DKR-KABUM-09-TA-038: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
(One intermediate revision by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཆོས་སྐྱོང་ཟབ་མོ་སྐོར་དགུ་ལས། ཡེ་ཤེས་མགོན་པོའི་གཙོ་འཁོར་གྱི་སྒྲུབ་ཐབས་ལས་ཚོགས་དབང་དང་བཅས་པའི་ཟབ་དོན་ཚར་དུ་དངར་བ་འདོད་འབྱུང་བཻ་ཌཱུརྻའི་དོ་ཤལ།
|fulltitle=chos skyong zab mo skor dgu las/ ye shes mgon po'i gtso 'khor gyi sgrub thabs las tshogs dbang dang bcas pa'i zab don tshar du dngar ba 'dod 'byung bai DUr+Ya'i do shal
|citation=[[Khyentse, Dilgo]]. ''Chos skyong zab mo skor dgu las ye shes mgon po'i gtso 'khor gyi sgrub thabs las tshogs dbang dang bcas pa'i zab don tshar du dngar ba 'dod 'byung bai DUr+Ya'i do shal''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 9: 279-310. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=mchog gyur gling pa
|sourcerevealertib=མཆོག་གྱུར་གླིང་པ་
|tibgenre=Activity Practices - las tshogs, Empowerment Ritual - dbang chog - dbang skur, Sadhanas - Evocation Ritual - sgrub thabs
|terma=Yes
|dkroutline=Three
|deity=ye shes mgon po phyag drug pa
|cycle=chos skyong zab mo skor dgu
|cycletib=ཆོས་སྐྱོང་ཟབ་མོ་སྐོར་དགུ་
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=009
|volumenumber=TA
|volnumtib=༩
|volyigtib=ཏ་
|totalvolumes=25
|textnuminvol=038
|textnuminvol=038
|pagenumbers=279-310
|totalpages=64
|beginfolioline=1a
|endfolioline=32b2
|totalfolios=32
|multivolumework=No
|rectonotes=sgrub thabs
|versonotes=zab skor phyag drug pa
|colophontib=།ཕྱག་བྲིས་དངོས་ལས་ཞལ་བཤུས་པ་ཡིན། མཛད་བྱང་མི་འདུག།
|colophonwylie=/phyag bris dngos las zhal bshus pa yin/_mdzad byang mi 'dug/
|pdflink=File:DKR-KABUM-09-TA-038.pdf
|pdflink=File:DKR-KABUM-09-TA-038.pdf
}}
}}
Line 16: Line 39:
<h1 style="font-size: 24px !important;">Tibetan Text</h1>
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཆོས་སྐྱོང་ཟབ་མོ་སྐོར་དགུ་ལས། ཡེ་ཤེས་མགོན་པོའི་གཙོ་འཁོར་གྱི་སྒྲུབ་ཐབས་ལས་ཚོགས་དབང་དང་བཅས་པའི་ཟབ་དོན་ཚར་དུ་དངར་བ་འདོད་འབྱུང་བཻ་ཌཱུརྻའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།།
{{TibP|ཆོས་སྐྱོང་ཟབ་མོ་སྐོར་དགུ་ལས། ཡེ་ཤེས་མགོན་པོའི་གཙོ་འཁོར་གྱི་སྒྲུབ་ཐབས་ལས་ཚོགས་དབང་དང་བཅས་པའི་ཟབ་དོན་ཚར་དུ་དངར་བ་འདོད་འབྱུང་བཻ་ཌཱུརྻའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།།<br><br>
ཨོཾ་སྭསྟི། བྱང་ཆུབ་སྤྱོད་པ་རྒྱ་མཚོའི་སྲོག་གི་ཟུངས། །སྙིང་རྗེའི་གཏེར་མཆོག་མྱུར་མཛད་མགོན་པོའི་ཚུལ། །བླ་མ་མཆོག་དང་གཉིས་མེད་སྙིང་དབུས་སུ། །བཀོད་ནས་དེ་ཡི་ཕྲིན་ལས་སྨིན་གྲོལ་བསྟར། །དེ་ལ་འདིར་རྒྱ་བོད་ཀུན་ཏུ་ཐུགས་རྗེའི་རྩལ་ཤུགས་ཆེ་ཞིང་ཕྲིན་ལས་ཆེས་ཆེར་མྱུར་བའི་བྱིན་རླབས་ཀྱི་གྲགས་སྙན་དོན་ལ་གནས་ཤིང༌། གསར་རྙིང་མཁས་གྲུབ་ཀུན་གྱི་ཐུགས་ཉམས་སུ་བསྟར་བས་གཙིགས་སུ་བཟུང་བའི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མཆོག་ལ། ཀུན་དང་ཐུན་མོང་མ་ཡིན་པའི་ཟབ་འདྲིལ་གྱི་དབང་དང་སྒྲུབ་ཐབས་བསྐྱེད་རྫོགས་མན་ངག་ལས་ཚོགས་དང་བཅས་པ་གཏེར་འབྱིན་གྲུབ་བརྒྱའི་སྤྱི་མེས་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ལ་བཀའ་བབ་ཏུ་བཞུགས་པའི་བྱེ་བྲག་ཆོས་སྐྱོང་ཟབ་མོ་སྐོར་དགུའི་དབང་དང༌། བསྐྱེད་རྫོགས་ལས་ཚོགས་དང་བཅས་པ་ནོར་བུའི་བཻཌཱུརྻའི་དོ་ཤལ་ལ་རིན་ཐང་དང་བྲལ་བ་ཞིག་བསྟན་འགྲོའི་མཛེས་རྒྱན་དུ་བསྟར་བ་ལ། དང་པོ་ཕྱི་སྒྲུབ་མགོན་པོ་མཐིང་ཀའི་གཏོར་སྒྲུབ། གསོལ་ཆེན་བྱ་བར་འདོད་པས་བཤམ་བཀོད་ནི། གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་གཞུང་མཐུན་སྐུ་རྟེན་དང༌། འབྱོར་ན་བླ་རྡོ་སྲོག་འཁོར་ནང་སྒྲུབ་ལྟར་འདུ་བྱས་པའི་མདུན། བདག་བསྐྱེད་རྟ་མགྲིན་གྱི་དཔལ་གཏོར། གཡས་གཡོན་དུ་སྨན་རཀ །དེ་མདུན་ཁྲག་ཆང་གིས་སྦགས་པའི་དཔལ་གཏོར་དམར་པོ་བརྗིད་ལྡན་འཁོར་བཞི་ཐེབ་ཀྱུ་མང་པོས་བསྐོར་བའི་རྩེར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པའི་མདུན་དུ་མཆོད་གཏོར་གཙོ་འཁོར་ལྔ་པ་ཐེབ་ཀྱུ་དང་ཟས་སྣས་བསྐོར་བ། གཡས་གཡོན་དུ་མཆོད་འོས་སྲུང་མ་ཕོ་རྒྱུད་མོ་རྒྱུད་སྤྱི་བྱེ་བྲག་གི་གཏོར་མ། ཕྱི་མཆོད་རྣམས་ཕྲེང་ཚར་དུ་བསྐོར། གཞན་ཡང་ཚོགས་དང༌། དཀར་བགེགས། རྒྱུན་གྱི་གཏོར་འབུལ། གཏོར་མའི་ཁ་གསོ་ཟས་སྣ་བ་ལིཾ། ཚོགས་ཀྱི་དམ་རྫས་བཅས་འདུ་བྱའོ།  །གཉིས་པ་ཕྲིན་ལས་ཀྱི་རིམ་པ་ལ། དང་པོ་བདག་གི་རྣལ་འབྱོར་ནི། གཞུང་ལས། རང་ཉིད་རྟ་མཆོག་རྒྱལ་པོར་བསྒོམས༔ གསུངས་པ་ལྟར་ཟབ་བདུན་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་བསྡུས་ཀྱི་རྣལ་འབྱོར་ནི། ན་མོཿ བླ་མ་ཡི་དམ་ཁྲོ་བོའི་རྒྱལ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཧོཿ མར་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ༔ ཧཱུྃ༔ སྣང་སྲིད་དབང་གི་དཀྱིལ་འཁོར་ལ༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཀུན་ཀྱང་ལྷ་སྔགས་ཡེ་ཤེས་ངང༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཧཱུྃ༔ ཆོས་རྣམས་རང་བཞིན་རྣམ་པར་དག༔ བདུད་རྩི་རཀྟ་གཏོར་མ་དང༔ ཕྱི་ནང་གསང་བའི་མཆོད་པ་རྣམས༔ ཡེ་ཤེས་རོལ་བར་བྱིན་གྱིས་བརླབས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ ཧཱུྃ༔ ཆོས་ཉིད་སྤྲོས་པའི་མཐའ་བྲལ་ངང༔ སྙིང་རྗེའི་རང་མདངས་ཀུན་ལ་ཁྱབ༔ ཐུགས་རྗེའི་ཧཱུྃ་ཡིག་འོད་དུ་འབར༔ སྣོད་བཅུད་དངོས་འཛིན་ཐམས་ཅད་སྦྱང༔ ཨེ་ཡྃ་ར་སུྃ་ཡུམ་ལྔའི་མཁའ༔ རྃ་ལས་རྡོ་རྗེ་མེ་ཡི་གུར༔ བྷྲཱུྃ་ལས་དབང་གི་གཞལ་ཡས་ཁང༔ རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར༔ ལྟེ་བར་པད་ཉི་ཀླུ་རྒྱལ་སྟེང༔ ཧཱུྃ་ལས་དཔལ་ཆེན་རྟ་མཆོག་དཔལ༔ དམར་རྔམས་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་སྔོ་སྤྱན་དགུས་གཟིགས༔ རྟ་གདོང་ལྗང་གུ་མེ་འབར་བཞད༔ རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ༔ ཁ་ཊྭཱྃ་སྦྲུལ་ཕྱར་ཐོད་ཁྲག་རོལ༔ རལ་གྲི་མེ་འབར་ལྕགས་སྒྲོག་འཛིན༔ ཞབས་བཞི་རོལ་པའི་གར་དགུ་ལྡན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ ཁ་ཊྭཱྃ་ཐོད་ཁྲག་འཛིན་པས་འཁྱུད༔ ཕྱོགས་བཞིར་འཁོར་ལོ་དྲེགས་པའི་སྟེང༔ དབང་ཆེན་ཡབ་ཡུམ་རིགས་ཀྱི་མདོག༔ རང་རྟགས་ཕྱག་མཚན་རྒྱན་རྣམས་རྫོགས༔ སྒོ་བཞིར་དབང་གི་ཁྲོ་མོ་བཞི༔ ཁོར་ཡུག་སྤྲུལ་པའི་དམ་ཅན་ཚོགས༔ རྡོ་རྗེ་གསུམ་ལྡན་ཡེ་ཤེས་ལྔ༔ བླ་མ་རྒྱལ་ཀུན་འདུས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཿ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ༔ ལོངས་སྤྱོད་རབ་རྫོགས་དཔལ་ཆེན་པོ༔ དབང་ཆེན་སྤྲུལ་པའི་དཀྱིལ་འཁོར་ལྷ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ བཛྲ་ས་མ་ཛཿ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾཿ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ ཡེ་ཤེས་རོལ་པའི་མཆོད་སྤྲིན་ནི༔ ཕྱི་ནང་གསང་བ་བླ་ན་མེད༔ དབང་ཆེན་རོལ་པའི་ལྷ་ལ་འབུལ༔ བདེ་བ་ཆེན་པོར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་གུ་ཧྱ་པཱུ་ཛ་ཧོཿ ཧཱུྃ༔ ངོ་བོ་འགྱུར་བ་མེད་པའི་སྐུ༔ རང་གསལ་བདེ་ཆེན་དབང་སྐད་འཚེར༔ ཐུགས་རྗེ་མྱུར་བའི་འགྲོས་དང་ལྡན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་སྟེང་ཧྲཱིཿདམར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་བསྡུས༔ མ་མོ་མཁའ་འགྲོ་ལས་ལ་བཙུད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གདུག་པ་ཅན་རྣམས་ཚར་བཅད་ནས༔ ཐམས་ཅད་དཔལ་གྱི་ས་རུ་བཀོད༔ འགྲོ་བ་རྣམས་ཀྱི་སྒྲིབ་པ་སྦྱངས༔ སྣང་སྲིད་དབང་གི་སྐུ་གསུང་ཐུགས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོར་བསམ༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོདྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བསྙེན་སྒྲུབ་ལས་གསུམ་རྫོགས་པ་ཡི༔ སྔགས་འདི་ཆུ་བོའི་རྒྱུན་བཞིན་ཏུ༔ རྟ་ཡི་འགྲོས་སྐད་སྦྱར་བས་བཟླ༔ ས་མ་ཡ༔  ཞེས་བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། ཧཱུྃ་གིས་དཀྱིལ་འཁོར་དབྱིངས་སུ་བསྡུ༔ འོད་གསལ་ཐུགས་ཀྱི་ངང་དུ་གནས༔ ཕཊ་ཀྱིས་ལྷ་རུ་ལྷག་གེར་གསལ༔ ཨོཾ་ཨཱཿཧཱུྃ་གིས་གོ་བགོས་ནས༔ དག་པའི་སྣང་བས་སྟོང་པ་སྐྱོང༔ ཞེས་ལྷར་སྣང་འོད་གསལ་དུ་བསྡུས་ལ་ཐུན་མཚམས་ཀྱི་ལྷ་སྐུའི་ང་རྒྱལ་བཟུང༌། །གཉིས་པ་མདུན་བསྐྱེད་མགོན་པོའི་གཏོར་མཆོད་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ་གིས་བསང་སྦྱང༌། བྷྲཱུྃ་ལས་བྷཉྫ་འབར་བ་རུ༔ ཨོཾ་ཨཱཿཧཱུྃ་ལས་བྱུང་བ་ཡི༔ ཡེ་ཤེས་ལྔ་ཡི་བདུད་རྩི་དང༔ དགའ་བ་བཞི་ཡི་དམར་ཆེན་པོ༔ བདུད་རྩི་ཤ་ལྔ་བཟའ་བཅའི་ཚོགས༔ དུར་ཁྲོད་གསང་བའི་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ཞེས་བརླབས།  གསུམ་པ་ཕྲིན་ལས་དངོས་ལ་སྤྱི་དང༌། བྱེ་བྲག་གི་སྒྲུབ་ཚུལ་གཉིས་ལས་ཐོག་མར་མགོན་པོའི་ཕྱི་སྒྲུབ་གཙོ་འཁོར་སྤྱི་ལྟར་སྒྲུབ་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། ཆོས་རྣམས་དམིགས་མེད་མཐའ་བྲལ་བསྒོམ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེའི་ཧཱུྃ༔ འཕྲོ་འདུས་སྲུང་འཁོར་དུར་ཁྲོད་གནས༔ རབ་འཇིགས་ཕོ་བྲང་ཨེ་ཡི་ཀློང༔ འཁོར་ལོ་བྲག་ཆེན་པད་ཉིའི་སྟེང༔ ཡེ་ཤེས་མགོན་པོ་མཐིང་ནག་འབར༔ དབུ་གསུམ་གཡས་དཀར་གཡོན་དམར་ཞལ༔ སྤྱན་དགུ་རབ་བགྲད་ཁྲོ་གཉེར་བསྡུས༔ ཞལ་གདངས་ལྗགས་འདྲིལ་ཀྵིཾ་སྒྲ་སྒྲོགས༔ མཆེ་གཙིགས་སྨར་སྨིན་དབུ་སྐྲ་འབར༔ ཕྱག་དྲུག་དང་པོས་གྲི་ཐོད་དང༔ བར་བས་མདུང་དང་རྩེ་གསུམ་ཕྱར༔ ཐ་མས་རྔེའུ་ཆུང་ཞགས་པ་འཛིན༔ ཞབས་བཞི་འདོར་ཐབས་བགེགས་རྒྱལ་མནན༔ གཤོགས་པ་རབ་གདེངས་དུར་ཁྲོད་ཆས༔ ཁྱུང་དང་སྟག་གཟིག་དོམ་ནག་འཕྲོ༔ རེ་ཏི་མཐིང་ནག་གྲི་ཐོད་ཅན༔ མཉམ་སྦྱོར་མེ་ཡི་ཀློང་ན་བཞུགས༔ ཕྱོགས་བཞིར་དགྲ་བགེགས་བསྒྱེལ་བའི་སྟེང༔ དབང་ཕྱུག་ཛི་ན་མི་ཏྲ་དང༔ གཤིན་རྗེ་ཊཱ་ཀི་རཱ་ཛ་དང༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་དང༔ བདུད་མགོན་ཏྲག་ཤད་ནག་པོ་རྣམས༔ མཐིང་ནག་གྲི་གུག་ཐོད་ཁྲག་འཛིན༔ བེར་གསོལ་གསང་བའི་ཡུམ་དང་སྦྱོར༔ ཕྱོགས་སྐྱོང་རྒྱལ་ཆེན་དྲེགས་པས་བསྐོར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀཻ་གནྡྷེ་ནཻ་བི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང་༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོགས་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་མཁའ་དབྱིངས་རེ་མ་ཏཱི༔ ཛི་ན་མི་ཏྲ་སྐུ་ཡི་འཕྲུལ༔ ཊཱ་ཀི་རཱ་ཛ་གསུང་གི་མདངས༔ ཀྵེ་ཏྲ་པཱ་ལ་ཐུགས་སྤྲུལ་འགྱེད༔ ཏྲཀྴད་གཉིས་མེད་ཡེ་ཤེས་རྩལ༔ བྲན་ཏུ་འདུས་པ་དྲེགས་པའི་ཚོགས༔ ཡེ་ཤེས་རྣམ་པར་རོལ་པ་ཡི༔ མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད༔ དེ་ནས་བསྙེན་ཅིང་སྒྲུབ་པ་ནི༔ ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ པད་ཉིར་ཡེ་ཤེས་སེམས་དཔའ་དམར༔ འཇིག་རྟེན་དབང་ཕྱུག་ཞི་མ་ཁྲོ༔ རྡོར་དྲིལ་འཛིན་ཅིང་ཡུམ་དང་འཁྲིལ༔ དབང་གི་རྟ་སྐད་ཧི་ཧིར་བཞེད༔ སྲོག་གོར་ཉི་སྟེང་རྡོ་རྗེ་མཐིང༔ ལྟེ་བར་ཧྲཱིཿལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་དགྲ་བགེགས་བསྒྲལ༔ སྟོབས་དང་གཟི་བརྗིད་འབར་བ་ཡིས༔ དྲེགས་པ་ལས་ལ་བཀོལ་བར་བསམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱཾན་བི་ནཱ་ཡ་ཀ་ཧཱུྃ་ཕཊཿ འབུམ་ཕྲག་བཞི་ཡི་ལས་རྣམས་འགྲུབ༔ རང་གི་ཐུགས་ནས་འོད་འཕྲོས་པས༔ འཁོར་རྣམས་ལས་ལ་བསྐུལ་བར་བསམ༔ ཨོཾ་ཤྲཱི་དེ་ཝི་རེ་མ་ཏི་ཏྲག་རཀྵ་ཧཱུྃ་ཕཊ༔ ཅེས་ཡུམ་རེ་མ་ཏི་དང༌། ཨོཾ་ཛི་ན་མི་ཏྲ་ཧཱུྃ་ཧྲིཾ་ཧྲིཾ་ཛཿཛཿ ཞེས་དབང་ཕྱུག་ཛི་ན་མི་ཏྲ་དང༌། ཨོཾ་ཊཱ་ཀི་རཱ་ཛ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་གནོད་སྦྱིན་ཊཱ་ཀི་རཱ་ཛ་དང༌། ཨོཾ་ཀྵེ་ཏྲ་པཱ་ལ་ཛཿམ་མོ་རེ་ཏི་བྷྱོཿ ཞེས་ཞིང་སྐྱོང་ཀྵེ་ཏྲ་པཱ་ལ་དང༌། ཨོཾ་ཀརྨ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་དེ་ཝཱི་ཤཾ་ཁ་པཱ་ལ་ཏྲཀ་རཀྴ་བྷྱོ་ཛཿ ཞེས་བདུད་མགོན་ཏྲཀྴད་ཀྱི་སྔགས་རྣམས་ཅུང་ཟད་བཟླ། གཉིས་པ་ནང་གསུང་གི་སྒྲུབ་པ་ནི། རང་ཉིད་མགོན་པོ་གསལ་བར་བསྒོམ༔ དེ་ཡང་སྣང་སྟོང་འཇའ་ཚོན་བཞིན༔ རྣམ་རྟོག་བློ་ཡིས་མི་འཛིན་པར༔ ཡེ་ཤེས་རོལ་པའི་བརྡ་རྟགས་ལས༔ འཇིག་རྟེན་ཚུལ་གྱིས་བློ་ངན་སྤང༔ ཐ་མལ་སྣང་ཞེན་མི་དམིགས་པར༔ མགོན་པོ་དངོས་ཀྱི་ང་རྒྱལ་བསྐྱེད༔ ཐུགས་ཀར་སྔགས་ཀྱི་འཕྲོ་འདུ་བྱ༔ ཁྱད་པར་བྱང་སེམས་སྔགས་ཀྱི་གཟུགས༔ ཡབ་ཡུམ་ཞལ་བརྒྱུད་བདེ་ཆེན་བསྒོམ༔ འཛབ་ཀྱི་བཟླས་པ་རྒྱུན་མི་གཅད༔ ཅེས་དང༌། གསུམ་པ་གསང་བ་ཐུགས་ཀྱི་སྒྲུབ་པ་ནི། རང་ཉིད་མགོན་པོའི་སྐུར་བསྒོམས་ཏེ༔ རྩ་གསུམ་འཁོར་ལོ་བཞི་ལྡན་པའི༔ ཡར་སྣེ་མར་སྣེར་ཨ་ཧཾ་བསྒོམ༔ བུམ་པ་ཅན་གྱི་སྦྱོར་བ་ཡིས༔ གཏུམ་མོ་སྦར་ཞིང་བྱང་སེམས་བཞུ༔ དྭངས་མས་རྩ་འཁོར་ཐམས་ཅད་གང༔ བདེ་བའི་ངོས་བཟུང་ཀ་དག་བསྒོམ༔ རྩ་རླུང་བྱང་ཞིང་སྟོབས་ལྡན་ན༔ མཚན་ལྡན་ཕྱག་རྒྱ་རྒྱུད་སྦྱངས་ཤིང་༔ མགོན་པོ་ཡབ་ཡུམ་སྐུ་རུ་བསྒོམ༔ གསང་བ་རྡོ་རྗེ་པདྨར་གསལ༔ སྙོམས་འཇུག་རུས་སྦལ་འགྲོས་ཀྱིས་ཕབ༔ དགའ་བ་བཞི་པོ་ངོས་བཟུང་ཞིང༔ སེང་གེ་འགྱིང་བས་སྐྱིལ་བ་དང་༔ ཁྱུང་དང་རྩལ་སྤྲུགས་དག་གིས་འདྲེན༔ བྱ་རྒོད་སྒྱུར་བ་དག་གིས་བཀྲམ༔ ལྷུན་པོ་ལྟ་བུས་བརྟན་པར་བྱ༔ ཐོད་རྒལ་ངང་དུ་ཉམས་བསྐྱངས་བས༔ བདེ་ཆེན་སྤྲོས་བྲལ་རྟོགས་པར་འགྱུར༔ བཞི་པ་ཡང་གསང་ཡེ་ཤེས་ཀྱི་སྒྲུབ་པ་ནི། རང་ཉིད་མགོན་པོའི་སྐུར་གསལ་ཞིང༔ དེ་ཉིད་སྣང་སྟོང་ངང་ལ་བཞག༔ དེ་ཡང་ཧཱུྃ་གི་རང་བཞིན་གྱུར༔ སྟོང་གསུམ་ཐམས་ཅད་ཧཱུྃ་གིས་གང༔ བརྟན་གཡོ་ཧཱུྃ་གི་གཟུགས་སུ་གྱུར༔ ཧཱུྃ་གི་སྒྲ་གདངས་སྲིད་གསུམ་གཡོ༔ ཀུན་ཀྱང་རིག་པའི་ཧཱུྃ་ལ་ཐིམ༔ དེ་ཡང་དབྱིངས་ཀྱི་ཀློང་དུ་ཐིམ༔ དབྱིངས་རིག་དབྱེར་མེད་མཐའ་དབུས་བྲལ༔ བྱ་བྲལ་འོད་གསལ་ཟང་ཐལ་ལེ༔ རྩོལ་མེད་ངང་དུ་བཞག་པ་ཡིས༔ གང་ཤར་རང་གྲོལ་དམིགས་སུ་མེད༔ ཉམས་ལ་ཤར་བ་དེ་ཀ་བསྐྱང༔ འཛིན་མེད་རྒྱ་ཡན་ལྷུག་པར་གནས༔ དབྱིངས་ལས་འགྱུར་མེད་རིག་པའི་རྩལ༔ དབྱེར་མེད་མ་འདྲེས་ཐ་ལེར་གསལ༔ སྒྲ་ཚིག་བརྗོད་པའི་ཡུལ་ལས་འདས༔ དེ་ལྟར་རྟོགས་ན་མཐར་ཕྱིན་འགྲུབ༔ ཅེས་པ་རྣམས་གཏེར་གཞུང་རྡོ་རྗེའི་ཚིག་རྐང་སོར་བཞག་མཚོན་བྱེད་ཙམ་སྟེ་ཚུལ་བཞིན་ཉམས་སུ་ལེན་པ་ལ་ཁྲིད་ཟིན་ཉུང་གསལ་ཞིག་ལོགས་སུ་འབྲི་བར་སེམས་སོ།  །གཉིས་པ་བྱེ་བྲག་གི་སྒྲུབ་པ་ལ་གཙོ་འཁོར་གྱི་སྒོས་སྒྲུབ་གཉིས་ལས། དང་པོ་གཙོ་བོའི་སྒོས་སྒྲུབ་ཀྱི་དང་པོ་སྐུ་མགོན་དཀར་པོའི་ཚེ་སྒྲུབ་པ་ནི། སྟེགས་བུ་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་རིན་པོ་ཆེའི་བུམ་པ་སོ་ལྔའི་རྫས་ཀྱི་སུམ་ཉིས་བཀང་བའི་ཁར། ཨ་རུ་ར་དང་ར་མོ་ཤག༔ ལུག་མུར་དབང་ལག་བཙན་དུག་དང༔ འབྲི་མར་སྦྲང་དང་ཤ་ཆེན་དང༔ གུ་གུལ་ཡུངས་ཀར་སྦྱར་བ་ཡི༔ ཞེས་པའི་རྫས་མཆོག་བཅུ་སྦྱར་བའི་རིལ་བུའི་ཐོད་པ་མཚན་ལྡན་བཀང་བ་བཞག་པ་ཁ་དར་གྱིས་བཀབ། གཡས་སུ་ཚེ་འབྲས་དཀར་པོའི་བཀང་བའི་རིན་པོ་ཆེའི་སྣོད་ཀྱི་སྟེང་ཚེ་འབྲང༌། གཡོན་དུ་བྷནྡྷ་ཚེ་ཆང་གིས་བཀང་བ་མར་གྱི་གཟེད་ཁ་ཅན། རྒྱབ་ཏུ་ཚེ་མདའ་དར་སྣས་བརྒྱན་པ་ལ། གཏོར་མ་དཀར་ཟླུམ་འཁོར་བཞི་ཅན་དང༌། སྨན་རཀ་དང་ཉེར་སྤྱོད་མཆོད་པས་བཀོད་མཛེས་སུ་བསྐོར་ལ། ལས་རིམ་དངོས་ནི། བརྒྱུད་འདེབས་མགོན་མཐིང་ལྟར་བཏང་ལ། ན་མོ༔ བླ་མ་ཡེ་ཤེས་མགོན་པོ་དང༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། བསགས་སྦྱངས་ལན་གསུམ་མཐར། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཚད་མེད་བཞིའི་རྒྱུད་སྦྱངས་ལན་གསུམ་མཐར། རྃ་ཡྃ་ཁྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུའི། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གིས་ཕྱི་མཆོད་དང༌། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ་གིས་ནང་མཆོད་བྱིན་གྱིས་བརླབས། དངོས་གཞི་བདག་ཉིད་ལྷར་བསྒོམ་པ་ནི། ཧཱུྃ༔ ཕྱོགས་མཚམས་རྡོ་རྗེའི་གུར་ཁང་དབུས༔ སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ༔ བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང༔ རྡོ་རྗེ་ཕྱེད་པའི་ཁ་ཆོད་ཅན༔ དེ་ནང་ཉི་ཟླའི་གྭའུའི་དབུས༔ གྲི་གུག་འབར་བའི་ལྟེ་བ་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་མགོན་པོ་ཚེ་ཡི་བདག༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཉིས་ཐལ་སྦྱར་ཚེ་བུམ་འཛིན༔ ཞབས་གཉིས་ཙནྡན་འཁྱིལ་སྟབས་བཞུགས༔ དུར་ཁྲོད་འབར་བའི་ཆས་ཀྱི་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་དང་སྦྱོར༔ འདབ་མ་བཞི་ལ་རིགས་བཞི་ཡི༔ མཁའ་འགྲོ་དཀར་སེར་དམར་ལྗང་བཞི༔ གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ བདེ་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་ ནོར་སྒྲུབ་སྐབས། འདོད་དགུའི་དངོས་གྲུབ་སྩོལ། དབང་སྡུད་སྐབས། དབང་གི་དངོས་གྲུབ་སྩོལ། ལས་སྣ་ཚོགས་སྐབས། བཞེས་ནས་རབ་འབྱམས་ལས་ཀུན་སྩོལ༔ དྲག་མགོན་ནག་པོར། བཞེས་ནས་མངོན་སྤྱོད་ལས་ཀུན་སྩོལ༔ ཚེ་ཡི་དངོས་གྲུབ་སྩོལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོག་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཟླ་བ་ལྟར་དཀར་འཆི་མེད་བདུད་རྩིའི་རྒྱུན༔ བདེ་གཤེགས་རྒྱལ་བའི་ཀུནྡ་འདུས་པའི་བཅུད༔ ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཔལ༔ འཆི་བདག་བདུད་འཇོམས་ཁྱེད་ལ་ཕྱག་འཚལ་བསྟོད༔ དགའ་བཞི་བདེ་བ་ཆེན་པོ་སྨིན་པའི་གཟུགས༔ ཕྱག་རྒྱ་བཞི་ཡི་ཆོ་འཕྲུལ་རྨད་བྱུང་བས༔ ཚད་མེད་ དབང་སྡུད་སྐབས། ཚད་མེད་རྣམ་བཞིའི་དབང་གི་དངོས་གྲུབ་སྩོལ། མགོན་ལྗང་དང་མགོན་ནག་སྐབས་བསྟོད་པའི་ཚིག་ཐ་མ། ཐོགས་མེད་ཕྲིན་ལས་རྣམ་བཞིའི་གཟུགས། །སྤྲུལ་པའི་ལས་བྱེད་ཕོ་ཉ་བཞི། །ཕྱོགས་སྐྱོང་རྒྱལ་ཆེན་དཔལ་མགོན་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །རྣམ་བཞིའི་ཡེ་ཤེས་ཚེ་མཆོག་སྩོལ༔ འཁོར་གྱི་མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད༔ བཟླས་རིམ་དངོས་ནི། ཐུགས་ཀར་ཉི་ཟླའི་གྭའུའི་དབུས༔ མི་འགྱུར་ཚེ་སྲོག་རིག་པ་གསུམ༔ འོད་ཟེར་ཀུན་ཏུ་འཕྲོས་པ་ཡིས༔ འཕགས་པའི་ཚེ་ཡི་དངོས་གྲུབ་དང༔ འཁོར་བའི་ཚེ་སྲོག་བསོད་ནམས་དང༔ འབྱུང་ལྔའི་བཅུད་དང་དྭངས་མ་དང༔ རང་གི་བླ་ཚེ་སྲོག་དབུགས་རྣམས༔ གཞན་གྱིས་བརྐུས་པ་ཐམས་ཅད་འཕྲོག༔ མ་ལུས་བདུད་རྩིའི་རྣམ་པར་བསྡུས༔ བུམ་པའི་ཁ་ཕྱེ་ཕྱི་ནང་གང༔ རང་གི་ལུས་ངག་ཡིད་ལ་ཐིམ༔ འཁོར་འདས་ཚེ་ཡི་བཅུད་འདུས་ནས༔ སྔར་ལས་གཟི་བརྗིད་ཆེར་འབར་ཞིང༔ རྡོ་རྗེའི་རྡུལ་ཕྲན་དུ་མས་གཏམས༔ བུམ་པའི་ཁ་བསྒྲིགས་མེ་འབར་བ༔ རྡོ་རྗེའི་ཚྭ་ཚྭས་བར་ཆད་བསྲུང༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རེ་མ་ཏི་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ༔ ཞེས་བཟླ་ཐུན་མཐར་མདའ་དར་གཡབ་ལ། ཧཱུྃ༔ བདེ་ཆེན་འབར་བའི་དབྱིངས་ཀྱི་ལྷ༔ ཡེ་ཤེས་མགོན་པོའི་ཐུགས་དམ་བསྐུལ༔ འཁོར་འདས་ཚེ་ཡི་བཅུད་རྣམས་བསྐུལ༔ ཚེ་བདུད་ཐམས་ཅད་རྡུལ་དུ་རློག༔ བླ་ཚེ་བརྐུས་པ་ཐམས་ཅད་ཁུག༔ ཧཱུྃ༔ ཡུམ་ཆེན་ལྷ་མོ་རེ་མ་ཏི༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ འཁོར་འདས་ཚེ་ཡི་བཅུད་རྣམས་སྡུས༔ ཚེ་བདུད་ཐམས་ཅད་རྡུལ་དུ་རློག༔ བླ་ཚེ་བརྐུས་པ་ཐམས་ཅད་ཁུག༔ ཧཱུྃ༔ འཁོར་གྱི་མཁའ་འགྲོ་ཆེན་མོ་བཞི༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ འཁོར་འདས་ཚེ་ཡི་བཅུད་རྣམས་སྡུས༔ ཚེ་བདུད་ཐམས་ཅད་རྡུལ་དུ་རློག༔ བླ་ཚེ་བརྐུས་པ་ཐམས་ཅད་ཁུག༔ ཨོཾ་མ་ཧཱ་ཀཱ་ལ་རེ་མ་ཏི་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ༔ ཞེས་སྦྱར། སྐུ་གསུང་ཐུགས་ཀྱི་གཟི་བྱིན་སྤྲིན། །འབར་བའི་སྣང་བ་ལས་གྲུབ་པའི། །རྡོ་རྗེ་རྡུལ་གྱི་གོ་ཆས་གཏམས། །ཅིས་ཀྱང་མི་ཆོད་རབ་ཏུ་བརྟན།  ཡེ་དྷརྨས་རྒྱས་གདབ་བྱ། ཚོགས་དང་བསྐང་བ་མགོན་མཐིང་ལྟར་བྱ་ཞིང༌། སྒྲུབ་པ་གྲུབ་པའི་ཉིན་བུམ་ཐོད་སྤྱི་བོར་བཞག་ལ། ཨོཾ༔ ཡེ་ཤེས་མགོན་པོའི་ལྷ་ཚོགས་རྣམས༔ རྟག་པ་མི་འགྱུར་ཚེ་ཡི་ལྷ༔ བདེ་བ་ཆེན་པོའི་མཁའ་དབྱིངས་ནས༔ འཆི་མེད་རྡོ་རྗེའི་ཚེ་སྩོལ་ལ༔ བགྲེས་རྒུད་མེད་པའི་དབང་བསྐུར་ཅིག༔ སྙིང་པོའི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་ལྷ་ཚོགས་ཐམས་ཅད་ཀུན༔ མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་རྒྱུན༔ བླུག་ཅིང་བདག་དང་དབྱེར་མེད་གྱུར༔ ཞེས་དམིགས་ཏེ་ཚེ་གལ་དང་རིལ་ཆང་རྣམས་མྱངས་མཐར། ཨོཾ༔ འགྲུབ་པར་གྱུར་ཅིག་སོགས། ཤིས་བརྗོད་བཅས་བྱའོ།  །འདི་ལ་བརྟེན་ནས་དམིགས་བསལ་ཚེ་དབང་བྱ་བར་འདོད་ན། ཁྲུས་བགེགས་སྲུང་འཁོར་སྔོན་དུ་འགྲོ་བས། ལོ་རྒྱུས་ཀྱི་ཁྱད་པར། སྒྲུབ་བྱའི་གཞི་རླུང་ཐིག་སེམས་དང་ཡེ་ཤེས་ཀྱི་ཚེ་རྣམས་ཉམས་པ་གསོ་ཞིང༌། ནུས་སྟོབས་འཕེལ་རྒྱས་བརྟན་པའི་ཐབས་སུ་ལྷ་སྔགས་ཏིང་འཛིན་གྱི་ནུས་པ་སྟོབས་སུ་གྱུར་པས་སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་འཕོ་མེད་རྡོ་རྗེའི་སྲོག་སྒྲུབ་པའི་ཐབས་དང་མན་ངག་བཀའ་གཏེར་གྱི་གཞུང་རབ་འབྱམས་ལས་བསྟན་པའི་བྱེ་བྲག །གསུང་རྡོ་རྗེ་འོད་དཔག་མེད་པའི་ཕྲིན་ལས་ཀྱི་སྐྱ་རེངས་འཕགས་མཆོག་པདྨ་གར་དབང་བཀའ་སྲུང་ཡེ་ཤེས་མགོན་པོའི་སྐུར་བཞེངས་པ་མཚན་དང་སྐུ་ཡི་བཀོད་པ་རིགས་ལྔ་ལས་སྐུ་དེ་བཞིན་གཤེགས་རིགས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བ་ལ་བསྔགས་པའི་ཡེ་ཤེས་མགོན་པོ་དཀར་པོ་ལ་བརྟེན་ནས་ཚེ་ཡི་བྱིན་རླབས་དབང་བསྐུར་བགྱི་བ་ལ་མཎྜལ་ཕུལ། གསོལ་གདབ། སྐྱབས་སེམས་བསགས་སྦྱངས། སློབ་མ་མགོན་དཀར་དུ་བསྐྱེད་ལ་ཡེ་ཤེས་དབབ་བསྟིམ། ཚེ་འགུགས་ཀྱི་རྗེས། ཨོཾ༔ ཡེ་ཤེས་མགོན་པོའི་ལྷ་ཚོགས་རྣམས༔ རྟག་པ་མི་འགྱུར་ཚེ་ཡི་ལྷ༔ བདེ་བ་ཆེན་པོའི་མཁའ་དབྱིངས་ནས༔ འཆི་མེད་རྡོ་རྗེའི་ཚེ་སྩོལ་ལ༔ བགྲེས་རྒུད་མེད་པའི་དབང་བསྐུར་ཅིག༔ སྙིང་པོའི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ། ཐོད་རྫས། ཚེ་རིལ་ཆང་གཏད་ཅིང༌། རྒྱས་གདབ། གཏང་རག་དམ་ཚིག་ཁས་བླང་སོགས་བྱས་ཀྱང་མི་རུང་བ་མེད་དོ།  །ཡང་ཚེ་སྲུང་འཁོར་ལོ་བྲི་བར་འདོད་ན་འཁོར་ལོ་རིམ་པ་ལྔ་བསྐོར་བའི་ལྟེ་བར། ཨ་ནྲྀ་ཧཱུྃ་སྟེ་ཚེ་ཡི་སྙིང་པོ་གསུམ། དེའི་ཕྱིའི་མུ་ཁྱུད་ལ། མདུན་ནས་བརྩམས་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རེ་མ་ཏི་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ༔ ཞེས་པའི་གཟུངས་སྔགས་ཀྱིས་བསྐོར། དེའི་ཕྱི་པད་འདབ་བཞིའི་སྟེང༌། ཧ་རི་ནི་ས་རིགས་བཞིའི་མཁའ་འགྲོ། མཐའི་མུ་ཁྱུད་ལ། དབྱངས་གསལ་རྟེན་སྙིང་གི་མཐར། མྱུར་མཛད་ཡེ་ཤེས་ཀྱི་སྐུ་ཡི་མགོན་པོ་ཡབ་ཡུམ་རིགས་བཞིའི་མཁའ་འགྲོ་དང་བཅས་པས་བདག་འཆང་བ་པོ་ལ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་ནུས་པ་བསྐྱེད་བརྟན་དང་འདོད་གསོལ་བཅས་པས་བསྐོར། དེའི་ཕྱིར་རྡོ་རྭ་མེ་རིས་བསྐོར་ཞིང༌། གོང་གི་ཚེ་རྫས་ཀྱིས་བྱུགས་ལ་རབ་ཏུ་གནས་པ་ལུས་ལ་བཅངས་པས་ཚེ་ཡི་དཔལ་བསྐྱེད་ཅིང་འགལ་རྐྱེན་སྲུང་བའོ།  ༈  གཉིས་པ་ཡོན་ཏན་མགོན་པོ་སེར་པོའི་སྒེར་སྒྲུབ་ནི། རྒྱས་པའི་ལས་ལ་ཤིས་པའི་གནས་སུ་རིན་པོ་ཆེའི་བུམ་པའི་ནང་དུ་གཞུང་མཐུན་གྱི་སྐུའི་རྒྱབ་ཏུ་སྔགས་བྱང་བྲིས་པ་དང༌། ཉེར་ལྔའི་རྫས་དང་རིན་པོ་ཆེ་འབྲུ་སྨན་དར་ཟབ་སོགས་བཀྲ་ཤིས་གཏེར་བུམ་རྫས་ཀྱིས་ཕྱུར་བུར་གཏམས་པ་དང༌། འབྲང་རྒྱས་སེར་པོ་ནོར་གཟུགས་ཟས་སྣས་བཟང་དགུས་བསྐོར་བ་དང༌། སྨན་རཀ་ཉེར་སྤྱོད་ཀྱིས་བསྐོར་བ་བཀོད་མཛེས་བརྗིད་དང་ལྡན་པར་བཤམས་ལ། སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་གོང་ལྟར་བྱས་ལ། ལྷ་བསྐྱེད་དངོས་གཞི་ནི། མདུན་རྟེན་བསང་སྦྱངས། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ ནང་དུ་ཀུན་བཟང་མཆོད་སྤྲིན་གཏིབས༔ རིན་ཆེན་འབར་བའི་གདན་སྟེང་དུ༔ ཡེ་ཤེས་མགོན་པོ་ནོར་བདག་སེར༔ ཤ་རྒྱས་གསུས་ཆེ་ཕྱག་གཉིས་ཀྱིས༔ ནོར་བུ་དབྱིག་གི་གཏེར་ཆེན་འཛིན༔ ཡུམ་སེར་རིན་ཆེན་འཛིན་དང་འཁྲིལ༔ འཁོར་དུ་རྒྱལ་པོ་ཆེན་པོ་བཞི༔ རིན་ཆེན་གཏེར་གྱི་རྐྱལ་པ་བསྣམས༔ དགྱེས་ཆགས་དར་དང་རིན་ཆེན་བརྒྱན༔ ཀུན་ཀྱང་སྐྱིལ་ཀྲུང་ཕྱེད་པས་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ བདེ་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་འདོད་དགུའི་དངོས་གྲུབ་སྩོལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོག་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ གསེར་གྱི་ལྷུན་པོ་ཉི་འོད་འབུམ་གྱིས་འཁྱུད༔ འདོད་པའི་དོན་སྟེར་ནོར་བུའི་ཆར་ཆེན་བསྙིལ༔ དཔག་བསམ་ཤིང་གནས་དགོས་འདོད་སྦྱིན་པའི་ཡུམ༔ དངོས་གྲུབ་ཆུ་གཏེར་ཟད་མེད་ཁྱོད་ལ་བསྟོད༔ དཔལ་གྱི་བཀའ་ཉན་ཕྱོགས་བཞིའི་འཇིག་རྟེན་སྐྱོངས༔ ལས་བཞིའི་ཕྲིན་ལས་གང་བཅོལ་ཐོགས་མེད་སྒྲུབ༔ བསྡུ་དངོས་བཞི་ཡི་འགྲོ་བའི་དོན་མཛད་ལྷ༔ བཀའ་སྡོད་རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད༔ བསྙེན་དམིགས་ནི། ཐུགས་ཀར་རིན་པོ་ཆེ་ཡི་དབུས༔ ཧཱུྃ་ལས་འོད་ཟེར་བསམ་ཡས་འཕྲོས༔ སྤྲུལ་པ་ཉི་ཟེར་རྡུལ་ལྟར་འཚུབས༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱིས༔ བསོད་ནམས་ལོངས་སྤྱོད་མ་ལུས་བསྡུས༔ བདག་དང་བརྟན་གཡོ་རྫས་ལ་ཐིམ༔ བསོད་ནམས་དཔལ་དུ་འབར་བ་དང༔ ལོངས་སྤྱོད་མཚོ་ལྟར་རྒྱས་པར་བསམ༔ ཨོཾ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱཾ་བི་ནཱ་ཡ་ཀ༔ ཤྲཱི་དེ་བཱི་རེ་མ་ཏི་ཏྲག་རཀྴ༔ ཌྷྲིཥྚ་རཱཥྚ་ཡ༔ བཻ་རཱུ་ཌྷ་ཀ་ཡ༔ བི་རཱུ་པཱཀྵ་ཡ༔ བཻ་ཤྲ་བ་ཎཱ་ཡ༔ མ་ཧཱ་པུཎྱེ་ཀཱ་མ་གུ་ཎ་སརྦ་རཏྣ་ཧཱུྃ་ཧཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཟླས་པ་ཇི་ཙམ་ནུས་པའི་མཐར། མདའ་དར་གཡབ། དྲི་བཟང་གི་སྤོས་དང་སྙན་པའི་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ༔ བསོད་ནམས་ཚོགས་གཉིས་རྫོགས་པའི་ལྷ༔ འདོད་རྒུའི་མཆོག་སྩོལ་ནོར་གྱི་བདག༔ དབུལ་བ་ཀུན་སེལ་རིན་ཆེན་གཏེར༔ ཡེ་ཤེས་མགོན་པོའི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔ ཧཱུྃ༔ ཁམས་གསུམ་ཀུན་ལ་དབང་བྱེད་པའི༔ རེ་མ་ཏི་ཡི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔ ཧཱུྃ༔ ཤར་གྱི་ཕྱོགས་རྣམས་སྐྱོང་བའི་རྗེ༔ ཡུལ་འཁོར་སྲུང་བའི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔  ཧཱུྃ༔ ལྷོ་ཡི་ཕྱོགས་རྣམས་སྐྱོང་བའི་རྗེ༔ འཕགས་སྐྱེས་པོ་ཡི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་རྣམས་སྐྱོང་བའི་རྗེ༔ སྤྱན་མི་བཟང་གི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔ ཧཱུྃ༔ བྱང་གི་ཕྱོགས་རྣམས་སྐྱོང་བའི་རྗེ༔ རྣམ་ཐོས་སྲས་ཀྱི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔ ཨོཾ་མ་ཧཱ་ཀཱ་ལ་སོགས་བསྙེན་སྔགས་བཟླ། ཡེ་དྷརྨས་བརྟན་པར་བྱས་ལ་མེ་ཏོག་འཐོར། གཏོར་འབུལ། བསྐང་བཤགས་སོགས་མགོན་མཐིང་ལྟར་རྒྱས་པར་བྱ། སྒྲུབ་ཞག་རྫོགས་པ་དང༌། ཨོཾ༔ བསོད་ནམས་དཔལ་དུ་འབར་བའི་ལྷ༔ ཡེ་ཤེས་མགོན་པོ་ཡབ་དང་ཡུམ༔ རྒྱལ་པོ་ཆེན་པོ་སྡེ་བཞི་ཡིས༔ མི་ཟད་རིན་ཆེན་གཏེར་གྱི་དབང༔ རྣལ་འབྱོར་བདག་ལ་བསྐུར་དུ་གསོལ༔ སྔགས་ཀྱི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ རྟེན་རྣམས་གནས་གསུམ་དུ་བཞག་ལ་དངོས་གྲུབ་བླངས་མཐར། གཏེར་བུམ་དང་འབྲང་རྒྱས་རྣམས་མཛོད་ཕུག་ཏུ་སྦས་ལ། ཨོཾ༔ མི་ཟད་རིན་ཆེན་གཏེར་གྱི་ཕོ་བྲང་དུ༔ ཡེ་ཤེས་མགོན་པོའི་ལྷ་ཚོགས་བརྟན་པར་བཞུགས༔ སྒྲུབ་པ་པོ་ལ་འགོ་ཞིང་སྲུང་བ་དང༔ ཟས་གོས་ནོར་གྱི་དངོས་གྲུབ་རྒྱུན་དུ་སྩོལ༔ ཞལ་ནས་གསུངས་པའི་ཤིས་པ་བརྗོད་ཅིང་མེ་ཏོག་གཏོར་བས་འདོད་དགུ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ།  ༈  གསུམ་པ་གསུང་མགོན་དམར་པོ་ལ་བརྟེན་ནས་དབང་གི་ཕྲིན་ལས་སྒྲུབ་པ་ནི། སྒྲུབ་གནས་རི་བྲག་དམར་ཞིང་མེ་ཏོག་དམར་པོའི་ཚལ་སོགས་ཡིད་དུ་འོང་བའི་གནས་སུ་སྒྲུབ་པའི་རྟེན་མྱོས་བྱེད་ཀྱིས་སྦྲུས་པའི་དབང་གི་གཏོར་མ་དམར་པོ་ཟླ་གམ་འཁོར་རང་འདྲ་བཞིའི་བསྐོར་བ་མངར་གསུམ། ལ་དུ་སོགས་ཡིད་བསྒྱུར་ཟས་སྣས་བསྐོར་བ་དང༌། བྷཉྫ་མཚན་བཟང་དུ་རཀྟ་དང་སིནྡྷུ་ར་ཆང་སྣས་བཀང་བ་དར་དམར་གྱི་བཀབ་པ་ལ་སྨན་རཀ །ཉེར་སྤྱོད་ཀྱིས་བསྐོར་ཞིང་བཤམས། སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་སྔར་ལྟར་ལ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བདེ་ཆེན་རྩལ། བྷྲཱུྃ་ལས་ཟླ་གམ་དམར་པོའི་ནང༔ དབང་མཛད་མགོན་པོ་བྱེ་རུའི་མདོག༔ ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ མེ་ཏོག་དམར་པོ་རུས་པས་བརྒྱན༔ པདྨ་དམར་པོ་ཉི་མའི་སྟེང༔ བདེ་བའི་ཉམས་ཀྱིས་བརྐྱང་བསྐུམ་གར༔ ཡུམ་དམར་ཞགས་པ་འཛིན་དང་འཁྲིལ༔ དབང་མཛད་ལྷ་མོའི་རིགས་བཞི་དམར༔ ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ འོད་ཟེར་དམར་པོའི་ཀློང་ན་བཞུགས༔ སྤྱན་འདྲེན་བཞུགས་གསོལ་མཆོད་པ་སྔར་བསྟོད་པ་བཅས་སྐུ་མགོན་ལྟར་ལ། རཱ་གའི་ལྷུན་པོ་ཆགས་པའི་དམར་འོད་འབར༔ འགུགས་པའི་ལྕགས་ཀྱུ་མང་པོ་སྐར་ལྟར་འཁྲུགས༔ སྲིད་གསུམ་སྡུད་པའི་རླུང་དམར་ལ་གནས་ཡུམ༔ ཁམས་གསུམ་དབང་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྙེན་པའི་སྐབས། ཐུགས་ཀར་ཉི་སྟེང་ཨཾ་ཡིག་ལས༔ ཧྲིཾ་ཡིག་ལྕགས་ཀྱུའི་ཚོགས་འཕྲོས་ཤིང༔ གང་ཡིན་ནྲྀ་ལ་ཐིམ་པས་ཆགས༔ ལྕགས་ཀྱུའི་བཟུང་བས་དབང་དུ་བསྡུས༔ འོད་ཟེར་ཞགས་པའི་དབྱིབས་ཅན་གྱིས༔ ཕོ་ཡི་སྤྱི་བོ་མོ་གསང་ནས༔ དྲངས་ཏེ་ཐུགས་སྲོག་ཨཾ་ལ་ཐིམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨཱཾ་ཨ་རོ་ལྀཀ་རེ་མ་ཏི་ཌཱ་ཀི་ནཱི་ཀཱ་མ་ནྲྀ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཞེས་བཟླས། རྫས་ཁབ་ལེན་གྱི་རྡོ་དང་སིནྡྷུ་ར་ཞིབ་བཏགས་བྷནྡྷའི་སྣོད་དུ་བླུགས་ལ་སྔགས་བཏབ་པ་དཔྲལ་བར་བྱུགས་པ་དང༌། རིལ་བུ་བྱས་ཏེ་ཁོང་དུ་བཏང་བས་གང་དགོས་པ་དེ་དབང་དུ་འགྱུར་བ་དང༌། ལས་ཀྱི་བོགས་འབྱིན་མེ་མཆོད་བྱེད་ན། ནུབ་ཕྱོགས་བྲག་རི་དམར་པོ་ལས་བླང་བའི་ས་ཡི་སྟེགས་བྱས་པར་སྨད་འཚོང་མའི་མལ་སའི་ས་ཡིས་བྱུག་པའི་དབང་གི་ཐབ། མཛད་འཕྲོར་ལུས།  ༈  བཞི་པ་ཕྲིན་ལས་མགོན་པོ་ལྗང་གུའི་ལས་སྣ་ཚོགས་སྒྲུབ་པའི་ཚུལ་ནི། གནས་ཁང་གི་གུང་དུ་རྟེན་བཀྲམ་པའི་མདུན་དཔལ་གཏོར་རྒྱན་ལྡན། སྨན་རཀ་ཉེར་སྤྱོད། གཏོར་འབུལ་རྣམས་བཤམས་ལ། སྐྱབས་སེམས་ནས་བརྩམས་མཆོད་པ་བྱིན་རླབས་བར་སྔར་ལྟར་ལ། ཤཱུ་ནྱ་ཏའི་སྔགས་བརྗོད་ལ། སྟོང་པའི་ངང་ལས་སྣོད་བཅུད་ཀུན༔ བདེ་ཆེན་ལོངས་སྤྱོད་རྒྱས་པའི་དབུས༔ ཡྃ་ལས་རླུང་གི་རྒྱ་གྲམ་སྟེང༔ ཧཱུྃ་ལས་ལས་ཀྱི་མགོན་པོ་ལྗང༔ རལ་གྲི་དང་ནི་ཞགས་པ་འཛིན༔ ཡུམ་ལྗང་གྲི་ཞགས་འཛིན་དང་འཁྲིལ༔ གཉིས་ཀ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕྱོགས་བཞིར་དགྲ་བགེགས་བསྒྱེལ་བའི་སྟེང༔ དབང་ཕྱུག་ཛི་ན་མི་ཏྲ་དང༔ གཤིན་རྗེ་ཊཱ་ཀི་རཱ་ཛ་དང༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་དང༔ བདུད་མགོན་ཏྲག་ཤད་ནག་པོ་རྣམས༔ མཐིང་ནག་གྲི་གུག་ཐོད་ཁྲག་འཛིན༔ བེར་གསོལ་གསང་བའི་ཡུམ་དང་སྦྱོར༔ ཕྱོགས་སྐྱོང་རྒྱལ་ཆེན་དྲེགས་པས་བསྐོར༔ ལས་བྱེད་འབུམ་ཕྲག་རླུང་ལྟར་འཕྱོ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་རབ་འབྱམས་ལས་ཀུན་སྩོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང་༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོགས་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་མཁའ་དབྱིངས་རེ་མ་ཏཱི༔ ཛི་ན་མི་ཏྲ་སྐུ་ཡི་འཕྲུལ༔ ཊཱ་ཀི་རཱ་ཛ་གསུང་གི་མདངས༔ ཀྵེ་ཏྲ་པཱ་ལ་ཐུགས་སྤྲུལ་འགྱེད༔ ཏྲཀྴད་གཉིས་མེད་ཡེ་ཤེས་རྩལ༔ བྲན་ཏུ་འདུས་པ་དྲེགས་པའི་ཚོགས༔ ཡེ་ཤེས་རྣམ་པར་རོལ་པ་ཡི༔ མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད༔ སྣ་ཚོགས་གཟུགས་འཆང་འདོད་དགུ་མྱུར་བའི་ལུས༔ རྣལ་འབྱོར་སྒྲུབ་པོས་འདོད་པའི་དོན་གསོལ་ཚེ༔ དམ་ཚིག་ཅན་ལ་རྒྱལ་བའི་བཀའ་བཞིན་ཁུར༔ འདོད་པའི་དོན་སྒྲུབ་ཁྱོད་ལ་ཕྱག་འཚལ་བསྟོད༔ མགོན་པོའི་བཀའ་སྡོད་ཕྲིན་ལས་ཐོགས་མེད་སྒྲུབ༔ མཐུ་སྟོབས་ནུས་པས་ལས་ཀུན་མངའ་དབང་བསྒྱུར༔ ཕྱོགས་སྐྱོང་རྒྱལ་ཆེན་བཞི་དང་གཙང་རིས་ཀྱི༔ དཔལ་མགོན་སྡེ་བརྒྱད་ཕོ་ཉར་ཕྱག་འཚལ་བསྟོད༔ བཟླས་པ་ནི། རང་གི་ཐུགས་ནས་འོད་འཕྲོས་པས༔ འཁོར་རྣམས་ལས་ལ་བསྐུལ་བའི་མཐུས༔ བདུད་རྩིའི་བུམ་པས་ཁྲུས་བྱས་པས༔ ནད་གདོན་མི་མཐུན་གྲིབ་ཀུན་བཀྲུས༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་བསྡུས༔ ཟས་ནོར་འབྲུ་ཡི་ཆར་པ་བབ༔ སྲིད་པའི་རླུང་དམར་ཞགས་པ་འཕངས༔ གང་འདོད་ཐམས་ཅད་གནས་འདིར་བཀུག༔ སྤྲུལ་པའི་དམག་ཚོགས་མཚོན་ཆར་འཕྲོས༔ དགྲ་བགེགས་ཆོམ་རྐུན་ཐལ་བར་བརླག༔ ཕས་ཀྱི་བྱད་ཁ་ཐམས་ཅད་ནི༔ འཁོར་ལོ་འབར་བའི་མཚོན་གྱིས་གཏུབས༔ འོད་ཟེར་སྤྲུལ་པས་མནན་གཏད་བཀྲོལ༔ གང་འདོད་ཕྲིན་ལས་སྒྲུབ་པར་བསམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱཾ་བི་ནཱ་ཡ་ཀ་ཤྲཱི་དེ་བཱི་རེ་མ་ཏི་ཏྲཀ་རཀྴ་ཛི་ན་མི་ཏྲ་ཊཱ་ཀི་རཱ་ཛ་ཀྵེ་ཏྲ་པཱ་ལ་ཏྲཀྴད་མ་མ་ཏིང་ལཾ་མ་བྷྱོ༔ རཀྴ་རཀྴ༔ ཡཀྴ་ཡཀྴ༔ ཨིནྡྲ་ཡ༔ ཨགྣ་ཡེ༔ ཡ་མཱ་ཡ༔ ནིར་ཏྱ༔ བཱ་རུ་ཎཱ་ཡ༔ ཝཱ་ཡ་བེ༔ ཀུ་བེ་རཱ་ཡ༔ ཨཱི་ཤྭ་ནཱ་ཡ༔ ཨུརྡྷཾ་པྲ་ཧྨ༔ བྷཱུ་མི་པ་ཏི༔ སཱུརྻ་ཙནྡྲ༔ དྷྲྀཥྚཱ་རཱཥྚ་ཡ༔ བཻ་རུ་དྷ་ཀཱ་ཡ༔ བི་རཱུ་པཀྵཱ་ཡ༔ བཻ་ཤྲཱ་བཎཱ་ཡ༔ ཨཿཡཿམཿདུཿརུཿཙཿཤཿནཿ ཤཱིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཕཊ༔ ཨེ་ས་བྷྱོ་ཟློག༔ ཀཱ་ཝཱ་ཙི་ཕྱེས་ཕྱེས་ཁྲོལ་ཁྲོལ༔ ཤག་ཤག་བྱེར་བྱེར༔ སྟྭཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཛམྦྷ་ཡ་བྱེར༔ ཤིག་ཤིག་ཁྲོལ་ཁྲོལ༔ སྔགས་རིང་མཐར། ཨོཾ་ནཱ་ག་རཱ་ཛ་སརྦ་ནཱ་ག་ནཱ་གི་ཆར་ལ་བསྐུལ༔ བྷ་རི་ཤ་ཡ་ཕོབ་ཕོབ༔ ཞེས་བཏགས་པ་གྲངས་བསགས། ཁ་ཆར་གཅོད་པ་དང་སད་སྲུང་ལ། ཨོཾ་ལོ་ཀ་སརྦ་སྙིང་ལ་ཡ་ཡ༔ བྷ་རི་ཤ་ཡ་ཟློག་ཟློག༔ སྤྲིན་སྡུད་དེ་ལོ་ཏོག་ལ་སད་སྲུང་ན། ཨོཾ་ནཱ་ག་རཱ་ཛ་ག་ལེ༔ དུམ་པ་ལེ༔ འདུ་འདུ་ཧོ༔ ནད་ཞི་བ་ལ། ཨོཾ་སརྦ་རོ་ག་ཤཱིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ རིམས་སོགས་ནད་སྲུང་བ་ལ། ཨོཾ་སརྦ་རོ་ག་རྦད་རྦད་བྷྱོ་བྷྱོ་རཀྵ་རཀྵ༔ དམ་སྲི་བསྐྲད་ཅིང་སྲུང་བ། ཨོཾ་ཏྲི་གམ་པ་རི་མ་ར་ཡ་ཕཊ༔ རྒྱལ་འགོང་གི་གནོད་པ་སྲུང་ན། ཨོཾ་རཱ་ཙ་ཧབ་ལེ་ཧབ་ལེ་སོད༔ བགེགས་བསྐྲད་དགོས་ན། ཨོཾ་སརྦ་བིགྷྣཱ་ཾ་ཕཊ་ཕཊ༔ བྱད་བཟློག་ལ། ཨོཾ་ལོ་ཀ་ཙཎྜ་ཟློག་ཟློག༔ ཨོཾ་སརྦ་ཧེ་རུ་ཀ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་ཤམ་བུ་སྦྱར་ཞིང་དམིགས་པའི་འཕྲུལ་འཁོར་སྦྱར་བས་ལས་ཚོགས་རིགས་འགྲུབ་པའོ།  །ཡང་བེ་འམ་སེང་ལྡིང་གི་མཁར་བ་རྡོ་རྗེའི་ཏོག་ཅན་གྱི་ནང་དུ་མགོན་པོའི་རྩ་སྔགས་བཅུག་ལ་མགོན་པོ་དངོས་སུ་གསལ་བས་སྒྲུབ་ཅིང་བརྟན་བཞུགས་བྱས་ལ། མགོན་པོའི་རྩ་སྔགས་ལ་ཧཱུྃ་བཞིའི་སྔགས་སྦྲེལ་ནས་བཟླས་ལ་རབ་ཏུ་གནས་ཏེ་རྡོ་རྗེའི་དབྱུག་པར་གྱུར་པར་དམིགས་ལ། གདོན་ཅན་གྱི་ནད་པ་སོགས་བརྡུང་བས་གནོད་པ་སོགས་གྲོལ་བར་ངེས་སོ། །ཐུན་མཚམས་སུ་གཏོར་འབུལ་དང་གསོལ་བསྐང་བྱ་ཞིང་ཕྲིན་ལས་བཅོལ་དགོས་པར་གསུངས་སོ།  ༈  ལྔ་པ་མགོན་པོ་ནག་པོའི་སྲོག་སྒྲུབ་ནི། མདུན་སྟེགས་སུ་ཕུང་ཤུལ་གྱི་བྲུབ་ཁུང་དུ་དྲག་པོའི་འཁོར་ལོ་རྩིབ་བཞི་པ་ཁ་རྩང་གིས་བསྐོར་བའི་སྟེང་དྲག་གཏོར་ནག་པོ་འཁོར་བཞི་དང་ཐེབ་ཀྱུས་བསྐོར་བ་དར་གདུགས་སྐུ་ཙཀ་ཤ་ཁྲག་གིས་བརྒྱན་པ་བཤམས། དྲག་པོའི་ཉེར་སྤྱོད་ཀྱིས་བསྐོར་ལ། སྐྱབས་སེམས་ནས་མཆོད་པ་བྱིན་རླབས་ཚེ་མགོན་ལྟར་དང༌། ཤཱུ་ནྱ་ཏས་སྟོང་པར་སྦྱངས་ཏེ། སྣོད་བཅུད་དུར་ཁྲོད་དྲག་པོའི་ཞིང༌། ཨེ་ལས་མཐིང་ནག་གྲུ་གསུམ་དབུས༔ ཧཱུྃ་ལས་མ་ཧཱ་ཀཱ་ལ་ནག༔ ཁ་ཊྭཱཾ་རུ་མཚོན་ཞགས་པ་བསྣམས༔ བེར་ནག་དུར་ཁྲོད་ཆས་རྣམས་གསོལ༔ ཡུམ་ནི་ཐལ་མདོག་ནད་རྐྱལ་ཐོགས༔ ཛི་ན་མི་ཏྲ་ཚོན་གྲུ་སྤྲེལ༔ གཤིན་རྗེ་ཁྲམ་ཤིང་དགྲ་སྟྭ་བསྣམས༔ གནོད་སྦྱིན་ལྕགས་ཀྱུ་ཞགས་པ་འཕེན༔ ལས་མགོན་སྤུ་གྲི་ཐོ་བ་བསྣམས༔ སྦས་པའི་མ་མོ་ཤན་པ་རྣམས༔ ནག་པོ་སྤུ་གྲི་ཞགས་པ་ཐོགས༔ རྒྱལ་ཆེན་ཕྱོགས་སྐྱོང་དྲེགས་བྱེད་རྣམས༔ དྲག་པོའི་ལས་ལ་རྔམས་པར་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་མངོན་སྤྱོད་ལས་ཀུན་སྩོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང་༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོགས་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་མཁའ་དབྱིངས་རེ་མ་ཏཱི༔ ཛི་ན་མི་ཏྲ་སྐུ་ཡི་འཕྲུལ༔ ཊཱ་ཀི་རཱ་ཛ་གསུང་གི་མདངས༔ ཀྵེ་ཏྲ་པཱ་ལ་ཐུགས་སྤྲུལ་འགྱེད༔ ཏྲཀྴད་གཉིས་མེད་ཡེ་ཤེས་རྩལ༔ བྲན་ཏུ་འདུས་པ་དྲེགས་པའི་ཚོགས༔ ཡེ་ཤེས་རྣམ་པར་རོལ་པ་ཡི༔ མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད༔ གསོད་པའི་དུས་སུ་བསྐལ་པའི་མུན་གཏིབས་འདྲ༔ ལས་འགར་སྤྱོད་ཚེ་རླུང་གི་སྤུ་གྲི་འདྲ༔ དམིགས་པའི་གཟུགས་ལ་རེག་ཙམ་ཐུལ་ཐུལ་གཅོད༔ སྲོག་གི་སྤུ་གྲི་ཁྱོད་ལ་ཕྱག་འཚལ་བསྟོད༔ ཐོགས་མེད་ཕྲིན་ལས་རྣམ་བཞིའི་གཟུགས། །སྤྲུལ་པའི་ལས་བྱེད་ཕོ་ཉ་བཞི། །ཕྱོགས་སྐྱོང་རྒྱལ་ཆེན་དཔལ་མགོན་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བསྙེན་དམིགས་ནི། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཕོ་ཉ་སྐུལ་ཞིང་སོ་སོ་ཡིས༔ ལྕགས་ཀྱུས་བཟུང་ཞིང་ཞགས་པས་བཀུག༔ ཁྲོམ་ལ་བཏབ་ཅིང་ལྷ་དང་ཕྲལ༔ མཚོན་ཆའི་ཆར་འབེབས་དམྱལ་ཐག་གཅད༔ ནད་ཀྱི་རྐྱལ་པས་མྱོས་སུ་བཅུག༔ ཐུགས་ལས་ཛཿལས་འཁོར་ལོ་སྤྲོས༔ ཁོག་པར་འཁོར་བས་བླ་ཚེ་གཏུབས༔ སྤུ་གྲིས་ཚར་གཅད་ཐོ་བས་བརྡུངས༔ ཤ་ཁྲག་ཧབ་ཧབ་གསོལ་བར་བསམ༔ ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཀྵེ་ཏྲ་པཱ་ལ་དགྲ་བགེགས་ཨཾ་ཀུ་ཤ་ཛ༔ དགྲ་བགེགས་བཀུག ཡ་མ་རཱ་ཛ་མགོན་སྐྱབས་བྱེད་པའི་ལྷ་རྣམས་པྲ་བེ་ཤ་ཡ་ཕཊ༔ ལྷ་དང་ཕྱེ། ཛི་ན་མི་ཏྲ་ཆེ་གེ་མོ་ཨེ་ཧུར་ཐུམ་ཛ༔ ཏྲག་རཀྴ་ཐུན་བྷྱོ༔ མཚོན་ཆས་བརྡུངས་ཏེ་དམྱལ་ཐག་བཅད། ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཆེ་གེ་མོ་ཀཱ་བཱ་ཙི་མཱ་ར་ཡ་རྦད་རྦད༔ དངོས་སུ་བསྒྲལ། མ་ཧཱ་ཀཱ་ལ་ཏྲཀྴད་ཛཿནྲྀ་ཏྲི་ཤ་ཏྲཱུཾ་ཁ་ཐཾ་ཁ་ཐཾ༔ མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཐོ་གཏུན་གྱིས་བརྡུངས་ལ་ཞལ་དུ་བསྟབ་པར་དམིགས་པ་དང་སྦྲག་སྔགས་རྣམས་རྟགས་དང་སྦྱར་ཏེ་རིམ་པ་བཞིན་བཟླ་ཞིང༌། ཐུན་མཐར་གསོལ་བསྐང་བསྐུལ་བ་རྣམས་དྲག་ཏུ་བྱས་ལ། ལས་གྲུབ་པ་དང་ལིངྒ་མེར་བསྲེགས། ཐལ་བ་འབུལ་གཏོར་དང་ལྷན་ཅིག་དགྲ་ཕྱོགས་སུ་འཕང་ངོ༌།  ༈  དྲུག་པ་ལས་ལ་མྱུར་བ་མགོན་པོ་རྟ་ཞོན་གྱི་རླུང་སྒྲུབ་ནི། གྲི་ལྕགས་ལས་བྱས་པའི་མདུང་དར་ནག་གི་རུ་མཚོན་ཅན་རྟེན་དུ་བཟུང་བའི་མདུན་དུ་དྲག་གཏོར་གཙོ་འཁོར་བཞི་པ་དར་གདུགས་སྐུ་ཙཀ་ཤ་ཁྲག་གིས་བརྒྱན་པ་སྨན་རཀ་དང་དྲག་པོའི་ཉེར་སྤྱོད་ཀྱིས་བསྐོར། སྐྱབས་སེམས་ནས་མཆོད་བརླབ་བར་སྔར་ལྟར་བཏང་རྗེས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྣོད་བཅུད་དུར་ཁྲོད་རོལ་པའི་ཞིང༔ རླུང་ནག་འཚུབས་མའི་ཀློང་དཀྱིལ་དུ༔ ཧཱུྃ་ལས་སྐྱེས་པའི་ལས་མགོན་ནི༔ མཐིང་ནག་བེར་ཆེན་སྐུ་ལ་གསོལ༔ རུ་མཚོན་ཕྱར་ཞིང་ཐོད་རྔ་འཁྲོལ༔ རྟ་ནག་རླུང་གཤོག་ལྡན་པ་ཆིབས༔ ཀྵེ་ཏྲ་པཱ་ལ་སྤུ་གྲི་འཛིན༔ མི་ལྤགས་གསོལ་ཞིང་དོམ་ནག་ཆིབས༔ ཊཱ་ཀི་རཱ་ཛ་དགྲ་སྟྭ་འཛིན༔ བེར་ནག་གསོལ་ཞིང་ཆུ་གླང་ཆིབས༔ ཛི་ན་མི་ཏྲ་བསྭེ་མདའ་འཕེན༔ གླང་ཆེན་ནག་པོ་སྨྱོན་པ་ཆིབས༔ ཏྲཀྴད་ནག་པོ་བདུད་མདའ་བཀང༔ རྫུ་འཕྲུལ་རྟ་ནག་རྐང་གསུམ་ཆིབས༔ ཀུན་ཀྱང་བེར་གསོལ་དུར་ཁྲོད་ཆས༔ དྲེགས་པ་འབུམ་གྱི་འཁོར་གྱིས་བསྐོར༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ མཐིང་ནག་ཁྲམ་ཤིང་ཐོད་ཁྲག་འཛིན༔ ཞིང་ལྤགས་རེ་ལྡེའི་ན་བཟའ་གསོལ༔ དྲིལ་རྟ་རྐང་གསུམ་ཆིབས་ནས་སུ༔ མ་མོ་འབུམ་གྱིས་འཁོར་གྱིས་བསྐོར༔ རྒྱལ་ཆེན་བཞི་ཡིས་རུ་མཚོན་ཕྱར༔ ཕྱོགས་སྐྱོང་བཅུ་ནི་རླུང་ལྟར་འཚུབས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་མངོན་སྤྱོད་ལས་ཀུན་སྩོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང་༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོགས་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་མཁའ་དབྱིངས་རེ་མ་ཏཱི༔ ཛི་ན་མི་ཏྲ་སྐུ་ཡི་འཕྲུལ༔ ཊཱ་ཀི་རཱ་ཛ་གསུང་གི་མདངས༔ ཀྵེ་ཏྲ་པཱ་ལ་ཐུགས་སྤྲུལ་འགྱེད༔ ཏྲཀྴད་གཉིས་མེད་ཡེ་ཤེས་རྩལ༔ བྲན་ཏུ་འདུས་པ་དྲེགས་པའི་ཚོགས༔ ཡེ་ཤེས་རྣམ་པར་རོལ་པ་ཡི༔ མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད༔ ཐོགས་མེད་ཕྲིན་ལས་རྣམ་བཞིའི་གཟུགས། །སྤྲུལ་པའི་ལས་བྱེད་ཕོ་ཉ་བཞི། །ཕྱོགས་སྐྱོང་རྒྱལ་ཆེན་དཔལ་མགོན་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བསྙེན་དམིགས་ནི། གཙོ་འཁོར་ཀུན་གྱི་ཐུགས་ཀ་རུ༔ ཧཱུྃ་དང་བྷྱོ་ཡིས་མཚན་པ་ལ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་འཕྲོས་ཡི་གེ་རྣམས་ལ་ཕོག༔ སྔོན་གྱི་ཐུགས་དམ་དྲན་ནས་སུ༔ སྡང་བའི་དགྲ་ལ་དམག་སྣ་དྲངས༔ བསད་ཅིང་ཐལ་བར་བརླག་པར་བསམ༔ ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཀྵེ་ཏྲ་པཱ་ལ་དགྲ་བགེགས་ཨཾ་ཀུ་ཤ་ཛ༔ དགྲ་བགེགས་བཀུག ཡ་མ་རཱ་ཛ་མགོན་སྐྱབས་བྱེད་པའི་ལྷ་རྣམས་པྲ་བེ་ཤ་ཡ་ཕཊ༔ ལྷ་དང་ཕྱེ། ཛི་ན་མི་ཏྲ་ཆེ་གེ་མོ་ཨེ་ཧུར་ཐུམ་ཛ༔ ཏྲག་རཀྴ་ཐུན་བྷྱོ༔ མཚོན་ཆས་བརྡུང་སྟེ་དམྱལ་ཐག་བཅད། ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཆེ་གེ་མོ་ཀཱ་བཱ་ཙི་མཱ་ར་ཡ་རྦད་རྦད༔ དངོས་སུ་བསྒྲལ། མ་ཧཱ་ཀཱ་ལ་ཏྲཀྴད་ཛཿནྲྀ་ཏྲི་ཤ་ཏྲཱུཾ་ཁ་ཐཾ་ཁ་ཐཾ༔ མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཞེས་སྔགས་རྣམས་བཟླས་མཐར། གཏོར་འབུལ་དང་བསྐང་བཤགས་བྱས་ལ། གལ་ཆེ་ན་བཟློག་པ་ཡང་སྦྱར། མཐར་དྲག་བསྐུལ་ནི། དར་ནག་གཡབ་ཅིང་རྐང་གླིང་དང་བཤུག་གླུ་རོལ་མོ་དབྱངས་དང་བཅས་ཏེ། ཧཱུྃ་བྷྱོ༔ གཏུམ་དྲག་འབར་བའི་དུར་ཁྲོད་ནས༔ ཡེ་ཤེས་མགོན་པོ་མཐུ་རྩལ་ཅན༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་གཙོ༔ དཀར་པོ་ལྷ་དམག་དབུགས་འབྱིན་ཅིང༔ ནག་པོ་བདུད་དང་ལྷ་མིན་འཇོམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ བྷྱོ༔ དབྱིངས་ཀྱི་དུར་ཁྲོད་ཆེན་མོ་ནས༔ མཁའ་འགྲོ་ཆེན་མོ་ཀུན་གྱི་གཙོ༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ ནད་དང་རིམས་ཀྱི་བདག་མོ་ཆེ༔ མ་མོ་འབུམ་གྱི་འཁོར་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ ཧཱུྃ་བྷྱོ༔ དགྲ་བོ་སྐོས་ལ་འདེབས་བྱེད་པའི༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ནི༔ ཞིང་སྐྱོང་ཀུན་གྱི་གཙོ་བོ་སྟེ༔ དགྲ་ལ་རྦད་ན་གློག་ལྟར་མྱུར༔ ཤ་ལ་དགའ་ཞིང་ཁྲག་ལ་རྔམས༔ རུས་ལ་མུར་ཞིང་བདུན་བརྒྱུད་བརླག༔ གནོད་སྦྱིན་དམག་གི་དཔུང་ཚོགས་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ཕྲིན་ལས་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ ཧཱུྃ་བྷྱོཿ དགྲ་བོ་ལྷ་དང་ཕྲལ་བྱེད་པའི༔ གཤིན་རྗེ་ཊཱ་ཀི་རཱ་ཛ་ནི༔ གཤེད་ཆེན་རྣམས་ཀྱི་རྒྱལ་པོ་སྟེ༔ སྲོག་ལ་རྦད་ན་དུས་མི་གཡེལ༔ ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ ཧཱུྃ་བྷྱོཿ དགྲ་བོ་དམྱལ་ཐག་གཅོད་མཛད་པའི༔ དབང་ཕྱུག་ཛི་ན་མི་ཏྲ་ནི༔ ལྷ་དམག་འབུམ་གྱི་དམག་དཔོན་ཏེ༔ དྲག་པོའི་ལས་མཛད་རྫུ་འཕྲུལ་ཅན༔ དྲེགས་པ་ལྷ་ཡི་དམག་ཚོགས་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ ཧཱུྃ་བྷྱོཿ ཀཱི་ལ་སྒྲོགས་པའི་དུར་ཁྲོད་ནས༔ ལས་ཀྱི་མགོན་པོ་དབྱིངས་ནས་བཞེངས༔ དུར་ཁྲོད་མ་མོ་རྣམས་ཀྱི་གཙོ༔ སྦྱོར་སྒྲོལ་མཛད་པའི་ཚོགས་དཔོན་ཏེ༔ ཏྲཀྴད་ནག་པོ་ཞེས་བྱ་བ༔ སྲིད་པ་གསུམ་གྱི་སྲོག་གི་བདག༔ དྲེགས་པའི་མགོན་པོའི་དམག་ཚོགས་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ བྷྱོ༔ སྦས་པའི་མ་མོ་རྣམ་པ་བཞི༔ ལས་བྱེད་གབ་པའི་ཤན་པ་དང༔ རྒྱལ་ཆེན་ཕྱོགས་སྐྱོང་དྲེགས་པའི་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ བྷྱོཿ སངས་རྒྱས་བསྟན་པ་བཤིག་པ་དང༔ བླ་མའི་སྐུ་ལ་བདོ་བ་དང༔ རིགས་དང་རྒྱུད་ལ་སྙོགས་པ་དང༔ ཆོས་འཁོར་སྲིད་ལ་རྔམས་པ་དང༔ དགེ་འདུན་སྡེ་རྣམས་བཤིག་པ་དང༔ སངས་རྒྱས་བསྟན་ལ་འཚེ་བ་དང༔ སེམས་ཅན་ཉེས་མེད་མནར་བ་དང༔ ཉམས་པ་བདུན་ལྡན་ཞིང་བཅུ་ཚང༔ སྔ་དགྲ་ལག་བདར་ཕྱི་དགྲ་སེམས༔ ད་དགྲ་ཐད་དུ་ལངས་པ་ཡི༔ དམ་ཉམས་དགྲ་ཡི་ཡུལ་དུ་རྒྱུག༔ ཁ་རུ་ལག་ཆུག་ཁོག་པའི་སྙིང༔ དཔྲལ་བའི་མིག་རྣམས་ཐང་ལ་བྱོས༔ སྙིང་ཁྲག་ཕོས་ལ་སྲོག་རྩ་ཆོད༔ བདུན་བརྒྱུད་རྩད་ནས་བརླག་པར་གྱིས༔ ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཀྵེ་ཏྲ་པཱ་ལ་དགྲ་བགེགས་ཨཾ་ཀུ་ཤ་ཛ༔ དགྲ་བགེགས་བཀུག  ཡ་མ་རཱ་ཛ་མགོན་སྐྱབས་བྱེད་པའི་ལྷ་རྣམས་པྲ་བེ་ཤ་ཡ་ཕཊ༔ ལྷ་དང་ཕྱེ། ཛི་ན་མི་ཏྲ་ཆེ་གེ་མོ་ཨེ་ཧུར་ཐུམ་ཛ༔ ཏྲག་རཀྴ་ཐུན་བྷྱོ༔ མཚོན་ཆས་བརྡུངས་ཏེ་དམྱལ་ཐག་བཅད། ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཆེ་གེ་མོ་ཀཱ་བཱ་ཙི་མཱ་ར་ཡ་རྦད་རྦད༔ དངོས་སུ་བསྒྲལ། མ་ཧཱ་ཀཱ་ལ་ཏྲཀྴད་ཛཿནྲྀ་ཏྲི་ཤ་ཏྲཱུཾ་ཁ་ཐཾ་ཁ་ཐཾ༔ མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཞེས་དྲག་ཏུ་བསྐུལ་རྫོགས་པ་དང་གཏོར་མ་དགྲ་ཕྱོགས་སུ་འཕང༌། སྲུང་འཁོར་བསྒོམ་ཞིང་ཚེ་འགུགས་ཤིས་བརྗོད་བཅས་བྱ་བ་ནི་ཤིན་ཏུ་གཉན་པས་རྟག་པར་བྱ་མི་རུང་གསུངས་སོ།  ༈  གཉིས་པ་འཁོར་ལས་མཁན་རྣམས་ཀྱི་སྒོས་སྒྲུབ་ལ་ལྔ་ལས། དང་པོ་ཡུམ་རེ་མ་ཏིའི་སྒོས་སྒྲུབ་ནི། རྟེན་མཆོད་སོགས་མགོན་མཐིང་སྐབས་ལྟར་ལས་ཡུམ་རེ་མ་ཏིའི་གཏོར་མ་ཁྱད་པར་དུ་བཤམས་དགོས་པ་ནི་འཁོར་འོག་མ་རྣམས་ལ་འགྲེ། སྐྱབས་སེམས་ནས་བརྩམས་བདག་བསྐྱེད། ཤཱུ་ནྱ་ཏས་སྦྱངས། ཆོས་རྣམས་དམིགས་མེད་མཐའ་བྲལ་བསྒོམ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེའི་ཧཱུྃ༔ འཕྲོ་འདུས་སྲུང་འཁོར་དུར་ཁྲོད་གནས༔ རབ་འཇིགས་ཕོ་བྲང་ཨེ་ཡི་ཀློང༔ འཁོར་ལོ་བྲག་ཆེན་པད་ཉིའི་སྟེང༔ ཡེ་ཤེས་མགོན་པོ་མཐིང་ནག་འབར༔ དབུ་གསུམ་གཡས་དཀར་གཡོན་དམར་ཞལ༔ སྤྱན་དགུ་རབ་བགྲད་ཁྲོ་གཉེར་བསྡུས༔ ཞལ་གདངས་ལྗགས་འདྲིལ་ཀྵིཾ་སྒྲ་སྒྲོགས༔ མཆེ་གཙིགས་སྨར་སྨིན་དབུ་སྐྲ་འབར༔ ཕྱག་དྲུག་དང་པོས་གྲི་ཐོད་དང༔ བར་བས་མདུང་དང་རྩེ་གསུམ་ཕྱར༔ ཐ་མས་རྔེའུ་ཆུང་ཞགས་པ་འཛིན༔ ཞབས་བཞི་འདོར་ཐབས་བགེགས་རྒྱལ་མནན༔ གཤོགས་པ་རབ་གདེངས་དུར་ཁྲོད་ཆས༔ ཁྱུང་དང་སྟག་གཟིག་དོམ་ནག་འཕྲོ༔ རེ་ཏི་མཐིང་ནག་གྲི་ཐོད་ཅན༔ མཉམ་སྦྱོར་མེ་ཡི་ཀློང་ན་བཞུགས༔ ཐོད་མཁར་མེ་རླུང་འཚུབས་པའི་དཀྱིལ༔ བྷྱོ་ལས་ལྷ་མོ་རེ་མ་ཏི༔ ཞལ་གཅིག་ཕྱག་གཉིས་དྲེའུ་ཆིབ༔ རལ་གྲི་དང་ནི་ཐོད་ཁྲག་འཛིན༔ རེ་ལྡེ་དུར་ཁྲོད་ཆས་ཀྱི་བརྒྱན༔ འབུམ་ཕྲག་ཡངས་པའི་མ་མོས་བསྐོར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་རབ་འབྱམས་ལས་ཀུན་སྩོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང་༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོགས་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ བྱང་ཤར་ཐོད་པ་འཕྲུལ་གྱི་གཞལ་ཡས་ནས༔ ཡུམ་མཆོག་དཔལ་ལྡན་ལྷ་མོ་རེ་མ་ཏི༔ ངོ་བོ་གཅིག་ལ་སྤྲུལ་པའི་རྣམ་འགྱུར་སྟོང༔ མ་གཅིག་རེ་མ་ཏི་ལ་ཕྱག་འཚལ་བསྟོད༔ གོང་ནོན་མགོན་པོའི་སྔགས་ཅུང་ཟད་བཟླས་ལ། བསྙེན་དམིགས་ནི། ཐུགས་ཀར་ཟླ་སྟེང་བདུད་རྩི་ཡི༔ བུམ་པའི་ཨཾ་གིས་མཚན་པ་ལས༔ ཨོཾ་ཤྲཱི་དེ་བཱི་རེ་མ་ཏི་ཏྲག་རཀྴ་ཧཱུྃ་ཕཊ༔ ཅུང་ཟད་བཟླ། དེ་ལས་འོད་འཕྲོས་བདུད་རྩིའི་རྒྱུན༔ འོད་ཟེར་དཀར་པོ་འཕྲོས་པ་ཡིས༔ ནད་ཡམས་རིམས་ནད་ཞི་བར་བསམ༔ སྔགས་སྔ་མ་ཅི་ནུས་བཟླས་མཐར། མགོན་པོའི་གསོལ་བསྐང་དང༌། ལྷ་མོའི་སྒེར་གསོལ་དང༌། འཁྲུགས་སྐོང་སོགས་བྱའོ།  ༈  གཉིས་པ་དབང་ཕྱུག་ཛི་ན་མི་ཏྲའི་སྒོས་སྒྲུབ་ལ་ལས་འགྲིགས་ལྷ་མོ་ལྟར་ལ། མདུན་བསྐྱེད་ལྷ་མོའི་ཚབ་ཏུ། མདུན་དུ་མེ་རླུང་འཚུབས་པའི་དབུས༔ ལྷ་དམག་དགུ་ཁྲི་དགུ་འབུམ་འགྱེད༔ ཛཿལས་ཛི་ན་མི་ཏྲ་མཐིང༔ རལ་གྲི་དང་ནི་ཐོད་ཁྲག་འཛིན༔ བེར་ནག་གསོལ་ཞིང་དུར་ཁྲོད་ཆས༔ ཞབས་གཉིས་འདོར་ཐབས་དགྲ་བགེགས་མནན༔ བསྟོད་པའི་ཁྱད་པར། དུར་ཁྲོད་ལྷ་ཆེན་རོལ་པའི་ནགས་ཚལ་ནས༔ སྲིད་པ་གསུམ་ལ་དབང་བྱེད་སྲོག་གི་བདག༔ དབང་ཕྱུག་ཛི་ན་མི་ཏྲ་མཐུ་རྩལ་ཅན༔ ལྷ་དམག་དགུ་ཁྲི་དགུ་འབུམ་ལས་ལ་འགྱེད༔ བཀའ་སྡོད་ལྷ་ཡི་མགོན་པོ་ཁྱེད་ལ་བསྟོད༔ མགོན་པོའི་བཟླས་པ་ཅུང་ཟད་མཐར། བསྙེན་དམིགས་ནི། ཐུགས་ཀར་ཛཿམཐར་སྔགས་ཀྱིས་བསྐོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ དམིགས་བྱ་དབང་དུ་བསྡུས་པར་བསམ༔ ཨོཾ་ཛི་ན་མི་ཏྲ་ཧཱུྃ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཅི་ནུས་གཙོ་བོར་བཟླ། སླར་ཡང་འོད་ཟེར་དཀར་པོ་ཡི༔ ཚོགས་འཕྲོས་ཤེས་རབ་བསྐྱེད་པར་བསམ༔ ཨོཾ་ཛི་ན་མི་ཏྲ་ཧཱུྃ་པྲཛྙཱ་སིདྡྷི་ཧཱུྃ་ཧཱུྃ༔ ཅུང་ཟད་བཟླ། ལས་སྦྱོར་འདི་གཙོ་བོར་དགོས་ན་བཟླས་པ་རྟགས་དང་བསྟུན་མཐར། གསོལ་བསྐང་སོགས་སྔ་མ་རྣམས་བཞིན་བྱའོ།  ༈  གསུམ་པ་གཤིན་རྗེ་ཊཱ་ཀི་རཱ་ཛ་ནི། རླུང་ནག་འཚུབས་ཀློང་ཡཿཡིག་ལས༔ གཤིན་རྗེའི་དམག་ཚོགས་འབུམ་གྱིས་བསྐོར༔ ཊཱ་ཀི་རཱ་ཛ་མཐིང་ནག་འབར༔ ཟ་འོག་ནག་པོའི་བེར་ཆེན་གསོལ༔ དགྲ་སྟྭ་གཡས་ལ་ཁྲམ་ཤིང་གཡོན༔ བསྟོད་པ། སྐྱེ་འགྲོ་ཁྲམ་ལ་འདེབས་པའི་དུར་ཁྲོད་ནས༔ གཤིན་རྗེ་ཊཱ་ཀི་རཱ་ཛ་སྲིད་པའི་བདག༔ གཤིན་རྗེའི་དམག་ཚོགས་འབུམ་ཕྲག་ལས་ལ་འགྱེད༔ གཤིན་རྗེའི་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྙེན་དམིགས་ནི། ཐུགས་ཀར་ཡཿལས་སྔགས་ཕྲེང་བསྐོར༔ འོད་འཕྲོས་གདུག་པའི་དགྲ་དང་བགེགས༔ མ་ལུས་ཚར་བཅད་བརླག་པར་བསམ༔ ཨོཾ་ཊཱ་ཀི་རཱ་ཛ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་བཟླ། གསོལ་བསྐང་སོགས་སྔ་མ་རྣམས་བཞིན་བྱའོ།  ༈ བཞི་པ་ཞིང་སྐྱོང་ཀྵེ་ཏྲ་པཱ་ལའི་སྒོས་སྒྲུབ་ནི། སྤྲོ་ན་བླ་རྡོ་རྟེན་བཅས་འདུ་བྱ། དཀྱུས་ཙམ་དུ་གཏོར་མ་དང་མཆོད་པ་ཙམ་ལ་བསྟེན་ཀྱང་རུང་ཞིང༌། བྷྲཱུྃ་ལས་བྷཉྫ་ཐོད་པའི་མཁར༔ རླུང་ནག་འཚུབས་པའི་ཀློང་དཀྱིལ་དུ༔ ཀྵ་ལས་ཀྵེ་ཏྲ་པཱ་ལ་ནག༔ ལྕགས་ཀྱུ་གཡས་ལ་ཞགས་པ་གཡོན༔ མི་ལྤགས་གཡང་གཞི་སྐུ་ལ་གསོལ༔ དོམ་ནག་སྨྱོན་པ་ཆིབས་སུ་ཆིབ༔ གསང་བའི་ཡུམ་མཆོག་རེ་ཏི་མ༔ སྤུ་གྲི་གདེང་ཤིང་མི་སྙིང་གསོལ༔ ཤན་པ་འབུམ་གྱི་དམག་གིས་བསྐོར༔ བསྟོད་པ་ནི། ཁྲག་མཚོ་རྦ་ཀློང་འཁྲུགས་པའི་ཀློང་དཀྱིལ་ནས༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྲོག་གི་བདག༔ ཤན་པ་འབུམ་གྱི་དམག་ཚོགས་ལས་ལ་འགྱེད༔ ཞིང་སྐྱོང་མགོན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ བསྙེན་དམིགས་ནི། ཡབ་ཡུམ་གཉིས་ཀྱི་ཐུགས་ཀ་རུ༔ ཀྵ་དང་ཐཿལ་སྔགས་ཀྱིས་བསྐོར༔ འོད་ཟེར་དཔག་མེད་འཕྲོས་པ་ཡིས༔ ཡིད་ལ་བརྣག་པ་ཐམས་ཅད་བསྒྲལ༔ ལོངས་སྤྱོད་ཐམས་ཅད་སྩོལ་བར་བསམ༔ ཨོཾ་ཀྵེ་ཏྲ་པཱ་ལ་ཛཿ མ་མ་རོ་ཏི་བྷྱོཿ ཞེས་བཟླ། གསོལ་བསྐང་སོགས་སྔ་མ་རྣམས་བཞིན་བྱའོ། ༈  ལྔ་པ་བདུད་མགོན་ཏྲཀྴད་ཀྱི་སྒོས་སྒྲུབ་ནི། མདུན་དུ་ཀཱ་ལ་སྒྲོགས་པ་ཡི༔ དུར་ཁྲོད་ཆེན་པོའི་ས་གཞི་ལ༔ ཐོད་མཁར་དྲག་པོའི་རྒྱན་དང་ལྡན༔ མེ་རླུང་འཚུབས་པའི་ཀློང་དཀྱིལ་དུ༔ ཧཱུྃ་ལས་ཏྲཀྴད་ནག་པོ་ནི༔ ཞལ་གཅིག་ཕྱག་གཉིས་བདུད་མདའ་བཀང༔ བེར་ནག་གསོལ་ཞིང་བདུད་རྟ་ཆིབས༔ གསང་བའི་ཡུམ་མཆོག་དུང་སྐྱོང་མ༔ དཀར་མོ་མེ་ལོང་ཙིཏྟ་བསྣམས༔ ཞིང་ལྤགས་གོས་གསོལ་བོང་བུ་ཆིབ༔ མ་མོ་བདུད་མོན་ཤན་པས་བསྐོར༔ བསྟོད་པ། ཀཱི་ལ་སྒྲོགས་པའི་དུར་ཁྲོད་ཆེན་པོ་ནས༔ བདུད་ཀྱི་མགོན་པོ་ཏྲཀྴད་ནག་པོ་ནི༔ མཁའ་འགྲོ་བདུད་དམག་འབུམ་ནི་ལས་ལ་འགྱེད༔ མ་མོའི་ཚོགས་དཔོན་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྙེན་དམིགས་ནི། ཡབ་ཡུམ་གཉིས་ཀྱི་ཐུགས་ཀ་རུ༔ ཧཱུྃ་དང་བྷྱོ་ཡི་ཐ་མ་རུ༔ ཨོཾ་ཀརྨ་མ་ཧཱ་ཀཱ་ལ་ཏྲཀྴད་ཛ༔ ཨོཾ་དེ་བཱི་ཤངྑ་པཱ་ལ་ཏྲཀ་རཀྴ་བྷྱོ་ཛ༔ ཞེས་པས་བསྐོར་ལས་འོད་འཕྲོས་པས༔ གང་འདོད་ལས་རྣམས་སྒྲུབ་པར་བསམ༔  ལས་སྦྱོར་དམིགས་བསལ་དགོས་ན་ལིངྒ་སོགས་གཏེར་གཞུང་ལྟར་བྱ། ལས་སྦྱོར་དཀྱུས་ཙམ་ལ། ཨོཾ་ཀརྨ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་དི་བཱི་ཤངྑ་པཱ་ལ་ཏྲཀ་རཀྴ་བྷྱོ་ཛ༔ དྲག་སྔགས་སྤུ་གྲི་ཅུང་ཟད་བཟླ་ཞིང་བསད་དམིགས་ཙམ་བྱས་པས་རུང་བའོ།  །གསུམ་པ་སྤྱི་དང་བྱེ་བྲག་ཀུན་གྱི་ལས་གཞུག་རྗེས་རིམ་དང་པོ་ཐུན་གཏོར་འབུལ་བ་ནི། སྐབས་སུ་གང་བབ་ཀྱི་བཟླས་པ་གྲུབ་པའི་རྗེས། འབུལ་གཏོར་ཁ་གསོ་ཞིང་སྨན་རཀ་བྲན་ཏེ། རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས༔ སྣང་བ་རྣམ་དག་གཏོར་གཞོང་དུ༔ ཡེ་ཤེས་ལྔ་ཡི་དམ་རྫས་རྣམས༔ བདེ་བ་ཆེན་པོར་ཞུ་བའི་བཅུད༔ འདོད་ཡོན་རྒྱ་མཚོར་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ མཁའ་དབྱིངས་ནས་བཞེངས་བདེ་བ་ཆེ༔ ཡེ་ཤེས་མགོན་པོ་ཕྱག་དྲུག་པ༔ ཆོས་ཀྱི་དབྱིངས་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ མ་ཧཱ་ཀཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ མ་ཧཱ་ཀཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ཡབ་གཅིག་དེ་ཡི་ཡུམ་མཆོག་ནི༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ མུ་ལེའི་མཚོ་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ དཔལ་ལྡན་ལྷ་མོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ དཔལ་ལྡན་ལྷ་མོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ཤར་གྱི་ཕོ་ཉ་ཆེན་པོ་ནི༔ དབང་ཕྱུག་ཛི་ན་མི་ཏྲ་ཡང༔ ནམ་མཁའི་དབྱིངས་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ཛི་ན་མི་ཏྲ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ཛི་ན་མི་ཏྲ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་ནི༔ གཤིན་རྗེ་ཊཱ་ཀི་རཱ་ཛ་ཡང་༔ ལྷོ་ཕྱོགས་གཤིན་རྗེའི་གནས་ནས་གཤེགས༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ཊཱ་ཀི་རཱ་ཛ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ཊཱ་ཀི་རཱ་ཛ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་ནི༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ཡང༔ མཁའ་སྤྱོད་ཞིང་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ཀྵེ་ཏྲ་པཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ཀྵེ་ཏྲ་པཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་ཕོ་ཉ་ནི༔ བདུད་མགོན་ཏྲཀྴད་ནག་པོ་ཡང༔ བསིལ་བའི་ཚལ་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ལས་མགོན་ནག་པོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ལས་མགོན་ནག་པོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ གཞན་ཡང་གསང་བའི་སྦས་ཡུམ་བཞི༔ གབ་པའི་ལས་ཀྱི་ཤན་པ་དང༔ ཕྱོགས་སྐྱོང་རྒྱལ་ཆེན་དྲེགས་པའི་ཚོགས༔ རང་རང་གནས་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ བཀའ་སྡོད་འཁོར་བཅས་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ བཀའ་སྡོད་འཁོར་བཅས་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ དེ་ཡིས་འདོད་དོན་ཐམས་ཅད་འགྲུབ༔ ས་མ་ཡ༔ ཉམས་ཆགས་བྱུང་ན་སྐོང་བ་ནི༔ སྤྱན་གཟིགས་སྣ་ཚོགས་རྒྱན་གྱིས་བརྒྱན༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་སྣ་ཚོགས་ཅི་ཡང་སྤྲུལ༔ སྣང་སྟོང་སྐུ་ཡི་རྣམ་འགྱུར་ཚུལ་བཞིན་སྒོམ༔ དེ་ཉིད་མཚོན་པའི་སྐུ་འབག་རིས་སུ་བྲིས༔ བཟོ་དབྱིབས་ངོ་མཚར་སྐུ་ཡི་ཐུགས་དམ་བསྐང༔ གྲགས་པ་རྩ་རླུང་ཐིག་ལེའི་གནད་བཅིངས་ཏེ༔ མདངས་སུ་ཤར་ཀུན་རྒྱལ་བའི་གསུང་གི་དབྱིངས༔ དེ་དང་མཚུངས་པའི་སྲོག་སྔགས་དབྱངས་སུ་བཟླས༔ སྲོག་གི་འཁོར་ལོ་གསུང་གི་ཐུགས་དམ་བསྐང༔ མ་བཅོས་དབྱིངས་ལས་བདེ་ཆེན་ཡེ་ཤེས་ངང༔ ལྷ་དང་བདག་ཉིད་གཉིས་སུ་མེད་པར་རྟོགས༔ སྣང་སྲིད་ཐམས་ཅད་མགོན་པོའི་དཀྱིལ་འཁོར་དང༔ རྫོགས་པ་ཆེན་པོ་ཐུགས་ཀྱི་ཐུགས་དམ་བསྐང༔ མི་ཟད་ཡོན་ཏན་གཏེར་གྱི་མཛོད་འཆང་བ༔ ཡེ་ཤེས་རོལ་པའི་ཆ་ལུགས་མ་ངེས་ཀྱང༔ གནས་སྐབས་འདིར་སྣང་དུར་ཁྲོད་དཔལ་གྱི་ཆས༔ གནག་པའི་ཞྭ་གོས་རྣམས་ཀྱིས་ཐུགས་དམ་བསྐང༔ ཕྲིན་ལས་མི་བཟད་འབར་བའི་ཆོ་འཕྲུལ་སྟོན༔ ཡེ་ཤེས་རོལ་པའི་ཕྱག་མཚན་མ་ངེས་ཀྱང༔ གསེར་དངུལ་ཟངས་དང་གྲི་ལྕགས་ལ་སོགས་པའི༔ སྒྲོལ་བའི་ཕྲིན་ལས་མཚོན་ཆས་ཐུགས་དམ་བསྐངས༔ ཤ་ཆེན་སྤོས་དང་ཚིལ་ཆེན་དུད་པའི་སྤྲིན༔ གཡབ་དར་སྣ་ཚོགས་ཞིང་ཆེན་གཡབ་པའི་བརྡ༔ རྐང་གླིང་རོལ་མོ་དུང་ཆེན་གདུང་བའི་དབྱངས༔ འབོད་པའི་དམ་རྫས་རྣམས་ཀྱི་ཐུགས་དམ་བསྐང༔ རྟེན་གཏོར་སྒྲུབ་པའི་རྫས་དང་བླ་རྡོ་དང༔ རྟེན་པའི་མཁར་དང་སྲོག་རྟེན་དར་ནག་དང༔ ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་ཡས་སོགས༔ འདུ་བའི་དམ་རྫས་རྣམས་ཀྱི་ཐུགས་དམ་བསྐང༔ ཁམས་གསུམ་དབང་སྡུད་རུ་མཚོན་སྲིད་རྩེར་སྒྲེང༔ ཆས་ཞུགས་འཆམས་དང་ཟློག་གར་དམག་གི་དཔུང༔ བྱ་གཅན་གཡག་ལུག་རྟ་དྲིལ་ནག་པོའི་ཚོགས༔ སྤྱན་གཟིགས་བསམ་མི་ཁྱབ་པས་ཐུགས་དམ་བསྐང༔ བསྐྱེད་པའི་རིམ་གསལ་སྔགས་ཀྱི་འཕྲུལ་འཁོར་དང༔ གང་ཤར་བདེ་སྟོང་ཐུགས་ཀྱི་ཀློང་དུ་གྲོལ༔ སྦྱོར་བ་ཚད་ཕེབས་སྒྲོལ་བ་གནས་སུ་སྟོབ༔ བླ་མེད་བྱང་ཆུབ་སྒྲུབ་པས་ཐུགས་དམ་བསྐང༔ སྲུང་བའི་གོ་བགོས་བདུད་ཀྱི་སྦྱོར་བ་བཤིག༔ ཟློག་པའི་བཀོད་བཤམས་རྔམས་བརྗིད་དྲག་པོའི་འཕྲུལ༔ བསད་པའི་མནན་སྲེག་འཕང་གསུམ་ཡོ་ལང་གིས༔ གདུག་པའི་དགྲ་བགེགས་བསྒྲལ་བས་ཐུགས་དམ་བསྐང༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བསམ་ཡས་ཀྱིས༔ ལྷ་མཆོག་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༔ ཡུམ་མཆོག་རེ་མ་ཏི་ཡི་ཐུགས་དམ་བསྐང༔ དབང་ཕྱུག་ཛི་ན་མི་ཏྲའི་ཐུགས་དམ་བསྐང༔ གཤིན་རྗེ་ཊཱ་ཀི་རཱ་ཛའི་ཐུགས་དམ་བསྐང༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལའི༴ བདུད་མགོན་ཏྲག་ཤད་ནག་པོའི་ཐུགས་དམ་བསྐང༔ གསང་བའི་ཡུམ་དང་ལས་བྱེད་ཐུགས་དམ་བསྐང༔ ཕྱོགས་སྐྱོང་རྒྱལ་ཆེན་རྣམས་ཀྱི་ཐུགས་དམ་བསྐང༔ དྲེགས་པ་སྡེ་བརྒྱད་རྣམས་ཀྱི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ལ་ཉམས་ཆག་ཚངས་གྱུར་ཅིག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་རྣམས༔ རང་དང་གཉིས་མེད་བྱང་ཆུབ་སེམས་ཀྱི་ངང༔ མ་རིག་དབང་གི་དེ་ལྟར་མ་རྟོགས་ཏེ༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ རྡོ་རྗེ་སྲིན་པོའི་ཚོགས་ལ་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ དེ་ཡིས་ཉམས་ཆགས་ཐམས་ཅད་ཚངས་པར་འགྱུར༔  རྗེས་ཀྱི་བྱ་བ་ཚོགས་མཆོད་སོགས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་གསང་མགོན་སྨུག་པོའི་ཕྲིན་དབང་གི་མཚམས་སྦྱོར་ལག་ལེན་དཔག་བསམ་ལྗོན་པའི་ཕྲེང་བ་ལྟར་བཏང་བས་གྲུབ་བོ།  །ཕྱག་བྲིས་དངོས་ལས་ཞལ་བཤུས་པ་ཡིན། མཛད་བྱང་མི་འདུག།  །།}}

</onlyinclude>
</onlyinclude>
Line 25: Line 48:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-09-TA]]
[[Category:DKR-KABUM-Volume-09-TA]]
[[Category:DKR-KABUM-Volume-09-TA]]
[[Category:DKR-KABUM-Volume-09-TA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Latest revision as of 09:07, 1 June 2024

Wylie title chos skyong zab mo skor dgu las/ ye shes mgon po'i gtso 'khor gyi sgrub thabs las tshogs dbang dang bcas pa'i zab don tshar du dngar ba 'dod 'byung bai DUr+Ya'i do shal DKR-KABUM-09-TA-038.pdf
Location dil mgo mkhyen brtse bka' 'bum
Volume 9, Text 38, Pages 279-310 (Folios 1a to 32b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Chos skyong zab mo skor dgu las ye shes mgon po'i gtso 'khor gyi sgrub thabs las tshogs dbang dang bcas pa'i zab don tshar du dngar ba 'dod 'byung bai DUr+Ya'i do shal. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 279-310. Delhi: Shechen Publications, 1994.
Genre Activity Practices - las tshogs  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle ཆོས་སྐྱོང་ཟབ་མོ་སྐོར་དགུ་ (chos skyong zab mo skor dgu)
Deity ye shes mgon po phyag drug pa
Colophon

།ཕྱག་བྲིས་དངོས་ལས་ཞལ་བཤུས་པ་ཡིན། མཛད་བྱང་མི་འདུག།

/phyag bris dngos las zhal bshus pa yin/_mdzad byang mi 'dug/

[edit]
ཆོས་སྐྱོང་ཟབ་མོ་སྐོར་དགུ་ལས། ཡེ་ཤེས་མགོན་པོའི་གཙོ་འཁོར་གྱི་སྒྲུབ་ཐབས་ལས་ཚོགས་དབང་དང་བཅས་པའི་ཟབ་དོན་ཚར་དུ་དངར་བ་འདོད་འབྱུང་བཻ་ཌཱུརྻའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭསྟི། བྱང་ཆུབ་སྤྱོད་པ་རྒྱ་མཚོའི་སྲོག་གི་ཟུངས། །སྙིང་རྗེའི་གཏེར་མཆོག་མྱུར་མཛད་མགོན་པོའི་ཚུལ། །བླ་མ་མཆོག་དང་གཉིས་མེད་སྙིང་དབུས་སུ། །བཀོད་ནས་དེ་ཡི་ཕྲིན་ལས་སྨིན་གྲོལ་བསྟར། །དེ་ལ་འདིར་རྒྱ་བོད་ཀུན་ཏུ་ཐུགས་རྗེའི་རྩལ་ཤུགས་ཆེ་ཞིང་ཕྲིན་ལས་ཆེས་ཆེར་མྱུར་བའི་བྱིན་རླབས་ཀྱི་གྲགས་སྙན་དོན་ལ་གནས་ཤིང༌། གསར་རྙིང་མཁས་གྲུབ་ཀུན་གྱི་ཐུགས་ཉམས་སུ་བསྟར་བས་གཙིགས་སུ་བཟུང་བའི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མཆོག་ལ། ཀུན་དང་ཐུན་མོང་མ་ཡིན་པའི་ཟབ་འདྲིལ་གྱི་དབང་དང་སྒྲུབ་ཐབས་བསྐྱེད་རྫོགས་མན་ངག་ལས་ཚོགས་དང་བཅས་པ་གཏེར་འབྱིན་གྲུབ་བརྒྱའི་སྤྱི་མེས་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ལ་བཀའ་བབ་ཏུ་བཞུགས་པའི་བྱེ་བྲག་ཆོས་སྐྱོང་ཟབ་མོ་སྐོར་དགུའི་དབང་དང༌། བསྐྱེད་རྫོགས་ལས་ཚོགས་དང་བཅས་པ་ནོར་བུའི་བཻཌཱུརྻའི་དོ་ཤལ་ལ་རིན་ཐང་དང་བྲལ་བ་ཞིག་བསྟན་འགྲོའི་མཛེས་རྒྱན་དུ་བསྟར་བ་ལ། དང་པོ་ཕྱི་སྒྲུབ་མགོན་པོ་མཐིང་ཀའི་གཏོར་སྒྲུབ། གསོལ་ཆེན་བྱ་བར་འདོད་པས་བཤམ་བཀོད་ནི། གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་གཞུང་མཐུན་སྐུ་རྟེན་དང༌། འབྱོར་ན་བླ་རྡོ་སྲོག་འཁོར་ནང་སྒྲུབ་ལྟར་འདུ་བྱས་པའི་མདུན། བདག་བསྐྱེད་རྟ་མགྲིན་གྱི་དཔལ་གཏོར། གཡས་གཡོན་དུ་སྨན་རཀ །དེ་མདུན་ཁྲག་ཆང་གིས་སྦགས་པའི་དཔལ་གཏོར་དམར་པོ་བརྗིད་ལྡན་འཁོར་བཞི་ཐེབ་ཀྱུ་མང་པོས་བསྐོར་བའི་རྩེར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པའི་མདུན་དུ་མཆོད་གཏོར་གཙོ་འཁོར་ལྔ་པ་ཐེབ་ཀྱུ་དང་ཟས་སྣས་བསྐོར་བ། གཡས་གཡོན་དུ་མཆོད་འོས་སྲུང་མ་ཕོ་རྒྱུད་མོ་རྒྱུད་སྤྱི་བྱེ་བྲག་གི་གཏོར་མ། ཕྱི་མཆོད་རྣམས་ཕྲེང་ཚར་དུ་བསྐོར། གཞན་ཡང་ཚོགས་དང༌། དཀར་བགེགས། རྒྱུན་གྱི་གཏོར་འབུལ། གཏོར་མའི་ཁ་གསོ་ཟས་སྣ་བ་ལིཾ། ཚོགས་ཀྱི་དམ་རྫས་བཅས་འདུ་བྱའོ། །གཉིས་པ་ཕྲིན་ལས་ཀྱི་རིམ་པ་ལ། དང་པོ་བདག་གི་རྣལ་འབྱོར་ནི། གཞུང་ལས། རང་ཉིད་རྟ་མཆོག་རྒྱལ་པོར་བསྒོམས༔ གསུངས་པ་ལྟར་ཟབ་བདུན་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་བསྡུས་ཀྱི་རྣལ་འབྱོར་ནི། ན་མོཿ བླ་མ་ཡི་དམ་ཁྲོ་བོའི་རྒྱལ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཧོཿ མར་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ༔ ཧཱུྃ༔ སྣང་སྲིད་དབང་གི་དཀྱིལ་འཁོར་ལ༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཀུན་ཀྱང་ལྷ་སྔགས་ཡེ་ཤེས་ངང༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཧཱུྃ༔ ཆོས་རྣམས་རང་བཞིན་རྣམ་པར་དག༔ བདུད་རྩི་རཀྟ་གཏོར་མ་དང༔ ཕྱི་ནང་གསང་བའི་མཆོད་པ་རྣམས༔ ཡེ་ཤེས་རོལ་བར་བྱིན་གྱིས་བརླབས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ ཧཱུྃ༔ ཆོས་ཉིད་སྤྲོས་པའི་མཐའ་བྲལ་ངང༔ སྙིང་རྗེའི་རང་མདངས་ཀུན་ལ་ཁྱབ༔ ཐུགས་རྗེའི་ཧཱུྃ་ཡིག་འོད་དུ་འབར༔ སྣོད་བཅུད་དངོས་འཛིན་ཐམས་ཅད་སྦྱང༔ ཨེ་ཡྃ་ར་སུྃ་ཡུམ་ལྔའི་མཁའ༔ རྃ་ལས་རྡོ་རྗེ་མེ་ཡི་གུར༔ བྷྲཱུྃ་ལས་དབང་གི་གཞལ་ཡས་ཁང༔ རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར༔ ལྟེ་བར་པད་ཉི་ཀླུ་རྒྱལ་སྟེང༔ ཧཱུྃ་ལས་དཔལ་ཆེན་རྟ་མཆོག་དཔལ༔ དམར་རྔམས་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་སྔོ་སྤྱན་དགུས་གཟིགས༔ རྟ་གདོང་ལྗང་གུ་མེ་འབར་བཞད༔ རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ༔ ཁ་ཊྭཱྃ་སྦྲུལ་ཕྱར་ཐོད་ཁྲག་རོལ༔ རལ་གྲི་མེ་འབར་ལྕགས་སྒྲོག་འཛིན༔ ཞབས་བཞི་རོལ་པའི་གར་དགུ་ལྡན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ ཁ་ཊྭཱྃ་ཐོད་ཁྲག་འཛིན་པས་འཁྱུད༔ ཕྱོགས་བཞིར་འཁོར་ལོ་དྲེགས་པའི་སྟེང༔ དབང་ཆེན་ཡབ་ཡུམ་རིགས་ཀྱི་མདོག༔ རང་རྟགས་ཕྱག་མཚན་རྒྱན་རྣམས་རྫོགས༔ སྒོ་བཞིར་དབང་གི་ཁྲོ་མོ་བཞི༔ ཁོར་ཡུག་སྤྲུལ་པའི་དམ་ཅན་ཚོགས༔ རྡོ་རྗེ་གསུམ་ལྡན་ཡེ་ཤེས་ལྔ༔ བླ་མ་རྒྱལ་ཀུན་འདུས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཿ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ༔ ལོངས་སྤྱོད་རབ་རྫོགས་དཔལ་ཆེན་པོ༔ དབང་ཆེན་སྤྲུལ་པའི་དཀྱིལ་འཁོར་ལྷ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ བཛྲ་ས་མ་ཛཿ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾཿ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ ཡེ་ཤེས་རོལ་པའི་མཆོད་སྤྲིན་ནི༔ ཕྱི་ནང་གསང་བ་བླ་ན་མེད༔ དབང་ཆེན་རོལ་པའི་ལྷ་ལ་འབུལ༔ བདེ་བ་ཆེན་པོར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་གུ་ཧྱ་པཱུ་ཛ་ཧོཿ ཧཱུྃ༔ ངོ་བོ་འགྱུར་བ་མེད་པའི་སྐུ༔ རང་གསལ་བདེ་ཆེན་དབང་སྐད་འཚེར༔ ཐུགས་རྗེ་མྱུར་བའི་འགྲོས་དང་ལྡན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་སྟེང་ཧྲཱིཿདམར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་བསྡུས༔ མ་མོ་མཁའ་འགྲོ་ལས་ལ་བཙུད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གདུག་པ་ཅན་རྣམས་ཚར་བཅད་ནས༔ ཐམས་ཅད་དཔལ་གྱི་ས་རུ་བཀོད༔ འགྲོ་བ་རྣམས་ཀྱི་སྒྲིབ་པ་སྦྱངས༔ སྣང་སྲིད་དབང་གི་སྐུ་གསུང་ཐུགས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོར་བསམ༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོདྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བསྙེན་སྒྲུབ་ལས་གསུམ་རྫོགས་པ་ཡི༔ སྔགས་འདི་ཆུ་བོའི་རྒྱུན་བཞིན་ཏུ༔ རྟ་ཡི་འགྲོས་སྐད་སྦྱར་བས་བཟླ༔ ས་མ་ཡ༔ ཞེས་བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། ཧཱུྃ་གིས་དཀྱིལ་འཁོར་དབྱིངས་སུ་བསྡུ༔ འོད་གསལ་ཐུགས་ཀྱི་ངང་དུ་གནས༔ ཕཊ་ཀྱིས་ལྷ་རུ་ལྷག་གེར་གསལ༔ ཨོཾ་ཨཱཿཧཱུྃ་གིས་གོ་བགོས་ནས༔ དག་པའི་སྣང་བས་སྟོང་པ་སྐྱོང༔ ཞེས་ལྷར་སྣང་འོད་གསལ་དུ་བསྡུས་ལ་ཐུན་མཚམས་ཀྱི་ལྷ་སྐུའི་ང་རྒྱལ་བཟུང༌། །གཉིས་པ་མདུན་བསྐྱེད་མགོན་པོའི་གཏོར་མཆོད་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ་གིས་བསང་སྦྱང༌། བྷྲཱུྃ་ལས་བྷཉྫ་འབར་བ་རུ༔ ཨོཾ་ཨཱཿཧཱུྃ་ལས་བྱུང་བ་ཡི༔ ཡེ་ཤེས་ལྔ་ཡི་བདུད་རྩི་དང༔ དགའ་བ་བཞི་ཡི་དམར་ཆེན་པོ༔ བདུད་རྩི་ཤ་ལྔ་བཟའ་བཅའི་ཚོགས༔ དུར་ཁྲོད་གསང་བའི་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ཞེས་བརླབས། གསུམ་པ་ཕྲིན་ལས་དངོས་ལ་སྤྱི་དང༌། བྱེ་བྲག་གི་སྒྲུབ་ཚུལ་གཉིས་ལས་ཐོག་མར་མགོན་པོའི་ཕྱི་སྒྲུབ་གཙོ་འཁོར་སྤྱི་ལྟར་སྒྲུབ་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། ཆོས་རྣམས་དམིགས་མེད་མཐའ་བྲལ་བསྒོམ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེའི་ཧཱུྃ༔ འཕྲོ་འདུས་སྲུང་འཁོར་དུར་ཁྲོད་གནས༔ རབ་འཇིགས་ཕོ་བྲང་ཨེ་ཡི་ཀློང༔ འཁོར་ལོ་བྲག་ཆེན་པད་ཉིའི་སྟེང༔ ཡེ་ཤེས་མགོན་པོ་མཐིང་ནག་འབར༔ དབུ་གསུམ་གཡས་དཀར་གཡོན་དམར་ཞལ༔ སྤྱན་དགུ་རབ་བགྲད་ཁྲོ་གཉེར་བསྡུས༔ ཞལ་གདངས་ལྗགས་འདྲིལ་ཀྵིཾ་སྒྲ་སྒྲོགས༔ མཆེ་གཙིགས་སྨར་སྨིན་དབུ་སྐྲ་འབར༔ ཕྱག་དྲུག་དང་པོས་གྲི་ཐོད་དང༔ བར་བས་མདུང་དང་རྩེ་གསུམ་ཕྱར༔ ཐ་མས་རྔེའུ་ཆུང་ཞགས་པ་འཛིན༔ ཞབས་བཞི་འདོར་ཐབས་བགེགས་རྒྱལ་མནན༔ གཤོགས་པ་རབ་གདེངས་དུར་ཁྲོད་ཆས༔ ཁྱུང་དང་སྟག་གཟིག་དོམ་ནག་འཕྲོ༔ རེ་ཏི་མཐིང་ནག་གྲི་ཐོད་ཅན༔ མཉམ་སྦྱོར་མེ་ཡི་ཀློང་ན་བཞུགས༔ ཕྱོགས་བཞིར་དགྲ་བགེགས་བསྒྱེལ་བའི་སྟེང༔ དབང་ཕྱུག་ཛི་ན་མི་ཏྲ་དང༔ གཤིན་རྗེ་ཊཱ་ཀི་རཱ་ཛ་དང༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་དང༔ བདུད་མགོན་ཏྲག་ཤད་ནག་པོ་རྣམས༔ མཐིང་ནག་གྲི་གུག་ཐོད་ཁྲག་འཛིན༔ བེར་གསོལ་གསང་བའི་ཡུམ་དང་སྦྱོར༔ ཕྱོགས་སྐྱོང་རྒྱལ་ཆེན་དྲེགས་པས་བསྐོར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀཻ་གནྡྷེ་ནཻ་བི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང་༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོགས་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་མཁའ་དབྱིངས་རེ་མ་ཏཱི༔ ཛི་ན་མི་ཏྲ་སྐུ་ཡི་འཕྲུལ༔ ཊཱ་ཀི་རཱ་ཛ་གསུང་གི་མདངས༔ ཀྵེ་ཏྲ་པཱ་ལ་ཐུགས་སྤྲུལ་འགྱེད༔ ཏྲཀྴད་གཉིས་མེད་ཡེ་ཤེས་རྩལ༔ བྲན་ཏུ་འདུས་པ་དྲེགས་པའི་ཚོགས༔ ཡེ་ཤེས་རྣམ་པར་རོལ་པ་ཡི༔ མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད༔ དེ་ནས་བསྙེན་ཅིང་སྒྲུབ་པ་ནི༔ ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ པད་ཉིར་ཡེ་ཤེས་སེམས་དཔའ་དམར༔ འཇིག་རྟེན་དབང་ཕྱུག་ཞི་མ་ཁྲོ༔ རྡོར་དྲིལ་འཛིན་ཅིང་ཡུམ་དང་འཁྲིལ༔ དབང་གི་རྟ་སྐད་ཧི་ཧིར་བཞེད༔ སྲོག་གོར་ཉི་སྟེང་རྡོ་རྗེ་མཐིང༔ ལྟེ་བར་ཧྲཱིཿལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་དགྲ་བགེགས་བསྒྲལ༔ སྟོབས་དང་གཟི་བརྗིད་འབར་བ་ཡིས༔ དྲེགས་པ་ལས་ལ་བཀོལ་བར་བསམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱཾན་བི་ནཱ་ཡ་ཀ་ཧཱུྃ་ཕཊཿ འབུམ་ཕྲག་བཞི་ཡི་ལས་རྣམས་འགྲུབ༔ རང་གི་ཐུགས་ནས་འོད་འཕྲོས་པས༔ འཁོར་རྣམས་ལས་ལ་བསྐུལ་བར་བསམ༔ ཨོཾ་ཤྲཱི་དེ་ཝི་རེ་མ་ཏི་ཏྲག་རཀྵ་ཧཱུྃ་ཕཊ༔ ཅེས་ཡུམ་རེ་མ་ཏི་དང༌། ཨོཾ་ཛི་ན་མི་ཏྲ་ཧཱུྃ་ཧྲིཾ་ཧྲིཾ་ཛཿཛཿ ཞེས་དབང་ཕྱུག་ཛི་ན་མི་ཏྲ་དང༌། ཨོཾ་ཊཱ་ཀི་རཱ་ཛ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་གནོད་སྦྱིན་ཊཱ་ཀི་རཱ་ཛ་དང༌། ཨོཾ་ཀྵེ་ཏྲ་པཱ་ལ་ཛཿམ་མོ་རེ་ཏི་བྷྱོཿ ཞེས་ཞིང་སྐྱོང་ཀྵེ་ཏྲ་པཱ་ལ་དང༌། ཨོཾ་ཀརྨ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་དེ་ཝཱི་ཤཾ་ཁ་པཱ་ལ་ཏྲཀ་རཀྴ་བྷྱོ་ཛཿ ཞེས་བདུད་མགོན་ཏྲཀྴད་ཀྱི་སྔགས་རྣམས་ཅུང་ཟད་བཟླ། གཉིས་པ་ནང་གསུང་གི་སྒྲུབ་པ་ནི། རང་ཉིད་མགོན་པོ་གསལ་བར་བསྒོམ༔ དེ་ཡང་སྣང་སྟོང་འཇའ་ཚོན་བཞིན༔ རྣམ་རྟོག་བློ་ཡིས་མི་འཛིན་པར༔ ཡེ་ཤེས་རོལ་པའི་བརྡ་རྟགས་ལས༔ འཇིག་རྟེན་ཚུལ་གྱིས་བློ་ངན་སྤང༔ ཐ་མལ་སྣང་ཞེན་མི་དམིགས་པར༔ མགོན་པོ་དངོས་ཀྱི་ང་རྒྱལ་བསྐྱེད༔ ཐུགས་ཀར་སྔགས་ཀྱི་འཕྲོ་འདུ་བྱ༔ ཁྱད་པར་བྱང་སེམས་སྔགས་ཀྱི་གཟུགས༔ ཡབ་ཡུམ་ཞལ་བརྒྱུད་བདེ་ཆེན་བསྒོམ༔ འཛབ་ཀྱི་བཟླས་པ་རྒྱུན་མི་གཅད༔ ཅེས་དང༌། གསུམ་པ་གསང་བ་ཐུགས་ཀྱི་སྒྲུབ་པ་ནི། རང་ཉིད་མགོན་པོའི་སྐུར་བསྒོམས་ཏེ༔ རྩ་གསུམ་འཁོར་ལོ་བཞི་ལྡན་པའི༔ ཡར་སྣེ་མར་སྣེར་ཨ་ཧཾ་བསྒོམ༔ བུམ་པ་ཅན་གྱི་སྦྱོར་བ་ཡིས༔ གཏུམ་མོ་སྦར་ཞིང་བྱང་སེམས་བཞུ༔ དྭངས་མས་རྩ་འཁོར་ཐམས་ཅད་གང༔ བདེ་བའི་ངོས་བཟུང་ཀ་དག་བསྒོམ༔ རྩ་རླུང་བྱང་ཞིང་སྟོབས་ལྡན་ན༔ མཚན་ལྡན་ཕྱག་རྒྱ་རྒྱུད་སྦྱངས་ཤིང་༔ མགོན་པོ་ཡབ་ཡུམ་སྐུ་རུ་བསྒོམ༔ གསང་བ་རྡོ་རྗེ་པདྨར་གསལ༔ སྙོམས་འཇུག་རུས་སྦལ་འགྲོས་ཀྱིས་ཕབ༔ དགའ་བ་བཞི་པོ་ངོས་བཟུང་ཞིང༔ སེང་གེ་འགྱིང་བས་སྐྱིལ་བ་དང་༔ ཁྱུང་དང་རྩལ་སྤྲུགས་དག་གིས་འདྲེན༔ བྱ་རྒོད་སྒྱུར་བ་དག་གིས་བཀྲམ༔ ལྷུན་པོ་ལྟ་བུས་བརྟན་པར་བྱ༔ ཐོད་རྒལ་ངང་དུ་ཉམས་བསྐྱངས་བས༔ བདེ་ཆེན་སྤྲོས་བྲལ་རྟོགས་པར་འགྱུར༔ བཞི་པ་ཡང་གསང་ཡེ་ཤེས་ཀྱི་སྒྲུབ་པ་ནི། རང་ཉིད་མགོན་པོའི་སྐུར་གསལ་ཞིང༔ དེ་ཉིད་སྣང་སྟོང་ངང་ལ་བཞག༔ དེ་ཡང་ཧཱུྃ་གི་རང་བཞིན་གྱུར༔ སྟོང་གསུམ་ཐམས་ཅད་ཧཱུྃ་གིས་གང༔ བརྟན་གཡོ་ཧཱུྃ་གི་གཟུགས་སུ་གྱུར༔ ཧཱུྃ་གི་སྒྲ་གདངས་སྲིད་གསུམ་གཡོ༔ ཀུན་ཀྱང་རིག་པའི་ཧཱུྃ་ལ་ཐིམ༔ དེ་ཡང་དབྱིངས་ཀྱི་ཀློང་དུ་ཐིམ༔ དབྱིངས་རིག་དབྱེར་མེད་མཐའ་དབུས་བྲལ༔ བྱ་བྲལ་འོད་གསལ་ཟང་ཐལ་ལེ༔ རྩོལ་མེད་ངང་དུ་བཞག་པ་ཡིས༔ གང་ཤར་རང་གྲོལ་དམིགས་སུ་མེད༔ ཉམས་ལ་ཤར་བ་དེ་ཀ་བསྐྱང༔ འཛིན་མེད་རྒྱ་ཡན་ལྷུག་པར་གནས༔ དབྱིངས་ལས་འགྱུར་མེད་རིག་པའི་རྩལ༔ དབྱེར་མེད་མ་འདྲེས་ཐ་ལེར་གསལ༔ སྒྲ་ཚིག་བརྗོད་པའི་ཡུལ་ལས་འདས༔ དེ་ལྟར་རྟོགས་ན་མཐར་ཕྱིན་འགྲུབ༔ ཅེས་པ་རྣམས་གཏེར་གཞུང་རྡོ་རྗེའི་ཚིག་རྐང་སོར་བཞག་མཚོན་བྱེད་ཙམ་སྟེ་ཚུལ་བཞིན་ཉམས་སུ་ལེན་པ་ལ་ཁྲིད་ཟིན་ཉུང་གསལ་ཞིག་ལོགས་སུ་འབྲི་བར་སེམས་སོ། །གཉིས་པ་བྱེ་བྲག་གི་སྒྲུབ་པ་ལ་གཙོ་འཁོར་གྱི་སྒོས་སྒྲུབ་གཉིས་ལས། དང་པོ་གཙོ་བོའི་སྒོས་སྒྲུབ་ཀྱི་དང་པོ་སྐུ་མགོན་དཀར་པོའི་ཚེ་སྒྲུབ་པ་ནི། སྟེགས་བུ་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་རིན་པོ་ཆེའི་བུམ་པ་སོ་ལྔའི་རྫས་ཀྱི་སུམ་ཉིས་བཀང་བའི་ཁར། ཨ་རུ་ར་དང་ར་མོ་ཤག༔ ལུག་མུར་དབང་ལག་བཙན་དུག་དང༔ འབྲི་མར་སྦྲང་དང་ཤ་ཆེན་དང༔ གུ་གུལ་ཡུངས་ཀར་སྦྱར་བ་ཡི༔ ཞེས་པའི་རྫས་མཆོག་བཅུ་སྦྱར་བའི་རིལ་བུའི་ཐོད་པ་མཚན་ལྡན་བཀང་བ་བཞག་པ་ཁ་དར་གྱིས་བཀབ། གཡས་སུ་ཚེ་འབྲས་དཀར་པོའི་བཀང་བའི་རིན་པོ་ཆེའི་སྣོད་ཀྱི་སྟེང་ཚེ་འབྲང༌། གཡོན་དུ་བྷནྡྷ་ཚེ་ཆང་གིས་བཀང་བ་མར་གྱི་གཟེད་ཁ་ཅན། རྒྱབ་ཏུ་ཚེ་མདའ་དར་སྣས་བརྒྱན་པ་ལ། གཏོར་མ་དཀར་ཟླུམ་འཁོར་བཞི་ཅན་དང༌། སྨན་རཀ་དང་ཉེར་སྤྱོད་མཆོད་པས་བཀོད་མཛེས་སུ་བསྐོར་ལ། ལས་རིམ་དངོས་ནི། བརྒྱུད་འདེབས་མགོན་མཐིང་ལྟར་བཏང་ལ། ན་མོ༔ བླ་མ་ཡེ་ཤེས་མགོན་པོ་དང༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། བསགས་སྦྱངས་ལན་གསུམ་མཐར། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཚད་མེད་བཞིའི་རྒྱུད་སྦྱངས་ལན་གསུམ་མཐར། རྃ་ཡྃ་ཁྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུའི། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གིས་ཕྱི་མཆོད་དང༌། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ་གིས་ནང་མཆོད་བྱིན་གྱིས་བརླབས། དངོས་གཞི་བདག་ཉིད་ལྷར་བསྒོམ་པ་ནི། ཧཱུྃ༔ ཕྱོགས་མཚམས་རྡོ་རྗེའི་གུར་ཁང་དབུས༔ སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ༔ བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང༔ རྡོ་རྗེ་ཕྱེད་པའི་ཁ་ཆོད་ཅན༔ དེ་ནང་ཉི་ཟླའི་གྭའུའི་དབུས༔ གྲི་གུག་འབར་བའི་ལྟེ་བ་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་མགོན་པོ་ཚེ་ཡི་བདག༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཉིས་ཐལ་སྦྱར་ཚེ་བུམ་འཛིན༔ ཞབས་གཉིས་ཙནྡན་འཁྱིལ་སྟབས་བཞུགས༔ དུར་ཁྲོད་འབར་བའི་ཆས་ཀྱི་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་དང་སྦྱོར༔ འདབ་མ་བཞི་ལ་རིགས་བཞི་ཡི༔ མཁའ་འགྲོ་དཀར་སེར་དམར་ལྗང་བཞི༔ གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ བདེ་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་ ནོར་སྒྲུབ་སྐབས། འདོད་དགུའི་དངོས་གྲུབ་སྩོལ། དབང་སྡུད་སྐབས། དབང་གི་དངོས་གྲུབ་སྩོལ། ལས་སྣ་ཚོགས་སྐབས། བཞེས་ནས་རབ་འབྱམས་ལས་ཀུན་སྩོལ༔ དྲག་མགོན་ནག་པོར། བཞེས་ནས་མངོན་སྤྱོད་ལས་ཀུན་སྩོལ༔ ཚེ་ཡི་དངོས་གྲུབ་སྩོལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོག་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཟླ་བ་ལྟར་དཀར་འཆི་མེད་བདུད་རྩིའི་རྒྱུན༔ བདེ་གཤེགས་རྒྱལ་བའི་ཀུནྡ་འདུས་པའི་བཅུད༔ ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཔལ༔ འཆི་བདག་བདུད་འཇོམས་ཁྱེད་ལ་ཕྱག་འཚལ་བསྟོད༔ དགའ་བཞི་བདེ་བ་ཆེན་པོ་སྨིན་པའི་གཟུགས༔ ཕྱག་རྒྱ་བཞི་ཡི་ཆོ་འཕྲུལ་རྨད་བྱུང་བས༔ ཚད་མེད་ དབང་སྡུད་སྐབས། ཚད་མེད་རྣམ་བཞིའི་དབང་གི་དངོས་གྲུབ་སྩོལ། མགོན་ལྗང་དང་མགོན་ནག་སྐབས་བསྟོད་པའི་ཚིག་ཐ་མ། ཐོགས་མེད་ཕྲིན་ལས་རྣམ་བཞིའི་གཟུགས། །སྤྲུལ་པའི་ལས་བྱེད་ཕོ་ཉ་བཞི། །ཕྱོགས་སྐྱོང་རྒྱལ་ཆེན་དཔལ་མགོན་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །རྣམ་བཞིའི་ཡེ་ཤེས་ཚེ་མཆོག་སྩོལ༔ འཁོར་གྱི་མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད༔ བཟླས་རིམ་དངོས་ནི། ཐུགས་ཀར་ཉི་ཟླའི་གྭའུའི་དབུས༔ མི་འགྱུར་ཚེ་སྲོག་རིག་པ་གསུམ༔ འོད་ཟེར་ཀུན་ཏུ་འཕྲོས་པ་ཡིས༔ འཕགས་པའི་ཚེ་ཡི་དངོས་གྲུབ་དང༔ འཁོར་བའི་ཚེ་སྲོག་བསོད་ནམས་དང༔ འབྱུང་ལྔའི་བཅུད་དང་དྭངས་མ་དང༔ རང་གི་བླ་ཚེ་སྲོག་དབུགས་རྣམས༔ གཞན་གྱིས་བརྐུས་པ་ཐམས་ཅད་འཕྲོག༔ མ་ལུས་བདུད་རྩིའི་རྣམ་པར་བསྡུས༔ བུམ་པའི་ཁ་ཕྱེ་ཕྱི་ནང་གང༔ རང་གི་ལུས་ངག་ཡིད་ལ་ཐིམ༔ འཁོར་འདས་ཚེ་ཡི་བཅུད་འདུས་ནས༔ སྔར་ལས་གཟི་བརྗིད་ཆེར་འབར་ཞིང༔ རྡོ་རྗེའི་རྡུལ་ཕྲན་དུ་མས་གཏམས༔ བུམ་པའི་ཁ་བསྒྲིགས་མེ་འབར་བ༔ རྡོ་རྗེའི་ཚྭ་ཚྭས་བར་ཆད་བསྲུང༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རེ་མ་ཏི་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ༔ ཞེས་བཟླ་ཐུན་མཐར་མདའ་དར་གཡབ་ལ། ཧཱུྃ༔ བདེ་ཆེན་འབར་བའི་དབྱིངས་ཀྱི་ལྷ༔ ཡེ་ཤེས་མགོན་པོའི་ཐུགས་དམ་བསྐུལ༔ འཁོར་འདས་ཚེ་ཡི་བཅུད་རྣམས་བསྐུལ༔ ཚེ་བདུད་ཐམས་ཅད་རྡུལ་དུ་རློག༔ བླ་ཚེ་བརྐུས་པ་ཐམས་ཅད་ཁུག༔ ཧཱུྃ༔ ཡུམ་ཆེན་ལྷ་མོ་རེ་མ་ཏི༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ འཁོར་འདས་ཚེ་ཡི་བཅུད་རྣམས་སྡུས༔ ཚེ་བདུད་ཐམས་ཅད་རྡུལ་དུ་རློག༔ བླ་ཚེ་བརྐུས་པ་ཐམས་ཅད་ཁུག༔ ཧཱུྃ༔ འཁོར་གྱི་མཁའ་འགྲོ་ཆེན་མོ་བཞི༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ འཁོར་འདས་ཚེ་ཡི་བཅུད་རྣམས་སྡུས༔ ཚེ་བདུད་ཐམས་ཅད་རྡུལ་དུ་རློག༔ བླ་ཚེ་བརྐུས་པ་ཐམས་ཅད་ཁུག༔ ཨོཾ་མ་ཧཱ་ཀཱ་ལ་རེ་མ་ཏི་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ༔ ཞེས་སྦྱར། སྐུ་གསུང་ཐུགས་ཀྱི་གཟི་བྱིན་སྤྲིན། །འབར་བའི་སྣང་བ་ལས་གྲུབ་པའི། །རྡོ་རྗེ་རྡུལ་གྱི་གོ་ཆས་གཏམས། །ཅིས་ཀྱང་མི་ཆོད་རབ་ཏུ་བརྟན། ཡེ་དྷརྨས་རྒྱས་གདབ་བྱ། ཚོགས་དང་བསྐང་བ་མགོན་མཐིང་ལྟར་བྱ་ཞིང༌། སྒྲུབ་པ་གྲུབ་པའི་ཉིན་བུམ་ཐོད་སྤྱི་བོར་བཞག་ལ། ཨོཾ༔ ཡེ་ཤེས་མགོན་པོའི་ལྷ་ཚོགས་རྣམས༔ རྟག་པ་མི་འགྱུར་ཚེ་ཡི་ལྷ༔ བདེ་བ་ཆེན་པོའི་མཁའ་དབྱིངས་ནས༔ འཆི་མེད་རྡོ་རྗེའི་ཚེ་སྩོལ་ལ༔ བགྲེས་རྒུད་མེད་པའི་དབང་བསྐུར་ཅིག༔ སྙིང་པོའི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་ལྷ་ཚོགས་ཐམས་ཅད་ཀུན༔ མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་རྒྱུན༔ བླུག་ཅིང་བདག་དང་དབྱེར་མེད་གྱུར༔ ཞེས་དམིགས་ཏེ་ཚེ་གལ་དང་རིལ་ཆང་རྣམས་མྱངས་མཐར། ཨོཾ༔ འགྲུབ་པར་གྱུར་ཅིག་སོགས། ཤིས་བརྗོད་བཅས་བྱའོ། །འདི་ལ་བརྟེན་ནས་དམིགས་བསལ་ཚེ་དབང་བྱ་བར་འདོད་ན། ཁྲུས་བགེགས་སྲུང་འཁོར་སྔོན་དུ་འགྲོ་བས། ལོ་རྒྱུས་ཀྱི་ཁྱད་པར། སྒྲུབ་བྱའི་གཞི་རླུང་ཐིག་སེམས་དང་ཡེ་ཤེས་ཀྱི་ཚེ་རྣམས་ཉམས་པ་གསོ་ཞིང༌། ནུས་སྟོབས་འཕེལ་རྒྱས་བརྟན་པའི་ཐབས་སུ་ལྷ་སྔགས་ཏིང་འཛིན་གྱི་ནུས་པ་སྟོབས་སུ་གྱུར་པས་སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་འཕོ་མེད་རྡོ་རྗེའི་སྲོག་སྒྲུབ་པའི་ཐབས་དང་མན་ངག་བཀའ་གཏེར་གྱི་གཞུང་རབ་འབྱམས་ལས་བསྟན་པའི་བྱེ་བྲག །གསུང་རྡོ་རྗེ་འོད་དཔག་མེད་པའི་ཕྲིན་ལས་ཀྱི་སྐྱ་རེངས་འཕགས་མཆོག་པདྨ་གར་དབང་བཀའ་སྲུང་ཡེ་ཤེས་མགོན་པོའི་སྐུར་བཞེངས་པ་མཚན་དང་སྐུ་ཡི་བཀོད་པ་རིགས་ལྔ་ལས་སྐུ་དེ་བཞིན་གཤེགས་རིགས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བ་ལ་བསྔགས་པའི་ཡེ་ཤེས་མགོན་པོ་དཀར་པོ་ལ་བརྟེན་ནས་ཚེ་ཡི་བྱིན་རླབས་དབང་བསྐུར་བགྱི་བ་ལ་མཎྜལ་ཕུལ། གསོལ་གདབ། སྐྱབས་སེམས་བསགས་སྦྱངས། སློབ་མ་མགོན་དཀར་དུ་བསྐྱེད་ལ་ཡེ་ཤེས་དབབ་བསྟིམ། ཚེ་འགུགས་ཀྱི་རྗེས། ཨོཾ༔ ཡེ་ཤེས་མགོན་པོའི་ལྷ་ཚོགས་རྣམས༔ རྟག་པ་མི་འགྱུར་ཚེ་ཡི་ལྷ༔ བདེ་བ་ཆེན་པོའི་མཁའ་དབྱིངས་ནས༔ འཆི་མེད་རྡོ་རྗེའི་ཚེ་སྩོལ་ལ༔ བགྲེས་རྒུད་མེད་པའི་དབང་བསྐུར་ཅིག༔ སྙིང་པོའི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ། ཐོད་རྫས། ཚེ་རིལ་ཆང་གཏད་ཅིང༌། རྒྱས་གདབ། གཏང་རག་དམ་ཚིག་ཁས་བླང་སོགས་བྱས་ཀྱང་མི་རུང་བ་མེད་དོ། །ཡང་ཚེ་སྲུང་འཁོར་ལོ་བྲི་བར་འདོད་ན་འཁོར་ལོ་རིམ་པ་ལྔ་བསྐོར་བའི་ལྟེ་བར། ཨ་ནྲྀ་ཧཱུྃ་སྟེ་ཚེ་ཡི་སྙིང་པོ་གསུམ། དེའི་ཕྱིའི་མུ་ཁྱུད་ལ། མདུན་ནས་བརྩམས་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རེ་མ་ཏི་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ༔ ཞེས་པའི་གཟུངས་སྔགས་ཀྱིས་བསྐོར། དེའི་ཕྱི་པད་འདབ་བཞིའི་སྟེང༌། ཧ་རི་ནི་ས་རིགས་བཞིའི་མཁའ་འགྲོ། མཐའི་མུ་ཁྱུད་ལ། དབྱངས་གསལ་རྟེན་སྙིང་གི་མཐར། མྱུར་མཛད་ཡེ་ཤེས་ཀྱི་སྐུ་ཡི་མགོན་པོ་ཡབ་ཡུམ་རིགས་བཞིའི་མཁའ་འགྲོ་དང་བཅས་པས་བདག་འཆང་བ་པོ་ལ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་ནུས་པ་བསྐྱེད་བརྟན་དང་འདོད་གསོལ་བཅས་པས་བསྐོར། དེའི་ཕྱིར་རྡོ་རྭ་མེ་རིས་བསྐོར་ཞིང༌། གོང་གི་ཚེ་རྫས་ཀྱིས་བྱུགས་ལ་རབ་ཏུ་གནས་པ་ལུས་ལ་བཅངས་པས་ཚེ་ཡི་དཔལ་བསྐྱེད་ཅིང་འགལ་རྐྱེན་སྲུང་བའོ། ༈ གཉིས་པ་ཡོན་ཏན་མགོན་པོ་སེར་པོའི་སྒེར་སྒྲུབ་ནི། རྒྱས་པའི་ལས་ལ་ཤིས་པའི་གནས་སུ་རིན་པོ་ཆེའི་བུམ་པའི་ནང་དུ་གཞུང་མཐུན་གྱི་སྐུའི་རྒྱབ་ཏུ་སྔགས་བྱང་བྲིས་པ་དང༌། ཉེར་ལྔའི་རྫས་དང་རིན་པོ་ཆེ་འབྲུ་སྨན་དར་ཟབ་སོགས་བཀྲ་ཤིས་གཏེར་བུམ་རྫས་ཀྱིས་ཕྱུར་བུར་གཏམས་པ་དང༌། འབྲང་རྒྱས་སེར་པོ་ནོར་གཟུགས་ཟས་སྣས་བཟང་དགུས་བསྐོར་བ་དང༌། སྨན་རཀ་ཉེར་སྤྱོད་ཀྱིས་བསྐོར་བ་བཀོད་མཛེས་བརྗིད་དང་ལྡན་པར་བཤམས་ལ། སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་གོང་ལྟར་བྱས་ལ། ལྷ་བསྐྱེད་དངོས་གཞི་ནི། མདུན་རྟེན་བསང་སྦྱངས། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ ནང་དུ་ཀུན་བཟང་མཆོད་སྤྲིན་གཏིབས༔ རིན་ཆེན་འབར་བའི་གདན་སྟེང་དུ༔ ཡེ་ཤེས་མགོན་པོ་ནོར་བདག་སེར༔ ཤ་རྒྱས་གསུས་ཆེ་ཕྱག་གཉིས་ཀྱིས༔ ནོར་བུ་དབྱིག་གི་གཏེར་ཆེན་འཛིན༔ ཡུམ་སེར་རིན་ཆེན་འཛིན་དང་འཁྲིལ༔ འཁོར་དུ་རྒྱལ་པོ་ཆེན་པོ་བཞི༔ རིན་ཆེན་གཏེར་གྱི་རྐྱལ་པ་བསྣམས༔ དགྱེས་ཆགས་དར་དང་རིན་ཆེན་བརྒྱན༔ ཀུན་ཀྱང་སྐྱིལ་ཀྲུང་ཕྱེད་པས་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ བདེ་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་འདོད་དགུའི་དངོས་གྲུབ་སྩོལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོག་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ གསེར་གྱི་ལྷུན་པོ་ཉི་འོད་འབུམ་གྱིས་འཁྱུད༔ འདོད་པའི་དོན་སྟེར་ནོར་བུའི་ཆར་ཆེན་བསྙིལ༔ དཔག་བསམ་ཤིང་གནས་དགོས་འདོད་སྦྱིན་པའི་ཡུམ༔ དངོས་གྲུབ་ཆུ་གཏེར་ཟད་མེད་ཁྱོད་ལ་བསྟོད༔ དཔལ་གྱི་བཀའ་ཉན་ཕྱོགས་བཞིའི་འཇིག་རྟེན་སྐྱོངས༔ ལས་བཞིའི་ཕྲིན་ལས་གང་བཅོལ་ཐོགས་མེད་སྒྲུབ༔ བསྡུ་དངོས་བཞི་ཡི་འགྲོ་བའི་དོན་མཛད་ལྷ༔ བཀའ་སྡོད་རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད༔ བསྙེན་དམིགས་ནི། ཐུགས་ཀར་རིན་པོ་ཆེ་ཡི་དབུས༔ ཧཱུྃ་ལས་འོད་ཟེར་བསམ་ཡས་འཕྲོས༔ སྤྲུལ་པ་ཉི་ཟེར་རྡུལ་ལྟར་འཚུབས༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱིས༔ བསོད་ནམས་ལོངས་སྤྱོད་མ་ལུས་བསྡུས༔ བདག་དང་བརྟན་གཡོ་རྫས་ལ་ཐིམ༔ བསོད་ནམས་དཔལ་དུ་འབར་བ་དང༔ ལོངས་སྤྱོད་མཚོ་ལྟར་རྒྱས་པར་བསམ༔ ཨོཾ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱཾ་བི་ནཱ་ཡ་ཀ༔ ཤྲཱི་དེ་བཱི་རེ་མ་ཏི་ཏྲག་རཀྴ༔ ཌྷྲིཥྚ་རཱཥྚ་ཡ༔ བཻ་རཱུ་ཌྷ་ཀ་ཡ༔ བི་རཱུ་པཱཀྵ་ཡ༔ བཻ་ཤྲ་བ་ཎཱ་ཡ༔ མ་ཧཱ་པུཎྱེ་ཀཱ་མ་གུ་ཎ་སརྦ་རཏྣ་ཧཱུྃ་ཧཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཟླས་པ་ཇི་ཙམ་ནུས་པའི་མཐར། མདའ་དར་གཡབ། དྲི་བཟང་གི་སྤོས་དང་སྙན་པའི་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ༔ བསོད་ནམས་ཚོགས་གཉིས་རྫོགས་པའི་ལྷ༔ འདོད་རྒུའི་མཆོག་སྩོལ་ནོར་གྱི་བདག༔ དབུལ་བ་ཀུན་སེལ་རིན་ཆེན་གཏེར༔ ཡེ་ཤེས་མགོན་པོའི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔ ཧཱུྃ༔ ཁམས་གསུམ་ཀུན་ལ་དབང་བྱེད་པའི༔ རེ་མ་ཏི་ཡི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔ ཧཱུྃ༔ ཤར་གྱི་ཕྱོགས་རྣམས་སྐྱོང་བའི་རྗེ༔ ཡུལ་འཁོར་སྲུང་བའི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔ ཧཱུྃ༔ ལྷོ་ཡི་ཕྱོགས་རྣམས་སྐྱོང་བའི་རྗེ༔ འཕགས་སྐྱེས་པོ་ཡི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་རྣམས་སྐྱོང་བའི་རྗེ༔ སྤྱན་མི་བཟང་གི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔ ཧཱུྃ༔ བྱང་གི་ཕྱོགས་རྣམས་སྐྱོང་བའི་རྗེ༔ རྣམ་ཐོས་སྲས་ཀྱི་ཐུགས་དམ་བསྐུལ༔ ལྷ་ཀླུ་མི་གསུམ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་ལོངས་སྤྱོད་ནོར༔ སྟོབས་རྩལ་ཡོན་ཏན་གཟི་བརྗིད་དང༔ དབང་ཐང་སྙན་གྲགས་ཟས་ནོར་ཀུན༔ མྱུར་བ་ཉིད་དུ་གནས་འདིར་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསོད་ནམས་བསགས་པའི་དཀོར་ནོར་རྣམས༔ རྒྱས་ཤིང་རབ་ཏུ་བརྟན་པ་དང༔ འདོད་དགུ་ལྷུན་གྱིས་སྒྲུབ་ཏུ་གསོལ༔ ཨོཾ་མ་ཧཱ་ཀཱ་ལ་སོགས་བསྙེན་སྔགས་བཟླ། ཡེ་དྷརྨས་བརྟན་པར་བྱས་ལ་མེ་ཏོག་འཐོར། གཏོར་འབུལ། བསྐང་བཤགས་སོགས་མགོན་མཐིང་ལྟར་རྒྱས་པར་བྱ། སྒྲུབ་ཞག་རྫོགས་པ་དང༌། ཨོཾ༔ བསོད་ནམས་དཔལ་དུ་འབར་བའི་ལྷ༔ ཡེ་ཤེས་མགོན་པོ་ཡབ་དང་ཡུམ༔ རྒྱལ་པོ་ཆེན་པོ་སྡེ་བཞི་ཡིས༔ མི་ཟད་རིན་ཆེན་གཏེར་གྱི་དབང༔ རྣལ་འབྱོར་བདག་ལ་བསྐུར་དུ་གསོལ༔ སྔགས་ཀྱི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ རྟེན་རྣམས་གནས་གསུམ་དུ་བཞག་ལ་དངོས་གྲུབ་བླངས་མཐར། གཏེར་བུམ་དང་འབྲང་རྒྱས་རྣམས་མཛོད་ཕུག་ཏུ་སྦས་ལ། ཨོཾ༔ མི་ཟད་རིན་ཆེན་གཏེར་གྱི་ཕོ་བྲང་དུ༔ ཡེ་ཤེས་མགོན་པོའི་ལྷ་ཚོགས་བརྟན་པར་བཞུགས༔ སྒྲུབ་པ་པོ་ལ་འགོ་ཞིང་སྲུང་བ་དང༔ ཟས་གོས་ནོར་གྱི་དངོས་གྲུབ་རྒྱུན་དུ་སྩོལ༔ ཞལ་ནས་གསུངས་པའི་ཤིས་པ་བརྗོད་ཅིང་མེ་ཏོག་གཏོར་བས་འདོད་དགུ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། ༈ གསུམ་པ་གསུང་མགོན་དམར་པོ་ལ་བརྟེན་ནས་དབང་གི་ཕྲིན་ལས་སྒྲུབ་པ་ནི། སྒྲུབ་གནས་རི་བྲག་དམར་ཞིང་མེ་ཏོག་དམར་པོའི་ཚལ་སོགས་ཡིད་དུ་འོང་བའི་གནས་སུ་སྒྲུབ་པའི་རྟེན་མྱོས་བྱེད་ཀྱིས་སྦྲུས་པའི་དབང་གི་གཏོར་མ་དམར་པོ་ཟླ་གམ་འཁོར་རང་འདྲ་བཞིའི་བསྐོར་བ་མངར་གསུམ། ལ་དུ་སོགས་ཡིད་བསྒྱུར་ཟས་སྣས་བསྐོར་བ་དང༌། བྷཉྫ་མཚན་བཟང་དུ་རཀྟ་དང་སིནྡྷུ་ར་ཆང་སྣས་བཀང་བ་དར་དམར་གྱི་བཀབ་པ་ལ་སྨན་རཀ །ཉེར་སྤྱོད་ཀྱིས་བསྐོར་ཞིང་བཤམས། སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་སྔར་ལྟར་ལ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བདེ་ཆེན་རྩལ། བྷྲཱུྃ་ལས་ཟླ་གམ་དམར་པོའི་ནང༔ དབང་མཛད་མགོན་པོ་བྱེ་རུའི་མདོག༔ ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ མེ་ཏོག་དམར་པོ་རུས་པས་བརྒྱན༔ པདྨ་དམར་པོ་ཉི་མའི་སྟེང༔ བདེ་བའི་ཉམས་ཀྱིས་བརྐྱང་བསྐུམ་གར༔ ཡུམ་དམར་ཞགས་པ་འཛིན་དང་འཁྲིལ༔ དབང་མཛད་ལྷ་མོའི་རིགས་བཞི་དམར༔ ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ འོད་ཟེར་དམར་པོའི་ཀློང་ན་བཞུགས༔ སྤྱན་འདྲེན་བཞུགས་གསོལ་མཆོད་པ་སྔར་བསྟོད་པ་བཅས་སྐུ་མགོན་ལྟར་ལ། རཱ་གའི་ལྷུན་པོ་ཆགས་པའི་དམར་འོད་འབར༔ འགུགས་པའི་ལྕགས་ཀྱུ་མང་པོ་སྐར་ལྟར་འཁྲུགས༔ སྲིད་གསུམ་སྡུད་པའི་རླུང་དམར་ལ་གནས་ཡུམ༔ ཁམས་གསུམ་དབང་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྙེན་པའི་སྐབས། ཐུགས་ཀར་ཉི་སྟེང་ཨཾ་ཡིག་ལས༔ ཧྲིཾ་ཡིག་ལྕགས་ཀྱུའི་ཚོགས་འཕྲོས་ཤིང༔ གང་ཡིན་ནྲྀ་ལ་ཐིམ་པས་ཆགས༔ ལྕགས་ཀྱུའི་བཟུང་བས་དབང་དུ་བསྡུས༔ འོད་ཟེར་ཞགས་པའི་དབྱིབས་ཅན་གྱིས༔ ཕོ་ཡི་སྤྱི་བོ་མོ་གསང་ནས༔ དྲངས་ཏེ་ཐུགས་སྲོག་ཨཾ་ལ་ཐིམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨཱཾ་ཨ་རོ་ལྀཀ་རེ་མ་ཏི་ཌཱ་ཀི་ནཱི་ཀཱ་མ་ནྲྀ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཞེས་བཟླས། རྫས་ཁབ་ལེན་གྱི་རྡོ་དང་སིནྡྷུ་ར་ཞིབ་བཏགས་བྷནྡྷའི་སྣོད་དུ་བླུགས་ལ་སྔགས་བཏབ་པ་དཔྲལ་བར་བྱུགས་པ་དང༌། རིལ་བུ་བྱས་ཏེ་ཁོང་དུ་བཏང་བས་གང་དགོས་པ་དེ་དབང་དུ་འགྱུར་བ་དང༌། ལས་ཀྱི་བོགས་འབྱིན་མེ་མཆོད་བྱེད་ན། ནུབ་ཕྱོགས་བྲག་རི་དམར་པོ་ལས་བླང་བའི་ས་ཡི་སྟེགས་བྱས་པར་སྨད་འཚོང་མའི་མལ་སའི་ས་ཡིས་བྱུག་པའི་དབང་གི་ཐབ། མཛད་འཕྲོར་ལུས། ༈ བཞི་པ་ཕྲིན་ལས་མགོན་པོ་ལྗང་གུའི་ལས་སྣ་ཚོགས་སྒྲུབ་པའི་ཚུལ་ནི། གནས་ཁང་གི་གུང་དུ་རྟེན་བཀྲམ་པའི་མདུན་དཔལ་གཏོར་རྒྱན་ལྡན། སྨན་རཀ་ཉེར་སྤྱོད། གཏོར་འབུལ་རྣམས་བཤམས་ལ། སྐྱབས་སེམས་ནས་བརྩམས་མཆོད་པ་བྱིན་རླབས་བར་སྔར་ལྟར་ལ། ཤཱུ་ནྱ་ཏའི་སྔགས་བརྗོད་ལ། སྟོང་པའི་ངང་ལས་སྣོད་བཅུད་ཀུན༔ བདེ་ཆེན་ལོངས་སྤྱོད་རྒྱས་པའི་དབུས༔ ཡྃ་ལས་རླུང་གི་རྒྱ་གྲམ་སྟེང༔ ཧཱུྃ་ལས་ལས་ཀྱི་མགོན་པོ་ལྗང༔ རལ་གྲི་དང་ནི་ཞགས་པ་འཛིན༔ ཡུམ་ལྗང་གྲི་ཞགས་འཛིན་དང་འཁྲིལ༔ གཉིས་ཀ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕྱོགས་བཞིར་དགྲ་བགེགས་བསྒྱེལ་བའི་སྟེང༔ དབང་ཕྱུག་ཛི་ན་མི་ཏྲ་དང༔ གཤིན་རྗེ་ཊཱ་ཀི་རཱ་ཛ་དང༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་དང༔ བདུད་མགོན་ཏྲག་ཤད་ནག་པོ་རྣམས༔ མཐིང་ནག་གྲི་གུག་ཐོད་ཁྲག་འཛིན༔ བེར་གསོལ་གསང་བའི་ཡུམ་དང་སྦྱོར༔ ཕྱོགས་སྐྱོང་རྒྱལ་ཆེན་དྲེགས་པས་བསྐོར༔ ལས་བྱེད་འབུམ་ཕྲག་རླུང་ལྟར་འཕྱོ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་རབ་འབྱམས་ལས་ཀུན་སྩོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང་༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོགས་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་མཁའ་དབྱིངས་རེ་མ་ཏཱི༔ ཛི་ན་མི་ཏྲ་སྐུ་ཡི་འཕྲུལ༔ ཊཱ་ཀི་རཱ་ཛ་གསུང་གི་མདངས༔ ཀྵེ་ཏྲ་པཱ་ལ་ཐུགས་སྤྲུལ་འགྱེད༔ ཏྲཀྴད་གཉིས་མེད་ཡེ་ཤེས་རྩལ༔ བྲན་ཏུ་འདུས་པ་དྲེགས་པའི་ཚོགས༔ ཡེ་ཤེས་རྣམ་པར་རོལ་པ་ཡི༔ མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད༔ སྣ་ཚོགས་གཟུགས་འཆང་འདོད་དགུ་མྱུར་བའི་ལུས༔ རྣལ་འབྱོར་སྒྲུབ་པོས་འདོད་པའི་དོན་གསོལ་ཚེ༔ དམ་ཚིག་ཅན་ལ་རྒྱལ་བའི་བཀའ་བཞིན་ཁུར༔ འདོད་པའི་དོན་སྒྲུབ་ཁྱོད་ལ་ཕྱག་འཚལ་བསྟོད༔ མགོན་པོའི་བཀའ་སྡོད་ཕྲིན་ལས་ཐོགས་མེད་སྒྲུབ༔ མཐུ་སྟོབས་ནུས་པས་ལས་ཀུན་མངའ་དབང་བསྒྱུར༔ ཕྱོགས་སྐྱོང་རྒྱལ་ཆེན་བཞི་དང་གཙང་རིས་ཀྱི༔ དཔལ་མགོན་སྡེ་བརྒྱད་ཕོ་ཉར་ཕྱག་འཚལ་བསྟོད༔ བཟླས་པ་ནི། རང་གི་ཐུགས་ནས་འོད་འཕྲོས་པས༔ འཁོར་རྣམས་ལས་ལ་བསྐུལ་བའི་མཐུས༔ བདུད་རྩིའི་བུམ་པས་ཁྲུས་བྱས་པས༔ ནད་གདོན་མི་མཐུན་གྲིབ་ཀུན་བཀྲུས༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་བསྡུས༔ ཟས་ནོར་འབྲུ་ཡི་ཆར་པ་བབ༔ སྲིད་པའི་རླུང་དམར་ཞགས་པ་འཕངས༔ གང་འདོད་ཐམས་ཅད་གནས་འདིར་བཀུག༔ སྤྲུལ་པའི་དམག་ཚོགས་མཚོན་ཆར་འཕྲོས༔ དགྲ་བགེགས་ཆོམ་རྐུན་ཐལ་བར་བརླག༔ ཕས་ཀྱི་བྱད་ཁ་ཐམས་ཅད་ནི༔ འཁོར་ལོ་འབར་བའི་མཚོན་གྱིས་གཏུབས༔ འོད་ཟེར་སྤྲུལ་པས་མནན་གཏད་བཀྲོལ༔ གང་འདོད་ཕྲིན་ལས་སྒྲུབ་པར་བསམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱཾ་བི་ནཱ་ཡ་ཀ་ཤྲཱི་དེ་བཱི་རེ་མ་ཏི་ཏྲཀ་རཀྴ་ཛི་ན་མི་ཏྲ་ཊཱ་ཀི་རཱ་ཛ་ཀྵེ་ཏྲ་པཱ་ལ་ཏྲཀྴད་མ་མ་ཏིང་ལཾ་མ་བྷྱོ༔ རཀྴ་རཀྴ༔ ཡཀྴ་ཡཀྴ༔ ཨིནྡྲ་ཡ༔ ཨགྣ་ཡེ༔ ཡ་མཱ་ཡ༔ ནིར་ཏྱ༔ བཱ་རུ་ཎཱ་ཡ༔ ཝཱ་ཡ་བེ༔ ཀུ་བེ་རཱ་ཡ༔ ཨཱི་ཤྭ་ནཱ་ཡ༔ ཨུརྡྷཾ་པྲ་ཧྨ༔ བྷཱུ་མི་པ་ཏི༔ སཱུརྻ་ཙནྡྲ༔ དྷྲྀཥྚཱ་རཱཥྚ་ཡ༔ བཻ་རུ་དྷ་ཀཱ་ཡ༔ བི་རཱུ་པཀྵཱ་ཡ༔ བཻ་ཤྲཱ་བཎཱ་ཡ༔ ཨཿཡཿམཿདུཿརུཿཙཿཤཿནཿ ཤཱིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཕཊ༔ ཨེ་ས་བྷྱོ་ཟློག༔ ཀཱ་ཝཱ་ཙི་ཕྱེས་ཕྱེས་ཁྲོལ་ཁྲོལ༔ ཤག་ཤག་བྱེར་བྱེར༔ སྟྭཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཛམྦྷ་ཡ་བྱེར༔ ཤིག་ཤིག་ཁྲོལ་ཁྲོལ༔ སྔགས་རིང་མཐར། ཨོཾ་ནཱ་ག་རཱ་ཛ་སརྦ་ནཱ་ག་ནཱ་གི་ཆར་ལ་བསྐུལ༔ བྷ་རི་ཤ་ཡ་ཕོབ་ཕོབ༔ ཞེས་བཏགས་པ་གྲངས་བསགས། ཁ་ཆར་གཅོད་པ་དང་སད་སྲུང་ལ། ཨོཾ་ལོ་ཀ་སརྦ་སྙིང་ལ་ཡ་ཡ༔ བྷ་རི་ཤ་ཡ་ཟློག་ཟློག༔ སྤྲིན་སྡུད་དེ་ལོ་ཏོག་ལ་སད་སྲུང་ན། ཨོཾ་ནཱ་ག་རཱ་ཛ་ག་ལེ༔ དུམ་པ་ལེ༔ འདུ་འདུ་ཧོ༔ ནད་ཞི་བ་ལ། ཨོཾ་སརྦ་རོ་ག་ཤཱིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ རིམས་སོགས་ནད་སྲུང་བ་ལ། ཨོཾ་སརྦ་རོ་ག་རྦད་རྦད་བྷྱོ་བྷྱོ་རཀྵ་རཀྵ༔ དམ་སྲི་བསྐྲད་ཅིང་སྲུང་བ། ཨོཾ་ཏྲི་གམ་པ་རི་མ་ར་ཡ་ཕཊ༔ རྒྱལ་འགོང་གི་གནོད་པ་སྲུང་ན། ཨོཾ་རཱ་ཙ་ཧབ་ལེ་ཧབ་ལེ་སོད༔ བགེགས་བསྐྲད་དགོས་ན། ཨོཾ་སརྦ་བིགྷྣཱ་ཾ་ཕཊ་ཕཊ༔ བྱད་བཟློག་ལ། ཨོཾ་ལོ་ཀ་ཙཎྜ་ཟློག་ཟློག༔ ཨོཾ་སརྦ་ཧེ་རུ་ཀ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་ཤམ་བུ་སྦྱར་ཞིང་དམིགས་པའི་འཕྲུལ་འཁོར་སྦྱར་བས་ལས་ཚོགས་རིགས་འགྲུབ་པའོ། །ཡང་བེ་འམ་སེང་ལྡིང་གི་མཁར་བ་རྡོ་རྗེའི་ཏོག་ཅན་གྱི་ནང་དུ་མགོན་པོའི་རྩ་སྔགས་བཅུག་ལ་མགོན་པོ་དངོས་སུ་གསལ་བས་སྒྲུབ་ཅིང་བརྟན་བཞུགས་བྱས་ལ། མགོན་པོའི་རྩ་སྔགས་ལ་ཧཱུྃ་བཞིའི་སྔགས་སྦྲེལ་ནས་བཟླས་ལ་རབ་ཏུ་གནས་ཏེ་རྡོ་རྗེའི་དབྱུག་པར་གྱུར་པར་དམིགས་ལ། གདོན་ཅན་གྱི་ནད་པ་སོགས་བརྡུང་བས་གནོད་པ་སོགས་གྲོལ་བར་ངེས་སོ། །ཐུན་མཚམས་སུ་གཏོར་འབུལ་དང་གསོལ་བསྐང་བྱ་ཞིང་ཕྲིན་ལས་བཅོལ་དགོས་པར་གསུངས་སོ། ༈ ལྔ་པ་མགོན་པོ་ནག་པོའི་སྲོག་སྒྲུབ་ནི། མདུན་སྟེགས་སུ་ཕུང་ཤུལ་གྱི་བྲུབ་ཁུང་དུ་དྲག་པོའི་འཁོར་ལོ་རྩིབ་བཞི་པ་ཁ་རྩང་གིས་བསྐོར་བའི་སྟེང་དྲག་གཏོར་ནག་པོ་འཁོར་བཞི་དང་ཐེབ་ཀྱུས་བསྐོར་བ་དར་གདུགས་སྐུ་ཙཀ་ཤ་ཁྲག་གིས་བརྒྱན་པ་བཤམས། དྲག་པོའི་ཉེར་སྤྱོད་ཀྱིས་བསྐོར་ལ། སྐྱབས་སེམས་ནས་མཆོད་པ་བྱིན་རླབས་ཚེ་མགོན་ལྟར་དང༌། ཤཱུ་ནྱ་ཏས་སྟོང་པར་སྦྱངས་ཏེ། སྣོད་བཅུད་དུར་ཁྲོད་དྲག་པོའི་ཞིང༌། ཨེ་ལས་མཐིང་ནག་གྲུ་གསུམ་དབུས༔ ཧཱུྃ་ལས་མ་ཧཱ་ཀཱ་ལ་ནག༔ ཁ་ཊྭཱཾ་རུ་མཚོན་ཞགས་པ་བསྣམས༔ བེར་ནག་དུར་ཁྲོད་ཆས་རྣམས་གསོལ༔ ཡུམ་ནི་ཐལ་མདོག་ནད་རྐྱལ་ཐོགས༔ ཛི་ན་མི་ཏྲ་ཚོན་གྲུ་སྤྲེལ༔ གཤིན་རྗེ་ཁྲམ་ཤིང་དགྲ་སྟྭ་བསྣམས༔ གནོད་སྦྱིན་ལྕགས་ཀྱུ་ཞགས་པ་འཕེན༔ ལས་མགོན་སྤུ་གྲི་ཐོ་བ་བསྣམས༔ སྦས་པའི་མ་མོ་ཤན་པ་རྣམས༔ ནག་པོ་སྤུ་གྲི་ཞགས་པ་ཐོགས༔ རྒྱལ་ཆེན་ཕྱོགས་སྐྱོང་དྲེགས་བྱེད་རྣམས༔ དྲག་པོའི་ལས་ལ་རྔམས་པར་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་མངོན་སྤྱོད་ལས་ཀུན་སྩོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང་༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོགས་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་མཁའ་དབྱིངས་རེ་མ་ཏཱི༔ ཛི་ན་མི་ཏྲ་སྐུ་ཡི་འཕྲུལ༔ ཊཱ་ཀི་རཱ་ཛ་གསུང་གི་མདངས༔ ཀྵེ་ཏྲ་པཱ་ལ་ཐུགས་སྤྲུལ་འགྱེད༔ ཏྲཀྴད་གཉིས་མེད་ཡེ་ཤེས་རྩལ༔ བྲན་ཏུ་འདུས་པ་དྲེགས་པའི་ཚོགས༔ ཡེ་ཤེས་རྣམ་པར་རོལ་པ་ཡི༔ མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད༔ གསོད་པའི་དུས་སུ་བསྐལ་པའི་མུན་གཏིབས་འདྲ༔ ལས་འགར་སྤྱོད་ཚེ་རླུང་གི་སྤུ་གྲི་འདྲ༔ དམིགས་པའི་གཟུགས་ལ་རེག་ཙམ་ཐུལ་ཐུལ་གཅོད༔ སྲོག་གི་སྤུ་གྲི་ཁྱོད་ལ་ཕྱག་འཚལ་བསྟོད༔ ཐོགས་མེད་ཕྲིན་ལས་རྣམ་བཞིའི་གཟུགས། །སྤྲུལ་པའི་ལས་བྱེད་ཕོ་ཉ་བཞི། །ཕྱོགས་སྐྱོང་རྒྱལ་ཆེན་དཔལ་མགོན་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བསྙེན་དམིགས་ནི། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཕོ་ཉ་སྐུལ་ཞིང་སོ་སོ་ཡིས༔ ལྕགས་ཀྱུས་བཟུང་ཞིང་ཞགས་པས་བཀུག༔ ཁྲོམ་ལ་བཏབ་ཅིང་ལྷ་དང་ཕྲལ༔ མཚོན་ཆའི་ཆར་འབེབས་དམྱལ་ཐག་གཅད༔ ནད་ཀྱི་རྐྱལ་པས་མྱོས་སུ་བཅུག༔ ཐུགས་ལས་ཛཿལས་འཁོར་ལོ་སྤྲོས༔ ཁོག་པར་འཁོར་བས་བླ་ཚེ་གཏུབས༔ སྤུ་གྲིས་ཚར་གཅད་ཐོ་བས་བརྡུངས༔ ཤ་ཁྲག་ཧབ་ཧབ་གསོལ་བར་བསམ༔ ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཀྵེ་ཏྲ་པཱ་ལ་དགྲ་བགེགས་ཨཾ་ཀུ་ཤ་ཛ༔ དགྲ་བགེགས་བཀུག ཡ་མ་རཱ་ཛ་མགོན་སྐྱབས་བྱེད་པའི་ལྷ་རྣམས་པྲ་བེ་ཤ་ཡ་ཕཊ༔ ལྷ་དང་ཕྱེ། ཛི་ན་མི་ཏྲ་ཆེ་གེ་མོ་ཨེ་ཧུར་ཐུམ་ཛ༔ ཏྲག་རཀྴ་ཐུན་བྷྱོ༔ མཚོན་ཆས་བརྡུངས་ཏེ་དམྱལ་ཐག་བཅད། ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཆེ་གེ་མོ་ཀཱ་བཱ་ཙི་མཱ་ར་ཡ་རྦད་རྦད༔ དངོས་སུ་བསྒྲལ། མ་ཧཱ་ཀཱ་ལ་ཏྲཀྴད་ཛཿནྲྀ་ཏྲི་ཤ་ཏྲཱུཾ་ཁ་ཐཾ་ཁ་ཐཾ༔ མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཐོ་གཏུན་གྱིས་བརྡུངས་ལ་ཞལ་དུ་བསྟབ་པར་དམིགས་པ་དང་སྦྲག་སྔགས་རྣམས་རྟགས་དང་སྦྱར་ཏེ་རིམ་པ་བཞིན་བཟླ་ཞིང༌། ཐུན་མཐར་གསོལ་བསྐང་བསྐུལ་བ་རྣམས་དྲག་ཏུ་བྱས་ལ། ལས་གྲུབ་པ་དང་ལིངྒ་མེར་བསྲེགས། ཐལ་བ་འབུལ་གཏོར་དང་ལྷན་ཅིག་དགྲ་ཕྱོགས་སུ་འཕང་ངོ༌། ༈ དྲུག་པ་ལས་ལ་མྱུར་བ་མགོན་པོ་རྟ་ཞོན་གྱི་རླུང་སྒྲུབ་ནི། གྲི་ལྕགས་ལས་བྱས་པའི་མདུང་དར་ནག་གི་རུ་མཚོན་ཅན་རྟེན་དུ་བཟུང་བའི་མདུན་དུ་དྲག་གཏོར་གཙོ་འཁོར་བཞི་པ་དར་གདུགས་སྐུ་ཙཀ་ཤ་ཁྲག་གིས་བརྒྱན་པ་སྨན་རཀ་དང་དྲག་པོའི་ཉེར་སྤྱོད་ཀྱིས་བསྐོར། སྐྱབས་སེམས་ནས་མཆོད་བརླབ་བར་སྔར་ལྟར་བཏང་རྗེས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྣོད་བཅུད་དུར་ཁྲོད་རོལ་པའི་ཞིང༔ རླུང་ནག་འཚུབས་མའི་ཀློང་དཀྱིལ་དུ༔ ཧཱུྃ་ལས་སྐྱེས་པའི་ལས་མགོན་ནི༔ མཐིང་ནག་བེར་ཆེན་སྐུ་ལ་གསོལ༔ རུ་མཚོན་ཕྱར་ཞིང་ཐོད་རྔ་འཁྲོལ༔ རྟ་ནག་རླུང་གཤོག་ལྡན་པ་ཆིབས༔ ཀྵེ་ཏྲ་པཱ་ལ་སྤུ་གྲི་འཛིན༔ མི་ལྤགས་གསོལ་ཞིང་དོམ་ནག་ཆིབས༔ ཊཱ་ཀི་རཱ་ཛ་དགྲ་སྟྭ་འཛིན༔ བེར་ནག་གསོལ་ཞིང་ཆུ་གླང་ཆིབས༔ ཛི་ན་མི་ཏྲ་བསྭེ་མདའ་འཕེན༔ གླང་ཆེན་ནག་པོ་སྨྱོན་པ་ཆིབས༔ ཏྲཀྴད་ནག་པོ་བདུད་མདའ་བཀང༔ རྫུ་འཕྲུལ་རྟ་ནག་རྐང་གསུམ་ཆིབས༔ ཀུན་ཀྱང་བེར་གསོལ་དུར་ཁྲོད་ཆས༔ དྲེགས་པ་འབུམ་གྱི་འཁོར་གྱིས་བསྐོར༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ མཐིང་ནག་ཁྲམ་ཤིང་ཐོད་ཁྲག་འཛིན༔ ཞིང་ལྤགས་རེ་ལྡེའི་ན་བཟའ་གསོལ༔ དྲིལ་རྟ་རྐང་གསུམ་ཆིབས་ནས་སུ༔ མ་མོ་འབུམ་གྱིས་འཁོར་གྱིས་བསྐོར༔ རྒྱལ་ཆེན་བཞི་ཡིས་རུ་མཚོན་ཕྱར༔ ཕྱོགས་སྐྱོང་བཅུ་ནི་རླུང་ལྟར་འཚུབས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་མངོན་སྤྱོད་ལས་ཀུན་སྩོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང་༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོགས་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་མཁའ་དབྱིངས་རེ་མ་ཏཱི༔ ཛི་ན་མི་ཏྲ་སྐུ་ཡི་འཕྲུལ༔ ཊཱ་ཀི་རཱ་ཛ་གསུང་གི་མདངས༔ ཀྵེ་ཏྲ་པཱ་ལ་ཐུགས་སྤྲུལ་འགྱེད༔ ཏྲཀྴད་གཉིས་མེད་ཡེ་ཤེས་རྩལ༔ བྲན་ཏུ་འདུས་པ་དྲེགས་པའི་ཚོགས༔ ཡེ་ཤེས་རྣམ་པར་རོལ་པ་ཡི༔ མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད༔ ཐོགས་མེད་ཕྲིན་ལས་རྣམ་བཞིའི་གཟུགས། །སྤྲུལ་པའི་ལས་བྱེད་ཕོ་ཉ་བཞི། །ཕྱོགས་སྐྱོང་རྒྱལ་ཆེན་དཔལ་མགོན་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བསྙེན་དམིགས་ནི། གཙོ་འཁོར་ཀུན་གྱི་ཐུགས་ཀ་རུ༔ ཧཱུྃ་དང་བྷྱོ་ཡིས་མཚན་པ་ལ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་འཕྲོས་ཡི་གེ་རྣམས་ལ་ཕོག༔ སྔོན་གྱི་ཐུགས་དམ་དྲན་ནས་སུ༔ སྡང་བའི་དགྲ་ལ་དམག་སྣ་དྲངས༔ བསད་ཅིང་ཐལ་བར་བརླག་པར་བསམ༔ ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཀྵེ་ཏྲ་པཱ་ལ་དགྲ་བགེགས་ཨཾ་ཀུ་ཤ་ཛ༔ དགྲ་བགེགས་བཀུག ཡ་མ་རཱ་ཛ་མགོན་སྐྱབས་བྱེད་པའི་ལྷ་རྣམས་པྲ་བེ་ཤ་ཡ་ཕཊ༔ ལྷ་དང་ཕྱེ། ཛི་ན་མི་ཏྲ་ཆེ་གེ་མོ་ཨེ་ཧུར་ཐུམ་ཛ༔ ཏྲག་རཀྴ་ཐུན་བྷྱོ༔ མཚོན་ཆས་བརྡུང་སྟེ་དམྱལ་ཐག་བཅད། ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཆེ་གེ་མོ་ཀཱ་བཱ་ཙི་མཱ་ར་ཡ་རྦད་རྦད༔ དངོས་སུ་བསྒྲལ། མ་ཧཱ་ཀཱ་ལ་ཏྲཀྴད་ཛཿནྲྀ་ཏྲི་ཤ་ཏྲཱུཾ་ཁ་ཐཾ་ཁ་ཐཾ༔ མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཞེས་སྔགས་རྣམས་བཟླས་མཐར། གཏོར་འབུལ་དང་བསྐང་བཤགས་བྱས་ལ། གལ་ཆེ་ན་བཟློག་པ་ཡང་སྦྱར། མཐར་དྲག་བསྐུལ་ནི། དར་ནག་གཡབ་ཅིང་རྐང་གླིང་དང་བཤུག་གླུ་རོལ་མོ་དབྱངས་དང་བཅས་ཏེ། ཧཱུྃ་བྷྱོ༔ གཏུམ་དྲག་འབར་བའི་དུར་ཁྲོད་ནས༔ ཡེ་ཤེས་མགོན་པོ་མཐུ་རྩལ་ཅན༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་གཙོ༔ དཀར་པོ་ལྷ་དམག་དབུགས་འབྱིན་ཅིང༔ ནག་པོ་བདུད་དང་ལྷ་མིན་འཇོམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ བྷྱོ༔ དབྱིངས་ཀྱི་དུར་ཁྲོད་ཆེན་མོ་ནས༔ མཁའ་འགྲོ་ཆེན་མོ་ཀུན་གྱི་གཙོ༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ ནད་དང་རིམས་ཀྱི་བདག་མོ་ཆེ༔ མ་མོ་འབུམ་གྱི་འཁོར་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ ཧཱུྃ་བྷྱོ༔ དགྲ་བོ་སྐོས་ལ་འདེབས་བྱེད་པའི༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ནི༔ ཞིང་སྐྱོང་ཀུན་གྱི་གཙོ་བོ་སྟེ༔ དགྲ་ལ་རྦད་ན་གློག་ལྟར་མྱུར༔ ཤ་ལ་དགའ་ཞིང་ཁྲག་ལ་རྔམས༔ རུས་ལ་མུར་ཞིང་བདུན་བརྒྱུད་བརླག༔ གནོད་སྦྱིན་དམག་གི་དཔུང་ཚོགས་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ཕྲིན་ལས་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ ཧཱུྃ་བྷྱོཿ དགྲ་བོ་ལྷ་དང་ཕྲལ་བྱེད་པའི༔ གཤིན་རྗེ་ཊཱ་ཀི་རཱ་ཛ་ནི༔ གཤེད་ཆེན་རྣམས་ཀྱི་རྒྱལ་པོ་སྟེ༔ སྲོག་ལ་རྦད་ན་དུས་མི་གཡེལ༔ ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ ཧཱུྃ་བྷྱོཿ དགྲ་བོ་དམྱལ་ཐག་གཅོད་མཛད་པའི༔ དབང་ཕྱུག་ཛི་ན་མི་ཏྲ་ནི༔ ལྷ་དམག་འབུམ་གྱི་དམག་དཔོན་ཏེ༔ དྲག་པོའི་ལས་མཛད་རྫུ་འཕྲུལ་ཅན༔ དྲེགས་པ་ལྷ་ཡི་དམག་ཚོགས་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ ཧཱུྃ་བྷྱོཿ ཀཱི་ལ་སྒྲོགས་པའི་དུར་ཁྲོད་ནས༔ ལས་ཀྱི་མགོན་པོ་དབྱིངས་ནས་བཞེངས༔ དུར་ཁྲོད་མ་མོ་རྣམས་ཀྱི་གཙོ༔ སྦྱོར་སྒྲོལ་མཛད་པའི་ཚོགས་དཔོན་ཏེ༔ ཏྲཀྴད་ནག་པོ་ཞེས་བྱ་བ༔ སྲིད་པ་གསུམ་གྱི་སྲོག་གི་བདག༔ དྲེགས་པའི་མགོན་པོའི་དམག་ཚོགས་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ བྷྱོ༔ སྦས་པའི་མ་མོ་རྣམ་པ་བཞི༔ ལས་བྱེད་གབ་པའི་ཤན་པ་དང༔ རྒྱལ་ཆེན་ཕྱོགས་སྐྱོང་དྲེགས་པའི་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་ལ་མྱུར་དུ་སྐུལ༔ མ་གཡེལ་དམ་ཉམས་དགྲ་ལ་ཡ༔ བྷྱོཿ སངས་རྒྱས་བསྟན་པ་བཤིག་པ་དང༔ བླ་མའི་སྐུ་ལ་བདོ་བ་དང༔ རིགས་དང་རྒྱུད་ལ་སྙོགས་པ་དང༔ ཆོས་འཁོར་སྲིད་ལ་རྔམས་པ་དང༔ དགེ་འདུན་སྡེ་རྣམས་བཤིག་པ་དང༔ སངས་རྒྱས་བསྟན་ལ་འཚེ་བ་དང༔ སེམས་ཅན་ཉེས་མེད་མནར་བ་དང༔ ཉམས་པ་བདུན་ལྡན་ཞིང་བཅུ་ཚང༔ སྔ་དགྲ་ལག་བདར་ཕྱི་དགྲ་སེམས༔ ད་དགྲ་ཐད་དུ་ལངས་པ་ཡི༔ དམ་ཉམས་དགྲ་ཡི་ཡུལ་དུ་རྒྱུག༔ ཁ་རུ་ལག་ཆུག་ཁོག་པའི་སྙིང༔ དཔྲལ་བའི་མིག་རྣམས་ཐང་ལ་བྱོས༔ སྙིང་ཁྲག་ཕོས་ལ་སྲོག་རྩ་ཆོད༔ བདུན་བརྒྱུད་རྩད་ནས་བརླག་པར་གྱིས༔ ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཀྵེ་ཏྲ་པཱ་ལ་དགྲ་བགེགས་ཨཾ་ཀུ་ཤ་ཛ༔ དགྲ་བགེགས་བཀུག ཡ་མ་རཱ་ཛ་མགོན་སྐྱབས་བྱེད་པའི་ལྷ་རྣམས་པྲ་བེ་ཤ་ཡ་ཕཊ༔ ལྷ་དང་ཕྱེ། ཛི་ན་མི་ཏྲ་ཆེ་གེ་མོ་ཨེ་ཧུར་ཐུམ་ཛ༔ ཏྲག་རཀྴ་ཐུན་བྷྱོ༔ མཚོན་ཆས་བརྡུངས་ཏེ་དམྱལ་ཐག་བཅད། ཨོཾ་མ་ཧཱ་ཀཱ་ལ་གིཾ་ཀ་ར་ཆེ་གེ་མོ་ཀཱ་བཱ་ཙི་མཱ་ར་ཡ་རྦད་རྦད༔ དངོས་སུ་བསྒྲལ། མ་ཧཱ་ཀཱ་ལ་ཏྲཀྴད་ཛཿནྲྀ་ཏྲི་ཤ་ཏྲཱུཾ་ཁ་ཐཾ་ཁ་ཐཾ༔ མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཞེས་དྲག་ཏུ་བསྐུལ་རྫོགས་པ་དང་གཏོར་མ་དགྲ་ཕྱོགས་སུ་འཕང༌། སྲུང་འཁོར་བསྒོམ་ཞིང་ཚེ་འགུགས་ཤིས་བརྗོད་བཅས་བྱ་བ་ནི་ཤིན་ཏུ་གཉན་པས་རྟག་པར་བྱ་མི་རུང་གསུངས་སོ། ༈ གཉིས་པ་འཁོར་ལས་མཁན་རྣམས་ཀྱི་སྒོས་སྒྲུབ་ལ་ལྔ་ལས། དང་པོ་ཡུམ་རེ་མ་ཏིའི་སྒོས་སྒྲུབ་ནི། རྟེན་མཆོད་སོགས་མགོན་མཐིང་སྐབས་ལྟར་ལས་ཡུམ་རེ་མ་ཏིའི་གཏོར་མ་ཁྱད་པར་དུ་བཤམས་དགོས་པ་ནི་འཁོར་འོག་མ་རྣམས་ལ་འགྲེ། སྐྱབས་སེམས་ནས་བརྩམས་བདག་བསྐྱེད། ཤཱུ་ནྱ་ཏས་སྦྱངས། ཆོས་རྣམས་དམིགས་མེད་མཐའ་བྲལ་བསྒོམ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེའི་ཧཱུྃ༔ འཕྲོ་འདུས་སྲུང་འཁོར་དུར་ཁྲོད་གནས༔ རབ་འཇིགས་ཕོ་བྲང་ཨེ་ཡི་ཀློང༔ འཁོར་ལོ་བྲག་ཆེན་པད་ཉིའི་སྟེང༔ ཡེ་ཤེས་མགོན་པོ་མཐིང་ནག་འབར༔ དབུ་གསུམ་གཡས་དཀར་གཡོན་དམར་ཞལ༔ སྤྱན་དགུ་རབ་བགྲད་ཁྲོ་གཉེར་བསྡུས༔ ཞལ་གདངས་ལྗགས་འདྲིལ་ཀྵིཾ་སྒྲ་སྒྲོགས༔ མཆེ་གཙིགས་སྨར་སྨིན་དབུ་སྐྲ་འབར༔ ཕྱག་དྲུག་དང་པོས་གྲི་ཐོད་དང༔ བར་བས་མདུང་དང་རྩེ་གསུམ་ཕྱར༔ ཐ་མས་རྔེའུ་ཆུང་ཞགས་པ་འཛིན༔ ཞབས་བཞི་འདོར་ཐབས་བགེགས་རྒྱལ་མནན༔ གཤོགས་པ་རབ་གདེངས་དུར་ཁྲོད་ཆས༔ ཁྱུང་དང་སྟག་གཟིག་དོམ་ནག་འཕྲོ༔ རེ་ཏི་མཐིང་ནག་གྲི་ཐོད་ཅན༔ མཉམ་སྦྱོར་མེ་ཡི་ཀློང་ན་བཞུགས༔ ཐོད་མཁར་མེ་རླུང་འཚུབས་པའི་དཀྱིལ༔ བྷྱོ་ལས་ལྷ་མོ་རེ་མ་ཏི༔ ཞལ་གཅིག་ཕྱག་གཉིས་དྲེའུ་ཆིབ༔ རལ་གྲི་དང་ནི་ཐོད་ཁྲག་འཛིན༔ རེ་ལྡེ་དུར་ཁྲོད་ཆས་ཀྱི་བརྒྱན༔ འབུམ་ཕྲག་ཡངས་པའི་མ་མོས་བསྐོར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨཱེ་རལླི་ཧྲཱིཾ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ནས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོགས་པས་མཆོད༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཡེ་ཤེས་མགོན་པོ་འཁོར་བཅས་མཆོད༔ བཞེས་ནས་རབ་འབྱམས་ལས་ཀུན་སྩོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང་༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོགས་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ བྱང་ཤར་ཐོད་པ་འཕྲུལ་གྱི་གཞལ་ཡས་ནས༔ ཡུམ་མཆོག་དཔལ་ལྡན་ལྷ་མོ་རེ་མ་ཏི༔ ངོ་བོ་གཅིག་ལ་སྤྲུལ་པའི་རྣམ་འགྱུར་སྟོང༔ མ་གཅིག་རེ་མ་ཏི་ལ་ཕྱག་འཚལ་བསྟོད༔ གོང་ནོན་མགོན་པོའི་སྔགས་ཅུང་ཟད་བཟླས་ལ། བསྙེན་དམིགས་ནི། ཐུགས་ཀར་ཟླ་སྟེང་བདུད་རྩི་ཡི༔ བུམ་པའི་ཨཾ་གིས་མཚན་པ་ལས༔ ཨོཾ་ཤྲཱི་དེ་བཱི་རེ་མ་ཏི་ཏྲག་རཀྴ་ཧཱུྃ་ཕཊ༔ ཅུང་ཟད་བཟླ། དེ་ལས་འོད་འཕྲོས་བདུད་རྩིའི་རྒྱུན༔ འོད་ཟེར་དཀར་པོ་འཕྲོས་པ་ཡིས༔ ནད་ཡམས་རིམས་ནད་ཞི་བར་བསམ༔ སྔགས་སྔ་མ་ཅི་ནུས་བཟླས་མཐར། མགོན་པོའི་གསོལ་བསྐང་དང༌། ལྷ་མོའི་སྒེར་གསོལ་དང༌། འཁྲུགས་སྐོང་སོགས་བྱའོ། ༈ གཉིས་པ་དབང་ཕྱུག་ཛི་ན་མི་ཏྲའི་སྒོས་སྒྲུབ་ལ་ལས་འགྲིགས་ལྷ་མོ་ལྟར་ལ། མདུན་བསྐྱེད་ལྷ་མོའི་ཚབ་ཏུ། མདུན་དུ་མེ་རླུང་འཚུབས་པའི་དབུས༔ ལྷ་དམག་དགུ་ཁྲི་དགུ་འབུམ་འགྱེད༔ ཛཿལས་ཛི་ན་མི་ཏྲ་མཐིང༔ རལ་གྲི་དང་ནི་ཐོད་ཁྲག་འཛིན༔ བེར་ནག་གསོལ་ཞིང་དུར་ཁྲོད་ཆས༔ ཞབས་གཉིས་འདོར་ཐབས་དགྲ་བགེགས་མནན༔ བསྟོད་པའི་ཁྱད་པར། དུར་ཁྲོད་ལྷ་ཆེན་རོལ་པའི་ནགས་ཚལ་ནས༔ སྲིད་པ་གསུམ་ལ་དབང་བྱེད་སྲོག་གི་བདག༔ དབང་ཕྱུག་ཛི་ན་མི་ཏྲ་མཐུ་རྩལ་ཅན༔ ལྷ་དམག་དགུ་ཁྲི་དགུ་འབུམ་ལས་ལ་འགྱེད༔ བཀའ་སྡོད་ལྷ་ཡི་མགོན་པོ་ཁྱེད་ལ་བསྟོད༔ མགོན་པོའི་བཟླས་པ་ཅུང་ཟད་མཐར། བསྙེན་དམིགས་ནི། ཐུགས་ཀར་ཛཿམཐར་སྔགས་ཀྱིས་བསྐོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ དམིགས་བྱ་དབང་དུ་བསྡུས་པར་བསམ༔ ཨོཾ་ཛི་ན་མི་ཏྲ་ཧཱུྃ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཅི་ནུས་གཙོ་བོར་བཟླ། སླར་ཡང་འོད་ཟེར་དཀར་པོ་ཡི༔ ཚོགས་འཕྲོས་ཤེས་རབ་བསྐྱེད་པར་བསམ༔ ཨོཾ་ཛི་ན་མི་ཏྲ་ཧཱུྃ་པྲཛྙཱ་སིདྡྷི་ཧཱུྃ་ཧཱུྃ༔ ཅུང་ཟད་བཟླ། ལས་སྦྱོར་འདི་གཙོ་བོར་དགོས་ན་བཟླས་པ་རྟགས་དང་བསྟུན་མཐར། གསོལ་བསྐང་སོགས་སྔ་མ་རྣམས་བཞིན་བྱའོ། ༈ གསུམ་པ་གཤིན་རྗེ་ཊཱ་ཀི་རཱ་ཛ་ནི། རླུང་ནག་འཚུབས་ཀློང་ཡཿཡིག་ལས༔ གཤིན་རྗེའི་དམག་ཚོགས་འབུམ་གྱིས་བསྐོར༔ ཊཱ་ཀི་རཱ་ཛ་མཐིང་ནག་འབར༔ ཟ་འོག་ནག་པོའི་བེར་ཆེན་གསོལ༔ དགྲ་སྟྭ་གཡས་ལ་ཁྲམ་ཤིང་གཡོན༔ བསྟོད་པ། སྐྱེ་འགྲོ་ཁྲམ་ལ་འདེབས་པའི་དུར་ཁྲོད་ནས༔ གཤིན་རྗེ་ཊཱ་ཀི་རཱ་ཛ་སྲིད་པའི་བདག༔ གཤིན་རྗེའི་དམག་ཚོགས་འབུམ་ཕྲག་ལས་ལ་འགྱེད༔ གཤིན་རྗེའི་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྙེན་དམིགས་ནི། ཐུགས་ཀར་ཡཿལས་སྔགས་ཕྲེང་བསྐོར༔ འོད་འཕྲོས་གདུག་པའི་དགྲ་དང་བགེགས༔ མ་ལུས་ཚར་བཅད་བརླག་པར་བསམ༔ ཨོཾ་ཊཱ་ཀི་རཱ་ཛ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་བཟླ། གསོལ་བསྐང་སོགས་སྔ་མ་རྣམས་བཞིན་བྱའོ། ༈ བཞི་པ་ཞིང་སྐྱོང་ཀྵེ་ཏྲ་པཱ་ལའི་སྒོས་སྒྲུབ་ནི། སྤྲོ་ན་བླ་རྡོ་རྟེན་བཅས་འདུ་བྱ། དཀྱུས་ཙམ་དུ་གཏོར་མ་དང་མཆོད་པ་ཙམ་ལ་བསྟེན་ཀྱང་རུང་ཞིང༌། བྷྲཱུྃ་ལས་བྷཉྫ་ཐོད་པའི་མཁར༔ རླུང་ནག་འཚུབས་པའི་ཀློང་དཀྱིལ་དུ༔ ཀྵ་ལས་ཀྵེ་ཏྲ་པཱ་ལ་ནག༔ ལྕགས་ཀྱུ་གཡས་ལ་ཞགས་པ་གཡོན༔ མི་ལྤགས་གཡང་གཞི་སྐུ་ལ་གསོལ༔ དོམ་ནག་སྨྱོན་པ་ཆིབས་སུ་ཆིབ༔ གསང་བའི་ཡུམ་མཆོག་རེ་ཏི་མ༔ སྤུ་གྲི་གདེང་ཤིང་མི་སྙིང་གསོལ༔ ཤན་པ་འབུམ་གྱི་དམག་གིས་བསྐོར༔ བསྟོད་པ་ནི། ཁྲག་མཚོ་རྦ་ཀློང་འཁྲུགས་པའི་ཀློང་དཀྱིལ་ནས༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྲོག་གི་བདག༔ ཤན་པ་འབུམ་གྱི་དམག་ཚོགས་ལས་ལ་འགྱེད༔ ཞིང་སྐྱོང་མགོན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ བསྙེན་དམིགས་ནི། ཡབ་ཡུམ་གཉིས་ཀྱི་ཐུགས་ཀ་རུ༔ ཀྵ་དང་ཐཿལ་སྔགས་ཀྱིས་བསྐོར༔ འོད་ཟེར་དཔག་མེད་འཕྲོས་པ་ཡིས༔ ཡིད་ལ་བརྣག་པ་ཐམས་ཅད་བསྒྲལ༔ ལོངས་སྤྱོད་ཐམས་ཅད་སྩོལ་བར་བསམ༔ ཨོཾ་ཀྵེ་ཏྲ་པཱ་ལ་ཛཿ མ་མ་རོ་ཏི་བྷྱོཿ ཞེས་བཟླ། གསོལ་བསྐང་སོགས་སྔ་མ་རྣམས་བཞིན་བྱའོ། ༈ ལྔ་པ་བདུད་མགོན་ཏྲཀྴད་ཀྱི་སྒོས་སྒྲུབ་ནི། མདུན་དུ་ཀཱ་ལ་སྒྲོགས་པ་ཡི༔ དུར་ཁྲོད་ཆེན་པོའི་ས་གཞི་ལ༔ ཐོད་མཁར་དྲག་པོའི་རྒྱན་དང་ལྡན༔ མེ་རླུང་འཚུབས་པའི་ཀློང་དཀྱིལ་དུ༔ ཧཱུྃ་ལས་ཏྲཀྴད་ནག་པོ་ནི༔ ཞལ་གཅིག་ཕྱག་གཉིས་བདུད་མདའ་བཀང༔ བེར་ནག་གསོལ་ཞིང་བདུད་རྟ་ཆིབས༔ གསང་བའི་ཡུམ་མཆོག་དུང་སྐྱོང་མ༔ དཀར་མོ་མེ་ལོང་ཙིཏྟ་བསྣམས༔ ཞིང་ལྤགས་གོས་གསོལ་བོང་བུ་ཆིབ༔ མ་མོ་བདུད་མོན་ཤན་པས་བསྐོར༔ བསྟོད་པ། ཀཱི་ལ་སྒྲོགས་པའི་དུར་ཁྲོད་ཆེན་པོ་ནས༔ བདུད་ཀྱི་མགོན་པོ་ཏྲཀྴད་ནག་པོ་ནི༔ མཁའ་འགྲོ་བདུད་དམག་འབུམ་ནི་ལས་ལ་འགྱེད༔ མ་མོའི་ཚོགས་དཔོན་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྙེན་དམིགས་ནི། ཡབ་ཡུམ་གཉིས་ཀྱི་ཐུགས་ཀ་རུ༔ ཧཱུྃ་དང་བྷྱོ་ཡི་ཐ་མ་རུ༔ ཨོཾ་ཀརྨ་མ་ཧཱ་ཀཱ་ལ་ཏྲཀྴད་ཛ༔ ཨོཾ་དེ་བཱི་ཤངྑ་པཱ་ལ་ཏྲཀ་རཀྴ་བྷྱོ་ཛ༔ ཞེས་པས་བསྐོར་ལས་འོད་འཕྲོས་པས༔ གང་འདོད་ལས་རྣམས་སྒྲུབ་པར་བསམ༔ ལས་སྦྱོར་དམིགས་བསལ་དགོས་ན་ལིངྒ་སོགས་གཏེར་གཞུང་ལྟར་བྱ། ལས་སྦྱོར་དཀྱུས་ཙམ་ལ། ཨོཾ་ཀརྨ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་དི་བཱི་ཤངྑ་པཱ་ལ་ཏྲཀ་རཀྴ་བྷྱོ་ཛ༔ དྲག་སྔགས་སྤུ་གྲི་ཅུང་ཟད་བཟླ་ཞིང་བསད་དམིགས་ཙམ་བྱས་པས་རུང་བའོ། །གསུམ་པ་སྤྱི་དང་བྱེ་བྲག་ཀུན་གྱི་ལས་གཞུག་རྗེས་རིམ་དང་པོ་ཐུན་གཏོར་འབུལ་བ་ནི། སྐབས་སུ་གང་བབ་ཀྱི་བཟླས་པ་གྲུབ་པའི་རྗེས། འབུལ་གཏོར་ཁ་གསོ་ཞིང་སྨན་རཀ་བྲན་ཏེ། རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས༔ སྣང་བ་རྣམ་དག་གཏོར་གཞོང་དུ༔ ཡེ་ཤེས་ལྔ་ཡི་དམ་རྫས་རྣམས༔ བདེ་བ་ཆེན་པོར་ཞུ་བའི་བཅུད༔ འདོད་ཡོན་རྒྱ་མཚོར་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ མཁའ་དབྱིངས་ནས་བཞེངས་བདེ་བ་ཆེ༔ ཡེ་ཤེས་མགོན་པོ་ཕྱག་དྲུག་པ༔ ཆོས་ཀྱི་དབྱིངས་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ མ་ཧཱ་ཀཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ མ་ཧཱ་ཀཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ཡབ་གཅིག་དེ་ཡི་ཡུམ་མཆོག་ནི༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ མུ་ལེའི་མཚོ་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ དཔལ་ལྡན་ལྷ་མོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ དཔལ་ལྡན་ལྷ་མོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ཤར་གྱི་ཕོ་ཉ་ཆེན་པོ་ནི༔ དབང་ཕྱུག་ཛི་ན་མི་ཏྲ་ཡང༔ ནམ་མཁའི་དབྱིངས་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ཛི་ན་མི་ཏྲ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ཛི་ན་མི་ཏྲ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་ནི༔ གཤིན་རྗེ་ཊཱ་ཀི་རཱ་ཛ་ཡང་༔ ལྷོ་ཕྱོགས་གཤིན་རྗེའི་གནས་ནས་གཤེགས༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ཊཱ་ཀི་རཱ་ཛ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ཊཱ་ཀི་རཱ་ཛ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་ནི༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ཡང༔ མཁའ་སྤྱོད་ཞིང་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ཀྵེ་ཏྲ་པཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ཀྵེ་ཏྲ་པཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་ཕོ་ཉ་ནི༔ བདུད་མགོན་ཏྲཀྴད་ནག་པོ་ཡང༔ བསིལ་བའི་ཚལ་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ལས་མགོན་ནག་པོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ལས་མགོན་ནག་པོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ ཧཱུྃ༔ གཞན་ཡང་གསང་བའི་སྦས་ཡུམ་བཞི༔ གབ་པའི་ལས་ཀྱི་ཤན་པ་དང༔ ཕྱོགས་སྐྱོང་རྒྱལ་ཆེན་དྲེགས་པའི་ཚོགས༔ རང་རང་གནས་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ བཀའ་སྡོད་འཁོར་བཅས་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆེན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ བཀའ་སྡོད་འཁོར་བཅས་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློག༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ དེ་ཡིས་འདོད་དོན་ཐམས་ཅད་འགྲུབ༔ ས་མ་ཡ༔ ཉམས་ཆགས་བྱུང་ན་སྐོང་བ་ནི༔ སྤྱན་གཟིགས་སྣ་ཚོགས་རྒྱན་གྱིས་བརྒྱན༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་སྣ་ཚོགས་ཅི་ཡང་སྤྲུལ༔ སྣང་སྟོང་སྐུ་ཡི་རྣམ་འགྱུར་ཚུལ་བཞིན་སྒོམ༔ དེ་ཉིད་མཚོན་པའི་སྐུ་འབག་རིས་སུ་བྲིས༔ བཟོ་དབྱིབས་ངོ་མཚར་སྐུ་ཡི་ཐུགས་དམ་བསྐང༔ གྲགས་པ་རྩ་རླུང་ཐིག་ལེའི་གནད་བཅིངས་ཏེ༔ མདངས་སུ་ཤར་ཀུན་རྒྱལ་བའི་གསུང་གི་དབྱིངས༔ དེ་དང་མཚུངས་པའི་སྲོག་སྔགས་དབྱངས་སུ་བཟླས༔ སྲོག་གི་འཁོར་ལོ་གསུང་གི་ཐུགས་དམ་བསྐང༔ མ་བཅོས་དབྱིངས་ལས་བདེ་ཆེན་ཡེ་ཤེས་ངང༔ ལྷ་དང་བདག་ཉིད་གཉིས་སུ་མེད་པར་རྟོགས༔ སྣང་སྲིད་ཐམས་ཅད་མགོན་པོའི་དཀྱིལ་འཁོར་དང༔ རྫོགས་པ་ཆེན་པོ་ཐུགས་ཀྱི་ཐུགས་དམ་བསྐང༔ མི་ཟད་ཡོན་ཏན་གཏེར་གྱི་མཛོད་འཆང་བ༔ ཡེ་ཤེས་རོལ་པའི་ཆ་ལུགས་མ་ངེས་ཀྱང༔ གནས་སྐབས་འདིར་སྣང་དུར་ཁྲོད་དཔལ་གྱི་ཆས༔ གནག་པའི་ཞྭ་གོས་རྣམས་ཀྱིས་ཐུགས་དམ་བསྐང༔ ཕྲིན་ལས་མི་བཟད་འབར་བའི་ཆོ་འཕྲུལ་སྟོན༔ ཡེ་ཤེས་རོལ་པའི་ཕྱག་མཚན་མ་ངེས་ཀྱང༔ གསེར་དངུལ་ཟངས་དང་གྲི་ལྕགས་ལ་སོགས་པའི༔ སྒྲོལ་བའི་ཕྲིན་ལས་མཚོན་ཆས་ཐུགས་དམ་བསྐངས༔ ཤ་ཆེན་སྤོས་དང་ཚིལ་ཆེན་དུད་པའི་སྤྲིན༔ གཡབ་དར་སྣ་ཚོགས་ཞིང་ཆེན་གཡབ་པའི་བརྡ༔ རྐང་གླིང་རོལ་མོ་དུང་ཆེན་གདུང་བའི་དབྱངས༔ འབོད་པའི་དམ་རྫས་རྣམས་ཀྱི་ཐུགས་དམ་བསྐང༔ རྟེན་གཏོར་སྒྲུབ་པའི་རྫས་དང་བླ་རྡོ་དང༔ རྟེན་པའི་མཁར་དང་སྲོག་རྟེན་དར་ནག་དང༔ ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་ཡས་སོགས༔ འདུ་བའི་དམ་རྫས་རྣམས་ཀྱི་ཐུགས་དམ་བསྐང༔ ཁམས་གསུམ་དབང་སྡུད་རུ་མཚོན་སྲིད་རྩེར་སྒྲེང༔ ཆས་ཞུགས་འཆམས་དང་ཟློག་གར་དམག་གི་དཔུང༔ བྱ་གཅན་གཡག་ལུག་རྟ་དྲིལ་ནག་པོའི་ཚོགས༔ སྤྱན་གཟིགས་བསམ་མི་ཁྱབ་པས་ཐུགས་དམ་བསྐང༔ བསྐྱེད་པའི་རིམ་གསལ་སྔགས་ཀྱི་འཕྲུལ་འཁོར་དང༔ གང་ཤར་བདེ་སྟོང་ཐུགས་ཀྱི་ཀློང་དུ་གྲོལ༔ སྦྱོར་བ་ཚད་ཕེབས་སྒྲོལ་བ་གནས་སུ་སྟོབ༔ བླ་མེད་བྱང་ཆུབ་སྒྲུབ་པས་ཐུགས་དམ་བསྐང༔ སྲུང་བའི་གོ་བགོས་བདུད་ཀྱི་སྦྱོར་བ་བཤིག༔ ཟློག་པའི་བཀོད་བཤམས་རྔམས་བརྗིད་དྲག་པོའི་འཕྲུལ༔ བསད་པའི་མནན་སྲེག་འཕང་གསུམ་ཡོ་ལང་གིས༔ གདུག་པའི་དགྲ་བགེགས་བསྒྲལ་བས་ཐུགས་དམ་བསྐང༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བསམ་ཡས་ཀྱིས༔ ལྷ་མཆོག་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༔ ཡུམ་མཆོག་རེ་མ་ཏི་ཡི་ཐུགས་དམ་བསྐང༔ དབང་ཕྱུག་ཛི་ན་མི་ཏྲའི་ཐུགས་དམ་བསྐང༔ གཤིན་རྗེ་ཊཱ་ཀི་རཱ་ཛའི་ཐུགས་དམ་བསྐང༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལའི༴ བདུད་མགོན་ཏྲག་ཤད་ནག་པོའི་ཐུགས་དམ་བསྐང༔ གསང་བའི་ཡུམ་དང་ལས་བྱེད་ཐུགས་དམ་བསྐང༔ ཕྱོགས་སྐྱོང་རྒྱལ་ཆེན་རྣམས་ཀྱི་ཐུགས་དམ་བསྐང༔ དྲེགས་པ་སྡེ་བརྒྱད་རྣམས་ཀྱི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ལ་ཉམས་ཆག་ཚངས་གྱུར་ཅིག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་རྣམས༔ རང་དང་གཉིས་མེད་བྱང་ཆུབ་སེམས་ཀྱི་ངང༔ མ་རིག་དབང་གི་དེ་ལྟར་མ་རྟོགས་ཏེ༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ རྡོ་རྗེ་སྲིན་པོའི་ཚོགས་ལ་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ དེ་ཡིས་ཉམས་ཆགས་ཐམས་ཅད་ཚངས་པར་འགྱུར༔ རྗེས་ཀྱི་བྱ་བ་ཚོགས་མཆོད་སོགས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་གསང་མགོན་སྨུག་པོའི་ཕྲིན་དབང་གི་མཚམས་སྦྱོར་ལག་ལེན་དཔག་བསམ་ལྗོན་པའི་ཕྲེང་བ་ལྟར་བཏང་བས་གྲུབ་བོ། །ཕྱག་བྲིས་དངོས་ལས་ཞལ་བཤུས་པ་ཡིན། མཛད་བྱང་མི་འདུག། །།
[edit]

chos skyong zab mo skor dgu las/_ye shes mgon po'i gtso 'khor gyi sgrub thabs las tshogs dbang dang bcas pa'i zab don tshar du dngar ba 'dod 'byung bai DUr+Ya'i do shal zhes bya ba bzhugs so// oM swasti/_byang chub spyod pa rgya mtsho'i srog gi zungs/_/snying rje'i gter mchog myur mdzad mgon po'i tshul/_/bla ma mchog dang gnyis med snying dbus su/_/bkod nas de yi phrin las smin grol bstar/_/de la 'dir rgya bod kun tu thugs rje'i rtsal shugs che zhing phrin las ches cher myur ba'i byin rlabs kyi grags snyan don la gnas shing*/_gsar rnying mkhas grub kun gyi thugs nyams su bstar bas gtsigs su bzung ba'i myur mdzad ye shes kyi mgon po mchog la/_kun dang thun mong ma yin pa'i zab 'dril gyi dbang dang sgrub thabs bskyed rdzogs man ngag las tshogs dang bcas pa gter 'byin grub brgya'i spyi mes o rgyan mchog gyur bde chen gling pa la bka' bab tu bzhugs pa'i bye brag chos skyong zab mo skor dgu'i dbang dang*/_bskyed rdzogs las tshogs dang bcas pa nor bu'i baiDUr+Ya'i do shal la rin thang dang bral ba zhig bstan 'gro'i mdzes rgyan du bstar ba la/_dang po phyi sgrub mgon po mthing ka'i gtor sgrub/_gsol chen bya bar 'dod pas bsham bkod ni/_gnas khang rgyan gyis spras pa'i gung du gzhung mthun sku rten dang*/_'byor na bla rdo srog 'khor nang sgrub ltar 'du byas pa'i mdun/_bdag bskyed rta mgrin gyi dpal gtor/_g.yas g.yon du sman raka_/de mdun khrag chang gis sbags pa'i dpal gtor dmar po brjid ldan 'khor bzhi theb kyu mang pos bskor ba'i rtser sku tsaka dar gdugs kyis brgyan pa'i mdun du mchod gtor gtso 'khor lnga pa theb kyu dang zas snas bskor ba/_g.yas g.yon du mchod 'os srung ma pho rgyud mo rgyud spyi bye brag gi gtor ma/_phyi mchod rnams phreng tshar du bskor/_gzhan yang tshogs dang*/_dkar bgegs/_rgyun gyi gtor 'bul/_gtor ma'i kha gso zas sna ba liM/_tshogs kyi dam rdzas bcas 'du bya'o/__/gnyis pa phrin las kyi rim pa la/_dang po bdag gi rnal 'byor ni/_gzhung las/_rang nyid rta mchog rgyal por bsgoms:_gsungs pa ltar zab bdun lung lugs rta mgrin snying po don bsdus kyi rnal 'byor ni/_na moH_bla ma yi dam khro bo'i rgyal:_mchog gsum rgyal ba rgya mtsho la:_bdag sogs 'gro kun byang chub bar:_rtse gcig gus pas skyabs su mchi:_hoH_mar gyur sems can thams cad kun:_sangs rgyas go 'phang thob bya'i phyir:_nyes spyod kun sdom dge chos sdud:_gzhan phan byang sems rtag tu bskyed:_byang chub mchog tu sems bskyed la:_hU~M:_snang srid dbang gi dkyil 'khor la:_bgegs zhes bya ba'i ming yang med:_kun kyang lha sngags ye shes ngang:_mtshams kyi dkyil 'khor lhun gyis grub:_hU~M hU~M hU~M badz+ra rak+Sha rak+Sha b+h+rU~M:_hU~M:_chos rnams rang bzhin rnam par dag:_bdud rtsi rak+ta gtor ma dang:_phyi nang gsang ba'i mchod pa rnams:_ye shes rol bar byin gyis brlabs:_oM sarba pU dza me g+ha AHhU~M:_gnyis pa dngos gzhi'i rim pa ni:_hU~M:_chos nyid spros pa'i mtha' bral ngang:_snying rje'i rang mdangs kun la khyab:_thugs rje'i hU~M yig 'od du 'bar:_snod bcud dngos 'dzin thams cad sbyang:_e ya~M ra su~M yum lnga'i mkha':_ra~M las rdo rje me yi gur:_b+h+rU~M las dbang gi gzhal yas khang:_rab 'jigs dur khrod brgyad kyis bskor:_lte bar pad nyi klu rgyal steng:_hU~M las dpal chen rta mchog dpal:_dmar rngams zhal gsum phyag drug pa:_g.yas dkar g.yon sngo spyan dgus gzigs:_rta gdong ljang gu me 'bar bzhad:_rdo rje gsor zhing dril bu dkrol:_kha T+wA~M sbrul phyar thod khrag rol:_ral gri me 'bar lcags sgrog 'dzin:_zhabs bzhi rol pa'i gar dgu ldan:_dpal dang dur khrod chas kyis brgyan:_yum chen pad+ma gzi ldan ma:_kha T+wA~M thod khrag 'dzin pas 'khyud:_phyogs bzhir 'khor lo dregs pa'i steng:_dbang chen yab yum rigs kyi mdog:_rang rtags phyag mtshan rgyan rnams rdzogs:_sgo bzhir dbang gi khro mo bzhi:_khor yug sprul pa'i dam can tshogs:_rdo rje gsum ldan ye shes lnga:_bla ma rgyal kun 'dus par gyur:_oM AHhU~M:_hrIHhU~M trA~M oM aH_hU~M:_chos kyi dbyings nas 'bar ba'i sku:_longs spyod rab rdzogs dpal chen po:_dbang chen sprul pa'i dkyil 'khor lha:_ma lus 'khor bcas gshegs su gsol:_badz+ra sa ma dzaH_e A ral+li hrIM hrIMH_sa ma ya tiSh+Tha lhan:_a ti pU hoH_pra tIts+tsha hoH_hU~M:_ye shes rol pa'i mchod sprin ni:_phyi nang gsang ba bla na med:_dbang chen rol pa'i lha la 'bul:_bde ba chen por bzhes su gsol:_oM badz+ra ar+g+haM sogs/_shab+da ma hA pany+tsa a mr-i ta rak+ta ba liM ta gu h+ya pU dza hoH_hU~M:_ngo bo 'gyur ba med pa'i sku:_rang gsal bde chen dbang skad 'tsher:_thugs rje myur ba'i 'gros dang ldan:_dkyil 'khor lha la phyag 'tshal bstod:_thugs kar nyi steng hrIHdmar po:_sngags kyi phreng bas bskor ba las:_'od 'phros rgyal ba sras bcas mchod:_byin rlabs dngos grub rang la bsdus:_ma mo mkha' 'gro las la btsud:_phrin las rnam bzhi lhun gyis grub:_gdug pa can rnams tshar bcad nas:_thams cad dpal gyi sa ru bkod:_'gro ba rnams kyi sgrib pa sbyangs:_snang srid dbang gi sku gsung thugs:_ye shes dkyil 'khor chen por bsam:_hrIHpad+mAn+ta kr-ita badz+ra krod+ha ha ya gr-I wa hu lu hu lu hU~M phaT:_bsnyen sgrub las gsum rdzogs pa yi:_sngags 'di chu bo'i rgyun bzhin tu:_rta yi 'gros skad sbyar bas bzla:_sa ma ya:__zhes brgya rtsa sogs ci nus bzlas mthar/_hU~M gis dkyil 'khor dbyings su bsdu:_'od gsal thugs kyi ngang du gnas:_phaT kyis lha ru lhag ger gsal:_oM AHhU~M gis go bgos nas:_dag pa'i snang bas stong pa skyong:_zhes lhar snang 'od gsal du bsdus la thun mtshams kyi lha sku'i nga rgyal bzung*/_/gnyis pa mdun bskyed mgon po'i gtor mchod byin gyis brlab pa ni/_ra~M ya~M kha~M gis bsang sbyang*/_b+h+rU~M las b+hany+dza 'bar ba ru:_oM AHhU~M las byung ba yi:_ye shes lnga yi bdud rtsi dang:_dga' ba bzhi yi dmar chen po:_bdud rtsi sha lnga bza' bca'i tshogs:_dur khrod gsang ba'i mchod pa'i sprin:_rab 'byams nam mkha' gang bar gyur:_oM AHhU~M sarba pany+tsa a mr-i ta hU~M hrIHThA:_oM AHhU~M ma hA rak+ta dz+wa la maN+Dal hU~M hrIHThA:_oM AHhU~M ma hA ba liM ta te dz+wa ba liM ta ba la ba te gu h+ya sa ma ya hU~M hrIHThA:_oM badz+ra ar+g+haM nas/_shab+da AHhU~M:_zhes brlabs/__gsum pa phrin las dngos la spyi dang*/_bye brag gi sgrub tshul gnyis las thog mar mgon po'i phyi sgrub gtso 'khor spyi ltar sgrub pa ni/_oM ma hA shU n+ya ta sogs/_chos rnams dmigs med mtha' bral bsgom:_kun khyab brtse ba'i snying rje'i hU~M:_'phro 'dus srung 'khor dur khrod gnas:_rab 'jigs pho brang e yi klong:_'khor lo brag chen pad nyi'i steng:_ye shes mgon po mthing nag 'bar:_dbu gsum g.yas dkar g.yon dmar zhal:_spyan dgu rab bgrad khro gnyer bsdus:_zhal gdangs ljags 'dril k+ShiM sgra sgrogs:_mche gtsigs smar smin dbu skra 'bar:_phyag drug dang pos gri thod dang:_bar bas mdung dang rtse gsum phyar:_tha mas rnge'u chung zhags pa 'dzin:_zhabs bzhi 'dor thabs bgegs rgyal mnan:_gshogs pa rab gdengs dur khrod chas:_khyung dang stag gzig dom nag 'phro:_re ti mthing nag gri thod can:_mnyam sbyor me yi klong na bzhugs:_phyogs bzhir dgra bgegs bsgyel ba'i steng:_dbang phyug dzi na mi tra dang:_gshin rje TA ki rA dza dang:_gnod sbyin k+She tra pA la dang:_bdud mgon trag shad nag po rnams:_mthing nag gri gug thod khrag 'dzin:_ber gsol gsang ba'i yum dang sbyor:_phyogs skyong rgyal chen dregs pas bskor:_gnas gsum oM AHhU~M gis mtshan:_hU~M las 'od 'phros ye shes pa:_rang bzhin gnas nas spyan drangs bsam:_hU~M:_chos kyi dbyings kyi zhing khams dang:_me ri 'bar ba'i dur khrod nas:_'jig rten dbang phyug spyan ras gzigs:_drag tu khros pa khro bo'i rgyal:_ye shes mgon po yum dang bcas:_bka' sdod bzhi dang dregs pa'i 'khor:_rang bzhin gnas nas 'dir gshegs shig:_shrI ma hA kA la A+e ral+li hrIM:_hU~M:_dur khrod rol pa'i dkyil 'khor 'dir:_dgyes shing brtan par bzhugs su gsol:_rang gi dbyings nas rig pa'i rtsal:_he ru ka la phyag 'tshal lo:_sngon gyi byang chub thugs bskyed ltar:_bstan pa srung ba'i phrin las mdzod:_hU~M:_dbang po'i me tog tshil chen gsur:_zhun chen mar me khrag chen dri:_sha rus zhal zas rkang gling dang:_thod rnga dung chen sgrogs pas mchod:_rtsa brgyad stong sbyar a mr-i ta:_khams gsum bsgral ba'i rak+ta dang:_'dod yon rnam lnga gtor ma sogs:_sbyor sgrol gsang ba'i mchod pa 'bul:_shrI ma hA kA la sa pa ri wA ra badz+ra ar+g+haM pA d+yaM puSh+pe d+hU pe A lo kai gan+d+he nai bi d+ya shab+da pra tIts+tsha swA hA:_oM:_chos kyi dbyings las 'bar ba'i sku:_sku gsum ye shes drug sogs las:_sku yi rnam 'gyur cir yang ston:_mgon po'i sku la phyag 'tshal bstod:_bde chen dbyings las grags pa'i gsung :_yan lag drug cu 'dus pa'i dpyid:_k+ShiM k+ShiM sgra sgrogs sa gsum g.yo:_mgon po'i gsung la phyag 'tshal bstod:_mi g.yo mnyam pa'i ngang nyid las:_thugs rje gtum pa'i ye shes thugs:_sangs rgyas kun dang dbyings gcig pa:_mgon po'i thugs la phyag 'tshal bstod:_bde chen mkha' dbyings re ma tI:_dzi na mi tra sku yi 'phrul:_TA ki rA dza gsung gi mdangs:_k+She tra pA la thugs sprul 'gyed:_trak+shad gnyis med ye shes rtsal:_bran tu 'dus pa dregs pa'i tshogs:_ye shes rnam par rol pa yi:_mthu stobs can la phyag 'tshal bstod:_de nas bsnyen cing sgrub pa ni:_thugs kar 'od kyi gur khyim dbus:_pad nyir ye shes sems dpa' dmar:_'jig rten dbang phyug zhi ma khro:_rdor dril 'dzin cing yum dang 'khril:_dbang gi rta skad hi hir bzhed:_srog gor nyi steng rdo rje mthing:_lte bar hrIHla sngags kyis bskor:_'od 'phros rgyal mchod byin rlabs bsdus:_'gro ba'i sgrib sbyangs dgra bgegs bsgral:_stobs dang gzi brjid 'bar ba yis:_dregs pa las la bkol bar bsam:_oM shrI ma hA kA la k+ShiM k+She tra big+h+nAMn bi nA ya ka hU~M phaTaH_'bum phrag bzhi yi las rnams 'grub:_rang gi thugs nas 'od 'phros pas:_'khor rnams las la bskul bar bsam:_oM shrI de wi re ma ti trag rak+Sha hU~M phaT:_ces yum re ma ti dang*/_oM dzi na mi tra hU~M hriM hriM dzaHdzaH_zhes dbang phyug dzi na mi tra dang*/_oM TA ki rA dza dgra bgegs mA ra ya hU~M phaT:_ces gnod sbyin TA ki rA dza dang*/_oM k+She tra pA la dzaHma mo re ti b+h+yoH_zhes zhing skyong k+She tra pA la dang*/_oM karma ma hA kA la trak+shad dzaH_oM de wI shaM kha pA la traka rak+sha b+h+yo dzaH_zhes bdud mgon trak+shad kyi sngags rnams cung zad bzla/_gnyis pa nang gsung gi sgrub pa ni/_rang nyid mgon po gsal bar bsgom:_de yang snang stong 'ja' tshon bzhin:_rnam rtog blo yis mi 'dzin par:_ye shes rol pa'i brda rtags las:_'jig rten tshul gyis blo ngan spang:_tha mal snang zhen mi dmigs par:_mgon po dngos kyi nga rgyal bskyed:_thugs kar sngags kyi 'phro 'du bya:_khyad par byang sems sngags kyi gzugs:_yab yum zhal brgyud bde chen bsgom:_'dzab kyi bzlas pa rgyun mi gcad:_ces dang*/_gsum pa gsang ba thugs kyi sgrub pa ni/_rang nyid mgon po'i skur bsgoms te:_rtsa gsum 'khor lo bzhi ldan pa'i:_yar sne mar sner a haM bsgom:_bum pa can gyi sbyor ba yis:_gtum mo sbar zhing byang sems bzhu:_dwangs mas rtsa 'khor thams cad gang:_bde ba'i ngos bzung ka dag bsgom:_rtsa rlung byang zhing stobs ldan na:_mtshan ldan phyag rgya rgyud sbyangs shing :_mgon po yab yum sku ru bsgom:_gsang ba rdo rje pad+mar gsal:_snyoms 'jug rus sbal 'gros kyis phab:_dga' ba bzhi po ngos bzung zhing:_seng ge 'gying bas skyil ba dang :_khyung dang rtsal sprugs dag gis 'dren:_bya rgod sgyur ba dag gis bkram:_lhun po lta bus brtan par bya:_thod rgal ngang du nyams bskyangs bas:_bde chen spros bral rtogs par 'gyur:_bzhi pa yang gsang ye shes kyi sgrub pa ni/_rang nyid mgon po'i skur gsal zhing:_de nyid snang stong ngang la bzhag:_de yang hU~M gi rang bzhin gyur:_stong gsum thams cad hU~M gis gang:_brtan g.yo hU~M gi gzugs su gyur:_hU~M gi sgra gdangs srid gsum g.yo:_kun kyang rig pa'i hU~M la thim:_de yang dbyings kyi klong du thim:_dbyings rig dbyer med mtha' dbus bral:_bya bral 'od gsal zang thal le:_rtsol med ngang du bzhag pa yis:_gang shar rang grol dmigs su med:_nyams la shar ba de ka bskyang:_'dzin med rgya yan lhug par gnas:_dbyings las 'gyur med rig pa'i rtsal:_dbyer med ma 'dres tha ler gsal:_sgra tshig brjod pa'i yul las 'das:_de ltar rtogs na mthar phyin 'grub:_ces pa rnams gter gzhung rdo rje'i tshig rkang sor bzhag mtshon byed tsam ste tshul bzhin nyams su len pa la khrid zin nyung gsal zhig logs su 'bri bar sems so/__/gnyis pa bye brag gi sgrub pa la gtso 'khor gyi sgos sgrub gnyis las/_dang po gtso bo'i sgos sgrub kyi dang po sku mgon dkar po'i tshe sgrub pa ni/_stegs bu pad+ma 'dab brgyad bris pa'i lte bar rin po che'i bum pa so lnga'i rdzas kyi sum nyis bkang ba'i khar/_a ru ra dang ra mo shag:_lug mur dbang lag btsan dug dang:_'bri mar sbrang dang sha chen dang:_gu gul yungs kar sbyar ba yi:_zhes pa'i rdzas mchog bcu sbyar ba'i ril bu'i thod pa mtshan ldan bkang ba bzhag pa kha dar gyis bkab/_g.yas su tshe 'bras dkar po'i bkang ba'i rin po che'i snod kyi steng tshe 'brang*/_g.yon du b+han+d+ha tshe chang gis bkang ba mar gyi gzed kha can/_rgyab tu tshe mda' dar snas brgyan pa la/_gtor ma dkar zlum 'khor bzhi can dang*/_sman raka dang nyer spyod mchod pas bkod mdzes su bskor la/_las rim dngos ni/_brgyud 'debs mgon mthing ltar btang la/_na mo:_bla ma ye shes mgon po dang:_mchog gsum rgyal ba rgya mtsho la:_bdag sogs 'gro kun byang chub bar:_rtse gcig gus pas skyabs su mchi:_lan gsum/_ho:_ma gyur sems can thams cad kun:_sangs rgyas go 'phang thob bya'i phyir:_nyes spyod kun sdom dge chos sdud:_gzhan phan byang sems rtag tu bskyed:_lan gsum/_dkon mchog gsum la bdag skyabs mchi/_/sogs/_bsags sbyangs lan gsum mthar/_sems can bde dang ldan gyur cig_/sogs tshad med bzhi'i rgyud sbyangs lan gsum mthar/_ra~M ya~M kha~M/_rnam dag chos dbyings ngang nyid las/_/rang byung mchod pa'i phung po ni/_/kun bzang mchod pa'i sprin lta bu'i/_/dpag yas nam mkha' gang bar gyur/_/oM badz+ra ar+g+haM nas shab+da AHhU~M gis phyi mchod dang*/_oM sarba pany+tsa a mr-i ta rak+ta ba liM ta AHhU~M gis nang mchod byin gyis brlabs/_dngos gzhi bdag nyid lhar bsgom pa ni/_hU~M:_phyogs mtshams rdo rje'i gur khang dbus:_sna tshogs rdo rje'i lte ba ru:_b+h+rU~M las bum pa gzhal yas khang:_rdo rje phyed pa'i kha chod can:_de nang nyi zla'i gwa'u'i dbus:_gri gug 'bar ba'i lte ba la:_pad+ma nyi zla'i gdan steng du:_hU~M las mgon po tshe yi bdag:_dkar gsal zhal gcig phyag gnyis pa:_phyag gnyis thal sbyar tshe bum 'dzin:_zhabs gnyis tsan+dan 'khyil stabs bzhugs:_dur khrod 'bar ba'i chas kyi brgyan:_yum dmar gri thod 'dzin dang sbyor:_'dab ma bzhi la rigs bzhi yi:_mkha' 'gro dkar ser dmar ljang bzhi:_gri gug thod khrag phyag na bsnams:_gnas gsum oM AHhU~M gis mtshan:_hU~M las 'od 'phros ye shes pa:_rang bzhin gnas nas spyan drangs bsam:_hU~M:_chos kyi dbyings kyi zhing khams dang:_me ri 'bar ba'i dur khrod nas:_'jig rten dbang phyug spyan ras gzigs:_drag tu khros pa khro bo'i rgyal:_ye shes mgon po yum dang bcas:_bka' sdod bzhi dang dregs pa'i 'khor:_rang bzhin gnas nas 'dir gshegs shig:_shrI ma hA kA la A+e ral+li hrIM:_hU~M:_bde chen rol pa'i dkyil 'khor 'dir:_dgyes shing brtan par bzhugs su gsol:_rang gi dbyings nas rig pa'i rtsal:_he ru ka la phyag 'tshal lo:_sngon gyi byang chub thugs bskyed ltar:_bstan pa srung ba'i phrin las mdzod:_hU~M:_dbang po'i me tog tshil chen gsur:_zhun chen mar me khrag chen dri:_sha rus zhal zas rkang gling dang:_thod rnga dung chen sgrogs pas mchod:_hU~M:_dngos 'byor yid kyis rnam 'phrul pa'i:_kun tu bzang po'i mchod sprin gyis:_ye shes mgon po 'khor bcas mchod:_bzhes nas _nor sgrub skabs/_'dod dgu'i dngos grub stsol/_dbang sdud skabs/_dbang gi dngos grub stsol/_las sna tshogs skabs/_bzhes nas rab 'byams las kun stsol:_drag mgon nag por/_bzhes nas mngon spyod las kun stsol:_tshe yi dngos grub stsol/_oM shrI ma hA kA la sa pa ri wA ra badz+ra ar+g+haM nas shab+da pra tIts+tsha swA hA:_hU~M:_rtsa brgyad stong sbyar a mr-i ta:_khams gsum bsgral ba'i rak+ta dang:_'dod yon rnam lnga gtor ma sogs:_sbyor sgrol gsang ba'i mchod pa 'bul:_oM shrI ma hA kA la sa pa ri wA ra sarba a mr-i ta rak+ta ba liM ta ma hA su kha ta na ga na pU dza hoH_oM:_chos kyi dbyings las 'bar ba'i sku:_sku gsum ye shes drug sogs las:_sku yi rnam 'gyur cir yang ston:_mgon po'i sku la phyag 'tshal bstod:_bde chen dbyings las grags pa'i gsung:_yan lag drug cu 'dus pa'i dpyid:_k+ShiM k+ShiM sgra sgrog sa gsum g.yo:_mgon po'i gsung la phyag 'tshal bstod:_mi g.yo mnyam pa'i ngang nyid las:_thugs rje gtum pa'i ye shes thugs:_sangs rgyas kun dang dbyings gcig pa:_mgon po'i thugs la phyag 'tshal bstod:_zla ba ltar dkar 'chi med bdud rtsi'i rgyun:_bde gshegs rgyal ba'i kun+da 'dus pa'i bcud:_tshe dang ye shes dpag tu med pa'i dpal:_'chi bdag bdud 'joms khyed la phyag 'tshal bstod:_dga' bzhi bde ba chen po smin pa'i gzugs:_phyag rgya bzhi yi cho 'phrul rmad byung bas:_tshad med _dbang sdud skabs/_tshad med rnam bzhi'i dbang gi dngos grub stsol/_mgon ljang dang mgon nag skabs bstod pa'i tshig tha ma/_thogs med phrin las rnam bzhi'i gzugs/_/sprul pa'i las byed pho nya bzhi/_/phyogs skyong rgyal chen dpal mgon tshogs/_/'khor dang bcas la phyag 'tshal bstod/_/rnam bzhi'i ye shes tshe mchog stsol:_'khor gyi mkha' 'gro bzhi la phyag 'tshal bstod:_bzlas rim dngos ni/_thugs kar nyi zla'i gwa'u'i dbus:_mi 'gyur tshe srog rig pa gsum:_'od zer kun tu 'phros pa yis:_'phags pa'i tshe yi dngos grub dang:_'khor ba'i tshe srog bsod nams dang:_'byung lnga'i bcud dang dwangs ma dang:_rang gi bla tshe srog dbugs rnams:_gzhan gyis brkus pa thams cad 'phrog:_ma lus bdud rtsi'i rnam par bsdus:_bum pa'i kha phye phyi nang gang:_rang gi lus ngag yid la thim:_'khor 'das tshe yi bcud 'dus nas:_sngar las gzi brjid cher 'bar zhing:_rdo rje'i rdul phran du mas gtams:_bum pa'i kha bsgrigs me 'bar ba:_rdo rje'i tshwa tshwas bar chad bsrung:_oM shrI ma hA kA la re ma ti ha ri ni sa A yuHsid+d+hi tshe b+h+rU~M:_zhes bzla thun mthar mda' dar g.yab la/_hU~M:_bde chen 'bar ba'i dbyings kyi lha:_ye shes mgon po'i thugs dam bskul:_'khor 'das tshe yi bcud rnams bskul:_tshe bdud thams cad rdul du rlog:_bla tshe brkus pa thams cad khug:_hU~M:_yum chen lha mo re ma ti:_khyod kyi thugs dam dus la bab:_'khor 'das tshe yi bcud rnams sdus:_tshe bdud thams cad rdul du rlog:_bla tshe brkus pa thams cad khug:_hU~M:_'khor gyi mkha' 'gro chen mo bzhi:_khyod kyi thugs dam dus la bab:_'khor 'das tshe yi bcud rnams sdus:_tshe bdud thams cad rdul du rlog:_bla tshe brkus pa thams cad khug:_oM ma hA kA la re ma ti ha ri ni sa A yuHsid+d+hi tshe b+h+rU~M:_zhes sbyar/_sku gsung thugs kyi gzi byin sprin/_/'bar ba'i snang ba las grub pa'i/_/rdo rje rdul gyi go chas gtams/_/cis kyang mi chod rab tu brtan/__ye d+harmas rgyas gdab bya/_tshogs dang bskang ba mgon mthing ltar bya zhing*/_sgrub pa grub pa'i nyin bum thod spyi bor bzhag la/_oM:_ye shes mgon po'i lha tshogs rnams:_rtag pa mi 'gyur tshe yi lha:_bde ba chen po'i mkha' dbyings nas:_'chi med rdo rje'i tshe stsol la:_bgres rgud med pa'i dbang bskur cig:_snying po'i mthar/_kA ya wAka tsit+ta a b+hi Shiny+tsa hU~M:_ye shes lha tshogs thams cad kun:_mnyam sbyor byang chub sems kyi rgyun:_blug cing bdag dang dbyer med gyur:_zhes dmigs te tshe gal dang ril chang rnams myangs mthar/_oM:_'grub par gyur cig sogs/_shis brjod bcas bya'o/__/'di la brten nas dmigs bsal tshe dbang bya bar 'dod na/_khrus bgegs srung 'khor sngon du 'gro bas/_lo rgyus kyi khyad par/_sgrub bya'i gzhi rlung thig sems dang ye shes kyi tshe rnams nyams pa gso zhing*/_nus stobs 'phel rgyas brtan pa'i thabs su lha sngags ting 'dzin gyi nus pa stobs su gyur pas skye 'chi bgres rgud dang bral ba'i 'pho med rdo rje'i srog sgrub pa'i thabs dang man ngag bka' gter gyi gzhung rab 'byams las bstan pa'i bye brag_/gsung rdo rje 'od dpag med pa'i phrin las kyi skya rengs 'phags mchog pad+ma gar dbang bka' srung ye shes mgon po'i skur bzhengs pa mtshan dang sku yi bkod pa rigs lnga las sku de bzhin gshegs rigs 'chi med tshe yi dngos grub stsol ba la bsngags pa'i ye shes mgon po dkar po la brten nas tshe yi byin rlabs dbang bskur bgyi ba la maN+Dal phul/_gsol gdab/_skyabs sems bsags sbyangs/_slob ma mgon dkar du bskyed la ye shes dbab bstim/_tshe 'gugs kyi rjes/_oM:_ye shes mgon po'i lha tshogs rnams:_rtag pa mi 'gyur tshe yi lha:_bde ba chen po'i mkha' dbyings nas:_'chi med rdo rje'i tshe stsol la:_bgres rgud med pa'i dbang bskur cig:_snying po'i mthar/_kA ya wAka tsit+ta a b+hi Shiny+tsa hU~M:_bum pa/_thod rdzas/_tshe ril chang gtad cing*/_rgyas gdab/_gtang rag dam tshig khas blang sogs byas kyang mi rung ba med do/__/yang tshe srung 'khor lo bri bar 'dod na 'khor lo rim pa lnga bskor ba'i lte bar/_a nr-i hU~M ste tshe yi snying po gsum/_de'i phyi'i mu khyud la/_mdun nas brtsams te/_oM shrI ma hA kA la re ma ti ha ri ni sa A yuHsid+d+hi tshe b+h+rU~M:_zhes pa'i gzungs sngags kyis bskor/_de'i phyi pad 'dab bzhi'i steng*/_ha ri ni sa rigs bzhi'i mkha' 'gro/_mtha'i mu khyud la/_dbyangs gsal rten snying gi mthar/_myur mdzad ye shes kyi sku yi mgon po yab yum rigs bzhi'i mkha' 'gro dang bcas pas bdag 'chang ba po la tshe dang ye shes kyi dngos grub stsal du gsol/_zhes nus pa bskyed brtan dang 'dod gsol bcas pas bskor/_de'i phyir rdo rwa me ris bskor zhing*/_gong gi tshe rdzas kyis byugs la rab tu gnas pa lus la bcangs pas tshe yi dpal bskyed cing 'gal rkyen srung ba'o/__!__gnyis pa yon tan mgon po ser po'i sger sgrub ni/_rgyas pa'i las la shis pa'i gnas su rin po che'i bum pa'i nang du gzhung mthun gyi sku'i rgyab tu sngags byang bris pa dang*/_nyer lnga'i rdzas dang rin po che 'bru sman dar zab sogs bkra shis gter bum rdzas kyis phyur bur gtams pa dang*/_'brang rgyas ser po nor gzugs zas snas bzang dgus bskor ba dang*/_sman raka nyer spyod kyis bskor ba bkod mdzes brjid dang ldan par bshams la/_skyabs sems nas mchod pa byin rlabs bar gong ltar byas la/_lha bskyed dngos gzhi ni/_mdun rten bsang sbyangs/_oM ma hA shU n+ya ta sogs/_stong pa'i ngang las skad cig gis:_b+h+rU~M las rin chen gzhal yas khang:_nang du kun bzang mchod sprin gtibs:_rin chen 'bar ba'i gdan steng du:_ye shes mgon po nor bdag ser:_sha rgyas gsus che phyag gnyis kyis:_nor bu dbyig gi gter chen 'dzin:_yum ser rin chen 'dzin dang 'khril:_'khor du rgyal po chen po bzhi:_rin chen gter gyi rkyal pa bsnams:_dgyes chags dar dang rin chen brgyan:_kun kyang skyil krung phyed pas bzhugs:_gnas gsum oM AHhU~M gis mtshan:_hU~M las 'od 'phros ye shes pa:_rang bzhin gnas nas spyan drangs bsam:_hU~M:_chos kyi dbyings kyi zhing khams dang:_me ri 'bar ba'i dur khrod nas:_'jig rten dbang phyug spyan ras gzigs:_drag tu khros pa khro bo'i rgyal:_ye shes mgon po yum dang bcas:_bka' sdod bzhi dang dregs pa'i 'khor:_rang bzhin gnas nas 'dir gshegs shig:_shrI ma hA kA la A+e ral+li hrIM:_hU~M:_bde chen rol pa'i dkyil 'khor 'dir:_dgyes shing brtan par bzhugs su gsol:_rang gi dbyings nas rig pa'i rtsal:_he ru ka la phyag 'tshal lo:_sngon gyi byang chub thugs bskyed ltar:_bstan pa srung ba'i phrin las mdzod:_hU~M:_dbang po'i me tog tshil chen gsur:_zhun chen mar me khrag chen dri:_sha rus zhal zas rkang gling dang:_thod rnga dung chen sgrogs pas mchod:_hU~M:_dngos 'byor yid kyis rnam 'phrul pa'i:_kun tu bzang po'i mchod sprin gyis:_ye shes mgon po 'khor bcas mchod:_bzhes nas 'dod dgu'i dngos grub stsol/_oM shrI ma hA kA la sa pa ri wA ra badz+ra ar+g+haM nas shab+da pra tIts+tsha swA hA:_hU~M:_rtsa brgyad stong sbyar a mr-i ta:_khams gsum bsgral ba'i rak+ta dang:_'dod yon rnam lnga gtor ma sogs:_sbyor sgrol gsang ba'i mchod pa 'bul:_oM shrI ma hA kA la sa pa ri wA ra sarba a mr-i ta rak+ta ba liM ta ma hA su kha ta na ga na pU dza hoH_oM:_chos kyi dbyings las 'bar ba'i sku:_sku gsum ye shes drug sogs las:_sku yi rnam 'gyur cir yang ston:_mgon po'i sku la phyag 'tshal bstod:_bde chen dbyings las grags pa'i gsung:_yan lag drug cu 'dus pa'i dpyid:_k+ShiM k+ShiM sgra sgrog sa gsum g.yo:_mgon po'i gsung la phyag 'tshal bstod:_mi g.yo mnyam pa'i ngang nyid las:_thugs rje gtum pa'i ye shes thugs:_sangs rgyas kun dang dbyings gcig pa:_mgon po'i thugs la phyag 'tshal bstod:_gser gyi lhun po nyi 'od 'bum gyis 'khyud:_'dod pa'i don ster nor bu'i char chen bsnyil:_dpag bsam shing gnas dgos 'dod sbyin pa'i yum:_dngos grub chu gter zad med khyod la bstod:_dpal gyi bka' nyan phyogs bzhi'i 'jig rten skyongs:_las bzhi'i phrin las gang bcol thogs med sgrub:_bsdu dngos bzhi yi 'gro ba'i don mdzad lha:_bka' sdod rgyal chen bzhi la phyag 'tshal bstod:_bsnyen dmigs ni/_thugs kar rin po che yi dbus:_hU~M las 'od zer bsam yas 'phros:_sprul pa nyi zer rdul ltar 'tshubs:_lha klu mi gsum thams cad kyis:_bsod nams longs spyod ma lus bsdus:_bdag dang brtan g.yo rdzas la thim:_bsod nams dpal du 'bar ba dang:_longs spyod mtsho ltar rgyas par bsam:_oM ma hA kA la k+ShiM k+She tra big+h+nAM bi nA ya ka:_shrI de bI re ma ti trag rak+sha:_D+h+riSh+Ta rASh+Ta ya:_bai rU D+ha ka ya:_bi rU pAk+Sha ya:_bai shra ba NA ya:_ma hA puN+ye kA ma gu Na sarba rat+na hU~M hU~M puSh+TiM ku ru ye swA hA:_bzlas pa ji tsam nus pa'i mthar/_mda' dar g.yab/_dri bzang gi spos dang snyan pa'i dbyangs kyis bskul te/_hU~M:_bsod nams tshogs gnyis rdzogs pa'i lha:_'dod rgu'i mchog stsol nor gyi bdag:_dbul ba kun sel rin chen gter:_ye shes mgon po'i thugs dam bskul:_lha klu mi gsum thams cad kyi:_tshe dang bsod nams longs spyod nor:_stobs rtsal yon tan gzi brjid dang:_dbang thang snyan grags zas nor kun:_myur ba nyid du gnas 'dir sdus:_rnal 'byor bdag cag 'khor bcas kyi:_bsod nams bsags pa'i dkor nor rnams:_rgyas shing rab tu brtan pa dang:_'dod dgu lhun gyis sgrub tu gsol:_hU~M:_khams gsum kun la dbang byed pa'i:_re ma ti yi thugs dam bskul:_lha klu mi gsum thams cad kyi:_tshe dang bsod nams longs spyod nor:_stobs rtsal yon tan gzi brjid dang:_dbang thang snyan grags zas nor kun:_myur ba nyid du gnas 'dir sdus:_rnal 'byor bdag cag 'khor bcas kyi:_bsod nams bsags pa'i dkor nor rnams:_rgyas shing rab tu brtan pa dang:_'dod dgu lhun gyis sgrub tu gsol:_hU~M:_shar gyi phyogs rnams skyong ba'i rje:_yul 'khor srung ba'i thugs dam bskul:_lha klu mi gsum thams cad kyi:_tshe dang bsod nams longs spyod nor:_stobs rtsal yon tan gzi brjid dang:_dbang thang snyan grags zas nor kun:_myur ba nyid du gnas 'dir sdus:_rnal 'byor bdag cag 'khor bcas kyi:_bsod nams bsags pa'i dkor nor rnams:_rgyas shing rab tu brtan pa dang:_'dod dgu lhun gyis sgrub tu gsol:__hU~M:_lho yi phyogs rnams skyong ba'i rje:_'phags skyes po yi thugs dam bskul:_lha klu mi gsum thams cad kyi:_tshe dang bsod nams longs spyod nor:_stobs rtsal yon tan gzi brjid dang:_dbang thang snyan grags zas nor kun:_myur ba nyid du gnas 'dir sdus:_rnal 'byor bdag cag 'khor bcas kyi:_bsod nams bsags pa'i dkor nor rnams:_rgyas shing rab tu brtan pa dang:_'dod dgu lhun gyis sgrub tu gsol:_hU~M:_nub kyi phyogs rnams skyong ba'i rje:_spyan mi bzang gi thugs dam bskul:_lha klu mi gsum thams cad kyi:_tshe dang bsod nams longs spyod nor:_stobs rtsal yon tan gzi brjid dang:_dbang thang snyan grags zas nor kun:_myur ba nyid du gnas 'dir sdus:_rnal 'byor bdag cag 'khor bcas kyi:_bsod nams bsags pa'i dkor nor rnams:_rgyas shing rab tu brtan pa dang:_'dod dgu lhun gyis sgrub tu gsol:_hU~M:_byang gi phyogs rnams skyong ba'i rje:_rnam thos sras kyi thugs dam bskul:_lha klu mi gsum thams cad kyi:_tshe dang bsod nams longs spyod nor:_stobs rtsal yon tan gzi brjid dang:_dbang thang snyan grags zas nor kun:_myur ba nyid du gnas 'dir sdus:_rnal 'byor bdag cag 'khor bcas kyi:_bsod nams bsags pa'i dkor nor rnams:_rgyas shing rab tu brtan pa dang:_'dod dgu lhun gyis sgrub tu gsol:_oM ma hA kA la sogs bsnyen sngags bzla/_ye d+harmas brtan par byas la me tog 'thor/_gtor 'bul/_bskang bshags sogs mgon mthing ltar rgyas par bya/_sgrub zhag rdzogs pa dang*/_oM:_bsod nams dpal du 'bar ba'i lha:_ye shes mgon po yab dang yum:_rgyal po chen po sde bzhi yis:_mi zad rin chen gter gyi dbang:_rnal 'byor bdag la bskur du gsol:_sngags kyi mthar/_kA ya wAka tsit+ta sid+d+hi a b+hi Shiny+tsa hU~M:_rten rnams gnas gsum du bzhag la dngos grub blangs mthar/_gter bum dang 'brang rgyas rnams mdzod phug tu sbas la/_oM:_mi zad rin chen gter gyi pho brang du:_ye shes mgon po'i lha tshogs brtan par bzhugs:_sgrub pa po la 'go zhing srung ba dang:_zas gos nor gyi dngos grub rgyun du stsol:_zhal nas gsungs pa'i shis pa brjod cing me tog gtor bas 'dod dgu yid bzhin du 'grub par 'gyur ro/__!__gsum pa gsung mgon dmar po la brten nas dbang gi phrin las sgrub pa ni/_sgrub gnas ri brag dmar zhing me tog dmar po'i tshal sogs yid du 'ong ba'i gnas su sgrub pa'i rten myos byed kyis sbrus pa'i dbang gi gtor ma dmar po zla gam 'khor rang 'dra bzhi'i bskor ba mngar gsum/_la du sogs yid bsgyur zas snas bskor ba dang*/_b+hany+dza mtshan bzang du rak+ta dang sin+d+hu ra chang snas bkang ba dar dmar gyi bkab pa la sman raka_/nyer spyod kyis bskor zhing bshams/_skyabs sems nas mchod pa byin rlabs bar sngar ltar la/_oM swa b+hA wa sogs/_stong pa'i ngang las bde chen rtsal/_b+h+rU~M las zla gam dmar po'i nang:_dbang mdzad mgon po bye ru'i mdog:_lcags kyu dang ni zhags pa 'dzin:_me tog dmar po rus pas brgyan:_pad+ma dmar po nyi ma'i steng:_bde ba'i nyams kyis brkyang bskum gar:_yum dmar zhags pa 'dzin dang 'khril:_dbang mdzad lha mo'i rigs bzhi dmar:_lcags kyu dang ni zhags pa 'dzin:_'od zer dmar po'i klong na bzhugs:_spyan 'dren bzhugs gsol mchod pa sngar bstod pa bcas sku mgon ltar la/_rA ga'i lhun po chags pa'i dmar 'od 'bar:_'gugs pa'i lcags kyu mang po skar ltar 'khrugs:_srid gsum sdud pa'i rlung dmar la gnas yum:_khams gsum dbang byed khyod la phyag 'tshal bstod:_bsnyen pa'i skabs/_thugs kar nyi steng aM yig las:_hriM yig lcags kyu'i tshogs 'phros shing:_gang yin nr-i la thim pas chags:_lcags kyu'i bzung bas dbang du bsdus:_'od zer zhags pa'i dbyibs can gyis:_pho yi spyi bo mo gsang nas:_drangs te thugs srog aM la thim:_oM shrI ma hA kA la AM a ro l-ika re ma ti DA ki nI kA ma nr-i hrIM hrIM dzaHdza:_zhes bzlas/_rdzas khab len gyi rdo dang sin+d+hu ra zhib btags b+han+d+ha'i snod du blugs la sngags btab pa dpral bar byugs pa dang*/_ril bu byas te khong du btang bas gang dgos pa de dbang du 'gyur ba dang*/_las kyi bogs 'byin me mchod byed na/_nub phyogs brag ri dmar po las blang ba'i sa yi stegs byas par smad 'tshong ma'i mal sa'i sa yis byug pa'i dbang gi thab/_mdzad 'phror lus/__!__bzhi pa phrin las mgon po ljang gu'i las sna tshogs sgrub pa'i tshul ni/_gnas khang gi gung du rten bkram pa'i mdun dpal gtor rgyan ldan/_sman raka nyer spyod/_gtor 'bul rnams bshams la/_skyabs sems nas brtsams mchod pa byin rlabs bar sngar ltar la/_shU n+ya ta'i sngags brjod la/_stong pa'i ngang las snod bcud kun:_bde chen longs spyod rgyas pa'i dbus:_ya~M las rlung gi rgya gram steng:_hU~M las las kyi mgon po ljang:_ral gri dang ni zhags pa 'dzin:_yum ljang gri zhags 'dzin dang 'khril:_gnyis ka dur khrod chas kyis brgyan:_phyogs bzhir dgra bgegs bsgyel ba'i steng:_dbang phyug dzi na mi tra dang:_gshin rje TA ki rA dza dang:_gnod sbyin k+She tra pA la dang:_bdud mgon trag shad nag po rnams:_mthing nag gri gug thod khrag 'dzin:_ber gsol gsang ba'i yum dang sbyor:_phyogs skyong rgyal chen dregs pas bskor:_las byed 'bum phrag rlung ltar 'phyo:_gnas gsum oM AHhU~M gis mtshan:_hU~M las 'od 'phros ye shes pa:_rang bzhin gnas nas spyan drangs bsam:_hU~M:_chos kyi dbyings kyi zhing khams dang:_me ri 'bar ba'i dur khrod nas:_'jig rten dbang phyug spyan ras gzigs:_drag tu khros pa khro bo'i rgyal:_ye shes mgon po yum dang bcas:_bka' sdod bzhi dang dregs pa'i 'khor:_rang bzhin gnas nas 'dir gshegs shig:_shrI ma hA kA la A+e ral+li hrIM:_hU~M:_dur khrod rol pa'i dkyil 'khor 'dir:_dgyes shing brtan par bzhugs su gsol:_rang gi dbyings nas rig pa'i rtsal:_he ru ka la phyag 'tshal lo:_sngon gyi byang chub thugs bskyed ltar:_bstan pa srung ba'i phrin las mdzod:_hU~M:_dbang po'i me tog tshil chen gsur:_zhun chen mar me khrag chen dri:_sha rus zhal zas rkang gling dang:_thod rnga dung chen sgrogs pas mchod:_hU~M:_dngos 'byor yid kyis rnam 'phrul pa'i:_kun tu bzang po'i mchod sprin gyis:_ye shes mgon po 'khor bcas mchod:_bzhes nas rab 'byams las kun stsol:_oM shrI ma hA kA la sa pa ri wA ra badz+ra ar+g+haM nas shab+da pra tIts+tsha swA hA:_hU~M:_rtsa brgyad stong sbyar a mr-i ta:_khams gsum bsgral ba'i rak+ta dang:_'dod yon rnam lnga gtor ma sogs:_sbyor sgrol gsang ba'i mchod pa 'bul:_oM shrI ma hA kA la sa pa ri wA ra sarba a mr-i ta rak+ta ba liM ta ma hA su kha ta na ga na pU dza hoH_oM:_chos kyi dbyings las 'bar ba'i sku:_sku gsum ye shes drug sogs las:_sku yi rnam 'gyur cir yang ston:_mgon po'i sku la phyag 'tshal bstod:_bde chen dbyings las grags pa'i gsung :_yan lag drug cu 'dus pa'i dpyid:_k+ShiM k+ShiM sgra sgrogs sa gsum g.yo:_mgon po'i gsung la phyag 'tshal bstod:_mi g.yo mnyam pa'i ngang nyid las:_thugs rje gtum pa'i ye shes thugs:_sangs rgyas kun dang dbyings gcig pa:_mgon po'i thugs la phyag 'tshal bstod:_bde chen mkha' dbyings re ma tI:_dzi na mi tra sku yi 'phrul:_TA ki rA dza gsung gi mdangs:_k+She tra pA la thugs sprul 'gyed:_trak+shad gnyis med ye shes rtsal:_bran tu 'dus pa dregs pa'i tshogs:_ye shes rnam par rol pa yi:_mthu stobs can la phyag 'tshal bstod:_sna tshogs gzugs 'chang 'dod dgu myur ba'i lus:_rnal 'byor sgrub pos 'dod pa'i don gsol tshe:_dam tshig can la rgyal ba'i bka' bzhin khur:_'dod pa'i don sgrub khyod la phyag 'tshal bstod:_mgon po'i bka' sdod phrin las thogs med sgrub:_mthu stobs nus pas las kun mnga' dbang bsgyur:_phyogs skyong rgyal chen bzhi dang gtsang ris kyi:_dpal mgon sde brgyad pho nyar phyag 'tshal bstod:_bzlas pa ni/_rang gi thugs nas 'od 'phros pas:_'khor rnams las la bskul ba'i mthus:_bdud rtsi'i bum pas khrus byas pas:_nad gdon mi mthun grib kun bkrus:_lha klu mi yi longs spyod bsdus:_zas nor 'bru yi char pa bab:_srid pa'i rlung dmar zhags pa 'phangs:_gang 'dod thams cad gnas 'dir bkug:_sprul pa'i dmag tshogs mtshon char 'phros:_dgra bgegs chom rkun thal bar brlag:_phas kyi byad kha thams cad ni:_'khor lo 'bar ba'i mtshon gyis gtubs:_'od zer sprul pas mnan gtad bkrol:_gang 'dod phrin las sgrub par bsam:_oM shrI ma hA kA la k+ShiM k+She tra big+h+nAM bi nA ya ka shrI de bI re ma ti traka rak+sha dzi na mi tra TA ki rA dza k+She tra pA la trak+shad ma ma ting laM ma b+h+yo:_rak+sha rak+sha:_yak+sha yak+sha:_in+d+ra ya:_ag+na ye:_ya mA ya:_nir t+ya:_bA ru NA ya:_wA ya be:_ku be rA ya:_I shwa nA ya:_ur+d+haM pra h+ma:_b+hU mi pa ti:_sUr+Ya tsan+d+ra:_d+hr-iSh+TA rASh+Ta ya:_bai ru d+ha kA ya:_bi rU pak+ShA ya:_bai shrA baNA ya:_aHyaHmaHduHruHtsaHshaHnaH_shIMn+ta ku ru ye swA hA:_puSh+TiM ku ru ye swA hA:_wA shaM ku ru ye swA hA:_mA ra ya phaT:_e sa b+h+yo zlog:_kA wA tsi phyes phyes khrol khrol:_shag shag byer byer:_s+t+waM b+ha ya byer:_mo ha ya byer:_dzam+b+ha ya byer:_shig shig khrol khrol:_sngags ring mthar/_oM nA ga rA dza sarba nA ga nA gi char la bskul:_b+ha ri sha ya phob phob:_zhes btags pa grangs bsags/_kha char gcod pa dang sad srung la/_oM lo ka sarba snying la ya ya:_b+ha ri sha ya zlog zlog:_sprin sdud de lo tog la sad srung na/_oM nA ga rA dza ga le:_dum pa le:_'du 'du ho:_nad zhi ba la/_oM sarba ro ga shIMn+ta ku ru ye swA hA:_rims sogs nad srung ba la/_oM sarba ro ga rbad rbad b+h+yo b+h+yo rak+Sha rak+Sha:_dam sri bskrad cing srung ba/_oM tri gam pa ri ma ra ya phaT:_rgyal 'gong gi gnod pa srung na/_oM rA tsa hab le hab le sod:_bgegs bskrad dgos na/_oM sarba big+h+nA \u0f7e phaT phaT:_byad bzlog la/_oM lo ka tsaN+Da zlog zlog:_oM sarba he ru ka a be sha ya a aH_zhes sham bu sbyar zhing dmigs pa'i 'phrul 'khor sbyar bas las tshogs rigs 'grub pa'o/__/yang be 'am seng lding gi mkhar ba rdo rje'i tog can gyi nang du mgon po'i rtsa sngags bcug la mgon po dngos su gsal bas sgrub cing brtan bzhugs byas la/_mgon po'i rtsa sngags la hU~M bzhi'i sngags sbrel nas bzlas la rab tu gnas te rdo rje'i dbyug par gyur par dmigs la/_gdon can gyi nad pa sogs brdung bas gnod pa sogs grol bar nges so/_/thun mtshams su gtor 'bul dang gsol bskang bya zhing phrin las bcol dgos par gsungs so/__!__lnga pa mgon po nag po'i srog sgrub ni/_mdun stegs su phung shul gyi brub khung du drag po'i 'khor lo rtsib bzhi pa kha rtsang gis bskor ba'i steng drag gtor nag po 'khor bzhi dang theb kyus bskor ba dar gdugs sku tsaka sha khrag gis brgyan pa bshams/_drag po'i nyer spyod kyis bskor la/_skyabs sems nas mchod pa byin rlabs tshe mgon ltar dang*/_shU n+ya tas stong par sbyangs te/_snod bcud dur khrod drag po'i zhing*/_e las mthing nag gru gsum dbus:_hU~M las ma hA kA la nag:_kha T+wAM ru mtshon zhags pa bsnams:_ber nag dur khrod chas rnams gsol:_yum ni thal mdog nad rkyal thogs:_dzi na mi tra tshon gru sprel:_gshin rje khram shing dgra s+t+wa bsnams:_gnod sbyin lcags kyu zhags pa 'phen:_las mgon spu gri tho ba bsnams:_sbas pa'i ma mo shan pa rnams:_nag po spu gri zhags pa thogs:_rgyal chen phyogs skyong dregs byed rnams:_drag po'i las la rngams par gsal:_gnas gsum oM AHhU~M gis mtshan:_hU~M las 'od 'phros ye shes pa:_rang bzhin gnas nas spyan drangs bsam:_hU~M:_chos kyi dbyings kyi zhing khams dang:_me ri 'bar ba'i dur khrod nas:_'jig rten dbang phyug spyan ras gzigs:_drag tu khros pa khro bo'i rgyal:_ye shes mgon po yum dang bcas:_bka' sdod bzhi dang dregs pa'i 'khor:_rang bzhin gnas nas 'dir gshegs shig:_shrI ma hA kA la A+e ral+li hrIM:_hU~M:_dur khrod rol pa'i dkyil 'khor 'dir:_dgyes shing brtan par bzhugs su gsol:_rang gi dbyings nas rig pa'i rtsal:_he ru ka la phyag 'tshal lo:_sngon gyi byang chub thugs bskyed ltar:_bstan pa srung ba'i phrin las mdzod:_hU~M:_dbang po'i me tog tshil chen gsur:_zhun chen mar me khrag chen dri:_sha rus zhal zas rkang gling dang:_thod rnga dung chen sgrogs pas mchod:_hU~M:_dngos 'byor yid kyis rnam 'phrul pa'i:_kun tu bzang po'i mchod sprin gyis:_ye shes mgon po 'khor bcas mchod:_bzhes nas mngon spyod las kun stsol:_oM shrI ma hA kA la sa pa ri wA ra badz+ra ar+g+haM nas shab+da pra tIts+tsha swA hA:_hU~M:_rtsa brgyad stong sbyar a mr-i ta:_khams gsum bsgral ba'i rak+ta dang:_'dod yon rnam lnga gtor ma sogs:_sbyor sgrol gsang ba'i mchod pa 'bul:_oM shrI ma hA kA la sa pa ri wA ra sarba a mr-i ta rak+ta ba liM ta ma hA su kha ta na ga na pU dza hoH_oM:_chos kyi dbyings las 'bar ba'i sku:_sku gsum ye shes drug sogs las:_sku yi rnam 'gyur cir yang ston:_mgon po'i sku la phyag 'tshal bstod:_bde chen dbyings las grags pa'i gsung :_yan lag drug cu 'dus pa'i dpyid:_k+ShiM k+ShiM sgra sgrogs sa gsum g.yo:_mgon po'i gsung la phyag 'tshal bstod:_mi g.yo mnyam pa'i ngang nyid las:_thugs rje gtum pa'i ye shes thugs:_sangs rgyas kun dang dbyings gcig pa:_mgon po'i thugs la phyag 'tshal bstod:_bde chen mkha' dbyings re ma tI:_dzi na mi tra sku yi 'phrul:_TA ki rA dza gsung gi mdangs:_k+She tra pA la thugs sprul 'gyed:_trak+shad gnyis med ye shes rtsal:_bran tu 'dus pa dregs pa'i tshogs:_ye shes rnam par rol pa yi:_mthu stobs can la phyag 'tshal bstod:_gsod pa'i dus su bskal pa'i mun gtibs 'dra:_las 'gar spyod tshe rlung gi spu gri 'dra:_dmigs pa'i gzugs la reg tsam thul thul gcod:_srog gi spu gri khyod la phyag 'tshal bstod:_thogs med phrin las rnam bzhi'i gzugs/_/sprul pa'i las byed pho nya bzhi/_/phyogs skyong rgyal chen dpal mgon tshogs/_/'khor dang bcas la phyag 'tshal bstod/_/bsnyen dmigs ni/_thugs ka'i hU~M las 'od 'phros pas:_pho nya skul zhing so so yis:_lcags kyus bzung zhing zhags pas bkug:_khrom la btab cing lha dang phral:_mtshon cha'i char 'bebs dmyal thag gcad:_nad kyi rkyal pas myos su bcug:_thugs las dzaHlas 'khor lo spros:_khog par 'khor bas bla tshe gtubs:_spu gris tshar gcad tho bas brdungs:_sha khrag hab hab gsol bar bsam:_oM ma hA kA la giM ka ra k+She tra pA la dgra bgegs aM ku sha dza:_dgra bgegs bkug_ya ma rA dza mgon skyabs byed pa'i lha rnams pra be sha ya phaT:_lha dang phye/_dzi na mi tra che ge mo e hur thum dza:_trag rak+sha thun b+h+yo:_mtshon chas brdungs te dmyal thag bcad/_oM ma hA kA la giM ka ra che ge mo kA bA tsi mA ra ya rbad rbad:_dngos su bsgral/_ma hA kA la trak+shad dzaHnr-i tri sha trUM kha thaM kha thaM:_maM sa rak+ta kiM ni ri ti kha raM khA hi:_tho gtun gyis brdungs la zhal du bstab par dmigs pa dang sbrag sngags rnams rtags dang sbyar te rim pa bzhin bzla zhing*/_thun mthar gsol bskang bskul ba rnams drag tu byas la/_las grub pa dang ling+ga mer bsregs/_thal ba 'bul gtor dang lhan cig dgra phyogs su 'phang ngo*/__!__drug pa las la myur ba mgon po rta zhon gyi rlung sgrub ni/_gri lcags las byas pa'i mdung dar nag gi ru mtshon can rten du bzung ba'i mdun du drag gtor gtso 'khor bzhi pa dar gdugs sku tsaka sha khrag gis brgyan pa sman raka dang drag po'i nyer spyod kyis bskor/_skyabs sems nas mchod brlab bar sngar ltar btang rjes/_shU n+ya tas stong par sbyangs/_snod bcud dur khrod rol pa'i zhing:_rlung nag 'tshubs ma'i klong dkyil du:_hU~M las skyes pa'i las mgon ni:_mthing nag ber chen sku la gsol:_ru mtshon phyar zhing thod rnga 'khrol:_rta nag rlung gshog ldan pa chibs:_k+She tra pA la spu gri 'dzin:_mi lpags gsol zhing dom nag chibs:_TA ki rA dza dgra s+t+wa 'dzin:_ber nag gsol zhing chu glang chibs:_dzi na mi tra bswe mda' 'phen:_glang chen nag po smyon pa chibs:_trak+shad nag po bdud mda' bkang:_rdzu 'phrul rta nag rkang gsum chibs:_kun kyang ber gsol dur khrod chas:_dregs pa 'bum gyi 'khor gyis bskor:_dpal ldan lha mo re ma ti:_mthing nag khram shing thod khrag 'dzin:_zhing lpags re lde'i na bza' gsol:_dril rta rkang gsum chibs nas su:_ma mo 'bum gyis 'khor gyis bskor:_rgyal chen bzhi yis ru mtshon phyar:_phyogs skyong bcu ni rlung ltar 'tshubs:_gnas gsum oM AHhU~M gis mtshan:_hU~M las 'od 'phros ye shes pa:_rang bzhin gnas nas spyan drangs bsam:_hU~M:_chos kyi dbyings kyi zhing khams dang:_me ri 'bar ba'i dur khrod nas:_'jig rten dbang phyug spyan ras gzigs:_drag tu khros pa khro bo'i rgyal:_ye shes mgon po yum dang bcas:_bka' sdod bzhi dang dregs pa'i 'khor:_rang bzhin gnas nas 'dir gshegs shig:_shrI ma hA kA la A+e ral+li hrIM:_hU~M:_dur khrod rol pa'i dkyil 'khor 'dir:_dgyes shing brtan par bzhugs su gsol:_rang gi dbyings nas rig pa'i rtsal:_he ru ka la phyag 'tshal lo:_sngon gyi byang chub thugs bskyed ltar:_bstan pa srung ba'i phrin las mdzod:_hU~M:_dbang po'i me tog tshil chen gsur:_zhun chen mar me khrag chen dri:_sha rus zhal zas rkang gling dang:_thod rnga dung chen sgrogs pas mchod:_hU~M:_dngos 'byor yid kyis rnam 'phrul pa'i:_kun tu bzang po'i mchod sprin gyis:_ye shes mgon po 'khor bcas mchod:_bzhes nas mngon spyod las kun stsol:_oM shrI ma hA kA la sa pa ri wA ra badz+ra ar+g+haM nas shab+da pra tIts+tsha swA hA:_hU~M:_rtsa brgyad stong sbyar a mr-i ta:_khams gsum bsgral ba'i rak+ta dang:_'dod yon rnam lnga gtor ma sogs:_sbyor sgrol gsang ba'i mchod pa 'bul:_oM shrI ma hA kA la sa pa ri wA ra sarba a mr-i ta rak+ta ba liM ta ma hA su kha ta na ga na pU dza hoH_oM:_chos kyi dbyings las 'bar ba'i sku:_sku gsum ye shes drug sogs las:_sku yi rnam 'gyur cir yang ston:_mgon po'i sku la phyag 'tshal bstod:_bde chen dbyings las grags pa'i gsung :_yan lag drug cu 'dus pa'i dpyid:_k+ShiM k+ShiM sgra sgrogs sa gsum g.yo:_mgon po'i gsung la phyag 'tshal bstod:_mi g.yo mnyam pa'i ngang nyid las:_thugs rje gtum pa'i ye shes thugs:_sangs rgyas kun dang dbyings gcig pa:_mgon po'i thugs la phyag 'tshal bstod:_bde chen mkha' dbyings re ma tI:_dzi na mi tra sku yi 'phrul:_TA ki rA dza gsung gi mdangs:_k+She tra pA la thugs sprul 'gyed:_trak+shad gnyis med ye shes rtsal:_bran tu 'dus pa dregs pa'i tshogs:_ye shes rnam par rol pa yi:_mthu stobs can la phyag 'tshal bstod:_thogs med phrin las rnam bzhi'i gzugs/_/sprul pa'i las byed pho nya bzhi/_/phyogs skyong rgyal chen dpal mgon tshogs/_/'khor dang bcas la phyag 'tshal bstod/_/bsnyen dmigs ni/_gtso 'khor kun gyi thugs ka ru:_hU~M dang b+h+yo yis mtshan pa la:_rang nyid lhar gsal thugs ka nas:_'od 'phros yi ge rnams la phog:_sngon gyi thugs dam dran nas su:_sdang ba'i dgra la dmag sna drangs:_bsad cing thal bar brlag par bsam:_oM ma hA kA la giM ka ra k+She tra pA la dgra bgegs aM ku sha dza:_dgra bgegs bkug_ya ma rA dza mgon skyabs byed pa'i lha rnams pra be sha ya phaT:_lha dang phye/_dzi na mi tra che ge mo e hur thum dza:_trag rak+sha thun b+h+yo:_mtshon chas brdung ste dmyal thag bcad/_oM ma hA kA la giM ka ra che ge mo kA bA tsi mA ra ya rbad rbad:_dngos su bsgral/_ma hA kA la trak+shad dzaHnr-i tri sha trUM kha thaM kha thaM:_maM sa rak+ta kiM ni ri ti kha raM khA hi:_zhes sngags rnams bzlas mthar/_gtor 'bul dang bskang bshags byas la/_gal che na bzlog pa yang sbyar/_mthar drag bskul ni/_dar nag g.yab cing rkang gling dang bshug glu rol mo dbyangs dang bcas te/_hU~M b+h+yo:_gtum drag 'bar ba'i dur khrod nas:_ye shes mgon po mthu rtsal can:_chos skyong srung ma rnams kyi gtso:_dkar po lha dmag dbugs 'byin cing:_nag po bdud dang lha min 'joms:_dmar gyi gtor ma 'di bzhes la:_drag po'i las la myur du skul:_ma g.yel dam nyams dgra la ya:_b+h+yo:_dbyings kyi dur khrod chen mo nas:_mkha' 'gro chen mo kun gyi gtso:_dpal ldan lha mo re ma ti:_nad dang rims kyi bdag mo che:_ma mo 'bum gyi 'khor dang bcas:_dmar gyi gtor ma 'di bzhes la:_drag po'i las la myur du skul:_ma g.yel dam nyams dgra la ya:_hU~M b+h+yo:_dgra bo skos la 'debs byed pa'i:_gnod sbyin k+She tra pA la ni:_zhing skyong kun gyi gtso bo ste:_dgra la rbad na glog ltar myur:_sha la dga' zhing khrag la rngams:_rus la mur zhing bdun brgyud brlag:_gnod sbyin dmag gi dpung tshogs rnams:_dmar gyi gtor ma 'di bzhes la:_drag po'i phrin las myur du skul:_ma g.yel dam nyams dgra la ya:_hU~M b+h+yoH_dgra bo lha dang phral byed pa'i:_gshin rje TA ki rA dza ni:_gshed chen rnams kyi rgyal po ste:_srog la rbad na dus mi g.yel:_las kyi gshin rje'i dmag tshogs rnams:_dmar gyi gtor ma 'di bzhes la:_drag po'i las la myur du skul:_ma g.yel dam nyams dgra la ya:_hU~M b+h+yoH_dgra bo dmyal thag gcod mdzad pa'i:_dbang phyug dzi na mi tra ni:_lha dmag 'bum gyi dmag dpon te:_drag po'i las mdzad rdzu 'phrul can:_dregs pa lha yi dmag tshogs rnams:_dmar gyi gtor ma 'di bzhes la:_drag po'i las la myur du skul:_ma g.yel dam nyams dgra la ya:_hU~M b+h+yoH_kI la sgrogs pa'i dur khrod nas:_las kyi mgon po dbyings nas bzhengs:_dur khrod ma mo rnams kyi gtso:_sbyor sgrol mdzad pa'i tshogs dpon te:_trak+shad nag po zhes bya ba:_srid pa gsum gyi srog gi bdag:_dregs pa'i mgon po'i dmag tshogs rnams:_dmar gyi gtor ma 'di bzhes la:_drag po'i las la myur du skul:_ma g.yel dam nyams dgra la ya:_b+h+yo:_sbas pa'i ma mo rnam pa bzhi:_las byed gab pa'i shan pa dang:_rgyal chen phyogs skyong dregs pa'i tshogs:_dmar gyi gtor ma 'di bzhes la:_drag po'i las la myur du skul:_ma g.yel dam nyams dgra la ya:_b+h+yoH_sangs rgyas bstan pa bshig pa dang:_bla ma'i sku la bdo ba dang:_rigs dang rgyud la snyogs pa dang:_chos 'khor srid la rngams pa dang:_dge 'dun sde rnams bshig pa dang:_sangs rgyas bstan la 'tshe ba dang:_sems can nyes med mnar ba dang:_nyams pa bdun ldan zhing bcu tshang:_snga dgra lag bdar phyi dgra sems:_da dgra thad du langs pa yi:_dam nyams dgra yi yul du rgyug:_kha ru lag chug khog pa'i snying:_dpral ba'i mig rnams thang la byos:_snying khrag phos la srog rtsa chod:_bdun brgyud rtsad nas brlag par gyis:_oM ma hA kA la giM ka ra k+She tra pA la dgra bgegs aM ku sha dza:_dgra bgegs bkug__ya ma rA dza mgon skyabs byed pa'i lha rnams pra be sha ya phaT:_lha dang phye/_dzi na mi tra che ge mo e hur thum dza:_trag rak+sha thun b+h+yo:_mtshon chas brdungs te dmyal thag bcad/_oM ma hA kA la giM ka ra che ge mo kA bA tsi mA ra ya rbad rbad:_dngos su bsgral/_ma hA kA la trak+shad dzaHnr-i tri sha trUM kha thaM kha thaM:_maM sa rak+ta kiM ni ri ti kha raM khA hi:_zhes drag tu bskul rdzogs pa dang gtor ma dgra phyogs su 'phang*/_srung 'khor bsgom zhing tshe 'gugs shis brjod bcas bya ba ni shin tu gnyan pas rtag par bya mi rung gsungs so/__!__gnyis pa 'khor las mkhan rnams kyi sgos sgrub la lnga las/_dang po yum re ma ti'i sgos sgrub ni/_rten mchod sogs mgon mthing skabs ltar las yum re ma ti'i gtor ma khyad par du bshams dgos pa ni 'khor 'og ma rnams la 'gre/_skyabs sems nas brtsams bdag bskyed/_shU n+ya tas sbyangs/_chos rnams dmigs med mtha' bral bsgom:_kun khyab brtse ba'i snying rje'i hU~M:_'phro 'dus srung 'khor dur khrod gnas:_rab 'jigs pho brang e yi klong:_'khor lo brag chen pad nyi'i steng:_ye shes mgon po mthing nag 'bar:_dbu gsum g.yas dkar g.yon dmar zhal:_spyan dgu rab bgrad khro gnyer bsdus:_zhal gdangs ljags 'dril k+ShiM sgra sgrogs:_mche gtsigs smar smin dbu skra 'bar:_phyag drug dang pos gri thod dang:_bar bas mdung dang rtse gsum phyar:_tha mas rnge'u chung zhags pa 'dzin:_zhabs bzhi 'dor thabs bgegs rgyal mnan:_gshogs pa rab gdengs dur khrod chas:_khyung dang stag gzig dom nag 'phro:_re ti mthing nag gri thod can:_mnyam sbyor me yi klong na bzhugs:_thod mkhar me rlung 'tshubs pa'i dkyil:_b+h+yo las lha mo re ma ti:_zhal gcig phyag gnyis dre'u chib:_ral gri dang ni thod khrag 'dzin:_re lde dur khrod chas kyi brgyan:_'bum phrag yangs pa'i ma mos bskor:_gnas gsum oM AHhU~M gis mtshan:_hU~M las 'od 'phros ye shes pa:_rang bzhin gnas nas spyan drangs bsam:_hU~M:_chos kyi dbyings kyi zhing khams dang:_me ri 'bar ba'i dur khrod nas:_'jig rten dbang phyug spyan ras gzigs:_drag tu khros pa khro bo'i rgyal:_ye shes mgon po yum dang bcas:_bka' sdod bzhi dang dregs pa'i 'khor:_rang bzhin gnas nas 'dir gshegs shig:_shrI ma hA kA la A+e ral+li hrIM:_hU~M:_dur khrod rol pa'i dkyil 'khor 'dir:_dgyes shing brtan par bzhugs su gsol:_rang gi dbyings nas rig pa'i rtsal:_he ru ka la phyag 'tshal lo:_sngon gyi byang chub thugs bskyed ltar:_bstan pa srung ba'i phrin las mdzod:_hU~M:_dbang po'i me tog tshil chen gsur:_zhun chen mar me khrag chen dri:_sha rus zhal zas rkang gling dang:_thod rnga dung chen sgrogs pas mchod:_hU~M:_dngos 'byor yid kyis rnam 'phrul pa'i:_kun tu bzang po'i mchod sprin gyis:_ye shes mgon po 'khor bcas mchod:_bzhes nas rab 'byams las kun stsol:_oM shrI ma hA kA la sa pa ri wA ra badz+ra ar+g+haM nas shab+da pra tIts+tsha swA hA:_hU~M:_rtsa brgyad stong sbyar a mr-i ta:_khams gsum bsgral ba'i rak+ta dang:_'dod yon rnam lnga gtor ma sogs:_sbyor sgrol gsang ba'i mchod pa 'bul:_oM shrI ma hA kA la sa pa ri wA ra sarba a mr-i ta rak+ta ba liM ta ma hA su kha ta na ga na pU dza hoH_oM:_chos kyi dbyings las 'bar ba'i sku:_sku gsum ye shes drug sogs las:_sku yi rnam 'gyur cir yang ston:_mgon po'i sku la phyag 'tshal bstod:_bde chen dbyings las grags pa'i gsung :_yan lag drug cu 'dus pa'i dpyid:_k+ShiM k+ShiM sgra sgrogs sa gsum g.yo:_mgon po'i gsung la phyag 'tshal bstod:_mi g.yo mnyam pa'i ngang nyid las:_thugs rje gtum pa'i ye shes thugs:_sangs rgyas kun dang dbyings gcig pa:_mgon po'i thugs la phyag 'tshal bstod:_byang shar thod pa 'phrul gyi gzhal yas nas:_yum mchog dpal ldan lha mo re ma ti:_ngo bo gcig la sprul pa'i rnam 'gyur stong:_ma gcig re ma ti la phyag 'tshal bstod:_gong non mgon po'i sngags cung zad bzlas la/_bsnyen dmigs ni/_thugs kar zla steng bdud rtsi yi:_bum pa'i aM gis mtshan pa las:_oM shrI de bI re ma ti trag rak+sha hU~M phaT:_cung zad bzla/_de las 'od 'phros bdud rtsi'i rgyun:_'od zer dkar po 'phros pa yis:_nad yams rims nad zhi bar bsam:_sngags snga ma ci nus bzlas mthar/_mgon po'i gsol bskang dang*/_lha mo'i sger gsol dang*/_'khrugs skong sogs bya'o/__!__gnyis pa dbang phyug dzi na mi tra'i sgos sgrub la las 'grigs lha mo ltar la/_mdun bskyed lha mo'i tshab tu/_mdun du me rlung 'tshubs pa'i dbus:_lha dmag dgu khri dgu 'bum 'gyed:_dzaHlas dzi na mi tra mthing:_ral gri dang ni thod khrag 'dzin:_ber nag gsol zhing dur khrod chas:_zhabs gnyis 'dor thabs dgra bgegs mnan:_bstod pa'i khyad par/_dur khrod lha chen rol pa'i nags tshal nas:_srid pa gsum la dbang byed srog gi bdag:_dbang phyug dzi na mi tra mthu rtsal can:_lha dmag dgu khri dgu 'bum las la 'gyed:_bka' sdod lha yi mgon po khyed la bstod:_mgon po'i bzlas pa cung zad mthar/_bsnyen dmigs ni/_thugs kar dzaHmthar sngags kyis bskor:_de las 'od zer 'phros pa yis:_dmigs bya dbang du bsdus par bsam:_oM dzi na mi tra hU~M hrIM hrIM dzaHdzaH_ci nus gtso bor bzla/_slar yang 'od zer dkar po yi:_tshogs 'phros shes rab bskyed par bsam:_oM dzi na mi tra hU~M pradz+nyA sid+d+hi hU~M hU~M:_cung zad bzla/_las sbyor 'di gtso bor dgos na bzlas pa rtags dang bstun mthar/_gsol bskang sogs snga ma rnams bzhin bya'o/__!__gsum pa gshin rje TA ki rA dza ni/_rlung nag 'tshubs klong yaHyig las:_gshin rje'i dmag tshogs 'bum gyis bskor:_TA ki rA dza mthing nag 'bar:_za 'og nag po'i ber chen gsol:_dgra s+t+wa g.yas la khram shing g.yon:_bstod pa/_skye 'gro khram la 'debs pa'i dur khrod nas:_gshin rje TA ki rA dza srid pa'i bdag:_gshin rje'i dmag tshogs 'bum phrag las la 'gyed:_gshin rje'i mgon po khyod la phyag 'tshal bstod:_bsnyen dmigs ni/_thugs kar yaHlas sngags phreng bskor:_'od 'phros gdug pa'i dgra dang bgegs:_ma lus tshar bcad brlag par bsam:_oM TA ki rA dza dgra bgegs mA ra ya hU~M phaT:_zhes bzla/_gsol bskang sogs snga ma rnams bzhin bya'o/__!_bzhi pa zhing skyong k+She tra pA la'i sgos sgrub ni/_spro na bla rdo rten bcas 'du bya/_dkyus tsam du gtor ma dang mchod pa tsam la bsten kyang rung zhing*/_b+h+rU~M las b+hany+dza thod pa'i mkhar:_rlung nag 'tshubs pa'i klong dkyil du:_k+Sha las k+She tra pA la nag:_lcags kyu g.yas la zhags pa g.yon:_mi lpags g.yang gzhi sku la gsol:_dom nag smyon pa chibs su chib:_gsang ba'i yum mchog re ti ma:_spu gri gdeng shing mi snying gsol:_shan pa 'bum gyi dmag gis bskor:_bstod pa ni/_khrag mtsho rba klong 'khrugs pa'i klong dkyil nas:_gnod sbyin k+She tra pA la srog gi bdag:_shan pa 'bum gyi dmag tshogs las la 'gyed:_zhing skyong mgon po khyed la phyag 'tshal bstod:_bsnyen dmigs ni/_yab yum gnyis kyi thugs ka ru:_k+Sha dang thaHla sngags kyis bskor:_'od zer dpag med 'phros pa yis:_yid la brnag pa thams cad bsgral:_longs spyod thams cad stsol bar bsam:_oM k+She tra pA la dzaH_ma ma ro ti b+h+yoH_zhes bzla/_gsol bskang sogs snga ma rnams bzhin bya'o/_!__lnga pa bdud mgon trak+shad kyi sgos sgrub ni/_mdun du kA la sgrogs pa yi:_dur khrod chen po'i sa gzhi la:_thod mkhar drag po'i rgyan dang ldan:_me rlung 'tshubs pa'i klong dkyil du:_hU~M las trak+shad nag po ni:_zhal gcig phyag gnyis bdud mda' bkang:_ber nag gsol zhing bdud rta chibs:_gsang ba'i yum mchog dung skyong ma:_dkar mo me long tsit+ta bsnams:_zhing lpags gos gsol bong bu chib:_ma mo bdud mon shan pas bskor:_bstod pa/_kI la sgrogs pa'i dur khrod chen po nas:_bdud kyi mgon po trak+shad nag po ni:_mkha' 'gro bdud dmag 'bum ni las la 'gyed:_ma mo'i tshogs dpon khyod la phyag 'tshal bstod:_bsnyen dmigs ni/_yab yum gnyis kyi thugs ka ru:_hU~M dang b+h+yo yi tha ma ru:_oM karma ma hA kA la trak+shad dza:_oM de bI shang+kha pA la traka rak+sha b+h+yo dza:_zhes pas bskor las 'od 'phros pas:_gang 'dod las rnams sgrub par bsam:__las sbyor dmigs bsal dgos na ling+ga sogs gter gzhung ltar bya/_las sbyor dkyus tsam la/_oM karma ma hA kA la trak+shad dzaH_oM di bI shang+kha pA la traka rak+sha b+h+yo dza:_drag sngags spu gri cung zad bzla zhing bsad dmigs tsam byas pas rung ba'o/__/gsum pa spyi dang bye brag kun gyi las gzhug rjes rim dang po thun gtor 'bul ba ni/_skabs su gang bab kyi bzlas pa grub pa'i rjes/_'bul gtor kha gso zhing sman raka bran te/_ra~M ya~M kha~M:_stong pa'i ngang las b+h+rU~M yig las:_snang ba rnam dag gtor gzhong du:_ye shes lnga yi dam rdzas rnams:_bde ba chen por zhu ba'i bcud:_'dod yon rgya mtshor 'phro bar gyur:_oM AHhU~M:_hU~M:_mkha' dbyings nas bzhengs bde ba che:_ye shes mgon po phyag drug pa:_chos kyi dbyings nas 'dir gshegs la:_ye shes lnga yi a mr-i ta:_bde ba chen po'i rak+ta dang:_bde stong zung 'jug 'dod yon lnga:_ye shes 'bar ba'i mchod sprin 'di:_ma hA kA la mnyes phyir 'bul:_dgyes pa chen pos bzhes nas kyang:_'dod pa'i don rnams bsgrub tu gsol:_gzhan yang sha chen snying sna tshogs:_'bras chen khur ba sgog tsong dang:_sha sna spod kyi bye brag dang:_dzam+bu tri sha'i zhal zas mchog:_dza gad dpa' bo'i phud la sogs:_'dod yon rgya mtsho'i mchod sprin 'di:_ma hA kA la mnyes phyir 'bul:_dgyes pa chen pos bzhes nas kyang:_nad gdon dgra bgegs zhi bar mdzod:_tshe dang bsod nams rgyas par mdzod:_khams gsum thams cad dbang du sdus:_dgra bgegs dam sri thal bar rlog:_sangs rgyas bstan pa bsrung du gsol:_dkon mchog dbu 'phang bstod pa dang:_dge 'dun sde rnams skyong bar mdzod:_dben gnas gnyan po srung ba dang:_sgrub pa'i sdong grogs mdzad du gsol:_hU~M:_yab gcig de yi yum mchog ni:_dpal ldan lha mo re ma ti:_mu le'i mtsho nas 'dir gshegs la:_ye shes lnga yi a mr-i ta:_bde ba chen po'i rak+ta dang:_bde stong zung 'jug 'dod yon lnga:_ye shes 'bar ba'i mchod sprin 'di:_dpal ldan lha mo mnyes phyir 'bul:_dgyes pa chen pos bzhes nas kyang:_'dod pa'i don rnams bsgrub tu gsol:_gzhan yang sha chen snying sna tshogs:_'bras chen khur ba sgog tsong dang:_sha sna spod kyi bye brag dang:_dzam+bu tri sha'i zhal zas mchog:_dza gad dpa' bo'i phud la sogs:_'dod yon rgya mtsho'i mchod sprin 'di:_dpal ldan lha mo mnyes phyir 'bul:_dgyes pa chen pos bzhes nas kyang:_nad gdon dgra bgegs zhi bar mdzod:_tshe dang bsod nams rgyas par mdzod:_khams gsum thams cad dbang du sdus:_dgra bgegs dam sri thal bar rlog:_sangs rgyas bstan pa bsrung du gsol:_dkon mchog dbu 'phang bstod pa dang:_dge 'dun sde rnams skyong bar mdzod:_dben gnas gnyan po srung ba dang:_sgrub pa'i sdong grogs mdzad du gsol:_hU~M:_shar gyi pho nya chen po ni:_dbang phyug dzi na mi tra yang:_nam mkha'i dbyings nas 'dir gshegs la:_ye shes lnga yi a mr-i ta:_bde ba chen po'i rak+ta dang:_bde stong zung 'jug 'dod yon lnga:_ye shes 'bar ba'i mchod sprin 'di:_dzi na mi tra mnyes phyir 'bul:_dgyes pa chen pos bzhes nas kyang:_'dod pa'i don rnams bsgrub tu gsol:_gzhan yang sha chen snying sna tshogs:_'bras chen khur ba sgog tsong dang:_sha sna spod kyi bye brag dang:_dzam+bu tri sha'i zhal zas mchog:_dza gad dpa' bo'i phud la sogs:_'dod yon rgya mtsho'i mchod sprin 'di:_dzi na mi tra mnyes phyir 'bul:_dgyes pa chen pos bzhes nas kyang:_nad gdon dgra bgegs zhi bar mdzod:_tshe dang bsod nams rgyas par mdzod:_khams gsum thams cad dbang du sdus:_dgra bgegs dam sri thal bar rlog:_sangs rgyas bstan pa bsrung du gsol:_dkon mchog dbu 'phang bstod pa dang:_dge 'dun sde rnams skyong bar mdzod:_dben gnas gnyan po srung ba dang:_sgrub pa'i sdong grogs mdzad du gsol:_hU~M:_lho yi phyogs kyi pho nya ni:_gshin rje TA ki rA dza yang :_lho phyogs gshin rje'i gnas nas gshegs:_ye shes lnga yi a mr-i ta:_bde ba chen po'i rak+ta dang:_bde stong zung 'jug 'dod yon lnga:_ye shes 'bar ba'i mchod sprin 'di:_TA ki rA dza mnyes phyir 'bul:_dgyes pa chen pos bzhes nas kyang:_'dod pa'i don rnams bsgrub tu gsol:_gzhan yang sha chen snying sna tshogs:_'bras chen khur ba sgog tsong dang:_sha sna spod kyi bye brag dang:_dzam+bu tri sha'i zhal zas mchog:_dza gad dpa' bo'i phud la sogs:_'dod yon rgya mtsho'i mchod sprin 'di:_TA ki rA dza mnyes phyir 'bul:_dgyes pa chen pos bzhes nas kyang:_nad gdon dgra bgegs zhi bar mdzod:_tshe dang bsod nams rgyas par mdzod:_khams gsum thams cad dbang du sdus:_dgra bgegs dam sri thal bar rlog:_sangs rgyas bstan pa bsrung du gsol:_dkon mchog dbu 'phang bstod pa dang:_dge 'dun sde rnams skyong bar mdzod:_dben gnas gnyan po srung ba dang:_sgrub pa'i sdong grogs mdzad du gsol:_hU~M:_nub kyi phyogs kyi pho nya ni:_gnod sbyin k+She tra pA la yang:_mkha' spyod zhing nas 'dir gshegs la:_ye shes lnga yi a mr-i ta:_bde ba chen po'i rak+ta dang:_bde stong zung 'jug 'dod yon lnga:_ye shes 'bar ba'i mchod sprin 'di:_k+She tra pA la mnyes phyir 'bul:_dgyes pa chen pos bzhes nas kyang:_'dod pa'i don rnams bsgrub tu gsol:_gzhan yang sha chen snying sna tshogs:_'bras chen khur ba sgog tsong dang:_sha sna spod kyi bye brag dang:_dzam+bu tri sha'i zhal zas mchog:_dza gad dpa' bo'i phud la sogs:_'dod yon rgya mtsho'i mchod sprin 'di:_k+She tra pA la mnyes phyir 'bul:_dgyes pa chen pos bzhes nas kyang:_nad gdon dgra bgegs zhi bar mdzod:_tshe dang bsod nams rgyas par mdzod:_khams gsum thams cad dbang du sdus:_dgra bgegs dam sri thal bar rlog:_sangs rgyas bstan pa bsrung du gsol:_dkon mchog dbu 'phang bstod pa dang:_dge 'dun sde rnams skyong bar mdzod:_dben gnas gnyan po srung ba dang:_sgrub pa'i sdong grogs mdzad du gsol:_hU~M:_byang gi phyogs kyi pho nya ni:_bdud mgon trak+shad nag po yang:_bsil ba'i tshal nas 'dir gshegs la:_ye shes lnga yi a mr-i ta:_bde ba chen po'i rak+ta dang:_bde stong zung 'jug 'dod yon lnga:_ye shes 'bar ba'i mchod sprin 'di:_las mgon nag po mnyes phyir 'bul:_dgyes pa chen pos bzhes nas kyang:_'dod pa'i don rnams bsgrub tu gsol:_gzhan yang sha chen snying sna tshogs:_'bras chen khur ba sgog tsong dang:_sha sna spod kyi bye brag dang:_dzam+bu tri sha'i zhal zas mchog:_dza gad dpa' bo'i phud la sogs:_'dod yon rgya mtsho'i mchod sprin 'di:_las mgon nag po mnyes phyir 'bul:_dgyes pa chen pos bzhes nas kyang:_nad gdon dgra bgegs zhi bar mdzod:_tshe dang bsod nams rgyas par mdzod:_khams gsum thams cad dbang du sdus:_dgra bgegs dam sri thal bar rlog:_sangs rgyas bstan pa bsrung du gsol:_dkon mchog dbu 'phang bstod pa dang:_dge 'dun sde rnams skyong bar mdzod:_dben gnas gnyan po srung ba dang:_sgrub pa'i sdong grogs mdzad du gsol:_hU~M:_gzhan yang gsang ba'i sbas yum bzhi:_gab pa'i las kyi shan pa dang:_phyogs skyong rgyal chen dregs pa'i tshogs:_rang rang gnas nas 'dir gshegs la:_ye shes lnga yi a mr-i ta:_bde ba chen po'i rak+ta dang:_bde stong zung 'jug 'dod yon lnga:_ye shes 'bar ba'i mchod sprin 'di:_bka' sdod 'khor bcas mnyes phyir 'bul:_dgyes pa chen pos bzhes nas kyang:_'dod pa'i don rnams bsgrub tu gsol:_gzhan yang sha chen snying sna tshogs:_'bras chen khur ba sgog tsong dang:_sha sna spod kyi bye brag dang:_dzam+bu tri sha'i zhal zas mchog:_dza gad dpa' bo'i phud la sogs:_'dod yon rgya mtsho'i mchod sprin 'di:_bka' sdod 'khor bcas mnyes phyir 'bul:_dgyes pa chen pos bzhes nas kyang:_nad gdon dgra bgegs zhi bar mdzod:_tshe dang bsod nams rgyas par mdzod:_khams gsum thams cad dbang du sdus:_dgra bgegs dam sri thal bar rlog:_sangs rgyas bstan pa bsrung du gsol:_dkon mchog dbu 'phang bstod pa dang:_dge 'dun sde rnams skyong bar mdzod:_dben gnas gnyan po srung ba dang:_sgrub pa'i sdong grogs mdzad du gsol:_de yis 'dod don thams cad 'grub:_sa ma ya:_nyams chags byung na skong ba ni:_spyan gzigs sna tshogs rgyan gyis brgyan:_nam mkha' mdzod kyi sngags rgyas brlab:_hU~M:_chos kyi dbyings nas sna tshogs ci yang sprul:_snang stong sku yi rnam 'gyur tshul bzhin sgom:_de nyid mtshon pa'i sku 'bag ris su bris:_bzo dbyibs ngo mtshar sku yi thugs dam bskang:_grags pa rtsa rlung thig le'i gnad bcings te:_mdangs su shar kun rgyal ba'i gsung gi dbyings:_de dang mtshungs pa'i srog sngags dbyangs su bzlas:_srog gi 'khor lo gsung gi thugs dam bskang:_ma bcos dbyings las bde chen ye shes ngang:_lha dang bdag nyid gnyis su med par rtogs:_snang srid thams cad mgon po'i dkyil 'khor dang:_rdzogs pa chen po thugs kyi thugs dam bskang:_mi zad yon tan gter gyi mdzod 'chang ba:_ye shes rol pa'i cha lugs ma nges kyang:_gnas skabs 'dir snang dur khrod dpal gyi chas:_gnag pa'i zhwa gos rnams kyis thugs dam bskang:_phrin las mi bzad 'bar ba'i cho 'phrul ston:_ye shes rol pa'i phyag mtshan ma nges kyang:_gser dngul zangs dang gri lcags la sogs pa'i:_sgrol ba'i phrin las mtshon chas thugs dam bskangs:_sha chen spos dang tshil chen dud pa'i sprin:_g.yab dar sna tshogs zhing chen g.yab pa'i brda:_rkang gling rol mo dung chen gdung ba'i dbyangs:_'bod pa'i dam rdzas rnams kyi thugs dam bskang:_rten gtor sgrub pa'i rdzas dang bla rdo dang:_rten pa'i mkhar dang srog rten dar nag dang:_phyi nang gsang ba'i mchod sprin bsam yas sogs:_'du ba'i dam rdzas rnams kyi thugs dam bskang:_khams gsum dbang sdud ru mtshon srid rtser sgreng:_chas zhugs 'chams dang zlog gar dmag gi dpung:_bya gcan g.yag lug rta dril nag po'i tshogs:_spyan gzigs bsam mi khyab pas thugs dam bskang:_bskyed pa'i rim gsal sngags kyi 'phrul 'khor dang:_gang shar bde stong thugs kyi klong du grol:_sbyor ba tshad phebs sgrol ba gnas su stob:_bla med byang chub sgrub pas thugs dam bskang:_srung ba'i go bgos bdud kyi sbyor ba bshig:_zlog pa'i bkod bshams rngams brjid drag po'i 'phrul:_bsad pa'i mnan sreg 'phang gsum yo lang gis:_gdug pa'i dgra bgegs bsgral bas thugs dam bskang:_kun tu bzang po'i mchod sprin bsam yas kyis:_lha mchog ma hA kA la'i thugs dam bskang:_yum mchog re ma ti yi thugs dam bskang:_dbang phyug dzi na mi tra'i thugs dam bskang:_gshin rje TA ki rA dza'i thugs dam bskang:_gnod sbyin k+She tra pA la'i=_bdud mgon trag shad nag po'i thugs dam bskang:_gsang ba'i yum dang las byed thugs dam bskang:_phyogs skyong rgyal chen rnams kyi thugs dam bskang:_dregs pa sde brgyad rnams kyi thugs dam bskang:_thugs dam bskang la nyams chag tshangs gyur cig:_phrin las rnam bzhi lhun gyis 'grub par mdzod:_hU~M:_ye shes mgon po 'khor dang bcas pa rnams:_rang dang gnyis med byang chub sems kyi ngang:_ma rig dbang gi de ltar ma rtogs te:_rtsa ba yan lag dam tshig nyams pa rnams:_rdo rje srin po'i tshogs la mthol lo bshags:_bzod par bzhes nas tshangs pa'i dngos grub stsol:_de yis nyams chags thams cad tshangs par 'gyur:__rjes kyi bya ba tshogs mchod sogs rgyal dbang mkha' khyab rdo rje'i gsung gsang mgon smug po'i phrin dbang gi mtshams sbyor lag len dpag bsam ljon pa'i phreng ba ltar btang bas grub bo/__/phyag bris dngos las zhal bshus pa yin/_mdzad byang mi 'dug/__//

Footnotes

Other Information