DKR-KABUM-19-DZA-006: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=པདྨ་ཚེ་ཡི་སྙིང་ཐིག་ལས། མཁའ་འགྲོ་མནྡ་ར་བའི་རྒྱུན་ཁྱེར་འཆི་མེད་བཅུད་སྙིང་། | |||
|fulltitle=pad+ma tshe yi snying thig las/ mkha' 'gro man+da ra ba'i rgyun khyer 'chi med bcud snying | |||
|citation=[[Khyentse, Dilgo]]. ''Pad+ma tshe yi snying thig las mkha' 'gro man+da ra ba'i rgyun khyer 'chi med bcud snying''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 19: 48-50. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|associatedpeople=man+dA ra ba | |||
|associatedpeopletib=མནྡཱ་ར་བ་ | |||
|tibgenre=Daily Practice - rgyun khyer, Longevity Rituals - tshe sgrub | |||
|terma=Yes | |||
|dkroutline=Six | |||
|cycle='chi med pad+ma tshe yi snying thig | |||
|cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=019 | ||
| | |volnumtib=༡༩ | ||
|volyigtib=ཛ་ | |||
|totalvolumes=25 | |||
|textnuminvol=006 | |textnuminvol=006 | ||
|pagenumbers=48-50 | |||
|totalpages=6 | |||
|beginfolioline=1a | |||
|endfolioline=3b6 | |||
|totalfolios=3 | |||
|multivolumework=No | |||
|rectonotes=rgyun khyer | |||
|versonotes=pad+ma tshe yi snying thig | |||
|colophontib=* '''First colophon:''' །ཞེས་པའང་ནུབ་ཕྱོགས་ཨན་གར་གྱི་ཡུལ་དུ་སྐྱེས་ཀྱང་རྣམ་པར་དཀར་བའི་ལས་འཕྲོ་དང་སྨོན་ལམ་དག་པ་ཆོས་མཛད་བཙུན་མ་ཀརྨ་མཁས་མཆོག་དཔལ་མོའི་གསུང་བསྐུལ་ལྟར་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གྲུབ་པ་མཆོག་གི་མན་ངག་ལྟར་བྲིས་པ་ཟབ་ལམ་ལ་སྤྱོད་པའི་སྐལ་བཟང་རྣམས་ཀྱི་དཔལ་དུ་གྱུར་ཅིག། | |||
* '''Second colophon:''' །ཞེས་པའང་རྣམ་པར་དཀར་བའི་ཐུགས་སྨོན་ཅན་ཀརྨ་མཁས་མཆོག་དཔལ་མོས་བསྐུལ་བ་ལྟར་པདྨ་གར་དབང་འོད་གསལ་རང་བྱུང་གྲུབ་པ་རྩལ་གྱིས་བྲིས་པ་དངོས་གྲུབ་མཆོག་གི་དཔལ་དུ་གྱུར་ཅིག། | |||
|colophonwylie=* '''First colophon:''' /zhes pa'ang nub phyogs an gar gyi yul du skyes kyang rnam par dkar ba'i las 'phro dang smon lam dag pa chos mdzad btsun ma karma mkhas mchog dpal mo'i gsung bskul ltar pad+ma gar dbang 'od gsal mdo sngags gling pas grub pa mchog gi man ngag ltar bris pa zab lam la spyod pa'i skal bzang rnams kyi dpal du gyur cig/ | |||
* '''Second colophon:''' /zhes pa'ang rnam par dkar ba'i thugs smon can karma mkhas mchog dpal mos bskul ba ltar pad+ma gar dbang 'od gsal rang byung grub pa rtsal gyis bris pa dngos grub mchog gi dpal du gyur cig/ | |||
|archivistnotes=There are two short prayers included in the unicode for this text entry that don't appear in the pecha. | |||
|pdflink=File:DKR-KABUM-19-DZA-006.pdf | |pdflink=File:DKR-KABUM-19-DZA-006.pdf | ||
}} | }} | ||
Line 16: | Line 43: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །པདྨ་ཚེ་ཡི་སྙིང་ཐིག་ལས། མཁའ་འགྲོ་མནྡ་ར་བའི་རྒྱུན་ཁྱེར་འཆི་མེད་བཅུད་སྙིང་བཞུགས།། | {{TibP|༄༅། །པདྨ་ཚེ་ཡི་སྙིང་ཐིག་ལས། མཁའ་འགྲོ་མནྡ་ར་བའི་རྒྱུན་ཁྱེར་འཆི་མེད་བཅུད་སྙིང་བཞུགས།།<br><br> | ||
༄༅། །ན་མོ་ཛྙཱ་ན་ཌཱ་ཀི་ནི་ཡེ། ཚེ་ཡི་མཁའ་འགྲོ་མནྡ་ར་བའི་རྒྱུན་ཁྱེར་ཉམས་སུ་ལེན་པར་འདོད་པས། མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་སོགས་བརྒྱུད་འདེབས་སྔོན་དུ་འགྲོ་བས། ཨ༔ རྣམ་ཐར་གསུམ་ལྡན་རྡོ་རྗེའི་བཙུན་མོའི་དབྱིངས༔ ཡེ་ཤེས་མཁའ་འགྲོའི་ལྷ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སྲིད་ཞིའི་འཇིགས་ལས་དབུགས་དབྱུང་ཕྱིར༔ འཆི་མེད་མཁའ་འགྲོའི་རྣལ་འབྱོར་བསྒོམ་པར་བགྱི༔ ལན་གསུམ་གྱིས་སྐྱབས་སེམས་དང༌། དངོས་གཞི་ལྷ་བསྒོམ་པ་ནི། ཨ༔ ཆོས་སྐུ་སྐྱེ་མེད་དབྱིངས་ཡུམ་ཀུན་ཏུ་བཟང༔ ལོངས་སྐུ་རང་སྣང་མཁའ་ཁྱབ་སྙིང་རྗེའི་སྤྲིན༔ ཟུང་འཇུག་དྭངས་མའི་ཡི་གེ་ཧྲཱིཿདམར་པོ༔ སྲིད་ཞི་བརྟན་གཡོའི་དཔྱིད་ཀྱི་ཐིག་ལེར་ཤར༔ བདེ་བའི་འོད་ཀྱིས་སྣོད་བཅུད་སྣང་ཞེན་སྦྱངས༔ སྣང་སྲིད་བདེ་ཆེན་དག་པའི་རོལ་མོ་ལས༔ རྡོ་རྗེ་སྲུང་འཁོར་གཞལ་མེད་ཁང་ཆེན་པོ༔ ཚད་མེད་སྒོ་བཞི་རྣམ་ཐར་རྟ་བབ་རྫོགས༔ དབུས་སུ་ཆོས་འབྱུང་འདབ་བཞི་པདྨའི་ལྟེར༔ ཉི་མའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་སྟེང༔ ཧྲཱིཿཡིག་ཟླ་བ་སྙོམས་པར་ཞུགས་པ་ལས༔ ཡོངས་གྱུར་དབྱིངས་ཕྱུག་དཔལ་མོ་མནྡ་ར༔ དམར་གསལ་འཆར་ཁའི་ཉི་གཞོན་ལང་ཚོ་རྒྱས༔ སྐེད་སྐབས་ཕྲ་ལྡེམ་ནུ་འབུར་མཐོ་ལ་མཁྲེགས༔ ཆུ་སྐྱེས་རབ་རྒྱས་ཞལ་རས་མཛེས་འཛུམ་སྒེག༔ སྤྱན་གསུམ་འོད་གསལ་སྣང་བཞིའི་སྒྲོན་མེ་འཆར༔ ལྗགས་འདྲིལ་ཚེམས་ཀྱི་ཕྲེང་བ་ཅུང་ཟད་གསལ༔ གནག་སྣུམ་དབུ་སྐྲའི་ལན་ཚར་འཕྱང་བའི་རྩེར༔ ནོར་བུའི་ཐོད་ཚུགས་རུས་པའི་འཁོར་ལོས་མཛེས༔ ཐོད་སྐམ་དབུ་རྒྱན་ཕྱག་རྒྱ་ལྔས་བརྒྱན་པའི༔ ཞབས་གཉིས་བརྐྱང་བསྐུམ་བདེ་བའི་གར་སྟབས་བསྒྱུར༔ ཕྱག་གཡས་མདའ་དར་སྲིད་ཞིའི་ཚེ་བཅུད་འགུགས༔ གཡོན་པས་བུམ་བཟང་བདུད་རྩིས་ལྷན་སྐྱེས་སྟེར༔ དར་དཔྱང་པུཎྜ་རི་ཀའི་དོ་ཤལ་ཅན༔ ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང་ན་འགྱིང༔ རིགས་ཀྱི་བདག་པོ་པདྨ་ཐོད་ཕྲེང་རྩལ༔ དམར་གསལ་ཁྲོ་འཛུམ་ཡིད་ཙམ་ཆགས་པའི་ཉམས༔ བརྟུལ་ཞུགས་སྤྱོད་འཆང་ཧེ་རུ་ཀ་ཡི་ཆས༔ ཕྱག་གཉིས་མདའ་དར་ཚེ་བུམ་བཅུད་ལྡན་བསྣམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གཟི་བྱིན་འབར༔ པདྨ་ཟླ་བའི་གདན་ལ་རོལ་པའི་འཁོར༔ རྩ་གསུམ་རབ་འབྱམས་མཚོ་ལ་སྐར་བཞིན་བཀྲ༔ ཨོཾ་ཨཱཿཧཱུྃ་གིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རྒྱས་གདབ། ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ སྤྱི་བོའི་གནས་ལྔར་རིགས་ལྔས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་དབང་བསྐུར་ལ་ལྷ་སྐུའི་གསལ་སྣང་སྒྲུབ། དག་དྲན་དང་ང་རྒྱལ་གཟུང་བའང་རེས་མོས་སུ་བྱ། བོགས་འབྱིན་བཟླས་པ་ནི། མནྡྡཱ་ར་བའི་ཐུགས་ཀར་ཡེ་ཤེས་སེམས༔ ཚེ་ཡི་ཡུམ་མཆོག་དམར་གསལ་བདེ་བ་རྒྱས༔ ལོངས་སྐུའི་རྒྱན་རྫོགས་མཉམ་གཞག་ཚེ་བུམ་བསྣམས༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླ་ལ་རོལ་པའི༔ ཐུགས་ཀར་པདྨ་དམར་པོའི་གེ་སར་ཧྲཱིཿ རང་རིགས་སྔགས་ཀྱིས་བསྐོར་བའི་གསལ་སྣང་གིས༔ མ་དག་ཕུང་ཁམས་འཁྲུལ་པའི་བག་ཆགས་སྦྱངས༔ འཆི་མེད་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ༔ རྟག་བརྟན་བདེ་བ་ཆེན་པོའི་ཐིག་ལེར་འཁྱིལ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་པདྨ་མནྡ་ར་སརྦ་སིདྡྷི་ཧཱུྃ༔ ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་ངག་བཟླས་དང༌། རྡོར་བཟླས་ཀྱི་ཚེ་སྒྲུབ་བྱེད་ན་ཁྲིད་ཡིག་ལྟར་ཤེས་པར་བྱ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་མཐར། ཧྲཱིཿ བདག་སྣང་ཐམས་ཅད་འོད་གསལ་དབྱིངས༔ གདོད་མའི་སྟོང་ཆེན་ངང་དུ་ཐིམ༔ སླར་ཡང་ཆུ་ལས་རླབས་བཞིན་དུ༔ སྣང་སྟོང་སྒྱུ་མའི་སྐུར་ལྡང་ངོ༔ བཛྲ་རཀྵ་ཧཾ༔ ཞེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་སླར་ཡང་ཟུང་འཇུག་སྒྱུ་མ་ལྟ་བུའི་སྐུར་གསལ་བས། འཆི་མེད་མཁའ་འགྲོ་བསྒྲུབས་པའི་དགེ་ཚོགས་མཐུས༔ འགྲོ་ཀུན་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ མཆོག་དང་ཐུན་མོང་དངོས་གྲུབ་སྣང་བ་ཡིས༔ འཇིག་རྟེན་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་རྗེས་རིམ་བྱའོ། །ཞེས་པའང་ནུབ་ཕྱོགས་ཨན་གར་གྱི་ཡུལ་དུ་སྐྱེས་ཀྱང་རྣམ་པར་དཀར་བའི་ལས་འཕྲོ་དང་སྨོན་ལམ་དག་པ་ཆོས་མཛད་བཙུན་མ་ཀརྨ་མཁས་མཆོག་དཔལ་མོའི་གསུང་བསྐུལ་ལྟར་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གྲུབ་པ་མཆོག་གི་མན་ངག་ལྟར་བྲིས་པ་ཟབ་ལམ་ལ་སྤྱོད་པའི་སྐལ་བཟང་རྣམས་ཀྱི་དཔལ་དུ་གྱུར་ཅིག། །། | ༄༅། །ན་མོ་ཛྙཱ་ན་ཌཱ་ཀི་ནི་ཡེ། ཚེ་ཡི་མཁའ་འགྲོ་མནྡ་ར་བའི་རྒྱུན་ཁྱེར་ཉམས་སུ་ལེན་པར་འདོད་པས། མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་སོགས་བརྒྱུད་འདེབས་སྔོན་དུ་འགྲོ་བས། ཨ༔ རྣམ་ཐར་གསུམ་ལྡན་རྡོ་རྗེའི་བཙུན་མོའི་དབྱིངས༔ ཡེ་ཤེས་མཁའ་འགྲོའི་ལྷ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སྲིད་ཞིའི་འཇིགས་ལས་དབུགས་དབྱུང་ཕྱིར༔ འཆི་མེད་མཁའ་འགྲོའི་རྣལ་འབྱོར་བསྒོམ་པར་བགྱི༔ ལན་གསུམ་གྱིས་སྐྱབས་སེམས་དང༌། དངོས་གཞི་ལྷ་བསྒོམ་པ་ནི། ཨ༔ ཆོས་སྐུ་སྐྱེ་མེད་དབྱིངས་ཡུམ་ཀུན་ཏུ་བཟང༔ ལོངས་སྐུ་རང་སྣང་མཁའ་ཁྱབ་སྙིང་རྗེའི་སྤྲིན༔ ཟུང་འཇུག་དྭངས་མའི་ཡི་གེ་ཧྲཱིཿདམར་པོ༔ སྲིད་ཞི་བརྟན་གཡོའི་དཔྱིད་ཀྱི་ཐིག་ལེར་ཤར༔ བདེ་བའི་འོད་ཀྱིས་སྣོད་བཅུད་སྣང་ཞེན་སྦྱངས༔ སྣང་སྲིད་བདེ་ཆེན་དག་པའི་རོལ་མོ་ལས༔ རྡོ་རྗེ་སྲུང་འཁོར་གཞལ་མེད་ཁང་ཆེན་པོ༔ ཚད་མེད་སྒོ་བཞི་རྣམ་ཐར་རྟ་བབ་རྫོགས༔ དབུས་སུ་ཆོས་འབྱུང་འདབ་བཞི་པདྨའི་ལྟེར༔ ཉི་མའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་སྟེང༔ ཧྲཱིཿཡིག་ཟླ་བ་སྙོམས་པར་ཞུགས་པ་ལས༔ ཡོངས་གྱུར་དབྱིངས་ཕྱུག་དཔལ་མོ་མནྡ་ར༔ དམར་གསལ་འཆར་ཁའི་ཉི་གཞོན་ལང་ཚོ་རྒྱས༔ སྐེད་སྐབས་ཕྲ་ལྡེམ་ནུ་འབུར་མཐོ་ལ་མཁྲེགས༔ ཆུ་སྐྱེས་རབ་རྒྱས་ཞལ་རས་མཛེས་འཛུམ་སྒེག༔ སྤྱན་གསུམ་འོད་གསལ་སྣང་བཞིའི་སྒྲོན་མེ་འཆར༔ ལྗགས་འདྲིལ་ཚེམས་ཀྱི་ཕྲེང་བ་ཅུང་ཟད་གསལ༔ གནག་སྣུམ་དབུ་སྐྲའི་ལན་ཚར་འཕྱང་བའི་རྩེར༔ ནོར་བུའི་ཐོད་ཚུགས་རུས་པའི་འཁོར་ལོས་མཛེས༔ ཐོད་སྐམ་དབུ་རྒྱན་ཕྱག་རྒྱ་ལྔས་བརྒྱན་པའི༔ ཞབས་གཉིས་བརྐྱང་བསྐུམ་བདེ་བའི་གར་སྟབས་བསྒྱུར༔ ཕྱག་གཡས་མདའ་དར་སྲིད་ཞིའི་ཚེ་བཅུད་འགུགས༔ གཡོན་པས་བུམ་བཟང་བདུད་རྩིས་ལྷན་སྐྱེས་སྟེར༔ དར་དཔྱང་པུཎྜ་རི་ཀའི་དོ་ཤལ་ཅན༔ ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང་ན་འགྱིང༔ རིགས་ཀྱི་བདག་པོ་པདྨ་ཐོད་ཕྲེང་རྩལ༔ དམར་གསལ་ཁྲོ་འཛུམ་ཡིད་ཙམ་ཆགས་པའི་ཉམས༔ བརྟུལ་ཞུགས་སྤྱོད་འཆང་ཧེ་རུ་ཀ་ཡི་ཆས༔ ཕྱག་གཉིས་མདའ་དར་ཚེ་བུམ་བཅུད་ལྡན་བསྣམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གཟི་བྱིན་འབར༔ པདྨ་ཟླ་བའི་གདན་ལ་རོལ་པའི་འཁོར༔ རྩ་གསུམ་རབ་འབྱམས་མཚོ་ལ་སྐར་བཞིན་བཀྲ༔ ཨོཾ་ཨཱཿཧཱུྃ་གིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རྒྱས་གདབ། ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ སྤྱི་བོའི་གནས་ལྔར་རིགས་ལྔས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་དབང་བསྐུར་ལ་ལྷ་སྐུའི་གསལ་སྣང་སྒྲུབ། དག་དྲན་དང་ང་རྒྱལ་གཟུང་བའང་རེས་མོས་སུ་བྱ། བོགས་འབྱིན་བཟླས་པ་ནི། མནྡྡཱ་ར་བའི་ཐུགས་ཀར་ཡེ་ཤེས་སེམས༔ ཚེ་ཡི་ཡུམ་མཆོག་དམར་གསལ་བདེ་བ་རྒྱས༔ ལོངས་སྐུའི་རྒྱན་རྫོགས་མཉམ་གཞག་ཚེ་བུམ་བསྣམས༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླ་ལ་རོལ་པའི༔ ཐུགས་ཀར་པདྨ་དམར་པོའི་གེ་སར་ཧྲཱིཿ རང་རིགས་སྔགས་ཀྱིས་བསྐོར་བའི་གསལ་སྣང་གིས༔ མ་དག་ཕུང་ཁམས་འཁྲུལ་པའི་བག་ཆགས་སྦྱངས༔ འཆི་མེད་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ༔ རྟག་བརྟན་བདེ་བ་ཆེན་པོའི་ཐིག་ལེར་འཁྱིལ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་པདྨ་མནྡ་ར་སརྦ་སིདྡྷི་ཧཱུྃ༔ ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་ངག་བཟླས་དང༌། རྡོར་བཟླས་ཀྱི་ཚེ་སྒྲུབ་བྱེད་ན་ཁྲིད་ཡིག་ལྟར་ཤེས་པར་བྱ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་མཐར། ཧྲཱིཿ བདག་སྣང་ཐམས་ཅད་འོད་གསལ་དབྱིངས༔ གདོད་མའི་སྟོང་ཆེན་ངང་དུ་ཐིམ༔ སླར་ཡང་ཆུ་ལས་རླབས་བཞིན་དུ༔ སྣང་སྟོང་སྒྱུ་མའི་སྐུར་ལྡང་ངོ༔ བཛྲ་རཀྵ་ཧཾ༔ ཞེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་སླར་ཡང་ཟུང་འཇུག་སྒྱུ་མ་ལྟ་བུའི་སྐུར་གསལ་བས། འཆི་མེད་མཁའ་འགྲོ་བསྒྲུབས་པའི་དགེ་ཚོགས་མཐུས༔ འགྲོ་ཀུན་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ མཆོག་དང་ཐུན་མོང་དངོས་གྲུབ་སྣང་བ་ཡིས༔ འཇིག་རྟེན་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་རྗེས་རིམ་བྱའོ། །ཞེས་པའང་ནུབ་ཕྱོགས་ཨན་གར་གྱི་ཡུལ་དུ་སྐྱེས་ཀྱང་རྣམ་པར་དཀར་བའི་ལས་འཕྲོ་དང་སྨོན་ལམ་དག་པ་ཆོས་མཛད་བཙུན་མ་ཀརྨ་མཁས་མཆོག་དཔལ་མོའི་གསུང་བསྐུལ་ལྟར་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གྲུབ་པ་མཆོག་གི་མན་ངག་ལྟར་བྲིས་པ་ཟབ་ལམ་ལ་སྤྱོད་པའི་སྐལ་བཟང་རྣམས་ཀྱི་དཔལ་དུ་གྱུར་ཅིག། །། | ||
________________ | ________________ | ||
Line 33: | Line 60: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-19-DZA]] | [[Category:DKR-KABUM-Volume-19-DZA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 09:11, 1 June 2024
🚧 This website is under continued development. We appreciate your patience!
Wylie title | pad+ma tshe yi snying thig las/ mkha' 'gro man+da ra ba'i rgyun khyer 'chi med bcud snying | |
---|---|---|
Location | dil mgo mkhyen brtse bka' 'bum Volume 19, Text 6, Pages 48-50 (Folios 1a to 3b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | མནྡཱ་ར་བ་ (man+dA ra ba) | |
Citation | Khyentse, Dilgo. Pad+ma tshe yi snying thig las mkha' 'gro man+da ra ba'i rgyun khyer 'chi med bcud snying. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 48-50. Delhi: Shechen Publications, 1994. | |
Genre | Daily Practice - rgyun khyer · Longevity Rituals - tshe sgrub | |
Cycle | འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig) | |
Colophon |
| |
| ||
Notes | There are two short prayers included in the unicode for this text entry that don't appear in the pecha. |