DKR-KABUM-18-TSHA-015: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts |
Latest revision as of 09:11, 1 June 2024
Wylie title | he ru ka mched lnga'i snying thig las nang sgrub 'jam dpal ye shes sems dpa'i phyi nang gsang sgrub kyi phrin las chig dril 'od gsal ye shes snang ba | |
---|---|---|
Location | dil mgo mkhyen brtse bka' 'bum Volume 18, Text 15, Pages 73-99 (Folios 1a to 27b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. He ru ka mched lnga'i snying thig las nang sgrub 'jam dpal ye shes sems dpa'i phyi nang gsang sgrub kyi phrin las chig dril 'od gsal ye shes snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 73-99. Delhi: Shechen Publications, 1994. | |
Genre | Activity Manual - las byang · Sadhanas - Evocation Ritual - sgrub thabs | |
Cycle | ཤྲཱི་ཧེ་རུ་ཀ་མཆེད་ལྔའི་ཐུགས་ཏིག་ (shri he ru ka mched lnga'i thugs tig) | |
Deity | 'jam dpal rdo rje | |
Colophon |
།ཞེས་པ་འདི་ཡང་སྔོན་གྱི་ཚེ་གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་འཇམ་མགོན་རྡོ་རྗེ་འཆང་དྷརྨ་མ་ཏིའི་སྤྱན་སྔར་མཁས་བཙུན་བཟང་པོའི་ཐུགས་སྲས་ཚོགས་ཀྱིས་ཞབས་པད་བསྙེན་ཏེ་འཕགས་ཡུལ་ནཱལེནྡྲ་གཉིས་པ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཉིན་མཚན་ཀུན་ཏུ་དམ་པའི་ཆོས་འཆད་ཉན་བཤད་སྒྲུབ་ལས་གསུམ་གྱི་དུས་འདའ་བའི་སྐལ་བཟང་གི་འདུས་པའི་གྲལ་མཐར་བདག་ཀྱང་གནས་ཤིང༌། དེ་སྐབས་རང་ཡང་ན་ཚོད་གཞོན། རླུང་རིག་དྭངས། སེམས་རྩ་སྤྲོ་བས་གཏེར་ཆོས་ཀྱི་མིང་དུ་བཏགས་པའི་ཐོག་མ་འཇམ་དཔལ་ཐུགས་ཏིག་ཅེས་རྒྱུད་སྡེ་བཞིའི་སྒྲུབ་ཚུལ་དང་འབྲེལ་བའི་དབང་དང་བསྐྱེད་རྫོགས་བཅས་ཡོད་པའི་སྨིན་གྲོལ་གྱི་ཐོག་མ་རྗེ་བླ་མ་འཇམ་པའི་རྡོ་རྗེ། སྨིན་གླིང་མཁན་རིན་པོ་ཆེ། ཞེ་ཆེན་རབ་འབྱམས། ཀཿཐོག་སི་ཏུ་མཆོག་སྤྲུལ་སོགས་ནས་གསན་བཞེས་གནང་ཞིང༌། རྗེ་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་ཞལ་སྔ་ནས་ཀུན་མཁྱེན་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་འཇམ་དཔལ་བཤེས་གཉེན་གྱི་སྙིང་ཐིག་སྒྲོན་མ་བདུན་མ་ཞེས་པའི་བཀའ་བབ་ཀྱི་ཆོས་སྡེ་བཞུགས་ཀྱང༌། དུམ་བུ་དང་པོ་ལོ་རྒྱུས་ཀྱི་སྒྲོན་མ་དང༌། དབང་གི་སྟ་གོན་ཙམ་ལས་གཏན་ལ་ཕབ་པར་མ་གནང་བས་འདི་ཡང་ཆོས་སྡེ་དེའི་ཁོངས་སུ་འདུ་བར་བྱས་ན་ལེགས་པར་འདུག་ཅེས་བཀའ་བསྩལ་བ་དང༌། དག་སྣང་གཟིགས་པ་ལྔ་ཡི་བླ་སྒྲུབ་ལའང་ཕྱི་ཧེ་རུ་ཀ་རྣམ་པ་ལྔ་ཀུན་འདུས་ཀྱི་བླ་སྒྲུབ་རྫོགས་རིམ་དང་བཅས་པ། ནང་རྡོར་སེམས། དུས་འཁོར། བདེ་མཆོག་དམར་པོ། གྲོ་ལོད། འཇམ་དཔལ། གསང་སྒྲུབ་ཀུན་འདུས་བཀའ་བརྒྱད་བཅས་སྒྲུབ་ཐབས་དང༌། དབང་བཅས་སོ་སོར་བྲིས་པ་ཡོད་ཀྱང༌། འཇམ་དཔལ་གྱི་དབང་ཕྲིན་འདི་ཙམ་ལས་གཞན་དུས་འགྱུར་གྱིས་དཔེ་རྒྱུན་ཡང་མ་རྙེད་ཀྱང༌། རིས་སུ་མ་ཆད་པའི་ཐུབ་བསྟན་རིན་པོ་ཆེར་དག་སྣང་གི་སྤྱན་རས་ཡངས་ཤིང༌། སྔ་འགྱུར་བཀའ་གཏེར་གྱི་གཞུང་ལ་རྒྱུ་མཚན་མཁྱེན་པའི་རྣམ་འདྲེན། ཁོ་བོའི་གཏེར་ཆོས་ལ་སྔོན་སྨོན་གྱི་མཐུ་བཙན་པའི་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་མདོ་སྔགས་བསྟན་འཛིན་ཞབས་ནས་རིན་པོ་ཆེ་སྣ་ཚོགས་པའི་རྟེན་ལྷ་རྫས་དང་བཅས་འཇམ་དཔལ་གྱི་དབང་ཕྲིན་ལ་ཆོག་ཁྲིགས་བསྙེན་ཡིག་བཅས་དགོས་པའི་གསུང་བསྐུལ་བྱུང་བ་དང༌། གཞན་ཡང་མཁྱེན་དཔྱོད་རྣམ་གསལ་སྟེང་ཆེ་མཆོག་སྤྲུལ་རིན་པོ་ཆེ། སྙིང་པོའི་རྣལ་འབྱོར་དམ་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་སོགས་སྐྱེས་ཆེན་དུ་མས་དོན་གཉེར་གནང་ཞིང༌། ཁྱབ་བདག་བླ་མ་རིན་པོ་ཆེས་ཁྱེད་རང་གི་གཏེར་ཆོས་དགོས་གནད་ཆེ་བ་རྣམས་ཡལ་བར་མ་དོར་བ་འབྲི་སྤེལ་དགོས་པའི་བཀའ་ལུང་དངོས་བརྒྱུད་ནས་རྟེན་ཁྱད་འཕགས་དང་བཅས་ཏེ་ཡང་ཡང་བསྩལ་བ་རྗེས་སུ་སྒྲུབ་སླད། འཇམ་དཔལ་ཐུགས་ཐིག་གི་དབང་དང་བསྐྱེད་རྫོགས། ཧེ་རུ་ཀ་མཆེད་ལྔའི་ཕྱི་ནང་གསང་སྒྲུབ་ཀུན་འདུས་སུ་བགྱིས་ན་འཇུག་བདེ་དོན་ཚང་འགྱུར་བར་མཐོང་ནས་དུས་གསུམ་ཀུན་མཁྱེན་པདྨའི་རྗེས་འཇུག་སྙིགས་དུས་ཀྱི་གཏེར་མིང་ཁས་འཆེ་བ་པདྨ་གར་དབང་བདེ་ཆེན་མདོ་སྔགས་གླིང་པས་ཉེ་བའི་ཚནྡྷོ་ཧ་རང་བྱུང་ཆོས་སྐུའི་མཆོད་སྡོང་ཆེན་པོ་བྱ་རུང་ཁ་ཤོར་གྱི་མདུན་རབ་བྱུང་བཅུ་དྲུག་པ་ས་བྱ་ནག་པ་ཟླ་བ་བསྐལ་བཟང་རྣམ་འདྲེན་བཞི་པས་གཉིས་མེད་དང་པོའི་སངས་རྒྱས་ཀྱི་ཆོས་འཁོར་བསྐོར་བའི་ཟླ་བ་འཆར་ཉེའི་སྐབས་བྲིས་པ་འདིས་ཀྱང་བཀའ་གཏེར་ཤིང་རྟའི་རིང་ལུགས་བཤད་སྒྲུབ་ལས་གསུམ་གྱིས་འཕེལ་རྒྱས་ཡུན་དུ་གནས་པའི་རྒྱུ་ཁོ་ནར་གྱུར་ཅིག །མངྒ་ལཾ། དགེའོ།། | |
/zhes pa 'di yang sngon gyi tshe gangs can bstan pa yongs rdzogs kyi mnga' bdag 'jam mgon rdo rje 'chang d+harma ma ti'i spyan sngar mkhas btsun bzang po'i thugs sras tshogs kyis zhabs pad bsnyen te 'phags yul nAlen+d+ra gnyis pa rdzong gsar bkra shis lha rtse'i gzim spyil bkra shis 'chi med grub pa'i dga' tshal du nyin mtshan kun tu dam pa'i chos 'chad nyan bshad sgrub las gsum gyi dus 'da' ba'i skal bzang gi 'dus pa'i gral mthar bdag kyang gnas shing*/_de skabs rang yang na tshod gzhon/_rlung rig dwangs/_sems rtsa spro bas gter chos kyi ming du btags pa'i thog ma 'jam dpal thugs tig ces rgyud sde bzhi'i sgrub tshul dang 'brel ba'i dbang dang bskyed rdzogs bcas yod pa'i smin grol gyi thog ma rje bla ma 'jam pa'i rdo rje/_smin gling mkhan rin po che/_zhe chen rab 'byams/_kaHthog si tu mchog sprul sogs nas gsan bzhes gnang zhing*/_rje bla ma chos kyi blo gros rin po che'i zhal snga nas kun mkhyen 'od gsal sprul pa'i rdo rje la 'jam dpal bshes gnyen gyi snying thig sgron ma bdun ma zhes pa'i bka' bab kyi chos sde bzhugs kyang*/_dum bu dang po lo rgyus kyi sgron ma dang*/_dbang gi sta gon tsam las gtan la phab par ma gnang bas 'di yang chos sde de'i khongs su 'du bar byas na legs par 'dug ces bka' bstsal ba dang*/_dag snang gzigs pa lnga yi bla sgrub la'ang phyi he ru ka rnam pa lnga kun 'dus kyi bla sgrub rdzogs rim dang bcas pa/_nang rdor sems/_dus 'khor/_bde mchog dmar po/_gro lod/_'jam dpal/_gsang sgrub kun 'dus bka' brgyad bcas sgrub thabs dang*/_dbang bcas so sor bris pa yod kyang*/_'jam dpal gyi dbang phrin 'di tsam las gzhan dus 'gyur gyis dpe rgyun yang ma rnyed kyang*/_ris su ma chad pa'i thub bstan rin po cher dag snang gi spyan ras yangs shing*/_snga 'gyur bka' gter gyi gzhung la rgyu mtshan mkhyen pa'i rnam 'dren/_kho bo'i gter chos la sngon smon gyi mthu btsan pa'i zhwa de'u 'khrul zhig mchog sprul mdo sngags bstan 'dzin zhabs nas rin po che sna tshogs pa'i rten lha rdzas dang bcas 'jam dpal gyi dbang phrin la chog khrigs bsnyen yig bcas dgos pa'i gsung bskul byung ba dang*/_gzhan yang mkhyen dpyod rnam gsal steng che mchog sprul rin po che/_snying po'i rnal 'byor dam pa klong chen ye shes rdo rje sogs skyes chen du mas don gnyer gnang zhing*/_khyab bdag bla ma rin po ches khyed rang gi gter chos dgos gnad che ba rnams yal bar ma dor ba 'bri spel dgos pa'i bka' lung dngos brgyud nas rten khyad 'phags dang bcas te yang yang bstsal ba rjes su sgrub slad/_'jam dpal thugs thig gi dbang dang bskyed rdzogs/_he ru ka mched lnga'i phyi nang gsang sgrub kun 'dus su bgyis na 'jug bde don tshang 'gyur bar mthong nas dus gsum kun mkhyen pad+ma'i rjes 'jug snyigs dus kyi gter ming khas 'che ba pad+ma gar dbang bde chen mdo sngags gling pas nye ba'i tshan+d+ho ha rang byung chos sku'i mchod sdong chen po bya rung kha shor gyi mdun rab byung bcu drug pa sa bya nag pa zla ba bskal bzang rnam 'dren bzhi pas gnyis med dang po'i sangs rgyas kyi chos 'khor bskor ba'i zla ba 'char nye'i skabs bris pa 'dis kyang bka' gter shing rta'i ring lugs bshad sgrub las gsum gyis 'phel rgyas yun du gnas pa'i rgyu kho nar gyur cig_/mang+ga laM/_dge'o// |