུ་བབ་པས་གཅིྃག་པུྃ། ཆོས་ཐམས་ཅད་ཆོས་ཉིད་ཡངས་པར་བརྡལ་བས་ཕྱལྃ་པྃ། མཁྱེན་ཆ་ཡོན་ཏན་གྱི་ཆོས་ཡེ་རྫོགས་སུ་ཡོད་པས་ལྷུནྃ་གྲུབྃ་སྟེ་རྫོགས་ཆེན་ལྟ་བ་ཀློང་གྱུར་གྱི་ངོར་སྲུང་འདས་ཀྱི་སྤྲོས་པ་མེད་པའི་དམ་ཚིག་སྟེ། དུས་ལ་ལྟོས་ན་ཉིན་མཚན་ཐུན་དྲུག་ཏུ་བཅད་པའི་ཆ་གང་ཡང་རུང་བ་ཞིག་གི་ནང་དུ་ལྟུང་བ་སྦྱང་བའི་བྱ་བ་མ་བརྩམ་ཞིང་ཐུན་དེའི་ནང་དུ་གཉེན་པོས་མ་སླེབས་པར་དུས་ཚོད་ལས་ཐལ་ཏེ་ཐུན་ཚོད་འདས་པའི་མཚམས་ལ་ཐུན་འདས་ཀྱི་ལྟུང་བ་ཞེས་བརྗོད་པ་ཡིན་ལ། དེ་བཞིན་དུ་ཞག་གཅིག་ལ་འགལ་བ། ཟླ་བ་གཅིག་ལ་ཉམས་པ། ལོ་གཅིག་ལ་འདས་པ། ལོ་གཉིས་གསུམ་འདས་ཚུན་ཆད་རལ་བ་ཞེས་བཤགས་པ་བྱས་ན་གསོ་རུང་ཞིང༌། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྕི་ཞིང༌། ལོ་གསུམ་འདས་ན་བཤགས་པ་བྱས་ཀྱང་གསོ་རུང་བ་ནི་མ་ཡིན་ལ། བཤགས་ཚུལ་ཀྱང༌། འགལ་བའི་ཉེས་པ་བྱུང་ན་ཚོགས་འཁོར་སྔོན་དུ་འགྲོ་བ་དང༌། ཉམས་པ་ལ་ལོངས་སྤྱོད་ཡོད་ཚད་བླ་མ་དང་དཀྱིལ་འཁོར་ལ་ཕུལ་བ། འདས་ན་བུ་དང་ཆུང་མ་ནོར་དབྱིག་འཕང་པ་ཐམས་ཅད་ཕུལ་བ་དང༌། རལ་བའི་ཉེས་པ་བྱུང་ན་རང་གི་སྲོག་ལ་མི་ལྟ་བའི་བརྩོན་འགྲུས་ཀྱིས་བཤགས་པར་གསུངས། བཤགས་ཚིག་གིས་གསོལ་བ་བཏབ་པས། བླ་མ་རྡོ་རྗེ་སེམས་དཔའ་ཉིད་དགྱེས་པའི་འཛུམ་དང་བཅས་ཏེ། འོ་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་པར་བསམས་ལ། སྤྱི་བོའི་བླ་མ་རྡོར་སེམས་ཉིད་གདན་པད་ཟླ་དང་བཅས་པ་འོད་དུ་ཞུ་ནས་ཐུགས་འོད་ལྔའི་གོང་བུའི་རང་བཞིན་དུ་གྱུར་པ་དེ་ཉིད་རང་གི་ཚངས་བུག་ནས་ཞུགས། སྙིང་དབུས་སུ་སིབ་ཀྱིས་ཐིམ་པར་བསམས་ལ་སྡིག་སྒྲིབ་སྦྱང་བྱ་སྦྱོང་བྱེད་ཀྱི་ངོ་བོར་གཅེར་གྱིས་བལྟས་ཏེ་འཁོར་གསུམ་ཡོངས་དག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པ་ནི་སྡིག་པ་སྦྱང་བའི་མཆོག་སྟེ། གནས་ལུགས་ངོ་འཕྲོད་ཀྱི་ལྟ་བ་སྐྱོང་རྒྱུ་ཡོད་ན་དེའི་ངང༌། དེ་ལྟར་མེད་ན་སྡིག་པའི་ལས་དེ་ཉིད་དང༌། བྱེད་པ་པོ་གང་ཟག་དང༌། སྡིག་པའི་ས་བོན་འཛིན་པའི་རྣམ་ཤེས་དང༌། འབྲས་བུ་སྡུག་བསྔལ་བ་བཅས་པ་ལ་རྒྱུ་གང་ལས་སྐྱེས། ངོ་བོ་ཇི་ལྟ་བུ། གནས་གང་ན་གནས། མཐར་གང་དུ་འགག་སོགས་སོ་སོར་བརྟགས་ནས་མཐར་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་དུ་འཇོག་པ་སྟེ། ཕྱོགས་དུས་རྒྱལ་བའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་དང༌། སངས་རྒྱས་མཛོད་ཀྱི་མདོ་ལས། ཕ་མ་དང་རང་སངས་རྒྱས་བསད་པ་ཡང༌། སྟོང་པ་ཉིད་བསྒོམས་པས་རྣམ་པར་གྲོལ་ལོ། །ཞེས་སོ། །སྤྱིར་འདིའི་དངོས་བསྟན་སྡིག་སྒྲིབ་སྦྱོང་བ་ཡིན་ཀྱང༌། ཐུན་མིན་སྔོན་འགྲོ་ཐམས་ཅད་ཚང་བའི་ཕྱིར་བླ་མའི་རྣལ་འབྱོར་བྱས་ཀྱང་ཤིན་ཏུ་ལེགས་པའི་ཕྱིར་ངོ་བོ་རང་གི་རྩ་བའི་བླ་མ་ཉིད་རྣམ་པ་རྡོ་རྗེ་སེམས་དཔར་གསལ་ཚུལ། མཐུ་སྟོབས་དབང་ཕྱུག་བི་རཱུ་པས། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་བླ་མ་དགེ་འདུན་ཏེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༌། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་བདེ་ཆེན་ཐོབ་པར་འགྱུར། །ཞེས་གསུངས་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས། ཆོས། དགེ་འདུན་ཀུན་འདུས་བླ་མ་ཡིན། བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་གསུམ་ཉིད་བླ་མ་ཡིན། རང་རེའི་སྣང་ངོ་དང་བསྟུན་ན་དཀོན་མཆོག་གསུམ་ལས་བཀའ་དྲིན་ཆེ། སངས་རྒྱས་རྣམས་ཞལ་མི་མཇལ། གསུང་མི་ཐོས། སངས་རྒྱས་ཡི་དམ་བྱང་སེམས་མཁའ་གྲོ་ཆོས་སྐྱོང་དངོས་སུ་བྱོན་ཀྱང་བླ་མས་མཛད་རྒྱུ་དང་སྟོན་རྒྱུ་ལས་ལྷག་པོ་མེད། དེ་དག་དངོས་སུ་མཇལ་བའི་སྐལ་བ་མེད་པ་ལ་དེ་ཐམས་ཅད་ཀྱི་མཛད་པ་བླ་མས་གནང་བས་བཀའ་དྲིན་ཆེ་བར་ཐག་བཅད། ངེས་ཤེས་བསྐྱེད། བློ་སྙིང་བྲང་གསུམ་ལིང་གིས་གཏད་ལ། འདི་ནས་བྱང་ཆུབ་བར་དུ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་ཁོ་ན་མཁྱེན་ནོ་སྙམ་པའི་རེ་ལྟོས་ལིང་བསྐྱུར་གྱི་ཚུལ་གྱིས། ལུས་ཀྱི་བ་སྤུ་གཡོ། མིག་ནས་མཆི་མ་འཁྲུགས། གདུང་ཤུགས་དྲག་པོས་ཐ་མལ་གྱི་སྣང་བ་འགོག་ནུས་པ། བློ་སྣ་བླ་མས་འཕྲོག་པ། བསམ་རྒྱུ་བླ་མ་ལས་མེད་པ། ལུས་སེམས་ཚུགས་མི་ཐུབ་པའི་རིག་པ་བསྒྱུར་ཐུབ་པ་བྱུང་ན་བྱིན་རླབས་འཕྲལ་དུ་འཇུག །ཉོན་མོངས་པ་གློ་བུར་དུ་འགགས། ཡེ་ཤེས་སྐད་ཅིག་གིས་འཕེལ། དེ་ལྟ་བུ་ཡང་ཡང་དྲན་པས་རྟག་ཏུ་བླ་མ་དང་འདུ་འབྲལ་མེད། དེས་སྐྱོན་ཐམས་ཅད་སེལ་ཞིང་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན། བླ་མ་སངས་རྒྱས་སུ་ངེས་ཤེས་སྐྱེས་ན་ལམ་སྒོམ་པ་ཐམས་ཅད་ཀྱི་སྙིང་པོ་ཡིན། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག །ལྷག་པར་རང་གི་བླ་མ་ལས་ཞུས་པའི་ཡི་དམ་རྣམས་ཀྱི་བྱིན་རླབས་འཕྲལ་དུ་འཇུག་པ་ཡིན་པས། བླ་མ་སངས་རྒྱས་སུ་ཤེས་པ། བཀའ་དྲིན་དྲན་པ། གདུང་ཤུགས་དྲག་པ། ཡང་ཡང་མི་བརྗེད་པའི་ཁྱད་ཆོས་བཞི་དང་ལྡན་པའི་མོས་གུས་ཀྱིས་ཡི་གེ་བརྒྱ་པ་གསོལ་འདེབས་ཀྱི་ཚུལ་དུ་བཟླ། མདོར་ན་ལྷ་རྡོ་རྗེ་སེམས་དཔའ་དང༌། སྔགས་ཡི་གེ་བརྒྱ་བའི་ཕན་ཡོན་ནི། གསང་བ་སྤྱི་རྒྱུད་ལས། སངས་རྒྱས་ཀུན་གྱི་རྒྱུ་གཅིག་པུ། །རྡོ་རྗེ་སེམས་དཔའ་ལ་དམིགས་ནས། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །ཉི་ཤུ་རྩ་གཅིག་རེ་རེ་བཟླ། །དེ་ཡིས་ལྟུང་སོགས་བྱིན་བརླབས་ནས། །འཕེལ་བར་ནམ་ཡང་མི་འགྱུར་རོ། །འབུམ་ཕྲག་གཅིག་ནི་བཟླས་པ་ན། །སྒྲུབ་པ་མཆོག་གི་ལེགས་བཤད་པས། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་དང༌། མེ་ཏོག་བཀོད་པའི་རྒྱུད་ལས། བླ་མ་རྡོ་རྗེ་སེམས་དཔའ་སྒོམ། །རང་བྱུང་ཡི་གེ་བརྒྱ་བའི་མཐུས། །སྒྲིབ་པ་རྣམ་གཉིས་བྱང་བར་འགྱུར། ཞེས་དང༌། དགོངས་པ་ཚིག་གསུམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམ་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡིས་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང༌། རྟ་མཆོག་རོལ་པའི་རྒྱུད་ལས། གསང་སྔགས་རྒྱལ་པོ་བླ་མེད་པ། །ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང༌། །སྡིག་པ་མ་ལུས་ཟད་བྱེད་ཅིང༌། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །ཕྱི་སྒྲུབ་འདི་ཉིད་བདག་བསྐྱེད་རྒྱུན་གྱི་རྣལ་འབྱོར་ཀྱང་ཡོད་པས་དམིགས་གསལ་གྱི་ཁྲིད་སོགས་སྤྲོ་དགོས་པ་མེད་ཅིང་རྒྱུན་གྱི་ཉམས་ལེན་ལྟ་བུ་ཁྱེར་བདེ་བ་ཡོད་དོ། །འཕྲོ་ལུས། སརྦ་མངྒ་ལཾ། དགེའོ།། །།
[edit]

@#/__/snyan brgyud snying gi gsang mdzod las/_/gnyags lugs rdo rje phur pa'i yi dam zhi ba rdo rje sems dpa'i sgrub thabs ye shes gsang thig gi rnam bshad gsang chen bdud rtsi'i nying khu zhes bya ba bzhugs/_/


@#/__/mkha' khyab sgyu 'phrul drwa ba'i dkyil 'khor gyi/_/khyab bdag rdo rje'i ye shes nam mkha'i sku/_/mi phyed sems mchog ches dpa' lhag pa'i lha/_/dbyer med rdo rje dbang mchog spyi bos btud/_/bka' gter zab gsang rgyu skar rnam bkra ba'i/_/mdangs mdzes snyan bsgyur nam mkha'i thig le'i bcud/_/skal bzang ku muta ze'u 'brur chags pa yi/_/chos kyi zab don dad ldan dpal du dbye/_/de la 'dir gsang chen rdo rje theg pa'i dkyil 'khor rgya mtsho'i khyab bdag rdo rje sems dpa' rgyud sde bzhi 'brel gyi phyi nang gsang sgrub kyi zab don rnam par dbye ba la gnyis/_rang byung rgyud kyi dgongs don bshad pas bsgrub bya mdor bstan/_phyi nang gsang ba bla med kyi dbang dang sgrub thabs rgyas par bshad pas sgrub byed kyi lam rnam par dbye ba'o/__/dang po la'ang gsum/_thog mar dge ba mtshan don bshad pas mdor bstan/_bar du dge ba rgyud don mthar chags su rgyas par bshad/_tha ma dge ba rdzogs tshig gi mjug bsdu bas ston 'khor dgongs pa dbyer med du sgrub pa'o/__/dang po ni/_rgya gar skad du:_badz+ra satwa d+hA tu tan+t+ra:_bod skad du:_rdo rje sems dpa' rang byung gi rgyud:_ces pa'i don rgyud las/_rdo rje mi phyed ces byar brjod/_/sems dpa' srid pa gsum gcig pa/_/'di ni shes rab rig pa yis/_/rdo rje sems dpa' zhes byar brjod/_/ces gsungs pa ltar rnam kun mchog ldan gyi stong pa chen po rnam thar sgo gsum dang 'du 'bral med pa'i de kho na nyid kyi rang bzhin gang la 'khor 'das gnyis su dbyer mi phyed pa'i gshis lugs gang*/_thabs bde ba chen po rang rig pa byang chub sems dang gnyis su med pa'i kun khyab thugs rje'i go cha ches dpa' ba ste/_ye thog gzhi yi rdo rje sems dpa' de rgyu rkyen rten 'brel gang gis kyang ma byas pa'i rang byung gsang ba chen po ste/_de nyid ma rtogs pa'i gang zag rnams la brjod byed sgra yi rgyud yi ge'i rnam par bstan pa ste rgyud kyi mtshan la'ang 'jug pa ste/_brjod bya don gyi rgyud gzhi lam 'bras gsum gang gi skabs su'ang rang bzhin gyis rnam par dag pas btags pa rdo rje sems dpa' dang*/_'khor 'das kyi chos thams cad spang blang med na mnyam pa nyid gcig tu bzlums pas bsdus pa rdo rje sems dpa'/_gnas lugs de skyes bus mngon du byas pa rdo rje sems dpa' gsum du dbye ba'i don gang zhig_/dngos kyi 'khor rnams la rgyud don ye shes rnam 'phrul du snang ba/_ma 'ongs pa'i gdul bya rnams kyi rgyud la'ang sgra spyi ltar snang ba'i rgyud dang*/_dngos dang mthun pa skyes bu'i rnam rig dang gnas dang byed pas ming tshig yi ge sgrar grags pa'i rgyud brjod pa'i rten yi ge'i gzugs kyi glegs bam dang bkod pa brdar gyur pa'i rgyud du dbye yang don thabs kyi zin ma zin 'khor 'das su snang ba rtogs bya gzhi rgyud/_glo bur dri ma sbyong ba rtogs byed lam rgyud/_rtogs pa mthar phyin pa rtogs bya 'bras bu'i rgyud gang yin kyang don gcig rgyun chags dang rgyud ces btags pa ste/_ye shes rang snang gi ston 'khor phun sum tshogs pa lngas rtag pa rgyun gyi chos 'khor las/_thugs rje yul la 'jug pas gzhan snang du sgra tshig yi ge'i rnam par rdo rje sems dpa' rang byung gi rgyud dang*/_lung phyi nang gsang ba yang gsang gi sgrub thabs/_man ngag dbang bskyed rdzogs dang bcas pa ye shes gsang ba'i thig le zhes bstan pa phyi'i gleng gzhi dang*/_phyi nang gzhan gsum gyi dag pa sbyar ba'i skabs rgya gar gyi yul dbus rdo rje gdan ni snying dbus mi shigs pa'i thig le ste/_der rang byung ye shes rdo rje rdul bral nam mkha' lta bu'i dbyings mkha' khyab mkha' yi rdo rje'i go skabs mi phyed pa'i sems kyi rdo rje ches cher dpa' ba la phun tshogs lnga rang byung lhun grub tu bzhugs pa yang gsang don gyi gleng gzhi dang*/_rdo rje'i lus la gnas yul gyi bkod pa lhun rdzogs su bshad skabs bod yul ni bde ba chen po chos kyi 'byung gnas te de la thabs shes sbyor ba'i zhu bde'i mchog tu mi 'gyur ba'i bde ba chen po rdo rje sems dpa'i de nyid mngon du byed pa'i gsang ba zab mo yang bod skad du rgyud kyi mtshan smos pas go ba gsang ba'i gleng gzhi ste/_de dag gi dgongs don rtogs goms kyi rgyud don mngon du byed nus pas gleng bslangs kyang shug 'byung du bstan pa'o/__/gnyis pa zhar byung phyag gi don ni/_mnyam nyid dbyings su bdud bzhi ngang gis bco~Mm/_/phyag rgya rang bzhin tshogs gnyis rdzogs par ldana~M/_/yod med mtha' 'da~Ms bdag gzhan yongs kyi dpal/_/thams cad rang bzhin rtogs spang thugs rje bzang*/_/kun bzang lha yi lha khyod dbyer med la~M/_/rtogs dang grub pas rab tu phyaga~M 'tsha~Ml lo~M/_/zhes pa'i don no/__/gnyis pa bar du dge ba rgyud don mthar chags su bshad pa la mdor bstan dang*/_rgyas bshad gnyis/_dang po la brjod bya don gyi rgyud mdor bstan pa dang*/_rjod byed tshig gi rgyud mdor bstan pa gnyis las/_dang po ni/_'khor 'das kyi chos nyid kyi gnas lugs rnam kun mchog ldan gyi stong nyid ni gzung 'dzin mtshan rtog gis gnyis su mi phyed pa'i rdo~M rje~M zhes rgyu rkyen gang gis kyang mi~M shiga~Ms pa chos kyi dbyinga~Ms kyi~M nganga~M du/_mchog tu mi 'gyur ba'i ye shes sema~Ms dpa~M' bde~M ba che~Mn po so so rang riga~M pa~M'i spyod yul can dang dbyer mi phyed pa dus rnam kun tu 'phel 'grib med par bzhugs pa ni nges pa don gyi lha~M ste~M/_des na spyir shes rab stong pa nyid dang thabs rig pa rang byung gi ye shes gnyis zunga~M du 'juga~M pa ni nges don sgyu~M 'phrula~M drwa~M ba~M ste/_rdo rje las/_thabs dang shes rab 'brel ba'i don/_/zhes gsungs/_de ni sangs rgyas thams cad kyi mthar thug gi dgongs pa ma nor ba yin pas mdo rgyuda~M zab cing rgya che ba'i chos phung rnama~Ms kuna~M gyi~M 'phro gzhi rtsa~M ba~M'am snying po mthar thug pa~M'o/__/gnyis pa rjod byed tshig gi rgyud don mdor bstan pa ni/_mdo las/_tshig bral ngag gi lam gyis mi mtshon pa'i/_/de bzhin nyid chos rang bzhin nam mkha' 'dra/_/sems dang yid kyi rgyu ba rnam spangs ba/_/mchog rab ngo mtshar che ba dam pa shes/_/zhes gsungs pa ltar sangs rgyas 'phags pa'i mnyam bzhag gi ye shes de gdul bya rnams kyis rtogs pa'i phyir bsam gyis mi khyab pa'i gnas lugs de~M nyida~M thabs shes dbyangs gsal gyi yi ge'i sprin gyis gzhi lam 'bras bu'i brjo~Md byara~M snanga~M ba~M ste snying po'i rgyud las/_chos rnams ming du btags pa tsam/_/ston pas don dang mthun phyogs su/_/ming dang tshig tu btags nas bstan/_/ston zhing tshig la dngos po med/_/zhes so/__/rgyu mtshan de yi~Ms gdul bya'i khams dbang bsam pa dang mthun par dbang rtul rima~M pa can la grol lam dnga~M*/_dbang rnon gci~Mg chara~M grola~M bar byed pa~M'i thabs lama~M ston pa'i rtsa bshad man ngag gi rgyuda~M sde~M'i rnam grang 'di ngesa~M pa~M blos bsam brjod bgranga~M yasa~M pa bzhugs kyanga~M*/_phyi rabs kyi gdul byas rtogs sla ba'i phyir smin byed kyi dbang*/_grol byed bskyed rdzogs gnyis/_grogs dam tshig ste spyi don/_nyams su len bya gnad kyi snyinga~M po~M rnama~M pa~M bzhi~M ru~M bsdusa~M te bstan par mdzad pa'o/__/gnyis pa rgyas par bshad pa la/_gzhi/_lam/_'bras bu'i rgyud bshad pa'o/__/dang po gzhi la/_gzhi dngos dang*/_gzhi snang bshad pa'o/__/dang po ni gzhi chos nyid kyi gna~Ms luga~Ms ye gdo~Md ma'i dus nasa~M ngo bo ka nas dag pas 'pho 'gyur 'phel 'grib kyi nam yang mi~M 'gyura~M ba gnyug ma'i sema~Ms nyid de/_de ngo bo'i cha nas gzhal na ngo bo ka nas dag pas sgrib pas bci~Mngs te ngan du song ba meda~M cing*/_de'i ldog cha rnama~M para~M grola~M ste rgyu dang ye shes kyi 'bras bu chos gsar du thob bya meda~M pa'i~M gshis la zag med kyi spang rtogs mtha' dag nyi ma dang 'od zer bzhin rang bzhin lhun gyis grub par rtsol sgrub ma dgos la ngo bo'i gshis su ye~M nasa~M lhuna~M grub tu rdzoga~Ms zin pas sanga~Ms rgyasa~M kyi chosa~M khams rgya mtsho lta bu 'du 'bral med par bzhugs te/_gsang snying las/_bcings med rnam par grol med pa'i/_/ye nas lhun rdzogs sangs rgyas chos/_/bstan phyir spro ba sna tshogs mdzad/_/ces so/__/gnas lugs de la myang 'das kyi chos mtha' dag 'du 'bral med pa yongs su rdzogs pas ngo bo'i gzhi dang*/_'khor chos thams cad la mi ldan pa'i tshul du bsten pas btags pa'i gzhi zhes gnyis su dbye ba yang mdzad do/__/gnyis pa gzhi snang bshad pa ni/_chos nyid kyi bzhuga~Ms tshul bsal bzhag las 'das kya~Mng ngo bo skye med kyi rol pa 'gag med du shar ba rig rtsal rang snang yin pa ranga~M ngo~M ma shes pa lhan skyes dang*/_bdag gzhan yul dang yul can du bden par bzung ba kun brtags kyi ma rig pas bral thob spangs ba'i sangs rgyas rang rig tu bzhugs pa ngo ma~M she~Ms kha phyir bstan du gzung 'dzin can du zhen pasa~M/_thag khra la sbrul du 'khrul pas 'jigs snang skye ba bzhin sems can ranga~M rang gi~M rnama~M par rtoga~M pa sna tshogs pa'i lasa~M gnas don lus kyi~M srid pa'i grong khyer chen po sprula~M te bden bden ltar snang yang*/_byis pa rtsed mo la g.yeng bas lus ngal dub kyi las nana~M drags gyi~Ms nam mkha~M' la~M bzung bar rloms nas thag pas mduda~M pa~M 'do~Mr yang ngal ba don med kyi rtse 'jo'i g.yeng ba ltar sri~Md pa'i rtse mo nas 'dir thog mtha' med pa~Mr las nyon gyi gzhan dbang gis kuna~M tu~M rgyu~M zhing sdug bsngal ba~Mr snanga~M yang don la grub pa med bzhin 'khrul ba'i blo kho nas bkod pa'o/__/gnyis pa lam rgyud bstan pa la'ang*/_mdor bstan/_rgyas bshad gnyis las/_dang po ni/_glo bur 'khrul rtog rgyu 'bras de sbyonga~M byeda~M lam gyi rim pas sbyangs pas mkhris pa'i nad las grol na dung dkar por snang ba bzhin ma 'khrul pa'i chos nyid ngo bo'i bzhugs tshul ngo bo ji bzhin du rtogs nas srid pa'i rgyu 'bras kyi 'khrul snang rang dag tu 'gro bar nus pas na/_skyon de gdul bya'i dbang po'i khyad par gyis 'bras bu sangs rgyas de ma 'ongs par rang rgyud du thob pa'i thabs gtso bor bton pa rgyu~M mtshan nyid theg pa dnga~M*/_gzhi 'bras gnyis med du rtogs nas sangs rgyas kyi mdzad pa dang mthun par 'bras bu lam du byed pa rdo rje theg pa'am 'brasa~M bu'i~M thega~M pa zhes gnyis su bstan cing*/_don du gnas ngan sdug bsngal gyi gnas las log cing*/_bde ba'i ngal stegs la dbugs 'byin pa'i lta sgom spyod gsum dang ldan pa ni theg pa zhes gsungs/_rgyu mtshan nyid theg pa la'ang gdul bya'i dbang po'i rim pas lha dang mi'i theg pa dang po bstan te gzhi dge sdig gnyis las 'bras bu bde sdug gnyis 'byung ba la yid ches pas/_lam dge ba bcu la spyod pas 'dod lha mi'i gnas dang*/_bsam gtan bzhi dang tshad med bzhi goms pas gzugs khams gzugs med skye ba dang*/_gnyis pa nyan thos kyi gzhi gang zag gi bdag med rtogs shing*/_dngos po rdul phran cha med dang*/_sems skad cig cha med gnyis po/_don dam du lta ba dang*/_tshul khrims ting 'dzin shes rab kyi bslab pa la gnas nas/_tshogs sbyor mthong sgom mi slob pa'i lam lnga bgrod de/_'bras bu lhag bcas lhag med dgra bcom mngon du byed pa/_gsum pa rang rgyal gyi gzhi phyi nang rten 'brel lugs 'byung ldog gis 'khor 'das byed par slob dpon med par rang nyid sngon gom gyi stobs kyis shes pa/_gang zag dang chos kyi bdag med phyed gzung ba rang bzhin med pa rtogs pas/_lam lnga bgrod de/_tshogs spyod dang bse ru lta bu'i dgra bcom thob pa'o/__/bzhi pa byang sems theg pa chen po bdun ldan gyis gzhi bdag med gnyis rtogs/_kun rdzob dang don dam byang chub sems kyi rtsis zin pa'i phar phyin bcu la bslabs pas 'bras bu kun tu 'od kyi sa la sangs rgyas nas don gnyis lhun gyis grub pa ste nyan rang gnyis gcig tu rtsi ba kun 'byung 'dren pa'i theg pa la bsam mo/__/lnga pa 'bras bu gsang sngags rdo rje theg pa la phyi nang gnyis las/_dang po phyi dka' thub rig byed kyi theg pa ni dang po bya rgyud de/_gzhi chos rnams stong par rtogs nas/_dbang chu dang cod pan gtso bor bskur te/_mtha' rten bzlas lung*/_bkru byabs srung gsum/_bkra shis rdzas rtags sbyin cing*/_don dam par lha dang bdag dbyer med yin pa dang*/_kun rdzob tu lha ye shes sems dpa' yon tan mthar phyin pa'i rgyal po dang*/_rang 'bangs ltar mchog dman du lta bas khrus dang gtsang sbra sogs lus ngag gi bya ba gtso bor bton te/_'bras bu mi tshe bcu drug na sangs rgyas par 'dod pa'o/__/gnyis pa spyod pa bya rgyud dang mthun zhing*/_sgom pa rnal 'byor rgyud ltar bstan pa spyod rgyud ste/_gzhi ngo bo nyid ye nas mtshungs pa med pa'i shes rab dang*/_lam bdag dang lha spun dang grogs po'i tshul du mnyam par lta bas/_dbang snga ma'i steng*/_rdo rje dril bu/_ming dbang*/_me long*/_thur ma/_chos 'chad kyi rjes gnang sogs dang*/_sgom pas 'bras bu mi tshe bdun na rigs bzhi'i sangs rgyas su 'dod pa dang*/_gsum pa rnal 'byor rgyud kyis gzhi don gnyis zung 'jug gi tshul la nges pa cher 'phel bas phyi'i bya ba la ma ltos par sgom pa gtsor bton pas/_dbang rigs dbang lnga/_slob dpon gyi dbang*/_dam tshig gsum bzung*/_lhag pa dkyil 'khor de nyid ston pa/_bka' yi dbang zhes chos 'chad rjes gnang*/_lung bstan dbugs dbyung gzengs bstod sogs sbyin pas smin par byas nas lam bdag lha dam ye gnyis med chu la chu bzhag pa ltar sangs rgyas kyi sku gsung thugs kyi mdzad pa phyag rgya bzhis btab nas bsgoms pas 'bras bu mi tshe gsum na rigs lnga'i bdag nyid du sangs rgyas pa ste gsum mo/__/bzhi pa rnal 'byor chen po sngags nang pa bla med kyi theg pa ni/_dang po ma hA yo gas bdag dang lha dbyer med pas 'du 'bral med cing*/_snang srid dag mnyam du rtogs pa'i lta ba zab mo dang rjes su mthun par/_rigs pa'i dbang lnga/_rdo rje slob ma'i dbang*/_rdo rje slob dpon gyi dbang*/_lung bstan/_dbugs dbyung*/_gzengs bstod/_gsang dbang*/_sher dbang*/_tshig dbang bcas bskur nas/_bskyed rim gtso bor bsgoms pas/_'bras bu tshe 'dir grol ba dang*/_lam ma hA yo ga'i sgra las thabs shes kyi rnal 'byor bskyed pas rlung gtso bor byas nas grol bar 'dod/_a nu yo gas shes rab rdzogs pa'i rim pa dbyings ye gnyis med rgyud la 'dren pa'i phyir phyi nang sgrub gsang bzhis bsdus pa'i dbang chog sum cu rtsa drug bskur nas thig le 'ju 'dul gyi lam gtso bo byas nas bde ba chen po'i sku mngon du byed pa dang*/_a ti yo gas snang srid 'khor 'das kyi chos kun ye nas sangs rgyas pa'i gnas tshul dang mthun par spros bcas dang spros med shin tu spros med rab tu spros med bcas kyis smin par byas nas/_lam bsgoms pas gnas snang mthar phyin pa theg pa thams cad kyi mthar thug pa ste/_des na gdul bya'i dbang po dang mthun par sgrub byed lha mi/_nyan rang*/_byang sems/_gsang sngags thega~M pa~M ba~Mzhi ru bstan na yang rang rang gi mi mthun phyogs 'khor ba'i sdug bsngal dang*/_theg pa dman pa'i yid byed sogs mi mthun phyogs las nge~Ms par 'byunga~M ba byed la~M/_bsgrub bya mthar thug bla na med pa'i thega~M pa~M rang bzhin rdzogs pa chen po dbyings rig gnyis med kun bzang rdo rje sems dpa'i gsang tshig gci~Mg gi~M 'brasa~M bu~M sangs rgyas kyi sar gna~Ms pa ste/_kun byed rgyal po'i rgyud las/_ston pa'i theg pa rang bzhin dgu po yang*/_/rang bzhin rdzogs pa chen po bgrod pa'i lam/_/blang dor med pa'i chos nyid 'di rtogs nas/_/ji bzhin pa la rang bzhin lhun gyis grub/_/'gro dang 'ong med kun tu khyab par brdal/_/zhes gsungs pa ltar ro/__/des na gnas snang gnyis ka sangs rgyas 'phags pa'i gzigs pa sgra ji bzhin du bstan pa'i chos kyi mthara~M thuga~M 'o ma'i nying khu mar lta bu ni snyinga~M po~M rdo rje sems dpa' rang byung gi rgyuda~M 'di~M nyid yina~M pas gnas lugs de rtogs pa'i thabs su dbang dang*/_dam tshig_/lta sgom spyod 'bras sogs rgyud kyi dngos po bcu bstan pa'o/__/gnyis pa rgyas par bshad pa la gsum/_sku/_gsung*/_thugs kyi rdo rje sems dpa' gsum bshad pa'o/__/dang po sku rdo rje sems dpa' bshad pa ni/_dngos gcig dngos po kun gyi khyab bdag tu bzhugs pa ni rdo rje sems dpa' ste/_rdo rje sems dpa' nam mkha' chen po'i rgyud las/_rdo rje sems dpa' nam mkha' che/_/kun bzang yangs pa chos kyi dbyings/_/rnam dag lam mchog kun sgrol phyir/_/mi skye mi 'gag cir mi dgongs/_/zhes so/__/gnas lugs de ltar yin kyang de rtogs pa la thabs du mas ma bstan na mngon du byed mi nus pa rdo rje sems dpa' sgyu 'phrul drwa ba'i rgyud kyi gleng bslangs la thabs kyi cha bzung ba kun tu bzang po'i gleng bslang*/_shes rab kyi cha bzung ba kun tu bzang mo'i gleng bslang*/_dag mnyam bden pa dbyer med rdzogs pa chen po'i tshul du sangs rgyas pa'i che ba'i sgo nas yab yum thabs shes 'du 'bral med pa'i bdag nyid chen po'i gleng bslang ba dang*/_'jam dpal sgyu 'phrul drwa ba'i mtshan yang dag par brjod pa las kyang rnam bcas kun rdzob kyi 'jam dpal dang*/_rnam med don dam gyi 'jam dpal gnyis bstan pa bzhin 'dir yang snang bcas sku rdo rje sems dpa' thog mar bstan pa'i phyir/_'khor 'das kyi chos ma lus pa'i rang bzhin bzang ngan gnyis su med par ye nas sangs rgyas nas rdo~M rje~M ste chos nyid stong pa nyid dang chos can snang ba'i cha phunga~M po~M lnga ru dbye yang rdo rje sems dpa'i sku gsung thugs yon tan phrin las kyi phye bas mi bskyod pa la sogs pa'i rdzogs pa'i sangs rgyas lnga yin la/_kun rdzob kyi snang cha rten 'byung ma 'gag sgyu~M ma lta bu nyid ye shes rigs lnga'i cho 'phrula~M du gdod nas gnas te~M/_sa chu me rlung nam mkha'i 'byung ba yang dbyinga~Ms rnam kun mchog ldan gyi stong cha lnga~M thabs mchog tu mi 'gyur pa'i bde ba chen po dang 'bral mi shes pa'i drwa~M ba~M ni sangs rgyas spyan ma la sogs pa'i rigs kyi 'khor lo'i bsgyur ba'i yuma~M chena~M lnga'i mkha~M' rnam thar sgo gsum gyi bdag nyid can te/_srid pa gsum gyi rtogs tshogs dbang shes yul dus thams cad kyang mtha' bzhi las 'das pa'i yid chos gnyi~Ms meda~M sema~Ms dpa~M' lcama~M drala~M dang bcas la~M/_de dag gi bya byed lasa~M dba~Mng sgo~M ba~M yab yum lha~M ru~M gna~Ms pa ste/_mdor na ji ltar snang zhing srid pa'i chos so cog sangs rgyas rdo rje sems dpa' nyid las gzhan ma yin pa sangs rgyas thams cad mkhyen pa nyid kyis gzigs pa gnas lugs yang dag ste/_don gyi yin tshul de lta bu ma shes na so so'i skye bo ma dag pas dag pa ye shes kyi lha rdo rje sems dpa' sgrub mi btub pas 'di nyid rdo rje theg pa'i dag mnyam bden pa dbyer med kyi lta ba ste/_da lta las dang po pa'ang de lta bu'i rdo rje sems dpa' mkhyen brtse nus pa tshad med pa mtshan tsam gzung bas 'khor ba ngan song gi skye sgo kheg pa/_rig pa'i gsang sngags bzlas pa tsam gyis rtog sgrib nyams chag sbyong nus pa la yid ches kyi dad pa rtse gcig tu bskyed pa ni dngos grub 'thob byed kyi man ngag thun mong ma yin pa ste/_des na rdor sems lha gcig bsgrubs pas zhi khro rab 'byams 'grub pa'i gnad kyang de yin pa dang*/_rang bzhin gshis kyi yin lugs de rtogs mi nus pa la rdo rje sems dpa' zhal phyag gi rnam par bzhengs pa shes pas sgrub dgos so/__/rgyu de yang dngos mtshan du mi gnas pa sku gcig gis zhing rab 'byams khyab pa zhing khams rab 'byams sku'i ba spu gcig rdzogs par ston kyang sku che ru ma 'gro/_zhing khams chung du mi ston/_sku'i ba spu tshun chad na mchog tu mi 'gyur pa'i bde ba chen po'i ye shes kyis gang bas/_ba spu nyag ma gcig gis kyang sangs rgyas kyi mdzad pa mtha' dag sgrub nus pa sogs sku'i yon tan de ltar ldan pa de'i gnas lugs ma rtogs pa ma gtogs/_rtogs na rang nyid kyi lus 'di yin pa'i nges shes bskyed nas gsal snang bsgrub pas gzugs snang thams cad sku rdo rje'i dkyil khor du dag par 'gyur ro/__/gnyis pa phyed snang gsung rdo rje ni/_sems nyid ye nas dag pa chos kyi dbyinga~Ms 'gyur ba med pa'i ngang la~M ye nas lhun gyis grub pa bya rtsol med pa'i dbyinga~Ms kyi~Ms ye nas brisa~M pa~M ste~M gzhan du 'pho 'gyur med pa'i chos nyid la rang bzhin gyis 'od gsal ba'i cha la yi ge zhes bya ba'i don du btags pa yi ge sprin gyi 'khor lo 'khor 'das thams cad la ye nas rang chas su gnas pa sangs rgyas kun gyi dgongs pa ste/_des na a skye ba med pa gcig gi ngang las/_dbyangs gsal gyi yi ge 'gag med du shar bas shes bya thams cad mtshon pa'i ming tshig tu grub pas don thams cad ston par byed pa cho 'phrul chen po ni yi ge ste/_yi ge des rgyu byas nas lha yi sngags grub pa ste/_yi ge thams cad stong chen mnyam pa nyid kyi ngo bo can du ye nas grub pas chos nyid ngo bos grub pa/_yi ge rang rang gi ngo bo thun mong ma yin par snang ba'i rang bzhin bslu med du grub pa chos can rang bzhin gyis grub pa/_de lta bu yin pa'i dbang gis chos kun la mnga' dbang 'byor ba'i sangs rgyas rnams kyi yi ge gcig nas mang po'i bar sngags rnams ye shes kyi rnam 'phrul du bstan pas byin brlab kyis grub pa/_sman dang nor bu bzhin sngags de dag la dngos grub sgrub pa'i nus pa thogs med du bslu ba med pa nus pa'i mthu grub pa'i yon tan bzhi dang ldan zhing*/_spyir ngag thams cad ye nas dag mnyam du gnas pas sgrar grags pa thams cad gsung gi dkyil 'khor te/_sema~Ms nyid dmigs su med pa don dam pa'i yi ge ni 'od gsal ba'i khams sna tshogs pa'i phyir sku gsung thugs yon tan phrin las kyi~M bdag nyid du lhun gyis grub pa nor bu rina~M po che~M spungs pa'i za~M ma~M toga~M ltar ye nas lhun gyis grub pa'i ngo mtshar gyi mchog tu sku dang ye shes 'du 'bral med pa mchog dang thun mong gi dngos grub mtha' dag 'gugs nus pa dbyangs gsal thabs shes kyi yi~M ge~M sprina~M gyi~M 'kho~Mr lo~M ni~M skabs 'dir zlos pa'i sngags su bye brag tu zhugs pa ste 'di nyid dngos grub sgrub pa'i thabs khyad par can yin pas/_'di'i nus pas yid shes bde myur du skyob pa'i phyir rdo~M rje~M don lta bu bla ma'i man ngag gi gnad dang ldan pa las phal gyis mi rtog pas gsa~Mng ba'i~M sngaga~Ms su~M bsha~Md pa'am bstan pa'i don shes pas bsgrub na ngag gsung rdo rje'i gsang ba ru rtogs/_ji ltar 'dod pa'i dngos grub bde blag tu 'thob byed kyi lde'u mig lta bu'o/__/gsum pa mi snang ba thugs rdo rje ni/_ji skad du/_dngos gcig dngos po kun gyi ngo bo nyid/_/gang zhig dngos gcig de bzhin nyid mthong ba/_/de yis dngos kun de bzhin nyid du mthong*/_/zhes gsungs pa ltar 'khrul pas btags pa'i ma dag 'kho~Mr ba'i 'khrul snang dang*/_dag pa ye shes kyi gnas lugs ji bzhin du gzigs pa'i mya ngan las 'da~Ms pa sku dang ye shes gnyis su dbye ba yang don la gnyis su med pa rang bzhin nyid kyis rnam par dag pa rgyu'a~Mm gzhi nyida~M gci~Mg pa~M las tha dad du dbyer med pa ste~M dbu ma chos dbyings bstod pa las/_gang zhig 'khor ba'i rgyur gyur pa/_/de nyid sbyangs bar byas pa las/_/dag pa de nyid mya ngan 'das/_/chos kyi sku nyid de yin no/__/zhes gsungs pa ltar sems kyi rang bzhin ye shes yin pa dang*/_ye shes rtogs dus sems kyang de las tha dad du ma dmigs pas ye shes kyi rola~M pa~M ste yiga~M 'a~Mbru a nyid rang bzhin gdod nas skye med yin pa dang*/_dbyangs gsal yi ge'i rnam 'gyur gang ltar shar yang a las ma 'das pas nyi ma dang 'od zer bzhin rol pa 'ga~Mg pa~M meda~M pas snang stong gnyis su med pa'i ye shes te/_snang srid kyi chosa~M kuna~M me dang tsha ba bzhin ma khyab pa med pas chos sku gcig gis byina~M gyisa~M brlaba~Ms pa'i~M mthu lasa~M/_snod bcud rgyud gsum thama~Ms cada~M dpal rdo rje sems dpa' 'bras bu'i sanga~Ms rgyasa~M gcig gi ye shes chen po da lta nyid du don zab mo de sangs rgyas thams cad mkhyen pa'i ye shes kyi spyod yul las gzhan sus kyang rtogs mi nus pas/_gsang ba'i sngags bzo bcos ma dgos par skyon kun zad/_yon tan kun rdzogs nyid du mngo~Mn suma~M shara~M bas phyi snang ba yum/_nang phung po yab/_rtogs tshogs lha'i rang bzhin snang la rang bzhin med pa'i don de nyid nges pa don gyi rdo rje sems dpa' zhes pa ni d+ha~Mrma~M tsa~Mkra~M snying dbus mi shigs pa'i thig le zhes snying ga chos kyi 'khor lor ye nas ra~Mng byunga~M du gna~Ms pa ste/_rgyud du ma las/_gsang ba mchog gi dgyes pa na/_/thams cad bdag nyid rtag tu bzhugs/_/sangs rgyas kun dngos sems dpa' ni/_/rdo rje sems dpa' bde ba'i mchog_/'di ni rang byung bcom ldan 'das/_/gcig pu rab tu che ba'i lha/_/sangs rgyas thams cad mnyam sbyor ba/_/lhag pa 'di ni lha nyid do/__/zhes gsungs/_dus 'khor rtsa rgyud las/_spros pa la ni dngos po'i tshogs/_/brtag pa'i mtha' spang bem po min/_/'di ni mthong ste me long la/_/pra phab gzhon nu ma yis bzhin/_/dngos kun mnyam pa nyid gyur nas/_/dngos po gcig tu mi 'gyur gnas/_/mi 'gyur ye shes las byung ba/_/chad pa ma yin rtag pa'ang min/_/ming gi bdag nyid yi ge kun/_/a yig rigs la yang dag 'byung*/_/mi 'gyur chen po'i gnas thob pa/_/ming med ming can dag kyang med/_/skyes pa ma yin pa yi chos/_/'du byed bral ba rnams la yang*/_/sangs rgyas nyid med byang chub med/_/sems can med cing srog nyid med/_/rnam par shes pa'i chos nyid las/_/ye nas dag pa gos pa med/_/rang bzhin 'od gsal chos rnams ni/_/chos kyi dbyings kyis bgrod par gnas/_/zhes tshigs bcad lngas rim pa ltar gzugs sogs phung po lnga sgrib bral me long mnyam nyid sor rtogs bya grub chos dbyings ye~M she~Ms chena~M po~M lnga~M nyida~M du gna~Ms par ston pa ltar la/_mdor na ye shes chen po de ni gzung 'dzin sems kyi rtogs pas ma bslad pa'i dwanga~Ms ma~M ste ting 'dzin rgyal po las/_dag pa dwangs ba 'od gsal ba/_/mi 'khrugs 'dus ma byas pa nyid/_/bde bar gshegs pa'i snying po ste/_/ye nas gnas pa'i chos nyid do/__/zhes so/__/de ni dus gsum gyi chas dbye rgyu med pas mi~M shiga~Ms pa/_spang gnyen gang gi phyogs su ma lhung bas thiga~M le~M nyag cig_/'khor 'das kun gyi srog tu gnas pas dpyida~M ces bstan pa de mngon du gyur ba mchog tu mi 'gyur ba'i bde~M ba chena~M por zag med kyi yon tan thams cad kyis gang bas ye shes ranga~M snanga~M nyida~M du~M 'phel 'grib bral bas 'od gsa~Ml 'pho 'gyur med pa'i dgongs pa gshis kyi gnas lugs 'pho 'gyur med pa nyida~M lasa~M dkyil 'khor rab 'byams spro bsdu thams cad zhi khro rab 'byams gtso 'khor rnam rol thams cad de nyida~M du~M 'khor 'das sna tshogs ganga~M snanga~M ba ltar ston yanga~M*/_do ha las/_rtogs par gyur na thams cad de bzhin te/_/de las gzhan pa sus kyang mi shes so/__/zhes gsungs pa ltar rab 'byams rgyal ba kun gyi thugs rdo~M rje~M sema~Ms dpa~M' sangs rgyas nyid kyi spyod yul las sus kyang mi rtogs pas nama~M mkha~M' che~M yi klong las gsang ba gsum gyi zab rgyas kyi yon tan kuna~M kyanga~M dgongs pa de~M lasa~M nam yang ma~M 'da~Ms pa~Ms rtogs bya gzhi dang*/_rtogs byed lam/_rtogs pa mthar phyin 'bras bu thams cad chos nyid bya rtsola~M me~Md pa'i dbyings su ye nas mngon sangs rgyas zin pa dang ma bcos 'brasa~M bu'i~M rgyala~M po~M kun bzang rdo rje sems dpa' nyid du 'gruba~M zin pa'o/__/gsum pa tha mar dge ba rdzogs tshig gi mjug bsdu ba ni/_dpal gsang ba snying po sgyu~M 'phrula~M drwa~M ba~M chen po rtsa bshad man ngag gi rgyu~Md chena~M po~M'i dbye ba ni ston pa rdo rje'i thugs kyi gsang ba las gzhan gang gis kyang rdzogs par tshad gzung mi nus kyang*/_de kho na nyid nges pa'i theg pa chen po 'byung ba'i dus bcu gnyis su gsungs pa las/_sngags ni las can sprul ba'i ngor:_rang bzhin nyid du 'byung ba las:_zhes pa ltar chos 'di'i gdul bya skabs su bab pa'i tshe so skye tha ma'i tha ma bdag lta bu la yang sangs rgyas kyi phrin las 'jug pa'i yul du gyur nas/_rang lo bcu phrag gsum dang bzhi'i lhag pa'i dus nyams rmis kyi snang char mig nas 'od kyi zer thag zla zer lta bu khams klong thang sgrol ma'i gtsug lag khang chen po'i shar phyogs/_rtogs ldan chen po seng ge dpal zhes pa'i sgrub gnas/_rag bkram brag dkar du zug ste sa gter yod pa'i gsal snang brtan po byung yang rten 'brel dus su ma son pas btang snyoms su gyur kyang*/_slar yang rang lo zhe gnyis pa'i steng dgongs gter du brda grol byung ba ltar lo de'i gro bzhin zla ba'i dmar phyogs kyi tshes bcu'i nyi shar la mna~M ngaga~M gsa~Mng ba~M snyinga~M po'i~M rgyud kyi yang tig zab rgyas sngon 'gro dngos gzhi'i lama~M tshang la ma nor nyams len gyi mtha~Mr thuga~M rtsa~M ba'i~M rgyuda~M kyi~M nying khu snyinga~M po lta bu 'di ni nges pa don gyi riga~M stonga~M rdo~M rje~M sema~Ms dpa~M' stangs dpyal gyis rgyud gsum chig rdzogs su bstana~M pa'i skal bzang thob pa 'di yi ger btab ste khyab bdag 'khor lo'i mgon po sangs rgyas gnyis pa'i zhal skyin pad+ma ye shes rdo rje la dgyes pa'i mchod sprin du phul zhing rang gis kyang ji ltar nus pa'i nyams len dang*/_yid ches don gnyer can la'ang ci rigs spel ba'i gu~M h+ya~M g+ha~Mr+b+ha~M rdzoga~Ms so~M/__/zhes smos pa'o/__/gnyis pa phyi nang gsang ba bla med kyi sgrub byed lam gyi rnam bzhag ji ltar nyams su len pa'i tshul la bzhi las/_dang po phyi sgrub bsags sbyang snying por byed pas sgrub pa la/_lam spyi'i sngon 'gro dang*/_phyi sgrub dngos gzhi'i nyams len gnyis las/_dang po la'ang*/_thun la 'jug pa'i sngon 'gro dang*/_lam gyi sngon 'gro'o/__/dang po ni/_dben pa'i gnas su stan bde ba la lus gnad drang por bsrangs/_rlung ro lan gsum gsal bas sdig sgrib thams cad dag par bsam/_de nas mkha' khyab sems can gyi don du theg pa chen po'i lam zab mo nyams su len snyam pas/_dpa~Ml ldana~M rtsa~M ba'i~M bla~M ma~M sogs kyis rang gi spyi gtsug tu rtsa ba'i bla ma dngos sam/_ngo bo bla ma la rnam pa rdor sems dad mos gang skye sla ba de bsgoms la/_mos gus tshad med pas/_dus gsum sangs rgyas thams cad kyi ngo bo bla ma rin po che mkhyen/_bdag gi rgyud byin gyis brlab tu gsol/_zhes re ltos ling skyur gyis gsol ba btab rjes bla ma 'od du zhu ba rang gi spyi bo nas byon/_snying dbus su thims pas rang sems gnyug ma'i gshis lugs dang gcig tu 'dres par bsam la mnyam bzhag gi ngang bskyang bar bya'o/__/gnyis pa lam gyi sngon 'gro ni/_gter gzhung las/_dang po rdo rje sems bsgom na:_nges 'byung bsam pa yang dag bskyed:_dal ba'i rten ni nges rnyed cing:_chos kun mi rtag rmi lam bzhin:_phyi ma'i lam ni rgyu 'bras phyir:_de las srid pa'i sdug bsngal snang:_sdug bsngal che las nges bsgral phyir:_bslu med skyabs gsum snying nas bsten:_bdag bas gzhan gces blo gros kyis:_bla na med pa'i sems bskyed cing:_zhes pa ste theg pa che chung nyid lam gang nyams su blang kyang nges 'byung gi bsam pa gsha' ma zhig rgyud la ma skyes na chos yang dag pa zhig tu 'gro ba'i thabs med pas 'khor ba'i bya ba thams cad rang mgo rang gis bskor ste rang phung ba'i mtshang de ngos zin dgos/_de ji ltar 'dzin na/_yang yang rnyed dka' zhing don chen po dang ldan pa'i rten phun sum tshogs pa mi lus rin po che da res rnyed pa'i dus 'dir gtan bde'i 'dun ma dam pa'i chos kho na bsgrubs na rten bzang rnyed pa don dang ldan zhing bde nas bde bar 'gro ba de mi shes par/_dbang po sgo lnga tshang*/_rnam rig spyang grung dang ldan/_lang tsho dar la bab tshe dgra 'dul gnyen skyong*/_zhing kha so nam/_tshong khe dpog_/kha drag dpung pa 'ba' zhig bsgrubs pas mi lus don med du zad/_sdig pa'i phung po bsags/_nyin mtshan kun tu 'dir snang 'ba' zhig la g.yeng*/_mjal dka' ba'i sangs rgyas kyi bstan pa'i che ba mi shes/_bla ma dge ba'i bshes dang mi 'grogs/_dge ba til 'bru tsam byas na chen por rloms/_las nyon gyi phung po bsags zhing je cher btang*/_'jig rten mgu ba'i kha drag dang snyan grags la chog mi shes par yengs pa'i tshe/_'chi bdag gi zhags pa glo bur du thebs pa'i tshe nyes can btson du bzung ba bzhin blo g.yeng*/_'jigs skrag dang sdug bsngal thog tu bab nas blo mi bde bzhin de'i mal du lhung*/_bsags shing bsrung ba'i dpal 'byor ma tshad shin tu gces spras byas pa'i lus kyang mdangs shor/_khrus dang byi dor gyi re ba bral/_yan lag brkyang bskum tsam la'ang ngal ba thob/_zas nor longs spyod dbang thang dgra gnyen gnas yul gang yang rjes su mi 'brang bas phan gnod spu tsam med par da dung yid 'phreng*/_rang gi rjes su 'brang thabs med pas yid skyo/_pha ma gnyen grogs sogs kyis mig mchi ma tsa re blta/_sdang dgra la sogs kyis rang rgud pa mthong skabs glo khums/_chos bsgrub pas phan par shes kyang bya thabs bral/_rgyal pham skyid sdug gang byung kyang phan pa med par shes kyang phyis/_phyi ma'i lam po che rang nyid gcig pur 'gro dgos snyam bag grang*/_rang ma tshad snod bcud 'jig rten thams cad rmi lam ltar yin kyang ma shes/_'dir byas pa'i dge sdig gi las gnyis po ni lus dang grib ma bzhin ci nas kyang 'grogs/_sdig pa byas zin pa skyur dbang ni med/_dge ba rang gi ma byas pas khyer rgyu med/_tshe 'dir zhen che bas sdig pa ni che/_dge ba ni chung*/_shi ba'i rjes gnyen 'dun sogs kyis dge ba re byas kyang phal cher gzugs brnyan tsam du song*/_ji ltar byas kyang dang po nas 'dun ma gtan nyes su song bas 'khor ba las thar ba'i thabs med/_mi lus rin po che gcig rnyed pa 'phro brlag tu song bas/_da ngan song gi lus las mi lus thob dka'/_mtho ris gsum du skyes kyang sdug bsngal las ma 'das/_las kyi dbang gis 'khor ba gang du skyes kyang sdug bsngal las ma 'das/_da lta'i sdug bsngal phra mo 'di yang mi bzod na ngan song gsum du skyes na ci tshugs byed/_mi skye ba'i gdeng ni med/_der skye ba'i las ni mang po bsags zin/_'dir snang gi bde ba phra mo 'di gnyid thun gcig gi rmi lam bzang po 'dra ste/_'gyur zhing 'gro/_tshe 'di'i 'jig rten chos brgyad kyi don ji tsam dka' ngal byung yang 'tsher snang med/_chos phyir ngal dub phra mo tsam yang dka' ba chen po spyad pa'i byas yus 'dren/_srid pa'i sdug bsngal mig gis mthong zhing*/_rang thog tu bab bzhin du yang nyes pa ru mi mthong ba 'di kha nang du bskor te bag phebs pas bsam mno btang ma shes pas lan/_'khor ba'i rgyal pham skyid sdug kyang res mos las rtag thub pa gcig kyang med/_'khor ba'i bde skyid ji ltar bzang yang mthar sdug bsngal du mi 'gyur ba med pas snying po med/_dge ba phra mo zhig byas kyang de'i 'bras bu bde ba las sdug bsngal du nam yang 'gyur mi srid/_des na dam pa'i chos las gzhan pa'i bya spyod thams cad byas pa don med sdug bsngal gyi 'khor lo las nam yang ma 'das snyam du snying khong rus pa'i gting nas yang yang bsam zhing lag len du theb pa zhig dgos pas 'dir snying po tsam ste/_rgyas par khrid gzhung gzhan ltar sgom zhing myong ba thob pa gal che ba yin no/__/gnyis pa phyi sgrub dngos gzhi'i nyams len la gsum/_theg pa che chung spyi'i nyams len skyabs 'gro dang*/_theg pa chen po'i khyad par gyi nyams len byang chub sems bskyed/_rdo rje theg pa'i lam mchog bla ma rdo rje sems dpa'i sgom bzlas so/__/dang po ni nang pa sangs rgyas pa yin nas bzung skyabs su mi 'gro ba med kyang*/_theg pa che chung gi dbye ba yod de/_sangs rgyas mchog gi sprul sku/_chos bden bzhi dang lhag pa tshul khrims kyi bslab pa/_dge 'dun phyi gzugs rtags kyi 'dul ba/_skyabs su 'gro byed kyi gang zag nyan rang*/_skyabs su 'gro tshul rang don du byed pa thun mong gi skyabs 'gro la brten nas so thar gyi sdom pa skye/_sdom pa sbyin pa cho ga'i dus su thob/_lam bden bzhi spang blang la sbyang*/_'bras bu dgra bcom thob/_theg pa chen po'i sangs rgyas sku gsum/_chos lhag pa shes rab kyi bslab pa don dam rnam par nges pa/_dge 'dun theg chen byang sems/_gang zag dbang po rno rtul gnyis/_skyabs su 'gro tshul tshad med bzhis rang gzhan gyi don byed/_khyad par gyi skyabs 'gro la brten nas sdom pa skye/_sems bskyed kyi dus su sdom pa thob/_lam phar phyin drug la bslabs pas grangs med gsum nas sangs rgyas thob/_gsang sngags rdo rje theg pa'i skyabs 'gro ni/_sangs rgyas sku lnga dbyer med/_chos rdo rje theg pa bslab pa gsum rdzogs gsang sngags/_dge 'dun yang dag don gyi dge 'dun/_gang zag sdom pa gsum ldan/_skyabs su 'gro tshul rang gi sgo gsum dang dkon mchog gsum dbyer med/_bla med kyi skyabs 'gro de la brten nas sngags sdom skye/_dbang dus su thob/_rim gnyis sbyangs pas skye ba gcig gam lnga la sangs rgyas/_khyad par a ti yo ga_/rig pa sku bzhir gnas pa sangs rgyas/_de ngo shes pa chos/_zag med kyi dgongs spyod la dge 'dun/_gang zag dbang po yang rab/_skyabs su 'gro tshul rang sems las gzhan du dkon mchog logs na med par rtogs pa skyabs 'gro ste de dag kyang gang zag gcig gis 'gal med gcig dril du nyams su len dgos pas/_spyir khams gsum 'khor ba la 'jigs pa theg dman gyi kun slong*/_sgos rang don yid byed la 'jigs pa theg chen gyi lam gyi mi mthun phyogs/_khyad par tha mal 'khrul 'dzin la 'jigs pa rdo rje theg pa'i lam bzang gi spang bya ste/_'jigs pa de las skyob pa'i phyir gang la skyabs su 'gro ba mdo sngags thun mong gi sangs rgyas la ston pa/_chos la lam/_dge 'dun la grogs su khas blangs na skyabs su 'gro ba rgyu'i skyabs 'gro/_mthar thug skyabs gsum dbyer med sangs rgyas de thob par byas nas dkon mchog gsum gyi gdung mi gcod pa 'bras bu'i skyabs 'gro dang*/_gsang sngags kyi byin rlabs kyi rtsa ba bla ma/_dngos grub kyi rtsa ba yi dam/_phrin las kyi rtsa ba mkha' 'gro gsum la skyabs su 'gro dgos kyang yi dam ni sangs rgyas/_mkha' 'gro chos skyong ye shes pa dge 'dun/_bla ma dkon mchog kun 'dus yin pas don gcig_/thun mong ma yin pa'i dbang du byas na dkon mchog gsum mthar thug pa sangs rgyas chos sku/_de nyid gzhan rgyud la byon zin pa rgyu'i skyabs/_rang sems ngo bo stong pa chos sku/_rang bzhin gsal ba longs sku/_gsal stong gnyis med sprul sku ste gang la skyabs su 'gro ba'i yul dang*/_gang skyabs su 'gro ba po tha dad du grub pa rdul tsam med pa ye sangs rgyas pa ste/_don gyi yin lugs de lta ba gding dang ldan pa/_sgom pa nyams dang ldan pa/_spyod pa ro snyoms dang ldan pas dus ji tsam na sangs rgyas kyi bar du skyabs su song bas/_dgos pa sangs rgyas myur du thob pa'i phyir/_tshul ji ltar skyabs su 'gro tshul ni/_rang gar gnas pa'i sa phyogs 'di nyid rin po che'i sa gzhi yangs shing rgya che ba khod snyoms par gyur pa'i dbus su dpag bsam gyi sdong po yal 'dab me tog 'bras bus dud pa/_de'i yal ga dbus dang phyogs bzhir gyes pa'i dbus ma la gdan khri'i bkod pa mtho zhing yangs par rtsa ba'i bla ma sku dngos sam rdo rje sems dpa'i rnam pa/_de'i steng nas mar brgyud pa'i bla ma rnams tho brtsegs kyi rnam pa can dkon mchog kun 'dus kyi ngo bor bzhugs pa/_phyogs bzhir gyes pa'i yal ga las/_mdun mkhar khyad par gyi yi dam rgyal ba dkyil 'khor gyi lha tshogs/_g.yas su thun mong gi sangs rgyas ston pa thub pa'i dbang po sogs phyogs bcu dus gsum gyi sangs rgyas mchog gi sprul sku rnams/_rgyab tu chos dkon mchog glegs bam brtsegs pa'i rnam pa can/_g.yon du thun mong gi dge 'dun byang sems dang nyan rang 'phags pa/_de thams cad kyi mtha' bskor du khyad par gyi dge 'dun mkha' 'gro chos skyong ye shes pa rnams sprin phung lta bur bzhugs par mos la/_rang dang lhan cig tu mkha' mnyam gyi sems can thams cad 'dus nas skyid sdug legs nyes khyed rang shes snyam du re ltos ling skyur gyi mos gus gdung shugs drag pos skyabs 'gro byed par mos te/_na mo:_bla ma dkon mchog gsum gyi dngos:_khyab bdag rdo rje sems dpa' la:_bdag dang mtha' yas sems can rnams:_byang chub bar du skyabs su mchi:_zhes ci nus su brjod cing*/_thun 'jog khar/_skyabs yul rnams kyi sku las 'od zer 'phros/_rang gzhan sems can thams cad la phog pas sdig sgrib sbyangs/_sems can thams cad dag pa'i zhing du song*/_skyabs yul rnams 'od du zhu ba rang la bstims te bsngo ba bya/_de ltar skyabs su song nas spang ba'i bslab bya/_sangs rgyas la skyabs su song nas lha gzhan mi bsten/_chos la skyabs su song nas gzhan la mi 'tshe/_dge 'dun la skyabs su song nas mu stegs dang mi 'grogs/_bla mar skyabs su song nas mchod 'os mi bslu/_skur ba mi 'debs/_dam pa'i grogs dang 'grogs/_bsgrub bya'i bslab bya/_sku gzugs chag dum yan chad dang*/_yi ge 'bru gcig_/lhan pa dmar po yan chad bkur bsti bya/_gus pas spyi bor blang*/_dam pa'i skyes bu bsten/_chos nyan/_dge 'dun dang mthun par 'grogs/_las ci la thug kyang dkon mchog mi spang*/_yon tan dran/_zas gos sogs phud kyis mchod/_nyin mtshan kun tu skyabs 'gro mi brjed pa'o/__/'bras bu'i bslab bya 'khor 'das kyi chos thams cad mnyam par shes shing snang srid dkyil 'khor du shes pa'i dag snang bya/_bla ma la skyabs su song nas gsol 'debs dag snang bya/_yi dam la skyabs su song nas de'i bskyed rdzogs sgom bzlas bya/_mkha' 'gror skyabs su song nas tshogs dang gtor mas mchod/_lta ba sangs rgyas dang sems can mnyam par blta/_sgom pa lhug pa gtad med du bzhag_/spyod pa bde sdug ro snyoms bya'o/__/de ltar nyams su blang bas nang pa'i gral du chud/_ngan 'gror mi skye/_sdom pa kun gyi rten du 'gyur/_tshogs gnyis yongs su rdzogs nas sangs rgyas 'thob par 'gyur ro/__/de ltar mdo sngags kyi skyabs 'gro thams cad gnad gcig tu dril nas rtse gcig nyams su blangs na blo rgyud dkon mchog gsum gyi byin rlabs kyis chos su 'gro/_theg pa thams cad 'gal med du yod pa kha bsgyur bas chos yang dag pa'i lam du 'gro/_lam rtags kyi yon tan rdzogs pas lam 'khrul pa sel/_'khrul snang 'khor ba la rgyab kyis phyogs pas 'khrul pa ye shes su 'char bar byed pas na/_'di ni nang pa sangs rgyas pa'i chos kyi rtsa ba nyams su len bde zhing 'brel ba thebs chog yin pas skyabs 'gro'i don la blo bzhag ste grangs 'bum phrag sogs bsags pa ni shin tu gal che'o/__/gnyis pa theg pa chen po'i khyad par gyi nyams len byang chub tu sems bskyed pa'i khrid ni rang re da lta man chad du 'khor ba lu gu rgyud du 'khyams dgos pa byung ba ni bdag gces 'dzin gyi blo ngan 'dis byas pa yin/_bdag 'dzin de rtsad nas phyung ste gzhan sems can thams cad da lta rtsa ba'i pha ma ltar shes pas sdug bsngal dang bral 'dod/_bde ba dang ldan 'dod kyi blo bcos min zhig skyes na theg chen byang chub sems dpa'i lam rnal ma yin/_de skye ba'i thabs la tshad med pa bzhis blo sbyong dgos pas/_sems can bde ba dang ldan 'dod byams pa/_sdug bsngal dang bral 'dod snying rje/_bde ba la gnas 'dod dga' ba/_nye ring chags sdang gi blo btang ba btang snyoms yin/_sems can gcig nas gnyis sogs la dmigs pa 'jig rten pa/_'gro ba thams cad la dmigs pa 'jig rten las 'das pa'i tshad med yin/_sems can thams cad pha mar shes shing bde ba dang ldan 'dod sogs sems can la dmigs pa skye bo phal pa/_don dam par ci yang ma grub kyang*/_kun rdzob sgyu ma rmi lam lta bu'i bde ba dang ldan 'dod sogs chos la dmigs pa nyan rang*/_de ltar sgom pa'i dus nas spros bral nam mkha' lta bu'i gdangs ma 'gags pas bde ba dang ldan 'dod sogs kyi blo dung nge ba dmigs pa med pa theg pa chen po'i lam gyi gzhung shing ste/_sgom tshul dngos la thog ma skye sla rim nas bzung ste dang po btang snyoms thog mar bsgom pa dang*/_rtsal sbyang ba'i phyir go rim nges pa can/_yang ldog nas btang snyom/_dga' ba/_snying rje/_byams pa'i bar dang*/_byams pa dang dga' ba/_snying rje dang btang snyoms spel ba sogs kyis sbyor dngos rjes gsum gyi rtsis zin par nyams su blang ngo*/_/de ltar tshad med bzhi la goms nas byang chub sems gnyis bsgom dgos la/_byang chub kyi sems de yang rang bzhin gnas rigs dang*/_rgyas 'gyur gyi rigs gnyis kyi tshul du rang nyid la ye nas yod/_de med na sangs rgyas sgrub pa'i blo mi skye/_des na rang re rnams 'khor ba'i thog ma med kyang tha ma dang ldan pa'i gnad 'di yin/_gshis kyi gnas lugs de go ba tsam gyis mi phan/_sgrib pas bsgribs nas yod pa de sbyang ba'i thabs la 'bad dgos/_de'i thabs mchog tu gyur pa ni byang chub tu sems bskyed pa ste/_sems de sangs rgyas la dmigs pa'i dad pa/_sems can la dmigs pa'i snying rje/_byang sems kyi sdom pa len 'dod yod pa gsum las skye bas/_de las kyang snying rje ni byang sems kyi rgyu'i gtso bo med du mi rung ba ste/_de dag ji ltar nyams su len pa'i tshul ni/_mdun gyi nam mkhar tshogs zhing skyabs yul sngar ltar gsal te/_'di ltar phyogs bcu gang las gzhal kyang 'jig rten gyi khams la mtha' med/_de thams cad rigs drug gi sems can gyis go mtshams med par khyab/_sems can thams cad kyis rang gi pha ma lan grangs dpag tu med par byas te/_legs par bskyangs pa'i drin can sha stag yin/_de thams cad 'dod pa bde ba 'dod kyang sgrub pa sdug bsngal sgrub/_zhe 'dod dang lag len phyin ci log tu gyur pa'i smyon pa lta bu 'di rnams snying re rje snyam pa sems can la dmigs pa'i snying rje/_bdag gi pha ma mi 'dod bzhin du sdug bsngal rnams nyams su myong ba 'di kun ci tshugs bya/_da ni snying rje zer bzhag pas ci phan/_'di rnams 'khor ba'i sdug bsngal las drangs te/_thar pa mchog bla na med pa yang dag par rdzogs pa'i sangs rgyas kyi sa la myur du 'god par bya snyam pa sangs rgyas la dmigs pa'i dad pa smon pa sems bskyed dang*/_da lta de'i nus pa bdag la med pas bdag gis 'gro kun sgrol nus pa'i sangs rgyas kyi go 'phang tshe 'di nyid la thob par bya/_de'i ched du dpal rdo rje sems dpa'i bskyed rdzogs kyi lam zab mo bsgom par bgyi'o snyam pa'i byang chub thob 'dod yod pa 'jug pa sems bskyed de gnad gsum tshang bas/_rgyal ba sras dang bcas rnams kyis:_byang chub thugs ni bskyed pa ltar:_bdag gis 'gro la phan don du:_byang chub mchog tu sems bskyed do:_zhes pa'i tshig dam bca'i tshul du kha yengs mig yengs tshig tsam du ma song bar 'gro drug gi sems can rnams snying khong du bcug pa'i lhag bsam drag po'i sems rtse gcig pas skyabs yul rnams kyis bdag gi bsam sbyor ji bzhin du mkhyen nges snyam pa'i bla ma dkon mchog la dad pa dang bcas tshar grangs bsags/_sems bskyed bsam pa yang yang goms par bya'o/__/mthar tshogs zhing rnams dgyes pas 'od du zhu nas rang gzhan sems can thams cad la thim pas skyabs yul rnams kyi thugs rgyud la bzhugs pa'i byams snying rje byang chub sems kyi gnas lugs rtogs pa'i lta ba phyin ci ma log pa de rang gzhan sems can thams cad kyi rgyud la skyes par mos la mi dmigs pa'i ngang la dar gcig mnyam par bzhag rjes bdag gzhan mnyam brje'i byang chub kyi sems khrid gzhung rgyas pa gzhan nas gsungs pa ltar byang ba thon thon du bsgom dgos pa las sems bskyed kyi grangs bsags pa tsam dngos gzhi ma yin par shes par bya ba gnad do/__/spyir byang chub sems dpa'i bslab bya thams cad gzhan phan gzhir bcas sgrub pa la 'du ba yin kyang*/_da lta rang re so skyes las dang po pa'i skabs 'dir sbyor ba dang dngos su sems can la phan thogs rgya chen po 'byung dka' zhing*/_gtso bo kun slong gi bsam pa gzhan phan 'ba' zhig khong du bcug nas/_sbyor ba rang rgyud kyi nyes spyod sdom zhing dge chos spel ba'i sgo nas rang gi rgyud kyi 'ching ba grol ba'i thabs la brtson pas des gzhan don kyang zhar la 'grub nas 'phags sa thob nas gzhan don nus pa'i skabs su skad cig kyang mi g.yeng bar bsam sbyor gnyis kas gzhan phan 'ba' zhig bsgrubs pas des rang don du spang rtogs kyang zhar la rdzogs nas/_mthar phyin sangs rgyas kyi sa la rang gzhan gyi don gnyis 'bad med lhun grub kyi tshul du 'byung bas na/_rang gi lus dang longs spyod dge tshogs dang bcas nus pa dang 'tshams par btang bsrung dag pa spel ba'i tshul la mkhas par bya ba la don gyi gnad 'du'o/__/gsum pa rdo rje theg pa'i lam mchog bla ma rdo rje sems dpa'i sgom bzlas dngos kyi khrid la/_gnyen po stobs bzhi dang ldan pa dgos pas dang po sun 'byin pa'i stobs ni/_de yang rang cag rnams gzhan don rdzogs byang sgrub par byed pa la bar du gcod pa'i gegs ni sdig sgrib yin/_sbyang bya de ngos bzung ba la sdig pa'i sgo drug gsungs te/_kun slong gi sgo nyon mongs pa chags sdang rmongs gsum/_'grim pa'i sgo lus ngag yid gsum gyis/_yul sangs rgyas dang sems can la/_dus thog med nas da lta'i bar/_ngo bo rang bzhin dang bcas pa'i sdig pa/_sbyor ba rang gis byas pa dang*/_gzhan la byed du 'jug pa/_byas pa la rjes su yi rang ba rnams/_sbyong byed gnyen po stobs bzhis sbyang dgos pas/_rang gis sdig pa ni dgra gnyen gnyis dang lus longs spyod sogs kyi phyir byas pa yin/_de thams cad bdag yun du 'grogs dbang med/_sdig pa'i 'bras bus rang ngan song du ltung ste shin tu nyam thag cing dgos gal che ba'i dus skabs su ni de dag rang gi phyogs tsam du mi nye zhing phan pa med/_rnam smin sdug bsngal gyi 'bras bu ni rang 'ba' zhig gis myong dgos pas/_sdig pa nyid tshegs che la don chung bar 'dug bsams te 'gyod pa bskyed/_sdig pa'i 'bras bus tshe 'dir yang srog gcod pas tshe thung*/_nad mang*/_ma byin pa blangs pas nor dbul ba sogs dang*/_rang nyid 'chi ka gnad gcod kyi sdug bsngal dang*/_'chi tshe gshin rje'i pho nyas brdung brdeg sogs 'jigs snang dang*/_shi ba'i 'og tu ngan song du lhung ba'i sdug bsngal gyi 'jigs snang la bsams te 'gyod pa bskyed/_sdig pa byas pa bshags pas chog snyam na sdig pa bshags shing ma byang ba'i sngon du rang 'chi na cha med/_'chi rkyen nges med yin pas 'chi bdag gi bdud des nam 'dod du khyer ba las bdag gi sdig pa byang ma byang mi lta bas yid brtan mi rung bas myur du bshags dgos/_nyes pa gsang zhing sbed na sdig pa je 'phel du 'gro bas skyon du shes pas tshogs su bsgrags na sdig pa stobs chung du 'gro/_nam yang mi 'phel ba bshags yul gyi mdun dang tshogs su bsgrags pa ni mthol ba/_sdig pa byas pa bdag shin tu nyes shing 'phyug snyam 'gyod sems gdung bas mtshang khas len pa bshags pa/_rang nongs pas zhum pas dman sa bzung*/_nyes pa mi ldan pa rnams mchog dang ngo mtshar du shes pa dang gus pas gtsug tu bkur ba'i kun slong gis rang gi nyes spyod bgyis pa la ngo tsha yang gsong por smra ba'i sgo nas/_bla ma rdo rje sems dpa'i drung du bshags pa yin pas khyed rnams kyi brtse bas rjes su bzung la/_las 'di dag par mdzad du gsol zhes snying thag pa nas brjod pa bshags pa'i don gyi snying po yin no/__/gnyis pa gnyen po kun tu spyod pa'i stobs ni/_sdig pa'i gnyen po dge ba la spyod pa ste/_de las 'grub sla zhing phan yon che ba 'ga' zhig gces par btus pa la gnyen po kun tu spyod pa'i sgo drug tu grags te/_dang po sangs rgyas dang byang sems kyi mtshan bzung ba/_gnyis pa sku gzugs dang mchod rten bzhengs pa/_gsum pa rten la phyag mchod bskor ba byed pa/_bzhi pa mdo rgyud zab mo kha ton du byed pa/_lnga pa gzungs sngags bzla ba/_drug pa stong nyid bsgom pa rnams su gsungs pa las/_dper na nyi zla sprin las don pa ltar dge ba gcig byas pa dang sdig pa mang po dag par 'gyur zhing*/_rdo rje rin chen chung ngus ri rab 'joms pa dang*/_me stag chung ngus rtsa shing ri tsam bsregs pa dang*/_dug chung ngus mi bsad pa ltar yin pas sdig pa byas pa ji snyed kyi dge ba byed mi mos pas skabs 'dir sdig pa'i gnyen po bya sla tshegs chung ba rdor sems bsgom bzlas te/_de'i tshul la tshogs rten gsal gdab pa dang*/_bsags sbyong snying po len pa gnyis las/_dang po ni/_a:_bdag gi tshangs pa'i gnas nyid du:_sogs te/_rang gis spyi bor pad zla'i gdan la hU~M yig dkar po/_de las 'phros pa'i 'od zer gyis don gnyis byas/_tshur 'dus yongs su gyur pa las/_bla ma dpal rdo rje sems dpa' dkar po zhal gcig phyag gnyis pa/_g.yas rdo rje thugs ka dang g.yon dril bu dkur bsten pas yum snyems ma dkar mo gri thod 'dzin pa la 'khyud pa/_dar dang rin po che'i rgyan can/_yab sems dkyil dang yum pad dkyil gyis phan tshun 'khril ba/_gnas gsum oM dkar AHdmar hU~M mthing gsum gyis mtshan pa gsal/_dmigs rnam rgyas par spro na/_yab yum gnyis ka nga rgyal ma spangs gnas su dag pas phyag zhabs rnams gser zhun ma ltar mnyen pa sogs zhi ba'i tshul dgu/_dar gyi chas gos lnga dang*/_rin po che'i rgyan brgyad sogs zhib par gsal/_mdor na spyi gtsug tu bsgoms pa'i rdor sems kyi thugs ka'i 'od kyis ye shes pa spyan drangs/_dam ye gnyis med du bstim/_dbang lhas dbang bskur ba bcas yan lag bzhi rdzogs su bskyed la/_gnyis pa bsags sbyong snying po len pa 'di la bdun las/_dang po phyag 'tshal ba'i yan lag ni/_hoH_dgongs klong dbyer med sogs kyis bstan pa ltar/_tshogs zhing khyad par can bla ma rdo rje sems dpa'i steng gi cha la brgyud gsum bla ma/_bar du yi dam rgyud sde drug gi lha tshogs/_'dabs 'khor du sangs rgyas byang sems dpa' bo mkha' 'gro ye shes kyi chos srung gi tshogs dang bcas pa gangs ri chen po la char sprin 'khrigs pa bzhin bzhugs par gsal ba'i spyan sngar rang gzhan sems can thams cad sgo gsum rab tu gus pas 'khod de rang rang gi lus zhing gi rdul snyed du sprul zhing che ba'i yon tan rjes su dran pa'i bstod dbyangs bcas me tog pad+ma dkar po gsar du kha 'bus pa dang 'dra ba'i lag gnyis thal mo sbyar te/_lus drang por bsrang*/_de yang thal mo spyi bor sbyar bas lus sgrib dag_/mgrin par sbyar bas ngag sgrib dag_/snying gar sbyar bas yid sgrib dag_/de nas lus kyi ma lnga sa la phab pa zhes/_dpral ba dang gcig_/lag pa'i mthil gnyis/_pus mo gnyis dang bcas sa la phab ste phyag byas pas rang rgyud kyi nyon mongs dug lnga'i sgrib pa dag_/tshogs zhing rnams kyi sku gsung thugs yon tan lnga'i dbang dang byin rlabs thob pa dang*/_mthar thug sangs rgyas kyi dbu'i gtsug tor bltar mi mngon pa 'grub par byed pa'i dgos pa yod pa yin/_gong du sdig pa'i gnyen po sgo drug gi gsum pa yin cing*/_khyad par yan lag thams cad brkyang ste phyag 'tshal bas gsang sngags kyi ru zung bzhi'i bshags pa nas lus kyi dam tshig nyams chag bshags pa'i thabs su gsungs pas/_nyams chag sbyong bar gtso bor dmigs na bla ma rdo rje sems dpa' rigs thams cad kyi khyab bdag yin pas thugs kar zhi ba bzhi bcu rtsa gnyis/_dbu la khrag 'thung lnga bcu rtsa brgyad gsal la/_de dag gi mtshan nas brjod pa'i zhi khro'i phyag 'tshal sbyar du rung la/_zhi khro'i sku dmigs bsal ma bsgoms kyang rdo rje sems dpa' gcig chog nor bu'i lugs su bsgom pa mchog yin te/_lha de rigs thams cad kyi khyab bdag yin pa'i phyir gsang ba snying po las/_mkha' dkyil dwang pa'i dbyings nyi zlar/_/ye shes rgyal po stangs dpyal bsgom/_/rgyal ba'i dkyil 'khor rab 'byams kun/_/ma lus par ni bsgom par 'gyur/_/zhes gsungs pa'o/__/phyag 'tshal ba'i phan yon kyang*/_'dul ba lung las/_dge slong dag khyed rnams kyis de bzhin gshegs pa'i dbu skra sen mo'i mchod rten la dad pas phyag 'tshal ba de'i rnam par smin pa ni ji srid du tshangs pa mtshungs par spyod pa rnams la khong khro ma skyes pa de srid du dbang chen sa gzhi la thug gi bar du rdul phra rab kyi grangs dang mnyam pa'i 'khor lo'i bsgyur ba'i rgyal po'i bde ba myong zhing lha dang mi rnams kyi nang du phyin par 'gyur ro/__/gnyis pa mchod pa 'bul ba ni/_dngos su 'byor ba'i mchod pa ser sna dang nga rgyal ngom chos kyi kun slong ngan pas ma bslad pa/_rang nyid kyi ji ltar 'byor ba'i mchod pa rgyu bzang ba/_dngos gtsang ba'i mchod yon sogs nyer spyod dang*/_yid sprul gzhal yas khang*/_yul 'khor/_ri gling*/_bkra shis rdzas rtags/_rgyal srid bdun/_nye ba'i rin chen bdun/_lha dang lha mo'i glu gar rol mo sogs zhing 'di dang dag pa'i zhing gzhan du yod pa/_gsang sngags nang gi dam rdzas sman gtor rak+ta sogs zag med kyi 'dod yon rnams cir yang 'char ba byang chub sems dpa' kun tu bzang po'i mchod sprin lta bu sprul nas 'bul ba ste/_de yang byang chub sems dpa' kun tu bzang po'i ting nge 'dzin gyi mthu las/_rang gi thugs ka nas 'od zer kha dog mi 'dra ba bye ba brgya stong sangs rgyas kyi zhing khams grang med pa'i rdul dang mnyam par spros/_'od zer de re re'i rtser yang byang chub sems dpa' kun tu bzang po rang 'dra ba re re sprul/_de re re'i thugs ka nas sngar dang 'dra ba'i 'od zer spro zhing*/_de'i rtser kun tu bzang po sprul pa sogs grangs med bsam gyis mi khyab pa'i bar spros te/_de dag re res kyang gcig tu med pa'i mchod rdzas kyi rnam grang bsam gyis mi khyab par spros pas phyogs bcu'i rgyal ba sras dang bcas pa mchod pa ni kun tu bzang po'i mchod pa'i sprin phung zhes bya'o/__/tshul de 'dra ba rang nyid blos ci lcog tu sprul nas 'bul ba'ang sdig pa sbyong ba'i sgo gsum pa'o/__/de'i yan lag tu maN+Dal 'bul ba yang tshogs bsags pa'i sgo khyad par can te/_'byor 'khos rab 'bring tha gsum dang bstun pa'i maN+Dal la/_tshom bu'i rgyu rin po che/_sman 'bru gtsang zhing dag pas/_sgrub pa'i maN+Dal tshom bu gcig pa mdun stegs la bkod nas mchod pas bskor/_mchod pa'i maN+Dal rang gi lag tu thogs la/_'bru sogs dri dang ba byung gis brlan par byas la/_yig brgya dang mchod pa'i sprin gzungs bzlas pas byi dor bya/_rgyas pa yongs grags tshom bu so bdun ma dang*/_gter kha nas 'byung ba'i phyi rin po che'i maN+Dal/_nang du phung khams skye mched kyi maN+Dal/_gsang ba sems nyid gsal stong gi maN+Dal dang*/_sku gsum gyi zhing gi maN+Dal sogs spro na sbyar ste phul ba'am/_sems kyi dmigs pa'i 'phrul dang ldan pas ngag 'don phyi sgrub zur du yod pa nyid grangs bsags rung la/_sgrub pa'i maN+Dal dmigs rten ma 'byor kyang chog la/_gong du mchod pa'i skabs su smos pa'i kun tu bzang po'i rnam thar las byung ba'i mchod 'bul ltar dmigs nas phul na maN+Dal gyi tshogs bsags gcig la phar phyin drug tshang bas tshogs gnyis yongs su rdzogs pa dang*/_chos spyod thams cad gcig tu dril ba'i bsod nams las/_maN+Dal phul ba'i bsod nams che ba dang*/_ting 'dzin dang rtogs pa khyad par can rgyud la skye ba sogs bsod nams phung po gang gis kyang dpag mi nus so/__/spyir mdo sde las rnam 'byed las/_rten la phyag 'tshal ba/_thal mo sbyar ba/_phyag dar byed pa/_gdugs dang dril bu sogs phul ba la so sor phan yon chen po bcu re gsungs pa dang*/_spyan ras gzigs kyi mdor/_su zhig dpa' ba'i sems kyis me tog blangs/_/dad bskyed 'jig rten mgon la char du gtor/_/de ni mi yi 'jig rten bsod nams ldan/_/rgyal srid gnas nas rgyal ba mchod par 'gyur/_/zhes dang*/_mar me phul ba'i bsod nams gsal rgyal las/_dpe med mchod rten mar me phul ba yis/_/ut+pal sngon po kha bye 'dra ba'i mig_/gsal zhing sdug la mig gi dkyus ring mdzes/_/dri ma med pa lha yi mig dang ldan/_/zhes sogs mtha' yas pa'i tshul kho bo'i bla ma'i gsung rten bzhengs kyi phan yon dang*/_gsang sngags spyi'i sngon 'gro'i khrid yig las rgya cher 'byung bas blo dang ldan zhing mig yod pa'i don dang ldan par gzigs par byas na legs snyams so/__/gsum pa sdig pa bshags pa ni/_tshogs zhing khyad par can de dag gi spyan sngar/_dran pa dang mi dran pa'i sdig pa/_tshe rabs thog ma med pa nas de ring yan chad du bsags pa/_sgo gsum gyis pha ma mkhan slob mched grogs dam pa/_skyes bu dam pa gzhan dag la ma gus pa byas pa/_sdig pa mi dge ba bcu/_mtshams med pa lnga/_de dang nye ba lnga/_dkon mchog dkor la 'bags pa/_ser sna dang 'jur gegs byas pa la sogs pa thams cad dang*/_khyad par bla ma rdo rje 'dzin pa la tha mal mi ru bzung ba'i dbang gis sku gsung thugs rtsa ba yan lag gi dam tshig dang 'gal ba dang*/_nyams pa dang 'dres shing nyams pa'i skyon chags pa la sogs pa mdor na mchog thun gyi dngos grub bsgrub pa la bar du gcod pa'i sgor gyur pa'i bcas dang rang bzhin gyi kha na ma tho ba thams cad lce thog tu nag phung gis 'dus par bsams la bshags pas skad cig de nyid la rten tshogs zhing rnams kyi sku gsung thugs las 'od zer dkar po byung ba phog pa'i rkyen gyis dag par bsam la/_phyis mi byed par gnyen pos bsdam zhing bshags pa'i tshig brjod par bya'o/__/dmigs bsal gyi sdig bshags rgyas par spro na thams cad mkhyen gzigs mi pham rin po che'i gsung klong bshags dang*/_'jam mgon yon tan rgya mtsho'i sdom gsum bshags sbyang sogs sbyar na legs pa'i yan lag tu 'gyur ro/__/phan yon ni/_gang zhig dran pa'i mod las ni/_/sdig rnams dran nas 'gyod pa yis/_/bshags pas thams cad 'dzad pa ste/_/rgyal ba'i sras po phyis sdoms shig_/ces gsungs so/__/bzhi pa rjes su yi rang ba'i yan lag ni/_phyogs dus rgyal ba rnams kyis gzhan don du chos 'khor bskor ba dang*/_rdzu 'phrul la sogs ngo mtshar gyi mdzad pa ston pa'i dge ba/_byang chub sems dpa' rnams kyis byang chub kyi spyod pa rlabs po che spyad pa'i dge ba/_'phags pa nyan thos dang rang sangs rgyas rnams kyis shes rab dang rnam par grol ba'i phung po/_sems can thams cad kyi bsod nams dang thar pa cha mthun gyi dge ba/_rang gis sngar byas pa/_da lta byed bzhin pa slad kyis bya nges pa thams cad la rjes su yi rang ba snying thag pa nas dung dung bsgoms pa'i phan yon kyang*/_sdud pa las/_nor bu mching bu'i phung po chen por gyur pa yang*/_/rin chen bai DUr+Ya kun de gcig zil gyis gnon/_/de bzhin 'gro kun sbyin sogs phung po rgya cher kun/_/rjes su yi rang byang sems gcig gis zil gyis gnon/_/zhes so/__/lnga pa chos 'khor bskor bar bskul ba ni/_/sangs rgyas dang byang chub sems pa'i dge ba'i bshes gnyen gzhan don rlabs chen mdzad pa rnams la/_zhu ba po'i rgyud la dge rtsa bskyed pa la dgongs pa dang*/_'khor gyi log sgrub dang spyod ngan gyis thugs sun nas chos mi gsung bar bzhugs pa rnams kyi drung du tshangs pa dang brgya byin gyis ston pa la zhu ba phul ba ltar/_bdag kyang lus bye ba mang po sprul te mngon sum snang bar byas te dung g.yas 'khyil dang*/_gser gyi 'khor lo rtsibs stong phul nas chos 'khor bskor bar zhus pas thams cad kyang dgyes pas zhal gyis bzhes te gsung gdul bya'i bsam pa dang mthun par dus rtag pa rgyun gyi 'khor lo bskor bar mos pa ste phan yon kyang chos spong ba'i sgrib pa dag_/tshe rabs nas tshe rabs thams cad du dam pa'i chos rgyud la 'dzin pa dang mi 'bral ba sogs phan yon tshad med de/_gtsug na rin chen gyis zhus pa'i mdo las/_rgyal bas dgongs pa mdzad pa la/_/gang zhig gsol ba 'debs pa de/_/dbang gi rgyal po lta bu ste/_/bsod nams gzhan dag mching bu 'dra/_/zhes so/__/drug pa mya ngan las mi 'da' bar gsol ba gdab pa ni/_zhing khams 'di dang gzhan dag la bla ma dang sangs rgyas byang sems gang dag sems can gyi don mdzad zin nas gzugs sku mya ngan las 'da' bar dgongs pa rnams kyi mdun du/_sngon dge bsnyen tsun das bcom ldan 'das la gsol ba btab pa ltar bdag gi lus mang por sprul pa dag gis gsol ba btab pas/_'khor ba ma stong bar du bzhugs nas sems can gyi don rgya chen po mdzad par mos pa ste/_des ni tshe thung ba dang*/_dus ma yin pa'i 'chi ba dang*/_gzhan gyi srog la 'tshe ba'i sdig pa 'byang zhing*/_tshe dpag tu med pa thub pa sogs phan yon mtha' yas te/_tshangs pa khyad par sems kyis zhus pa'i mdo las/_nyon cig tshangs pa'i rgyal po khyod/_/bcom ldan 'das la gsol 'debs pa/_/bsod nams de ni khyad par 'phags/_/sangs rgyas mya ngan yongs mi 'da'/_/zhes so/__/bdun pa bsngo ba ni/_phyag nas bzung ste mya ngan las mi 'da' bar gsol ba gdab pa'i bar gyi da ltar byas pa'i dge ba'i rtsa ba 'dis mtshon te/_rang gzhan sems can thams cad kyis dus gsum dang 'brel bar bsags pa'i dge ba thams cad bdag gzhan sems can thams cad kyi don du rje btsun 'jam pa'i dbyangs dang 'phags pa kun tu bzang pos yongs su bsngo ba ji lta bar dmigs pa med pa'i shes rab kyi rgyas 'debs dang bcas rdzogs pa'i sangs rgyas kyi sar bsngo ba ste/_phan yon gyi khyad par yang*/_blo gros rgya mtshos zhus pa'i mdo las/_ji ltar rgya mtsho che nang chu thigs lhung*/_/rgya mtsho ma zad bar du de mi zad/_/de bzhin byang chub yongs bsngo'i dge ba yang*/_/byang chub ma thob bar du de mi zad/_/ces so/__/rten gyi stobs la yul gyi rten ni sdig pa bshags pa'i yul bla ma dge ba'i bshes gnyen nam/_de bzhin gshegs pa'i sku gsung thugs kyi rten khyad par can dngos su mchod pa'i dbus su spyan drangs shing*/_yid kyi dmigs pas kyang mdun gyi nam mkha' rgyal ba sras bcas dpang po'i tshul du mngon sum gyis bzhugs par mos pa ste/_skabs 'dir bla ma rdo rje sems dpa' dang rtsa ba'i bla ma gnyis su med pa mngon sum bzhin du bzhugs par bsgom pa de yin/_rang rgyud kyi stobs ni skyabs 'gro dang sems bskyed yin pas sngon du song zin/_sun 'byin pa'i stobs ni/_sngar byas kyi sdig pa'i las spyi dang bye brag sdom pa gsum gyi srung mtshams dang 'gal ba/_khyad par bla ma rdo rje slob dpon gyi sku gsung thugs dang 'gal ba'i las rang gis byas pa dang*/_gzhan la bcol ba dang*/_gzhan gyis byas pa la rjes su yi rang bgyis pa sogs dngos su gang dran pa rnams gtso bor yid yul du byas te ngo tsha dang gnong 'gyod kyi bsam pa drag pos bla ma rdo rje sems dpa' khyed mkhyen no/_bdag dang sems can thams cad kyis mi shes pa dang*/_ma gus pa dang*/_bag med pa dang*/_nyon mongs pa mang ba'i dbang gis sngon chad sdig pa'i las ci dang ci bgyis pa thams cad mi 'chab bo/_/mi sbed do/_/mthol lo bshags so/_/sdig ltung dri ma'i tshogs thams cad byang zhing dag par mdzad du gsol snyam du snying khung rus pa'i gting nas bsam pa ni sun 'byin pa'i stobs so/__/da phyin chad las ci la thug kyang*/_'chi ba srog la babs kyang*/_de lta bu'i sdig pa'i las dngos su lta ci/_tha na rmi lam du yang mi bgyid do/_/de ltar bgyi bar ma gyur cig snyam pa sdig pa las slar ldog pa'i stobs so/__/sngar byas kyi gnyen por dpal rdo rje sems dpa'i sgom bzlas la spyod pa gnyen po kun tu spyod pa'i stobs te/_de ltar stobs bzhi'i dmigs gnad dran bzhin pa'i ngang nas yi ge brgya pa dag cing gsal la mi tshig sogs kyi bar ma chod par brgya stong khri 'bum sogs sdig sgrib dag pa'i rtags mtshan mngon du ma gyur gyi bar du bzla bar bya'o/__/de ltar bzlas pa'i tshe thugs ka'i sa bon dang*/_zhabs kyi mthe bong gi rtse dang*/_yab yum mnyam par sbyor ba'i mkha' gsang dang*/_mthar sku yi cha thams cad nas byang sems bdud rtsi'i chu rgyun dkar chil chil babs pa pad sdong la 'khril ba'i tshul du byung ba rang gi tshangs bug nas zhugs/_nad thams cad rnag khrag dang ljan ljin/_gdon thams cad sdig sbrul sogs srog chags phra mo'i rnam pa/_sdig sgrib thams cad sol khu'am dud khu'i rnam pa nag nyil gyis rang gi dbang po'i sgo dang ba spu'i bu ga thams cad dang*/_mdor na phu chu drag po'i thal ba bdas pa bzhin phyir sang sang song nas rang lus shel gong dag pa ltar gyur par mos/_slar yang sngar ltar gsol ba btab pas byang sems bdud rtsi'i rgyun des rang gi spyi gtsug nas rkang mthil bar de srid du mer khrig ge ltem gyis gang bas sgo gsum gyi sgrib pa bag chags dang bcas pa byang*/_sku gsung thugs yon tan phrin las dang bcas pa'i dbang dang dngos grub thob nas rang gi sgo gsum dpal ldan rdo rje sems dpa'i sku gsung thugs dang gnyis su med par chu la chu bzhag pa ltar byin gyis brlabs par mos/_mthar thun 'jog pa na/_oM/_bla ma dpal ldan rdo rje sems sogs kyis gsol ba btab/_rtsa ba sku gsung thugs zhes pa/_dam tshig srung ba'i yul lha dang bla ma gtso bo yin la/_srung tshul phan 'dogs pa dang gnod pa bzlog pa'i gzhi'i gtso bo lus yin la/_sku~M yi dam tshig tu bla ma dang lha la gus par blta/_mched dang lcam dral gyi mtshon pa'i 'gro ba thams cad bla ma'i sku yi gdul bya yin pas gnod pa spang ba dang*/_rnam par smin pa'i tha mal gyi lus kyi snang zhen bskyed rim gyis sbyang bar byed pa'o/__/dge mi dge'i rnam 'gyur thams cad ngag la brten nas bskyed pas/_gsunga~M gi dam tshig tu sngags dang phyag rgya rgyun mi gcod pa dang*/_ngag gi nyes pa spang ba'i phyir bla mas ci gsungs sgrub pa dang*/_mched lcam gyi ngag mi gcog pa'o/__/'khor ba bskyed pa'i rgyu'i gtso bo yid yin pas/_thuga~Ms rdo rje'i dam tshig tu yid kyi nyes pa spang zhing*/_lha sngags lta sgom gyi gsang ba gzhan la mi spel ba dang*/_byang chub kyi sems rnam pa gnyis bskyed cing bla ma dang thugs yid bsre bas/_ting nge 'dzin gyi sgo du ma spyod pa ste/_yan lag gi dam tshig nyer lnga ni/_spyod pa'i dam tshig ta na sgrol ba/_ga Na sbyor ba/_ma byin pa len pa/_rdzun du smra ba/_ngag 'khyal lnga sngags bla med kyi lam pa'i rnal 'byor pa rnams kyis chos thams cad sku gsung thugs kyi dkyil 'khor gsum gyi rang bzhin du rtogs nas snang spyod thams cad kun tu bzang po'i phyag rgyas btab pa las mi 'da' bar spyad na phal pa rnams 'khor bar 'ching byed kyi las nyon gang gis kyang de la mi gos par ma zad rang gi tshogs rdzogs shing gzhan la phan pa rlabs po che sgrub par byed pas dam tshig nyer lnga la rtogs goms kyi gdeng dang ldan pas sgra ji bzhin du spyod/_nus pa med pa rnams kyis sbas don la slob cing lta sgom gyi dam tshig bcu po dngos su slob par gsungs/_lnga tshan gnyis pa nyon mongs dug lnga gzhi ye shes lnga'i rang bzhin thabs kyis lam du ma lhongs bas 'bras bu sku dang ye shes su 'char ma nus pa dang*/_lnga tshan gsum pa bdud rtsi lnga gnyis 'dzin gyi rtog pa bral bas grub pa bzhi dang*/_yin pa gsum yin par ma shes pas gtsang dmer blta ba dang*/_lnga tshan bzhi pa shes bya lta ba'i dam tshig phung khams yul dbang kha dog lnga thams cad rigs lnga'i ye shes kyi rang gdangs su ye nas lhar dag par ma shes pa dang*/_lnga tshan lnga pa bsgrub bya sgom pa'i dam tshig lnga tshan thams cad cho ga lnga dang ting 'dzin gsum gyis rigs lnga ru sgrub ma shes pa'o/__/rang bzhin lta ba'i dam tshig bzhi ni/_rig pa'i gshis la dgag sgrub gang yang med pas meda~M pa~M/_gnyis chos thams cad ye shes gcig tu bab pas gci~Mg pu~M/_chos thams cad chos nyid yangs par brdal bas phyala~M pa~M/_mkhyen cha yon tan gyi chos ye rdzogs su yod pas lhuna~M gruba~M ste rdzogs chen lta ba klong gyur gyi ngor srung 'das kyi spros pa med pa'i dam tshig ste/_dus la ltos na nyin mtshan thun drug tu bcad pa'i cha gang yang rung ba zhig gi nang du ltung ba sbyang ba'i bya ba ma brtsam zhing thun de'i nang du gnyen pos ma slebs par dus tshod las thal te thun tshod 'das pa'i mtshams la thun 'das kyi ltung ba zhes brjod pa yin la/_de bzhin du zhag gcig la 'gal ba/_zla ba gcig la nyams pa/_lo gcig la 'das pa/_lo gnyis gsum 'das tshun chad ral ba zhes bshags pa byas na gso rung zhing*/_snga ma snga ma las phyi ma phyi ma lci zhing*/_lo gsum 'das na bshags pa byas kyang gso rung ba ni ma yin la/_bshags tshul kyang*/_'gal ba'i nyes pa byung na tshogs 'khor sngon du 'gro ba dang*/_nyams pa la longs spyod yod tshad bla ma dang dkyil 'khor la phul ba/_'das na bu dang chung ma nor dbyig 'phang pa thams cad phul ba dang*/_ral ba'i nyes pa byung na rang gi srog la mi lta ba'i brtson 'grus kyis bshags par gsungs/_bshags tshig gis gsol ba btab pas/_bla ma rdo rje sems dpa' nyid dgyes pa'i 'dzum dang bcas te/_'o rigs kyi bu khyod kyi sdig sgrib thams cad dag pa yin no/__/zhes gnang ba byin par bsams la/_spyi bo'i bla ma rdor sems nyid gdan pad zla dang bcas pa 'od du zhu nas thugs 'od lnga'i gong bu'i rang bzhin du gyur pa de nyid rang gi tshangs bug nas zhugs/_snying dbus su sib kyis thim par bsams la sdig sgrib sbyang bya sbyong byed kyi ngo bor gcer gyis bltas te 'khor gsum yongs dag brjod bral bde ba chen po'i ngang du ci gnas su mnyam par bzhag pa ni sdig pa sbyang ba'i mchog ste/_gnas lugs ngo 'phrod kyi lta ba skyong rgyu yod na de'i ngang*/_de ltar med na sdig pa'i las de nyid dang*/_byed pa po gang zag dang*/_sdig pa'i sa bon 'dzin pa'i rnam shes dang*/_'bras bu sdug bsngal ba bcas pa la rgyu gang las skyes/_ngo bo ji lta bu/_gnas gang na gnas/_mthar gang du 'gag sogs so sor brtags nas mthar mi dmigs spros pa dang bral ba'i ngang du 'jog pa ste/_phyogs dus rgyal ba'i mdo las/_gang zhig 'gyod tshangs byed 'dod na/_/drang por 'dug la yang dag ltos/_/yang dag nyid la yang dag blta/_/yang dag mthong na rnam par grol/_/de ni 'gyod tshangs mchog yin no/_/zhes dang*/_sangs rgyas mdzod kyi mdo las/_pha ma dang rang sangs rgyas bsad pa yang*/_stong pa nyid bsgoms pas rnam par grol lo/_/zhes so/__/spyir 'di'i dngos bstan sdig sgrib sbyong ba yin kyang*/_thun min sngon 'gro thams cad tshang ba'i phyir bla ma'i rnal 'byor byas kyang shin tu legs pa'i phyir ngo bo rang gi rtsa ba'i bla ma nyid rnam pa rdo rje sems dpar gsal tshul/_mthu stobs dbang phyug bi rU pas/_bla ma dang ni rdo rje sems/_/tha dad par ni mi bya ste/_/bla ma sangs rgyas chos dang ni/_/de bzhin bla ma dge 'dun te/_/dngos grub go 'phang mchog 'dod pas/_/kun nas bla ma mnyes par bya/_/sangs rgyas kun dngos rdo rje 'chang*/_/rtsod pa'i dus 'dir bdag don du/_/kun dang mthun par ston mdzad pa/_/de ltar shes nas dngos kun gyis/_/bsten bya dus gsum sangs rgyas kyi/_/dngos grub bde chen thob par 'gyur/_/zhes gsungs pas/_phyogs bcu dus gsum gyi sangs rgyas/_chos/_dge 'dun kun 'dus bla ma yin/_bla ma nyid dkon mchog gsum/_dkon mchog gsum nyid bla ma yin/_rang re'i snang ngo dang bstun na dkon mchog gsum las bka' drin che/_sangs rgyas rnams zhal mi mjal/_gsung mi thos/_sangs rgyas yi dam byang sems mkha' gro chos skyong dngos su byon kyang bla mas mdzad rgyu dang ston rgyu las lhag po med/_de dag dngos su mjal ba'i skal ba med pa la de thams cad kyi mdzad pa bla mas gnang bas bka' drin che bar thag bcad/_nges shes bskyed/_blo snying brang gsum ling gis gtad la/_'di nas byang chub bar du skyid sdug legs nyes ci byung yang khyed kho na mkhyen no snyam pa'i re ltos ling bskyur gyi tshul gyis/_lus kyi ba spu g.yo/_mig nas mchi ma 'khrugs/_gdung shugs drag pos tha mal gyi snang ba 'gog nus pa/_blo sna bla mas 'phrog pa/_bsam rgyu bla ma las med pa/_lus sems tshugs mi thub pa'i rig pa bsgyur thub pa byung na byin rlabs 'phral du 'jug_/nyon mongs pa glo bur du 'gags/_ye shes skad cig gis 'phel/_de lta bu yang yang dran pas rtag tu bla ma dang 'du 'bral med/_des skyon thams cad sel zhing yon tan thams cad skye ba yin/_bla ma sangs rgyas su nges shes skyes na lam sgom pa thams cad kyi snying po yin/_sangs rgyas thams cad kyi byin rlabs 'jug_/lhag par rang gi bla ma las zhus pa'i yi dam rnams kyi byin rlabs 'phral du 'jug pa yin pas/_bla ma sangs rgyas su shes pa/_bka' drin dran pa/_gdung shugs drag pa/_yang yang mi brjed pa'i khyad chos bzhi dang ldan pa'i mos gus kyis yi ge brgya pa gsol 'debs kyi tshul du bzla/_mdor na lha rdo rje sems dpa' dang*/_sngags yi ge brgya ba'i phan yon ni/_gsang ba spyi rgyud las/_sangs rgyas kun gyi rgyu gcig pu/_/rdo rje sems dpa' la dmigs nas/_/yi ge brgya pa cho ga bzhin/_/nyin re bzhin yang dus drug tu/_/nyi shu rtsa gcig re re bzla/_/de yis ltung sogs byin brlabs nas/_/'phel bar nam yang mi 'gyur ro/__/'bum phrag gcig ni bzlas pa na/_/sgrub pa mchog gi legs bshad pas/_/rnam par dag pa'i bdag nyid 'gyur/_/zhes dang*/_me tog bkod pa'i rgyud las/_bla ma rdo rje sems dpa' sgom/_/rang byung yi ge brgya ba'i mthus/_/sgrib pa rnam gnyis byang bar 'gyur/_zhes dang*/_dgongs pa tshig gsum pa'i rgyud las/_rdo rje sems dpa' bsgom nas ni/_/sngags kyang rab tu bzla byed pa/_/de yis sdig kun byang nas ni/_/rdo rje sems dpa' 'dra bar 'gyur/_/zhes dang*/_rta mchog rol pa'i rgyud las/_gsang sngags rgyal po bla med pa/_/lan gcig brjod pa tsam gyis kyang*/_/sdig pa ma lus zad byed cing*/_/las rnams thams cad 'grub par 'gyur/_/zhes gsungs pa ltar ro/__/phyi sgrub 'di nyid bdag bskyed rgyun gyi rnal 'byor kyang yod pas dmigs gsal gyi khrid sogs spro dgos pa med cing rgyun gyi nyams len lta bu khyer bde ba yod do/_/'phro lus/__sarba mang+ga laM/_dge'o//__//

Footnotes

Other Information