འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས༔ ཡང་ཟབ་རིག་འཛིན་ཚེ་ཡི་སྒྲུབ་པ༔

From Khyentse Lineage - A Tsadra Foundation Project
DKR-KABUM-19-DZA-007
Wylie title 'chi med pad+ma tshe yi snying thig las: yang zab rig 'dzin tshe yi sgrub pa DKR-KABUM-19-DZA-007.pdf
Location dil mgo mkhyen brtse bka' 'bum
Volume 19, Text 7, Pages 51-59 (Folios 1a to 9b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. 'chi med pad+ma tshe yi snying thig las yang zab rig 'dzin tshe yi sgrub pa. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 51-59. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur  ·  Longevity Rituals - tshe sgrub
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity pad+ma 'od 'bar
Colophon
  • First colophon: ཅེས་པའང་སྙིང་གི་སྐྱབས་གཅིག་གསུང་རྡོ་རྗེ་རིག་པ་འཛིན་པ་གཙུག་ལག་སྨྲ་བའི་ཁྱུ་མཆོག་གི་སྐུར་བཞེངས་པས་ཟབ་གསང་གི་བདུད་རྩིས་རིས་མེད་པའི་གདུལ་བྱ་སྐལ་བཟང་ལ་སྦྱོར་བའི་འཇམ་མགོན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀུན་དགའ་ཕྲིན་ལས་རྒྱ་མཚོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་བཀའ་ཡིས་བསྐུལ་མ་གནང་བ་བཞིན་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་གདོད་མའི་ཐིག་ལེར་བྱང་ཆུབ་པའི་དུས་ཀྱི་མཆོད་པའི་སྐབས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གཏན་ལ་ཕབ་པ་འདིས་ཀྱང་རང་གཞན་ཚོམ་བུ་དང་བཅས་འཆི་མེད་རྟག་པའི་རྟེན་བཟང་གི་ཉེ་རྒྱུར་གྱུར་ཅིག།
  • Second colophon: པདྨ་འོད་གསལ་སྤྲུལ་པའི་རྡོ་རྗེ་གར་དབང་མདོ་སྔགས་གླིང་པས་དགོངས་པའི་གཏེར་ལས་ཕྱུངས་པའོ། །མངྒ་ལམ། དགེའོ།།
  • First colophon: ces pa'ang snying gi skyabs gcig gsung rdo rje rig pa 'dzin pa gtsug lag smra ba'i khyu mchog gi skur bzhengs pas zab gsang gi bdud rtsis ris med pa'i gdul bya skal bzang la sbyor ba'i 'jam mgon bla ma 'jam dbyangs chos kyi blo gros kun dga' phrin las rgya mtsho phyogs las rnam par rgyal ba'i sde'i bka' yis bskul ma gnang ba bzhin kun mkhyen rdo rje gzi brjid gdod ma'i thig ler byang chub pa'i dus kyi mchod pa'i skabs bkra shis 'chi med grub pa'i dga' tshal du gtan la phab pa 'dis kyang rang gzhan tshom bu dang bcas 'chi med rtag pa'i rten bzang gi nye rgyur gyur cig/
  • Second colophon: pad+ma 'od gsal sprul pa'i rdo rje gar dbang mdo sngags gling pas dgongs pa'i gter las phyungs pa'o/_/mang+ga lam/_dge'o//
[edit]
སྐྱ འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས༔ ཡང་ཟབ་རིག་འཛིན་ཚེ་ཡི་སྒྲུབ་པ་བཞུགས༔ སྐྱ འཆི་མེད་ཚེ་བདག་རྣམས་ལ་འདུད༔ དུས་ཀྱི་ཐ་མའི་གདུལ་བྱ་རྣམས༔ འཆི་མེད་རྡོ་རྗེའི་སྲོག་བསྒྲུབ་ཕྱིར༔ དབེན་པར་དཀྱིལ་འཁོར་མཚན་རྫོགས་བཞེངས༔ བྷནྡྷར་འབྲས་གསུམ་དབང་པོ་ལག༔ ཅོང་ཞི་བྲག་ཞུན་རྩ་བ་ལྔ༔ བདུད་རྩིའི་སྐྱོབས་དང་བཅས་པ་ཡི༔ རིལ་བུ་སྲན་འཕོས་ཙམ་དུ་དྲིལ༔ དར་དམར་གུར་ཕུབ་མཆོད་པས་བསྐོར༔ བདེ་བའི་སྟན་ལ་བག་ཕེབས་ཏེ༔ ངེས་འབྱུང་བསམ་པས་ཉམས་སུ་ལེན༔ ས་མ་ཡ༔ ཧྲཱིཿ རང་རིག་འོད་གསལ་ཆོས་ཀྱི་སྐུ༔ བདེ་ཆེན་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཟུང་འཇུག་རིག་རྩལ་བླ་མ་རྗེར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཧྲཱིཿ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ མེད་སྣང་སྲིད་པའི་སྡུག་བསྔལ་ལས༔ སྙིང་རྗེས་དབུགས་འབྱིན་བྱ་བའི་ཕྱིར༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ ཧྲཱིཿ ཡེ་ཤེས་དབྱིངས་ལས་རང་ཤར་ལྷར༔ རང་ངོ་རིག་པས་ཕྱག་འཚལ་ལོ༔ ཅིར་སྣང་ཡེ་ཤེས་རོལ་མོས་མཆོད༔ བློས་བྱས་འཁྲུལ་པའི་སྡིག་ལྟུང་བཤགས༔ རང་སྣང་རང་ཤར་རྗེས་ཡི་རང༔ ཟབ་རྒྱས་ཆོས་འཁོར་ཆད་མེད་བསྐོར༔ འཕོ་མེད་རྟག་པར་བཞུགས་སུ་གསོལ༔ འབྲས་བུ་ཡེ་རྫོགས་ཆེན་པོར་བསྔོ༔ གཞན་དོན་བྱང་ཆུབ་མྱུར་ཐོབ་ཤོག༔ ཧྲཱིཿ ཀུན་བརྟགས་གློ་བུར་འཁྲུལ་པའི་བདུད༔ རང་སྣང་འདོད་ཡོན་གཏོར་མ་ལོངས༔ གཞི་གྲོལ་ཆོས་སྐུའི་དཀྱིལ་འཁོར་དུ༔ འདུག་པའི་སྐབས་མེད་གཞན་དུ་སོང༔ ཧྲཱིཿ གཉིས་སྣང་བར་ཆད་སྲུང་བའི་མཚམས༔ ཡེ་ཤེས་རྡོ་རྗེ་ཆོས་སྐུའི་རྩལ༔ གཞོམ་ཞིག་བྲལ་བའི་རྡོ་རྗེའི་གུར༔ རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ༔ རཀྵ་རཀྵ་བྷྲཱུྃ༔ ཧྲཱིཿ ཀ་དག་དབྱིངས་ཀྱི་གཞལ་ཡས་སུ༔ ལྷུན་གྲུབ་རིག་པ་ཆོས་སྐུའི་ལྷས༔ སྲིད་ཞི་ཀུན་ཁྱབ་བྱིན་ཕོབ་ལ༔ ཡེ་ཤེས་རྡོ་རྗེའི་དབང་བསྐུར་སྩོལ༔ འོད་གསལ་ཁྱབ་བརྡལ་ཕོ་བྲང་ནས༔ ངེས་པ་ལྔ་ལྡན་ལོངས་སྐུ་ཡིས༔ ཡན་ལག་བདུན་གྱི་བྱིན་ཕོབ་ལ༔ སྟོན་འཁོར་དགོངས་མཉམ་དབང་བསྐུར་སྩོལ༔ ཟུང་འཇུག་ཆེན་པོའི་དཀྱིལ་འཁོར་ནས༔ རང་རིག་རྩལ་གྱི་སྤྲུལ་པའི་སྐུས༔ དབྱེར་མེད་ཆེན་པོར་བྱིན་ཕོབ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སྣང་སྲིད་ཆོས་སྐུའི་རོལ་པར་སད༔ ཅིར་སྣང་བདེ་ཆེན་བརྡལ་བ་ཆེའི༔ སྐྱེ་འཆི་རང་དག་གཉུག་མའི་དབྱིངས༔ འདུ་འབྲལ་མེད་པའི་བྱིན་ཕོབ་ཅིག༔ ཨཱ་ཡུརྫྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ ཧྲཱིཿ སྣང་སྲིད་ཀུན་ཏུ་བཟང་པོའི་ཞིང༔ བདེ་ཆེན་བརྡལ་བ་ཡེ་ཤེས་ཆེའི༔ རྨད་བྱུང་མཆོད་པའི་སྤྲིན་ཆེན་པོ༔ སེམས་ཀྱི་ཡིད་བཞིན་གཏེར་དུ་གྱུར༔ ས་མ་ཡ་པཱུ་ཛ་ཧོཿ ཧྲཱིཿ རྣམ་ཐར་གསུམ་ལྡན་ཨེ་ཡི་དབྱིངས༔ ཀུན་སྣང་རང་ཤར་སྙིང་རྗེའི་གདངས༔ ཟུང་འཇུག་སྲིད་ཞིའི་དྭངས་མའི་བཅུད༔ འཁོར་འདས་སྟོང་སྲོག་ཧྲཱིཿདཀར་པོ༔ འོད་ཀྱིས་སྣོད་བཅུད་སྣང་ཤེས་ཀྱི༔ འཁྲུལ་པ་ལུག་རྒྱུད་རྟོག་པ་སྦྱངས༔ སྟོང་པའི་ངང་ལས་སྲུང་འཁོར་དབུས༔ ཡེ་ཤེས་དག་པའི་གཞལ་ཡས་ཁང༔ ཕྱི་ནང་ཟང་ཐལ་ཆོས་སྐུའི་དབྱིངས༔ ཡེ་ཤེས་རྣམ་ལྔའི་རྩིག་པ་ཅན༔ འཕགས་ལམ་ཀ་བ་ཕ་གུས་བཏེག༔ ཐུགས་རྗེའི་མདའ་ཡབ་བྱང་ཆུབ་ཀྱི༔ ཡན་ལག་བདུན་གྱི་རྒྱན་བཀོད་རྫོགས༔ ཡེ་ཤེས་རིན་ཆེན་ནོར་བུའི་ཏོག༔ ཆོས་དབྱིངས་ཁྱབ་པའི་འོད་ཟེར་འབར༔ ལྟེ་བར་སེང་ཁྲི་པད་ཟླའི་སྟེང༔ ས་བོན་ཡོངས་གྱུར་སྐད་ཅིག་གིས༔ མ་ཧཱ་གུ་རུ་ཚེ་དཔག་མེད༔ འཆི་མེད་པདྨ་འོད་འབར་རྩལ༔ སྐུ་མདོག་དཀར་གསལ་ཟླ་བའི་མདོག༔ གཞོན་ཚུལ་ལང་ཚོའི་བརྟན་པ་རྫོགས༔ གཅེར་བུ་བརྟུལ་ཞུགས་སྤྱོད་པའི་ཆས༔ ཧེ་རུ་ཀ་ཡི་རྒྱན་གྱིས་བརྗིད༔ ཕྱག་གཡས་རྡོ་རྗེའི་མདའ་དར་གཡབ༔ འཁོར་འདས་དྭངས་བཅུད་དབང་དུ་སྡུད༔ གཡོན་པས་མཉམ་བཞག་བྷནྡྷའི་དབུས༔ སྲིད་ཞིའི་བཅུད་བསྐྱིལ་ཚེ་བུམ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ མཛེས་པའི་སྒེག་ཚུལ་འཆང་བས་འགྱིངས༔ པང་དུ་ཡུམ་མཆོག་མནྡ་ར༔ གཅེར་བུ་རུས་པའི་ཕྱག་རྒྱ་ཅན༔ མདའ་དར་བུམ་འཛིན་གཉིས་མེད་སྦྱོར༔ བདེ་བའི་སྒྱུ་རྩལ་ཅིར་ཡང་སྟོན༔ ཡབ་ཡུམ་སྦྱོར་བའི་རྗེས་ཆགས་མེས༔ སྲས་བཅས་སངས་རྒྱས་ཆགས་པ་བསྐུལ༔ སྦྱོར་བས་འོད་ཞུ་བདུད་རྩིའི་ཆར༔ སྤྲོས་པ་ཡབ་ཀྱི་སྐུའི་དབྱིབས་བརྒྱུད༔ མཁའ་གསང་བབ་པའི་འོད་ཀྱི་ཐིག༔ ཕྱོགས་བཞིར་སྤྲོས་པ་ཡོངས་གྱུར་ལས༔ ཤར་དུ་བི་མ་ལ་མི་ཏྲ༔ ལྷོ་རུ་སངས་རྒྱས་ཡེ་ཤེས་ཆེ༔ ནུབ་ཏུ་གནུབས་བན་ནམ་མཁའི་སྙིང༔ བྱང་དུ་ཡེ་ཤེས་མཚོ་རྒྱལ་ལྕམ༔ ཤར་ལྷོ་རིག་འཛིན་ཤྲཱི་སིང་ཧ༔ ལྷོ་ནུབ་ཧཱུྃ་ཆེན་ཀ་ར་དང༔ ནུབ་བྱང་ལོ་ཆེན་བཻ་རོའི་ཞབས༔ བྱང་ཤར་མངའ་བདག་ཆེན་པོ་དང༔ རིགས་བདག་དགའ་རབ་རྡོ་རྗེ་རྣམས༔ ཀུན་ཀྱང་ཧེ་རུ་ཀ་ཡི་ཆས༔ གཞོན་མཛེས་ཕྱེད་པའི་སྐྱིལ་ཀྲུང་གིས༔ མདའ་དར་ཚེ་བུམ་ཡུམ་ལ་འཁྱུད༔ དགྱེས་པའི་འོད་ཀྱི་སྣང་བ་ལས༔ འཆི་མེད་ཚེ་ལྷ་རིག་འཛིན་དང༔ དྲང་སྲོང་ཌཱ་ཀི་རྡུལ་ལྟར་འཁྲིགས༔ སྒོ་བཞིར་དབང་ཆེན་སྡེ་བཞི་པོ༔ ལས་བཞིའི་མདོག་ཅན་གྲི་ཐོད་འཛིན༔ ཞལ་ནས་ཕེཾ་གྱི་སྒྲ་སྒྲོག་ཅིང༔ པད་ཉིར་གྱད་ཀྱི་དོར་ཐབས་བཞེངས༔ གནས་གསུམ་རྡོ་རྗེའི་ས་བོན་ལས༔ འོད་ཟེར་སྤྲོ་བསྡུས་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་གྱི་ངོ་བོར་ཤར༔ སྤྱི་བོའི་གནས་ལྔར་ས་བོན་ལྔས༔ དབང་བསྐུར་རིགས་ཀྱི་བདག་པོ་ཆེ༔ སྣང་མཐའ་ཡས་པས་རྒྱས་བཏབ་སྟེ༔ བྱང་སེམས་བདུད་རྩིས་སྐུ་གང་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ ཧྲཱིཿ སོ་སོར་ཀུན་ཏུ་རྟོག་པ་ཡི༔ ཡེ་ཤེས་ཆེན་པོ་ཕྱག་རྒྱའི་གཟུགས༔ རྣམ་པ་ཐམས་ཅད་སྒྱུ་འཕྲུལ་དྲྭ༔ འཆི་མེད་རིག་འཛིན་གཙོ་འཁོར་རྣམས༔ ཡེ་ཤེས་དབྱིངས་ནས་དགོངས་པ་བསྐྱེད༔ བརྟུལ་ཞུགས་རིག་པའི་རྩལ་དབང་བསྐུར༔ སྐྱེ་འཆིའི་མཚན་མ་དག་པ་ཡི༔ བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱ་ཡུ་བིདྱ་དྷ་ར་མཎྜ་ལ་ས་པ་རི་ཝཱ་ར་ས་མ་ཡ་ཛཿཛཿ ཧྲཱིཿ གདོད་ནས་དག་པའི་ཡེ་ཤེས་ལ༔ དམ་ཡེའི་འཛིན་པ་རྣམ་དག་ཀྱང༔ ཀུན་རྫོབ་སྒྱུ་མའི་སྣང་ཆ་རུ༔ གཉིས་སུ་མེད་པར་ཏིཥྛ་ལྷན༔ ཧྲཱིཿ རང་རིག་ལྷ་ཡི་འཁོར་ལོ་ལ༔ རང་ངོ་ཤེས་པའི་བརྡ་ཡི་ཕྱག༔ འདུ་འབྲལ་མེད་པས་འཚལ་བར་བགྱི༔ ངོ་མཚར་རང་སྣང་ཨེ་མ་ཧོ༔ ཧྲཱིཿ ཡེ་ཤེས་རྣམ་པ་ཐམས་ཅད་པར༔ ཡུལ་དང་དབང་པོ་མི་ཕྱེད་པའི༔ རྡོ་རྗེ་དགྱེས་པ་བསྐྱེད་པའི་རྫས༔ ཀུན་བཟང་སྒྱུ་འཕྲུལ་རོལ་པས་མཆོད༔ ཨོཾ་ཨཱ་ཡུ་བིདྱ་དྷ་ར་མཎྜ་ལ་ཨརྒྷཾ་ནས། ཤབྡ་སརྦ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཧྲཱིཿ བདེ་བ་ཆེན་པོ་དགྱེས་པའི་དཔྱིད༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཀུན་ཏུ་བཟང་པོ་བླ་མེད་པའི༔ རོལ་པ་རྒྱ་མཚོས་མཆོད་པར་བགྱི༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་སུ་ཁ་ཧོ༔ ཧྲཱིཿ ཡེ་ཤེས་བདུད་རྩི་ར་ས་ཡ༔ རྩ་བརྒྱད་སྟོང་སྦྱར་ཕུད་ཀྱི་མཆོག༔ འཆི་མེད་རིག་འཛིན་ཚོགས་ལ་འབུལ༔ རྩ་ཁམས་དྷཱུ་ཏིར་དག་པར་མཛོད༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ ཧྲཱིཿ རྒྱུད་དྲུག་བསྒྲལ་བ་རཀྟའི་མཚོ༔ བདེ་སྟོང་དམར་གྱི་རྒྱ་མཚོར་འཁྱིལ༔ འཆི་མེད་རིག་འཛིན་ཚོགས་ལ་འབུལ༔ ལས་རླུང་ནཱ་དར་གྲོལ་བར་མཛོད༔ མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱིཿ སྣོད་བཅུད་ཡོངས་རྫོགས་བ་ལིཾ་ཏ༔ རྡོ་རྗེའི་འདོད་ཡོན་སྤྲིན་དུ་འཆར༔ འཆི་མེད་རིག་འཛིན་ཚོགས་ལ་འབུལ༔ དཀར་དམར་ལྷན་སྐྱེས་དབྱིངས་དག་ཤོག༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧིཿ ཧྲཱིཿ ཟག་མེད་དགའ་སྟེར་ལྷ་མོའི་ཚོགས༔ ནམ་མཁའ་གང་བ་དགྱེས་མགུར་བཞེས༔ གཉིས་མེད་སྦྱོར་བའི་དམ་ཚིག་གིས༔ དུག་ལྔའི་རྟོག་པ་དབྱིངས་སུ་བསྒྲལ༔ ཏ་ན་ག་ན་དྷཱ་ཏུ་པཱུ་ཛ་ཧོ༔ ཧྲཱིཿ ཟག་མེད་མཚན་དཔེའི་ཡེ་ཤེས་སྐུ༔ འཇའ་ལུས་རྡོ་རྗེ་དྭངས་པའི་གཟུགས༔ རིག་འཛིན་གྲུབ་པ་ཡོངས་ཀྱི་རྗེ༔ ཧེ་རུ་ཀ་དཔལ་གཙོ་ལ་འདུད༔ རླུང་སྔགས་སེམས་ཀུན་ཡེ་ཤེས་སུ༔ ངལ་འཚོའི་བརྗོད་མེད་དབྱིངས་ཀྱི་སྒྲ༔ ཚངས་དབྱངས་ཆོས་ཕུང་བརྒྱད་ཁྲིའི་གཏེར༔ གསུང་གི་རྡོ་རྗེའི་བདག་ཉིད་བསྟོད༔ ཇི་ལྟ་ཇི་སྙེད་ཡེ་ཤེས་ནི༔ མཁྱེན་བརྩེའི་ཡོན་ཏན་རྒྱས་པའི་མཛོད༔ ཟབ་གསལ་བསམ་གྱིས་མི་ཁྱབ་པའི༔ ངོ་བོར་ངེས་པས་བསྟོད་པར་བགྱི༔ ཟག་མེད་འཕགས་པའི་གསང་བ་ནི༔ མཐའ་དག་ཡོངས་སུ་རྫོགས་པའི་བདག༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རིགས་ཀུན་འཁོར་ལོའི་བདག་པོར་བསྟོད༔ རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་གཏེར༔ ཕན་བདེའི་མཛད་པ་བསམ་ཡས་ཀྱིས༔ སྲིད་ཞིའི་དགེ་ལེགས་འབྱུང་བའི་གནས༔ ནམ་མཁའ་ཇི་སྲིད་འཆར་ལ་བསྟོད༔ དག་པའི་རྣམ་རོལ་མཐའ་ཀླས་པ༔ སྣ་ཚོགས་གཙོ་དང་འཁོར་གྱི་ཚུལ༔ གང་འདུལ་སྒྱུ་འཕྲུལ་དྲྭ་བ་ཡི༔ རོལ་པ་ཀུན་ལ་ཕྱག་འཚལ་བསྟོད༔ གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང༔ གསེར་གྱི་རྡོ་རྗེའི་ལྟེ་བར་ཧྲཱིཿ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ སྤྲོ་བསྡུའི་འོད་ཀྱིས་དོན་གཉིས་སྒྲུབ༔ འཁོར་འདས་བརྟན་གཡོའི་དྭངས་མའི་དཔལ༔ ཡེ་ཤེས་བདུད་རྩི་སྙིང་པོའི་ཆར༔ དབང་མེད་བསྡུས་ཏེ་ཐུགས་ཀར་ཐིམ༔ སྲོག་གི་ས་བོན་ལས་བྱུང་བའི༔ འོད་ཀྱིས་ཟེགས་མ་དཔག་མེད་སྤྲོས༔ ལུས་གང་ནད་གདོན་སྡིག་ལྟུང་སྦྱངས༔ རྩ་རླུང་ཐིག་ལེ་རྒུད་པ་གསོས༔ བླ་ཚེ་སྲོག་དབུགས་ཉམས་པ་བསྡུས༔ འཆི་མེད་ཚེ་དང་རྡོ་རྗེའི་སྲོག༔ ཡེ་ཤེས་ཆེན་པོར་རོ་གཅིག་པས༔ སྐྱེ་འཆིའི་མཚན་རྟོག་དབྱིངས་སུ་དག༔ ཡེ་ཤེས་སྙིང་པོ་མི་འགྱུར་བའི༔ དེ་ཉིད་གཅིག་ཏུ་འཁྱིལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་ཡིས་དངོས་གྲུབ་གནས༔ ངེས་པའི་གསང་བ་ཐོབ་པ་དང༔ གཙོ་འཁོར་ཀུན་གྱི་ཐུགས་སྲོག་ལས༔ འོད་འཕྲོས་སྣང་གྲགས་རིག་པའི་ཆོས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར༔ ཀུན་ཀྱང་གཉིས་སུ་མི་ཕྱེད་པའི༔ རྡོ་རྗེའི་དགོངས་པའི་སྲོག་ཐོབ་ནས༔ འཆི་མེད་རྟག་པའི་དངོས་གྲུབ་ལ༔ ཡིད་བཞིན་ཉིད་དུ་དབང་ཐོབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་བཟླས་ཏིང་འཛིན་གྱིས༔ ངེས་པའི་ལྷ་དང་སྐལ་བ་མཉམ༔ གཙོ་འཁོར་སོ་སོའི་ཐུགས་ཀ་ནས༔ འོད་ཟེར་དྲྭ་བའི་སྤྲིན་ཕུང་གིས༔ ཐུན་མོང་ཁྱད་པར་ཕྲིན་ལས་སོགས༔ ཡིད་བཞིན་ཉིད་དུ་འགྲུབ་པར་གྱུར༔ སྔགས་ལ་ཤམ་བུ་འདི་བཞི་གདགས༔ ཤཱནྟིཾ་ཀུ་རུ་ཧཱུྃ༔ པུཥྚིཾ་ཀུ་རུ་ཨོཾ༔ ཝཱ་ཤཾ་ཀུ་རུ་ཧྲཱིཿ མཱ་ར་ཡ་ཕཊ༔ ཁྲི་བཞིས་ལས་བཞིའི་དངོས་གྲུབ་ཐོབ༔ ཁྱད་པར་རྡོ་རྗེའི་ཚེ་འཕེལ་བའི༔ རྟགས་རྣམས་དངོས་ཉམས་རྨི་ལམ་མཐོང༔ དངོས་གྲུབ་ཐོབ་པར་གདོན་མི་ཟ༔ ས་མ་ཡ༔ ཐུན་མཚམས་ཐུགས་དམ་བསྐུལ་བ་ནི༔ མདར་དར་གཡབ་ཅིང་གདུང་ཤུགས་བསྐྱེད༔ ཧྲཱིཿ ཀ་དག་དབྱིངས་ཀྱི་ཕོ་བྲང་ནས༔ དང་པོའི་སངས་རྒྱས་འོད་མི་འགྱུར༔ ཐུགས་དམ་བསྐུལ་ལོ་དགོངས་པ་བསྐྱེད༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ ལྷུན་གྲུབ་འོད་གསལ་ཕོ་བྲང་ནས༔ བདེ་ཆེན་སྣང་མཐའ་ཡས་ཀྱི་སྐུ༔ ཐུགས་དམ་བསྐུལ་ལོ་མཁྱེན་བརྩེས་དགོངས༔ མི་ཤིགས་དྭངས་མའི་དངོས་གྲུབ་སྩོལ༔ ཟུང་འཇུག་ཐུགས་རྗེའི་ཕོ་བྲང་ནས༔ དགའ་རབ་རྡོ་རྗེ་རིག་པ་འཛིན༔ ཐུགས་དམ་བསྐུལ་ལོ་བྱིན་རླབས་སྩོལ༔ འཇའ་ལུས་རྡོ་རྗེའི་དངོས་གྲུབ་སྩོལ༔ འཆི་མེད་རྡོ་རྗེའི་གནས་ཡུལ་ནས༔ པདྨ་འབྱུང་གནས་ཚེ་ཡི་ལྷ༔ ཐུགས་དམ་བསྐུལ་ལོ་བྱིན་རླབས་སྩོལ༔ རྟག་པའི་ཚེ་ཡི་དངོས་གྲུབ་སྩོལ༔ བདེ་ཆེན་གྲུབ་པའི་དཀྱིལ་འཁོར་ནས༔ ཚེ་ཡི་རིག་འཛིན་ཐམས་ཅད་ཀྱི༔ ཐུགས་དམ་བསྐུལ་ལོ་བྱིན་རླབས་སྩོལ༔ གཉུག་མའི་ཡེ་ཤེས་ཚེ་མཆོག་སྩོལ༔ ཕོ་ཉ་མགྱོགས་མས་ནམ་མཁའ་གང༔ འོད་ཟེར་སྤྲུལ་པས་སྲིད་གསུམ་ཁྱབ༔ ཀུན་ཀྱང་ཐུགས་རྗེའི་རྩལ་ཤུགས་བསྐྱེད༔ རྡོ་རྗེའི་ཐུགས་དམ་དུས་ལ་བབ༔ ཕྱི་སྣོད་འབྱུང་བ་ལྔ་ཡི་བཅུད༔ ནང་གི་སྐྱེ་འགྲོའི་ཚེ་བསོད་དཔལ༔ རྒྱལ་ཀུན་མཁྱེན་བརྩེ་ནུས་པ་སོགས༔ འཁོར་འདས་དྭངས་མའི་བཅུད་ཀུན་དང༔ ཁྱད་པར་བདག་གི་བླ་དང་ཚེ༔ ཡར་ཉམས་སྡེ་བརྒྱད་བྱད་མས་བརྐུས༔ ཐམས་ཅད་རང་དབང་མེད་པར་སྡུས༔ རྡོ་རྗེའི་ལུས་ལ་གཉིས་མེད་བསྟིམ༔ གཟི་བྱིན་ལང་ཚོ་རྒྱས་པ་དང༔ རྩ་ཁམས་ཉམས་པ་དྭངས་མས་གསོས༔ རླུང་ལྔ་གཡོ་བ་དབུ་མར་བསྲངས༔ ཐིག་ལེ་རྒུད་པ་སོར་ཆུད་ནས༔ མི་ཤིགས་རྟག་པའི་ཚེ་མཆོག་སྩོལ༔ ཁམས་ལྔ་དྭངས་མའི་དཔྱིད་ཀྱི་ཐིག༔ བདེ་ཆེན་མི་འགྱུར་སྲོག་གི་ཟུངས༔ གཉིས་མེད་ཆེན་པོར་རྒྱས་བཏབ་པས༔ ཡེ་ཤེས་མཆོག་གི་ཚེ་སྩོལ་ཅིག༔ རྩ་སྔགས་མཐར༔ ཚེ་བྷྲཱུྃ་གཡུ་བྷྲཱུྃ་ཨཱ་ཡུརྫྙཱ་ན་ཏིཥྛ་བྷྲཱུྃ༔ ཨ༔ ཕྱོགས་བཅུར་སྤྲོས་པའི་ཁྱབ་བརྡལ་ཚེ༔ གཉུག་མའི་ཐིག་ལེར་རོ་གཅིག་བསྟིམ༔ འདུ་འབྲལ་མེད་པའི་ཆོས་ཉིད་ཀློང༔ རིག་སྟོང་ཡེ་ཤེས་དགོངས་པར་ཨ༔ སྐབས་སུ་ཐབས་ཤེས་རྫས་དང་བཅས༔ ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐྱེད༔ རྃ་ཡྃ་ཁྃ༔ དབྱིངས་ཀྱི་བྷཉྫར་རིག་པའི་ཁམས༔ ཡེ་ཤེས་ལྔ་ལྡན་བཅུད་དུ་འཁྱིལ༔ འདོད་ཡོན་ནམ་མཁའ་གང་བའི་སྤྲིན༔ ཟག་མེད་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿ སྐུ་གསུམ་ཞིང་ཁམས་རྒྱ་མཚོ་ནས༔ འཆི་མེད་ཚེ་ཡི་རིག་པ་འཛིན༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ ལུས་ངག་ཡིད་ལ་ཡེ་ཤེས་བསྐྱེད༔ གཉིས་མེད་མཉམ་པ་ཆེན་པོའི་ཀློང༔ འདུ་འབྲལ་མེད་པར་མཛད་དུ་གསོལ༔ སརྦ་ས་མ་ཡ་ཛཿཛཿཧྲཱིཾ་ཧྲཱིཾཿ ཕེཾ་ཕེཾ༔ ཧྲཱིཿ བཟའ་བཅའ་བཏུང་བ་ཡང་དག་རྫས༔ རིགས་ལྔ་བདུད་རྩིའི་སྤྲིན་ཆེན་པོ༔ རིག་འཛིན་མཁའ་འགྲོའི་ཚོགས་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧྲཱིཿ དམ་རྫས་བདུད་རྩི་རྨད་བྱུང་བས༔ ཡེ་ཤེས་ལྷ་ཚོགས་དགྱེས་པ་བསྐྱེད༔ ཉམས་ཆག་ཐམས་ཅད་སོར་ཆུད་ནས༔ དངོས་གྲུབ་སྐལ་པ་རྨད་བྱུང་སྩོལ༔ ས་མ་ཡ་ཤུདྡྷེ༔ ཧྲཱིཿ དབང་གི་རྒྱལ་པོ་འབར་བ་ཆེས༔ གློ་བུར་དགྲ་བགེགས་དབྱིངས་སུ་བསྒྲལ༔ ལྔ་ཕུང་བདུད་རྩིའི་སྤྲིན་ཆེན་པོ༔ དགྱེས་པའི་དཔལ་དུ་གཉིས་མེད་རོལ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཧོ༔ བར་པ་ཕུང་ཁམས་ལྷར་གསལ་ནས༔ དགྱེས་བསྐྱེད་ནང་གི་ཚོགས་འཁོར་སྤྱོད༔ ཧྲཱིཿ འབར་བའི་བཀའ་སྡོད་ཕོ་ཉ་གིང༔ ལངྐ་འབར་མ་དབང་ཕྱུག་སོགས༔ དཔལ་གྱི་ཕམ་ཕབ་འདི་བཞེས་ལ༔ ལས་ཀུན་འགྲུབ་པའི་གྲོགས་མཛོད་ཅིག༔ ཨུཙྪིཥྚ་བ་ལིཾ་ཏ་ཧོཿ སྨོན་ལམ་རྡོ་རྗེའི་གླུ་གར་བྱ༔ ཧྲཱིཿ ཀ་དག་དབྱིངས་ལས་རིག་པའི་སྐུ༔ འོད་གསལ་ཕྱག་རྒྱའི་རིག་པ་འཛིན༔ དཀྱིལ་འཁོར་ལྷ་ཚོགས་དབྱིངས་ནས་བཞེངས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱིཿ དུས་གསུམ་ལས་འདས་ཡེ་ཤེས་དབྱིངས༔ སྐུ་གསུམ་སྟོན་འཁོར་རྒྱ་མཚོ་ཡིས༔ གསང་ཆེན་ཆོས་འཁོར་བསྐོར་བའི་ཚེ༔ ཁས་བླངས་སྲུང་མའི་ཚོགས་རྣམས་ཀུན༔ སྨན་རཀ་བ་ལིང་མཆོད་པ་བཞེས༔ འདོད་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཧྲཱིཿ བོད་སྐྱོང་བརྟན་མ་ཌཱ་ཀི་ཆེ༔ བདུད་དང་གནོད་སྦྱིན་སྨན་མོའི་ཚོགས༔ འབུམ་ཕྲག་ཡངས་པས་བཤལ་ཆུ་བཞེས༔ གངས་ཅན་བདེ་བའི་ལས་མཛོད་ཅིག༔ ཧྲཱིཿ རྣམ་ཐར་སྒོ་གསུམ་ཨེ་ཡི་དབྱིངས༔ གཟུང་འཛིན་དམ་སྲི་སྡེ་བཅས་མནན༔ ཡེ་ཤེས་རིག་པ་དཀྱིལ་འཁོར་ལྷས༔ སྣང་སྲིད་རོལ་པའི་བྲོ་བརྡུང་ངོ༔ སྟྭྃ་བྷ་ཡ་ནན༔ ཧྲཱིཿ བྱིན་རླབས་རྩ་བ་བླ་མ་ཡིས༔ དབང་བསྐུར་དགོངས་པའི་རྩལ་རྫོགས་མཛོད༔ འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཡེ་ཤེས་ཌཱ་ཀི་རྒྱ་མཚོ་ཡིས༔ འདོད་རྒུའི་ཕྲིན་ལས་གཡེལ་མེད་སྒྲུབས༔ གནས་སྐབས་ལས་བཞིའི་ཕྲིན་ལས་དང༔ མཐར་ཐུག་མཆོག་གི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ཧྲཱིཿ ཡེ་ཤེས་དབྱིངས་སུ་རྣམ་དག་ཀྱང༔ མ་རྟོགས་ཐ་མལ་ནོངས་པ་ཀུན༔ གཉིས་སུ་མེད་པའི་ཚུལ་གྱིས་བཤགས༔ དག་ཅིང་ཚངས་པར་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་བཟླས༔ ཧྲཱིཿ སྣང་ཆ་སྒྱུ་མའི་ལྷ་སྔགས་སེམས༔ སྐྱེ་མེད་དབྱིངས་ཀྱི་ཐིག་ལེར་ཐིམ༔ ཟུང་འཇུག་རོལ་པའི་ཏིང་འཛིན་གྱིས༔ ཕྱག་རྒྱ་གཅིག་པའི་སྐུ་རུ་བཞེངས༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿ སྣང་བཅས་བསོད་ནམས་དམ་པ་ཡིས༔ གཟུགས་སྐུ་འཆི་མེད་རྡོ་རྗེར་བཞེངས༔ རྣམ་ཀུན་མཆོག་ལྡན་འོད་གསལ་གྱིས༔ ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག༔ ཧྲཱིཿ རིག་འཛིན་རྒྱལ་པོའི་ཚོམ་བུ་ཡི༔ བྱིན་གྱིས་རློབས་པའི་བཀྲ་ཤིས་ཤོག༔ ཡི་དམ་དཀྱིལ་འཁོར་རྒྱ་མཚོ་ཡིས༔ དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ གནས་གསུམ་ཌཱ་ཀི་མ་ལུས་པས༔ འདོད་རྒུ་སྒྲུབ་པའི་བཀྲ་ཤིས་ཤོག༔ གནས་སྐབས་ནད་གདོན་བར་ཆད་ཞི༔ ཚེ་དང་ཡེ་ཤེས་དངོས་གྲུབ་རྒྱས༔ ཁམས་གསུམ་རླུང་སེམས་དབང་དུ་འདུས༔ བདུད་འདུལ་དྲག་པོའི་བཀྲ་ཤིས་ཤོག༔ མཐར་ཐུག་བཅོམ་ལྡན་སྣང་མཐའ་ཡས༔ འཆི་མེད་སྐུར་བཞེངས་པདྨ་འབྱུང༔ གསང་བ་གསུམ་དང་དབྱེར་མེད་པ༔ དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཨེ་མ་ཟབ་གསང་སྙིང་གི་ཐིག༔ འཆི་མེད་ཚེ་ཡི་སྒྲུབ་པའི་ཐབས༔ རིག་འཛིན་སྲོག་གི་གདམས་པའི་ཕུལ༔ ཡང་ཟབ་སྙིང་པོའི་བཅུད་ཕུར་འདི༔ པད་འབྱུང་བདག་གི་སྙིང་ཁྲག་སྟེ༔ སུས་བསྟེན་དངོས་གྲུབ་ངེས་པར་ཐོབ༔ མི་ཤིགས་ཀློང་གི་སྒྲོམ་བུར་སྦ༔ འཕེལ་འགྲིབ་མེད་པར་རྒྱས་བཏབ་པས༔ དུས་ཀྱི་ཐ་མ་རྩོད་པ་ཅན༔ ཚེ་ཐུང་ལོངས་མེད་སྐབས་ཤར་ཚེ༔ ཆོས་བདག་སྐྱེས་བུའི་སྲོག་མཐུད་ཕྱིར༔ སྤྲུལ་པ་ཞིག་གིས་སྣང་བར་ཕྱེད༔ པད་འབྱུང་སྨོན་ལམ་མཐུ་བཙན་པས༔ འགྲོ་མང་གདུལ་བྱ་སྐྱོབ་པར་ཤོག༔ ས་མ་ཡ༔ རྒྱ༔རྒྱ༔རྒྱ༔ ྀཨཐི ཅེས་པའང་སྙིང་གི་སྐྱབས་གཅིག་གསུང་རྡོ་རྗེ་རིག་པ་འཛིན་པ་གཙུག་ལག་སྨྲ་བའི་ཁྱུ་མཆོག་གི་སྐུར་བཞེངས་པས་ཟབ་གསང་གི་བདུད་རྩིས་རིས་མེད་པའི་གདུལ་བྱ་སྐལ་བཟང་ལ་སྦྱོར་བའི་འཇམ་མགོན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀུན་དགའ་ཕྲིན་ལས་རྒྱ་མཚོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་བཀའ་ཡིས་བསྐུལ་མ་གནང་བ་བཞིན་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་གདོད་མའི་ཐིག་ལེར་བྱང་ཆུབ་པའི་དུས་ཀྱི་མཆོད་པའི་སྐབས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གཏན་ལ་ཕབ་པ་འདིས་ཀྱང་རང་གཞན་ཚོམ་བུ་དང་བཅས་འཆི་མེད་རྟག་པའི་རྟེན་བཟང་གི་ཉེ་རྒྱུར་གྱུར་ཅིག། །། ཡང་ཟབ་རིག་འཛིན་ཚེ་སྒྲུབ་ཀྱི༔ དབང་བསྐུར་ཐུན་མིན་ཟབ་རྒྱ་བཞུགས༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ སྣོད་ལྡན་དབང་གིས་རྗེས་བཟུང་ན༔ དཀྱིལ་འཁོར་ཚེ་འབྲང་བདུད་རྩི་དང༔ རིལ་བུ་བཤམས་ལ་མཆོད་པས་བསྐོར༔ ལས་ཀྱི་རིམ་པའི་གཞུང་བསྲངས་ནས༔ ཁྲུས་བྱས་བགེགས་བསལ་སྲུང་བས་བཅིངས༔ དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་མཆོག༔ རིག་འཛིན་བླ་མ་བདག་ལ་དགོངས༔ འཆི་མེད་རྟག་པའི་ཚེ་སྒྲུབ་ཕྱིར༔ ཡེ་ཤེས་མཆོག་གི་དབང་བསྐུར་སྩོལ༔ ལན་གསུམ་གསོལ་གདབ་སྐྱབས་སེམས་དང༔ གསག་སྦྱངས་སྡོམ་བཟུང་བྱིན་ཆེན་དབབ༔ བརྟན་པར་བྱས་ལ་བུམ་དབང་བསྐུར༔ ཧྲཱིཿ རིན་ཆེན་བུམ་པ་བཅུད་དང་ལྡན༔ རིག་འཛིན་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཀ་ལ་ཤ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ རྟོགས་པ་བརྗོད་ཅིང་བསྐྱེད་རིམ་བསྒོམ༔ ཧྲཱིཿ ཡེ་ཤེས་བདུད་རྩི་བཅུད་ཆེན་པོ༔ རྒྱལ་ཀུན་བདེ་ཆེན་ཞུ་བའི་བཅུད༔ རྟོག་པ་བྲལ་བས་རོལ་པའི་མཐུས༔ རླུང་སྔགས་གཞོམ་མེད་སྲོག་ཐོབ་ཤོག༔ ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱཿ བཟླས་པའི་ལུང་སྦྱིན་བུམ་ཅན་བཟུང༔ འབར་འཛག་བསྒོམ་ཞིང་བདེ་སྟོང་སྐྱོང༔ ཧྲཱིཿ རྡོ་རྗེ་མི་ཤིགས་སྲོག་གི་ཁམས༔ ཐིག་ལེའི་དྭངས་མ་རིལ་བུར་འདྲིལ༔ ཡེ་ཤེས་སེམས་དཔའི་ཚུལ་ཉིད་དུ༔ ཙིཏྟའི་དབུས་སུ་བརྟན་པར་བཞུགས༔ ས་མ་ཡ་ཛྙཱ་ན་ཧྲཱིཿཧྲཱིཿཧྲཱི༔ རིག་པའི་ངང་བསྐྱངས་མཉམ་པར་བཞག༔ རྒྱས་གདབ་བཏང་རག་དམ་ཚིག་བཟུང༔ སྨིན་གྲོལ་རྫོགས་པའི་སྐྱེས་བུ་ནི༔ ཟབ་མོའི་ལམ་གྱི་སྣོད་དུ་འགྱུར༔ ལྟ་དགོངས་ལྡན་པའི་དབང་གིས་ཀྱང༔ རིང་འཚོའི་དཔལ་ཡོན་བསྐྱེད་པར་འགྱུར། དེ་ཕྱིར་གསང་བ་ཐུབ་པར་གྱིས༔ སྐལ་བ་ཅན་ལ་གཏད་དོ་རྒྱ༔ ས་མ་ཡ༔ པདྨ་འོད་གསལ་སྤྲུལ་པའི་རྡོ་རྗེ་གར་དབང་མདོ་སྔགས་གླིང་པས་དགོངས་པའི་གཏེར་ལས་ཕྱུངས་པའོ། །མངྒ་ལམ། དགེའོ།། །།
[edit]

skya__'chi med pad+ma tshe yi snying thig las:_yang zab rig 'dzin tshe yi sgrub pa bzhugs:_ skya__'chi med tshe bdag rnams la 'dud:_dus kyi tha ma'i gdul bya rnams:_'chi med rdo rje'i srog bsgrub phyir:_dben par dkyil 'khor mtshan rdzogs bzhengs:_b+han+d+har 'bras gsum dbang po lag:_cong zhi brag zhun rtsa ba lnga:_bdud rtsi'i skyobs dang bcas pa yi:_ril bu sran 'phos tsam du dril:_dar dmar gur phub mchod pas bskor:_bde ba'i stan la bag phebs te:_nges 'byung bsam pas nyams su len:_sa ma ya:_hrIH_rang rig 'od gsal chos kyi sku:_bde chen ye shes longs spyod rdzogs:_zung 'jug rig rtsal bla ma rjer:_rang ngo shes pas skyabs su mchi:__hrIH_mkha' mnyam sems can ma lus kun:_med snang srid pa'i sdug bsngal las:_snying rjes dbugs 'byin bya ba'i phyir:_rang grol chen por sems bskyed do:__hrIH_ye shes dbyings las rang shar lhar:_rang ngo rig pas phyag 'tshal lo:_cir snang ye shes rol mos mchod:_blos byas 'khrul pa'i sdig ltung bshags:_rang snang rang shar rjes yi rang:_zab rgyas chos 'khor chad med bskor:_'pho med rtag par bzhugs su gsol:_'bras bu ye rdzogs chen por bsngo:_gzhan don byang chub myur thob shog:__hrIH_kun brtags glo bur 'khrul pa'i bdud:_rang snang 'dod yon gtor ma longs:_gzhi grol chos sku'i dkyil 'khor du:_'dug pa'i skabs med gzhan du song:__hrIH_gnyis snang bar chad srung ba'i mtshams:_ye shes rdo rje chos sku'i rtsal:_gzhom zhig bral ba'i rdo rje'i gur:_rang bzhin nyid du lhun gyis grub:_rak+Sha rak+Sha b+h+rU~M:__hrIH_ka dag dbyings kyi gzhal yas su:_lhun grub rig pa chos sku'i lhas:_srid zhi kun khyab byin phob la:_ye shes rdo rje'i dbang bskur stsol:_'od gsal khyab brdal pho brang nas:_nges pa lnga ldan longs sku yis:_yan lag bdun gyi byin phob la:_ston 'khor dgongs mnyam dbang bskur stsol:_zung 'jug chen po'i dkyil 'khor nas:_rang rig rtsal gyi sprul pa'i skus:_dbyer med chen por byin phob la:_'chi med tshe yi dngos grub stsol:_snang srid chos sku'i rol par sad:_cir snang bde chen brdal ba che'i:_skye 'chi rang dag gnyug ma'i dbyings:_'du 'bral med pa'i byin phob cig:_A yur+dz+nyA na a be sha ya a a:__hrIH_snang srid kun tu bzang po'i zhing:_bde chen brdal ba ye shes che'i:_rmad byung mchod pa'i sprin chen po:_sems kyi yid bzhin gter du gyur:_sa ma ya pU dza hoH__hrIH_rnam thar gsum ldan e yi dbyings:_kun snang rang shar snying rje'i gdangs:_zung 'jug srid zhi'i dwangs ma'i bcud:_'khor 'das stong srog hrIHdkar po:_'od kyis snod bcud snang shes kyi:_'khrul pa lug rgyud rtog pa sbyangs:_stong pa'i ngang las srung 'khor dbus:_ye shes dag pa'i gzhal yas khang:_phyi nang zang thal chos sku'i dbyings:_ye shes rnam lnga'i rtsig pa can:_'phags lam ka ba pha gus bteg:_thugs rje'i mda' yab byang chub kyi:_yan lag bdun gyi rgyan bkod rdzogs:_ye shes rin chen nor bu'i tog:_chos dbyings khyab pa'i 'od zer 'bar:_lte bar seng khri pad zla'i steng:_sa bon yongs gyur skad cig gis:_ma hA gu ru tshe dpag med:_'chi med pad+ma 'od 'bar rtsal:_sku mdog dkar gsal zla ba'i mdog:_gzhon tshul lang tsho'i brtan pa rdzogs:_gcer bu brtul zhugs spyod pa'i chas:_he ru ka yi rgyan gyis brjid:_phyag g.yas rdo rje'i mda' dar g.yab:_'khor 'das dwangs bcud dbang du sdud:_g.yon pas mnyam bzhag b+han+d+ha'i dbus:_srid zhi'i bcud bskyil tshe bum bsnams:_zhabs gnyis rdo rje'i skyil krung gis:_mdzes pa'i sgeg tshul 'chang bas 'gyings:_pang du yum mchog man+da ra:_gcer bu rus pa'i phyag rgya can:_mda' dar bum 'dzin gnyis med sbyor:_bde ba'i sgyu rtsal cir yang ston:_yab yum sbyor ba'i rjes chags mes:_sras bcas sangs rgyas chags pa bskul:_sbyor bas 'od zhu bdud rtsi'i char:_spros pa yab kyi sku'i dbyibs brgyud:_mkha' gsang bab pa'i 'od kyi thig:_phyogs bzhir spros pa yongs gyur las:_shar du bi ma la mi tra:_lho ru sangs rgyas ye shes che:_nub tu gnubs ban nam mkha'i snying:_byang du ye shes mtsho rgyal lcam:_shar lho rig 'dzin shrI sing ha:_lho nub hU~M chen ka ra dang:_nub byang lo chen bai ro'i zhabs:_byang shar mnga' bdag chen po dang:_rigs bdag dga' rab rdo rje rnams:_kun kyang he ru ka yi chas:_gzhon mdzes phyed pa'i skyil krung gis:_mda' dar tshe bum yum la 'khyud:_dgyes pa'i 'od kyi snang ba las:_'chi med tshe lha rig 'dzin dang:_drang srong DA ki rdul ltar 'khrigs:_sgo bzhir dbang chen sde bzhi po:_las bzhi'i mdog can gri thod 'dzin:_zhal nas pheM gyi sgra sgrog cing:_pad nyir gyad kyi dor thabs bzhengs:_gnas gsum rdo rje'i sa bon las:_'od zer spro bsdus sku gsung thugs:_rdo rje gsum gyi ngo bor shar:_spyi bo'i gnas lngar sa bon lngas:_dbang bskur rigs kyi bdag po che:_snang mtha' yas pas rgyas btab ste:_byang sems bdud rtsis sku gang gyur:_oM AHhU~M:_hrIHhU~M trA~M oM AH_hrIH_so sor kun tu rtog pa yi:_ye shes chen po phyag rgya'i gzugs:_rnam pa thams cad sgyu 'phrul drwa:_'chi med rig 'dzin gtso 'khor rnams:_ye shes dbyings nas dgongs pa bskyed:_brtul zhugs rig pa'i rtsal dbang bskur:_skye 'chi'i mtshan ma dag pa yi:_bde chen mchog gi dngos grub stsol:_oM A yu bid+ya d+ha ra maN+Da la sa pa ri wA ra sa ma ya dzaHdzaH_hrIH_gdod nas dag pa'i ye shes la:_dam ye'i 'dzin pa rnam dag kyang:_kun rdzob sgyu ma'i snang cha ru:_gnyis su med par tiSh+Tha lhan:_hrIH_rang rig lha yi 'khor lo la:_rang ngo shes pa'i brda yi phyag:_'du 'bral med pas 'tshal bar bgyi:_ngo mtshar rang snang e ma ho:_hrIH_ye shes rnam pa thams cad par:_yul dang dbang po mi phyed pa'i:_rdo rje dgyes pa bskyed pa'i rdzas:_kun bzang sgyu 'phrul rol pas mchod:_oM A yu bid+ya d+ha ra maN+Da la ar+g+haM nas/_shab+da sarba ma hA pU dza AHhU~M:_hrIH_bde ba chen po dgyes pa'i dpyid:_gzugs sgra dri ro reg bya chos:_kun tu bzang po bla med pa'i:_rol pa rgya mtshos mchod par bgyi:_oM badz+ra rU pa shab+da gan+d+he rA sa spar+she d+harma d+hA tu su kha ho:_hrIH_ye shes bdud rtsi ra sa ya:_rtsa brgyad stong sbyar phud kyi mchog:_'chi med rig 'dzin tshogs la 'bul:_rtsa khams d+hU tir dag par mdzod:_ma hA a mr-i ta khA hi:_hrIH_rgyud drug bsgral ba rak+ta'i mtsho:_bde stong dmar gyi rgya mtshor 'khyil:_'chi med rig 'dzin tshogs la 'bul:_las rlung nA dar grol bar mdzod:_ma hA rak+ta khA hi:_hrIH_snod bcud yongs rdzogs ba liM ta:_rdo rje'i 'dod yon sprin du 'char:_'chi med rig 'dzin tshogs la 'bul:_dkar dmar lhan skyes dbyings dag shog:_ma hA ba liM ta khA hiH_hrIH_zag med dga' ster lha mo'i tshogs:_nam mkha' gang ba dgyes mgur bzhes:_gnyis med sbyor ba'i dam tshig gis:_dug lnga'i rtog pa dbyings su bsgral:_ta na ga na d+hA tu pU dza ho:_hrIH_zag med mtshan dpe'i ye shes sku:_'ja' lus rdo rje dwangs pa'i gzugs:_rig 'dzin grub pa yongs kyi rje:_he ru ka dpal gtso la 'dud:_rlung sngags sems kun ye shes su:_ngal 'tsho'i brjod med dbyings kyi sgra:_tshangs dbyangs chos phung brgyad khri'i gter:_gsung gi rdo rje'i bdag nyid bstod:_ji lta ji snyed ye shes ni:_mkhyen brtse'i yon tan rgyas pa'i mdzod:_zab gsal bsam gyis mi khyab pa'i:_ngo bor nges pas bstod par bgyi:_zag med 'phags pa'i gsang ba ni:_mtha' dag yongs su rdzogs pa'i bdag:_sangs rgyas kun gyi ye shes sku:_rigs kun 'khor lo'i bdag por bstod:_rtag khyab lhun grub phrin las gter:_phan bde'i mdzad pa bsam yas kyis:_srid zhi'i dge legs 'byung ba'i gnas:_nam mkha' ji srid 'char la bstod:_dag pa'i rnam rol mtha' klas pa:_sna tshogs gtso dang 'khor gyi tshul:_gang 'dul sgyu 'phrul drwa ba yi:_rol pa kun la phyag 'tshal bstod:_gtso bo'i thugs kar pad zla'i steng:_gser gyi rdo rje'i lte bar hrIH_sngags kyi phreng bas g.yas su bskor:_spro bsdu'i 'od kyis don gnyis sgrub:_'khor 'das brtan g.yo'i dwangs ma'i dpal:_ye shes bdud rtsi snying po'i char:_dbang med bsdus te thugs kar thim:_srog gi sa bon las byung ba'i:_'od kyis zegs ma dpag med spros:_lus gang nad gdon sdig ltung sbyangs:_rtsa rlung thig le rgud pa gsos:_bla tshe srog dbugs nyams pa bsdus:_'chi med tshe dang rdo rje'i srog:_ye shes chen por ro gcig pas:_skye 'chi'i mtshan rtog dbyings su dag:_ye shes snying po mi 'gyur ba'i:_de nyid gcig tu 'khyil bar gyur:_oM AHhU~M badz+ra gu ru pad+ma A yur+dz+nyA na sid+d+hi hU~M:_'bum phrag bzhi yis dngos grub gnas:_nges pa'i gsang ba thob pa dang:_gtso 'khor kun gyi thugs srog las:_'od 'phros snang grags rig pa'i chos:_lha sngags ye shes rol par shar:_kun kyang gnyis su mi phyed pa'i:_rdo rje'i dgongs pa'i srog thob nas:_'chi med rtag pa'i dngos grub la:_yid bzhin nyid du dbang thob bsam:_oM AHhU~M badz+ra ma hA gu ru A yur+dz+nyA na sarba sid+d+hi hU~M:_'bum phrag bzhi bzlas ting 'dzin gyis:_nges pa'i lha dang skal ba mnyam:_gtso 'khor so so'i thugs ka nas:_'od zer drwa ba'i sprin phung gis:_thun mong khyad par phrin las sogs:_yid bzhin nyid du 'grub par gyur:_sngags la sham bu 'di bzhi gdags:_shAn+tiM ku ru hU~M:_puSh+TiM ku ru oM:_wA shaM ku ru hrIH_mA ra ya phaT:_khri bzhis las bzhi'i dngos grub thob:_khyad par rdo rje'i tshe 'phel ba'i:_rtags rnams dngos nyams rmi lam mthong:_dngos grub thob par gdon mi za:_sa ma ya:_thun mtshams thugs dam bskul ba ni:_mdar dar g.yab cing gdung shugs bskyed:_hrIH_ka dag dbyings kyi pho brang nas:_dang po'i sangs rgyas 'od mi 'gyur:_thugs dam bskul lo dgongs pa bskyed:_skye 'chi med pa'i dngos grub stsol:_lhun grub 'od gsal pho brang nas:_bde chen snang mtha' yas kyi sku:_thugs dam bskul lo mkhyen brtses dgongs:_mi shigs dwangs ma'i dngos grub stsol:_zung 'jug thugs rje'i pho brang nas:_dga' rab rdo rje rig pa 'dzin:_thugs dam bskul lo byin rlabs stsol:_'ja' lus rdo rje'i dngos grub stsol:_'chi med rdo rje'i gnas yul nas:_pad+ma 'byung gnas tshe yi lha:_thugs dam bskul lo byin rlabs stsol:_rtag pa'i tshe yi dngos grub stsol:_bde chen grub pa'i dkyil 'khor nas:_tshe yi rig 'dzin thams cad kyi:_thugs dam bskul lo byin rlabs stsol:_gnyug ma'i ye shes tshe mchog stsol:_pho nya mgyogs mas nam mkha' gang:_'od zer sprul pas srid gsum khyab:_kun kyang thugs rje'i rtsal shugs bskyed:_rdo rje'i thugs dam dus la bab:_phyi snod 'byung ba lnga yi bcud:_nang gi skye 'gro'i tshe bsod dpal:_rgyal kun mkhyen brtse nus pa sogs:_'khor 'das dwangs ma'i bcud kun dang:_khyad par bdag gi bla dang tshe:_yar nyams sde brgyad byad mas brkus:_thams cad rang dbang med par sdus:_rdo rje'i lus la gnyis med bstim:_gzi byin lang tsho rgyas pa dang:_rtsa khams nyams pa dwangs mas gsos:_rlung lnga g.yo ba dbu mar bsrangs:_thig le rgud pa sor chud nas:_mi shigs rtag pa'i tshe mchog stsol:_khams lnga dwangs ma'i dpyid kyi thig:_bde chen mi 'gyur srog gi zungs:_gnyis med chen por rgyas btab pas:_ye shes mchog gi tshe stsol cig:_rtsa sngags mthar:_tshe b+h+rU~M g.yu b+h+rU~M A yur+dz+nyA na tiSh+Tha b+h+rU~M:_a:_phyogs bcur spros pa'i khyab brdal tshe:_gnyug ma'i thig ler ro gcig bstim:_'du 'bral med pa'i chos nyid klong:_rig stong ye shes dgongs par a:_skabs su thabs shes rdzas dang bcas:_tshogs kyi 'khor los dgyes pa bskyed:_ra~M ya~M kha~M:_dbyings kyi b+hany+dzar rig pa'i khams:_ye shes lnga ldan bcud du 'khyil:_'dod yon nam mkha' gang ba'i sprin:_zag med nam mkha' gang bar gyur:_oM AHhU~M:_hrIH_sku gsum zhing khams rgya mtsho nas:_'chi med tshe yi rig pa 'dzin:_rtsa gsum rgya mtsho'i 'khor dang bcas:_tshogs la spyan 'dren gshegs su gsol:_sku gsung thugs kyi byin chen phob:_lus ngag yid la ye shes bskyed:_gnyis med mnyam pa chen po'i klong:_'du 'bral med par mdzad du gsol:_sarba sa ma ya dzaHdzaHhrIM hrIMH_pheM pheM:_hrIH_bza' bca' btung ba yang dag rdzas:_rigs lnga bdud rtsi'i sprin chen po:_rig 'dzin mkha' 'gro'i tshogs la 'bul:_mchog dang thun mong dngos grub stsol:_ga Na tsakra pU dza ho:_hrIH_dam rdzas bdud rtsi rmad byung bas:_ye shes lha tshogs dgyes pa bskyed:_nyams chag thams cad sor chud nas:_dngos grub skal pa rmad byung stsol:_sa ma ya shud+d+he:_hrIH_dbang gi rgyal po 'bar ba ches:_glo bur dgra bgegs dbyings su bsgral:_lnga phung bdud rtsi'i sprin chen po:_dgyes pa'i dpal du gnyis med rol:_ma hA maM sa rak+ta keM ni ri ti ho:_bar pa phung khams lhar gsal nas:_dgyes bskyed nang gi tshogs 'khor spyod:_hrIH_'bar ba'i bka' sdod pho nya ging:_lang+ka 'bar ma dbang phyug sogs:_dpal gyi pham phab 'di bzhes la:_las kun 'grub pa'i grogs mdzod cig:_uts+tshiSh+Ta ba liM ta hoH_smon lam rdo rje'i glu gar bya:_hrIH_ka dag dbyings las rig pa'i sku:_'od gsal phyag rgya'i rig pa 'dzin:_dkyil 'khor lha tshogs dbyings nas bzhengs:_mchog dang thun mong dngos grub stsol:_hrIH_dus gsum las 'das ye shes dbyings:_sku gsum ston 'khor rgya mtsho yis:_gsang chen chos 'khor bskor ba'i tshe:_khas blangs srung ma'i tshogs rnams kun:_sman raka ba ling mchod pa bzhes:_'dod pa'i phrin las sgrub par mdzod:_hrIH_bod skyong brtan ma DA ki che:_bdud dang gnod sbyin sman mo'i tshogs:_'bum phrag yangs pas bshal chu bzhes:_gangs can bde ba'i las mdzod cig:_hrIH_rnam thar sgo gsum e yi dbyings:_gzung 'dzin dam sri sde bcas mnan:_ye shes rig pa dkyil 'khor lhas:_snang srid rol pa'i bro brdung ngo:_s+t+wa~M b+ha ya nan:_hrIH_byin rlabs rtsa ba bla ma yis:_dbang bskur dgongs pa'i rtsal rdzogs mdzod:_'chi med tshe yi lha tshogs kyis:_mchog dang thun mong dngos grub stsol:_ye shes DA ki rgya mtsho yis:_'dod rgu'i phrin las g.yel med sgrubs:_gnas skabs las bzhi'i phrin las dang:_mthar thug mchog gi dngos grub stsol:_kA ya wAka tsit+ta sid+d+hi pha la ho:_hrIH_ye shes dbyings su rnam dag kyang:_ma rtogs tha mal nongs pa kun:_gnyis su med pa'i tshul gyis bshags:_dag cing tshangs par bstsal du gsol:_yi ge brgya pa bzlas:_hrIH_snang cha sgyu ma'i lha sngags sems:_skye med dbyings kyi thig ler thim:_zung 'jug rol pa'i ting 'dzin gyis:_phyag rgya gcig pa'i sku ru bzhengs:_oM AHhU~M:_hrIH_snang bcas bsod nams dam pa yis:_gzugs sku 'chi med rdo rjer bzhengs:_rnam kun mchog ldan 'od gsal gyis:_ye shes chen po'i srog 'grub shog:_hrIH_rig 'dzin rgyal po'i tshom bu yi:_byin gyis rlobs pa'i bkra shis shog:_yi dam dkyil 'khor rgya mtsho yis:_dngos grub stsol ba'i bkra shis shog:_gnas gsum DA ki ma lus pas:_'dod rgu sgrub pa'i bkra shis shog:_gnas skabs nad gdon bar chad zhi:_tshe dang ye shes dngos grub rgyas:_khams gsum rlung sems dbang du 'dus:_bdud 'dul drag po'i bkra shis shog:_mthar thug bcom ldan snang mtha' yas:_'chi med skur bzhengs pad+ma 'byung:_gsang ba gsum dang dbyer med pa:_don gnyis lhun grub bkra shis shog:__e ma zab gsang snying gi thig:_'chi med tshe yi sgrub pa'i thabs:_rig 'dzin srog gi gdams pa'i phul:_yang zab snying po'i bcud phur 'di:_pad 'byung bdag gi snying khrag ste:_sus bsten dngos grub nges par thob:_mi shigs klong gi sgrom bur sba:_'phel 'grib med par rgyas btab pas:_dus kyi tha ma rtsod pa can:_tshe thung longs med skabs shar tshe:_chos bdag skyes bu'i srog mthud phyir:_sprul pa zhig gis snang bar phyed:_pad 'byung smon lam mthu btsan pas:_'gro mang gdul bya skyob par shog:_sa ma ya:_rgya:rgya:rgya:_\u0f80athi_ces pa'ang snying gi skyabs gcig gsung rdo rje rig pa 'dzin pa gtsug lag smra ba'i khyu mchog gi skur bzhengs pas zab gsang gi bdud rtsis ris med pa'i gdul bya skal bzang la sbyor ba'i 'jam mgon bla ma 'jam dbyangs chos kyi blo gros kun dga' phrin las rgya mtsho phyogs las rnam par rgyal ba'i sde'i bka' yis bskul ma gnang ba bzhin kun mkhyen rdo rje gzi brjid gdod ma'i thig ler byang chub pa'i dus kyi mchod pa'i skabs bkra shis 'chi med grub pa'i dga' tshal du gtan la phab pa 'dis kyang rang gzhan tshom bu dang bcas 'chi med rtag pa'i rten bzang gi nye rgyur gyur cig/___//__skya__yang zab rig 'dzin tshe sgrub kyi:_dbang bskur thun min zab rgya bzhugs:_rtsa gsum lha la phyag 'tshal lo:_snod ldan dbang gis rjes bzung na:_dkyil 'khor tshe 'brang bdud rtsi dang:_ril bu bshams la mchod pas bskor:_las kyi rim pa'i gzhung bsrangs nas:_khrus byas bgegs bsal srung bas bcings:_dkyil 'khor rgya mtsho'i gtso bo mchog:_rig 'dzin bla ma bdag la dgongs:_'chi med rtag pa'i tshe sgrub phyir:_ye shes mchog gi dbang bskur stsol:_lan gsum gsol gdab skyabs sems dang:_gsag sbyangs sdom bzung byin chen dbab:_brtan par byas la bum dbang bskur:_hrIH_rin chen bum pa bcud dang ldan:_rig 'dzin tshe yi lha tshogs bzhugs:_skal ldan bu la dbang bskur bas:_'chi med rdo rje'i sku thob shog:_ka la sha a b+hi She ka te sa ma ya shrI ye hU~M:_rtogs pa brjod cing bskyed rim bsgom:_hrIH_ye shes bdud rtsi bcud chen po:_rgyal kun bde chen zhu ba'i bcud:_rtog pa bral bas rol pa'i mthus:_rlung sngags gzhom med srog thob shog:_a mr-i ta a b+hi Shiny+tsa AH_bzlas pa'i lung sbyin bum can bzung:_'bar 'dzag bsgom zhing bde stong skyong:_hrIH_rdo rje mi shigs srog gi khams:_thig le'i dwangs ma ril bur 'dril:_ye shes sems dpa'i tshul nyid du:_tsit+ta'i dbus su brtan par bzhugs:_sa ma ya dz+nyA na hrIHhrIHhrI:_rig pa'i ngang bskyangs mnyam par bzhag:_rgyas gdab btang rag dam tshig bzung:_smin grol rdzogs pa'i skyes bu ni:_zab mo'i lam gyi snod du 'gyur:_lta dgongs ldan pa'i dbang gis kyang:_ring 'tsho'i dpal yon bskyed par 'gyur/_de phyir gsang ba thub par gyis:_skal ba can la gtad do rgya:_sa ma ya:_pad+ma 'od gsal sprul pa'i rdo rje gar dbang mdo sngags gling pas dgongs pa'i gter las phyungs pa'o/_/mang+ga lam/_dge'o//__//

Footnotes

Other Information