DKR-KABUM-09-TA-023: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(6 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ཟབ་བདུན་སྒྱུ་འཕྲུལ་ཚེ་དཀར་ཚོགས་སྒྲུབ་ཀྱི་གཏོང་ཐུན་འཆི་མེད་ཚངས་ཆེན་ལྷའི་རྔ་སྒྲ། | |||
|fulltitle=zab bdun sgyu 'phrul tshe dkar tshogs sgrub kyi gtong thun 'chi med tshangs chen lha'i rnga sgra | |||
|citation=[[Khyentse, Dilgo]]. ''Zab bdun sgyu 'phrul tshe dkar tshogs sgrub kyi gtong thun 'chi med tshangs chen lha'i rnga sgra''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 9: 188-200. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=mchog gyur gling pa | |||
|sourcerevealertib=མཆོག་གྱུར་གླིང་པ་ | |||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Three | |||
|deity=tshe dkar | |||
|cycle=zab bdun tshe dkar | |||
|cycletib=ཟབ་བདུན་ཚེ་དཀར་ | |||
|parentcycle=zab bdun rtsa gsum tshe'i zab pa | |||
|parentcycletib=ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ | |||
|language=Tibetan | |language=Tibetan | ||
| | |volumenumber=009 | ||
| | |volnumtib=༩ | ||
|volyigtib=ཏ་ | |||
|totalvolumes=25 | |||
|textnuminvol=023 | |textnuminvol=023 | ||
|pagenumbers=188-200 | |||
|totalpages=26 | |||
|beginfolioline=1a | |||
|endfolioline=13b6 | |||
|totalfolios=13 | |||
|multivolumework=No | |||
|rectonotes=gtong thun | |||
|versonotes=zab bdun tshe dkar | |||
|colophontib=།ཅེས་པའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་འགྱུར་མེད་གླིང་དུ་ཉེར་མཁོར་གྱུར་པས། རིག་འཛིན་མཆོག་གི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་དང༌། དབུ་མཛད་པདྨ་བཀྲ་ཤིས་ལྷན་རྒྱས་ནས་གསུང་བསྐུལ་བཞིན་རིག་འཛིན་རྩལ་འཆང་གསུམ་གྱི་ཆོས་རྒྱུད་དུ་སྐྱེས་པའི་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པས་ཟབ་གསང་མཆོག་གི་བསྟན་པའི་དཔལ་ཡོན་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་དཱ་མངྒ་ལམ། །བི་ཛ་ཡནྟུ།། | |||
|colophonwylie=/ces pa'ang sprul pa'i gter chen mchog gyur bde chen gling pa'i e waM chos kyi sgar chen 'gyur med gling du nyer mkhor gyur pas/_rig 'dzin mchog gi sku gsung thugs kyi sras mchog sprul o rgyan stobs rgyal dang*/_dbu mdzad pad+ma bkra shis lhan rgyas nas gsung bskul bzhin rig 'dzin rtsal 'chang gsum gyi chos rgyud du skyes pa'i 'gyur med theg mchog bstan pa'i rgyal mtshan gyis bris pas zab gsang mchog gi bstan pa'i dpal yon phyogs dus gnas skabs kun tu dar zhing rgyas pa'i rten 'byung du gyur cig__/sarba dA mang+ga lam/_/bi dza yan+tu// | |||
|pdflink=File:DKR-KABUM-09-TA-023.pdf | |pdflink=File:DKR-KABUM-09-TA-023.pdf | ||
}} | }} | ||
Line 16: | Line 41: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཟབ་བདུན་སྒྱུ་འཕྲུལ་ཚེ་དཀར་ཚོགས་སྒྲུབ་ཀྱི་གཏོང་ཐུན་འཆི་མེད་ཚངས་ཆེན་ལྷའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །ཟབ་བདུན་སྒྱུ་འཕྲུལ་ཚེ་དཀར་ཚོགས་སྒྲུབ་ཀྱི་གཏོང་ཐུན་འཆི་མེད་ཚངས་ཆེན་ལྷའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།།<br><br> | ||
ཁྱབ་བྱེད་རྒྱལ་བ་རྟག་པ་བདེ་གཤེགས་སྐུ། །ཁྱབ་བྱ་པདྨའི་རིགས་ལྔ་སྒྱུ་འཕྲུལ་སྤྲིན། །བཀྲ་ཤིས་ཚེ་མཆོག་ཞི་ཁྲོའི་དཀྱིལ་འཁོར་ལྷར། །རབ་དྭངས་ཡིད་ཀྱི་མེ་ཏོག་འཛུམ་པས་མཆོད། འདིར་སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་དགོངས་པ་རྣམ་སྣང་ཚེ་མཐའ་ཡས་པའི་ཚོགས་སྒྲུབ་ཆེན་པོའི་གཏོང་ཐུན་བྲི་བ་ལ། ཐོག་མར་མ་ཏྲཾ་བསྒྲལ་བའི་སྐབས་སུ། རྩ་རྒྱུད་གསང་བ་སྙིང་པོ་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་གསུངས་པ་ལྟར། ཁམས་གསུམ་གྱི་སེམས་ཅན་རྣམས་ཆོས་ཉིད་བདེ་བ་ཆེན་པོ་དབྱིངས་དང་འདུ་འབྲལ་མེད་པའི་དོན་མ་རྟོགས་པའི་གཏི་མུག་ལྷན་སྐྱེས་ཀྱི་ཆ་ལ་རུ་ཏྲ་ཞེས་བརྡར་བཏགས་པ་སྟེ། སྒྲིབ་པ་དེའི་དབང་གིས་བདག་གཞན་གཉིས་སུ་བཟུང་སྟེ་གནས་དོན་ལུས་ཀྱི་སྣང་བར་ཆགས་སྡང་རང་རྒྱུད་དུ་ཞེན་པ་ལ། ཕྱི་རུ་རུ་ཏྲ་ཕོ་མོ་མ་ནིང་རྒྱུད་གསུམ་བྱུང་ཞིང༌། ནང་དུ་ཉོན་མོངས་དུག་གསུམ་གྱི་སྒྲིབ་པས་སྐུ་གསུང་ཐུགས་རྡོ་རྗེའི་གསང་བ་ལ་བར་དུ་གཅོད་པ་གང༌། སངས་རྒྱས་ཐབས་མཁས་ལ་ཐུགས་རྗེའི་རྩལ་མྱུར་བས་རྣམ་པ་དེ་དང་མཐུན་ལ། ངོ་བོ་སྐུ་གསུམ་གྱི་ཡེ་ཤེས་སྟོབས་སུ་གྱུར་པས་དབང་སྒྱུར་བའི་ཆོས་ཉིད་ངང་གིས་ཁྲོ་བོ་སྲིད་ཞིའི་སྤྱི་དཔལ་ཆེན་པོ་རིགས་གསུམ་གྱི་སྐུར་བཞེངས་པས། རྡོ་རྗེ་ཁྲོས་པའི་མཚོན་ཆས་གཉིས་འཛིན་ཀུན་རྟོག་གི་བདུད་ཀྱི་རྒྱུ་བ་བཅད་ནས། ཕོ་རྒྱུད་རྡོ་རྗེ་ཁྲོས་པའི་ཧེ་རུ་ཀའི་གར་གྱིས་བསྒྲལ། མོ་རྒྱུད་བདེ་ཆེན་འབར་བ་མ་ཆགས་ཐབས་ཀྱི་སྦྱོར་བས་བཏུལ་བ་ལས། གཉིས་མེད་རྡོ་རྗེ་སེམས་དཔའི་ཡེ་ཤེས་ནཱ་དའི་རྒྱུད་ཀྱི་སྒྲ་དབྱངས་རྡོ་རྗེ་ཐེག་པའི་བསྟན་པ་བྱུང་བས་ན། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལྷའི་དཀྱིལ་འཁོར་མངོན་དུ་བྱ་སྟེ་སྒྲུབ་པའི་ཆེད་དུ། སངས་རྒྱས་ཀྱི་ཐུགས་རྗེ་འགག་པ་མེད་པའི་རྡོ་རྗེ་ཚེའི་དཀྱིལ་འཁོར་ཞི་ཁྲོ་རྣམ་པར་རོལ་པའི་སྒྲུབ་བྱེད་བྱས་ཏེ། སྔོན་བྱོན་རིག་འཛིན་གོང་མའི་ཕྱག་བཞེས་བསྙེན་སྒྲུབ་ཡན་ལག་བཞིས་ཉམས་སུ་ལེན་པ་ལ། བགེགས་ཀྱི་རྒྱལ་པོ་མ་ཏྲཾ་རུ་ཏྲ་དྲག་པོའི་སྟབས་ཀྱིས་བསྒྲལ་ཞིང་སྤར་ཏེ་རོལ་པའི་བྲོས་མནན་ལ། ཡན་ལག་དུར་ཁྲོད་བརྒྱད་དང་ཁོག་པ་གཞལ་ཡས་ཁང་སྟེ་རྡོ་རྗེའི་ཞིང་ཁམས་སུ་བྱིན་གྱིས་བརླབ་པའི་ཕྱིར། སློབ་དཔོན་སྲིད་ཞིའི་སྤྱི་དཔལ་ཆེན་པོ་ཁྲོ་རྒྱལ་སྟོབས་འདུས་དབང་ཆེན་རྔམས་པ་དཔལ་གྱི་སྐུར་བཞེངས་པས། རྡོ་རྗེའི་རྟ་སྐད་ཐེང་གསུམ་བསྒྲགས་ནས། བདེ་སྟོང་ཡེ་ཤེས་ཆེན་པོའི་རོལ་པ་སྒྲོལ་གིང་དམར་ནག་གཉིས་རྟ་ཕག་ཡབ་ཡུམ་དུ་གསལ་བས་ཁམས་གསུམ་དབྱིངས་སུ་སྒྲོལ་བའི་ལས་རིམ་ལ་འཇུག་པར་ཞུ། ༈ མངའ་གསོལ་སྐབས། འོ་ན་བཀྲ་ཤིས་བདེ་ལེགས་དང་ལྡན་པ་དེང་གི་ཆར། ཇི་སྐད་དུ། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡི་གསུང་གི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་པས། །དང་པོ་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། །ཞེས་པ་ལྟར་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང༌། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང༌། ལས་མཐའ་རྒྱས་ཀྱི་རིམ་པས་སྒྲུབ་པའི་རྗེས་ཀྱི་བྱ་བ་གསུམ་ལས། ཐམས་ཅད་མདོར་བསྡུ་ན་བསྒྲུབ་བྱའི་ལྷ། སྒྲུབ་བྱེད་ཀྱི་ཆོས། བསྒྲུབས་པའི་འབྲས་བུ་གསུམ་གྱི་རྣམ་བཞག་གི་ལོ་རྒྱུས་འཆད་པ་ལ། དང་པོ་ནི། སངས་རྒྱས་རྣམས་མི་སློབ་འབྲས་བུའི་མཆོག་མངོན་དུ་མཛད་པའི་ཡོན་ཏན་གྱི་གཙོ་བོ། རྟེན་སྐུ་ལྔ། བརྟེན་པ་ཡེ་ཤེས་ལྔ། མཛད་པ་ཕྲིན་ལས་དང་གསུམ་དུ་འདུ་བ་ལས་གདུལ་བྱའི་ཡུལ་ལ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་མཛད་པ་ཕྲིན་ལས་ཀྱི་གཙོ་བོ་ནི་གསུང་རྡོ་རྗེ་སྟེ། དེ་ཉིད་ཀྱི་ངོ་བོ་ཆོས་དབྱིངས་སྐྱེ་འགག་གནས་གསུམ་དང་བྲལ་བ་ལས། དམིགས་མེད་རང་བྱུང་གི་རྟག་པ་རྒྱུན་གྱི་ཐུགས་རྗེའི་དཔལ་ལས། རྣམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁྱབ་བདག་བདེ་གཤེགས་འོད་མཚན་སྟོང་འབར་པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུར་བཞེངས་པ། དེ་ཉིད་བྱང་ཆུབ་སེམས་དཔའི་ཚུལ་དུ་བསྟན་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རབ་འབྱམས་ནས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་པདྨ་གར་དབང་རྒྱལ་བ་རྒྱ་མཚོར་གྲགས་ཤིང༌། ཚངས་པ་རྔ་སྒྲའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲོ་བསྡུའི་བདག་ཉིད་རྣམ་སྣང་གངས་ཆེན་མཚོ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་ཡིན། དེ་དག་གི་ཐུགས་རྗེ་དང་ཕྲིན་ལས་ཀྱི་ཆ་ཤས་མི་མཇེད་འཇིག་རྟེན་གྱི་གདུལ་བྱའི་དོན་དུ་ཕྱོགས་དུས་རྒྱལ་བ་མ་ལུས་པའི་སྤྱི་གཟུགས་ཨོ་རྒྱན་སངས་རྒྱས་གཉིས་པའི་ཚུལ་དུ་བསྟན་ནས། བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ། སྤྲུལ་གཞི་ཚེའི་མགོན་པོ་ཡབ་ཡུམ་དངོས་སུ་བྱོན་ཏེ། སྐྱེ་འཆིའི་མི་འཇིག་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་བརྙེས། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་བསྟན་ནས་སྲིད་པ་ཇི་སྲིད་རྡོ་རྗེའི་སྐུ་དེའི་མཁའ་ཁྱབ་འགྲོ་བའི་དོན་མཛད་ཅིང༌། ད་ལྟའང་ཛམ་གླིང་གི་བྱེ་བྲག་ཟངས་མདོག་དཔལ་གྱི་རི་བོར་རྡོ་རྗེའི་སྐུ་དེ་ཉིད་དངོས་སུ་བཞུགས་པས། དེའི་དཀྱིལ་འཁོར་གྱི་སྟོན་པ་དངོས་ལས་གསན་པའི་འཆི་མེད་རྡོ་རྗེ་ཚེའི་རྒྱུད་ལུང་མན་ངག་གི་གསང་བ་བསམ་གྱིས་མི་ཁྱབ་པ་གཞོམ་མེད་རྡོ་རྗེའི་ནཱ་དའི་རང་སྒྲ་རྒྱུན་མི་ཆད་པར་སྒྲོགས་པའི་ཟབ་ཏིག་གི་གསང་བ་དུ་མ་ཞིག །སྙིགས་དུས་ཕྱི་མའི་གདུལ་བྱ་ལ་དགོངས་ནས་བོད་ཀྱི་རྗེ་འབངས་འདུས་པ་སོ་སོའི་སྣོད་དང་དབང་པོའི་ཁྱད་པར་བཞིན། བསྒྲུབ་བྱའི་ལྷའི་སྒོ་ནས་དབྱེ་ན་རྩ་བ་གསུམ། དེ་རེ་རེ་ལ་སྐུ་གསུམ། རིགས་ལྔ་སྤྱི་དང༌། བྱེ་བྲག་གི་སྒྲུབ་ཚུལ་མི་འདྲ་བ་དུ་མ་ལས། སྐབས་འདིར་སྤྱིར་རྒྱལ་བ་རིགས་ལྔ་སྤྱི་སྒྲུབ། བྱེ་བྲག་ཏུ་སྐུ་རྡོ་རྗེ་བདེ་གཤེགས་ཚེ་མཐའ་ཡས་པ་རྒྱལ་བ་རྟག་པའི་གཙོ་བོ་ལ་ཞི་ཁྲོ་རིགས་བརྒྱའི་འཁོར་གྱིས་བསྐོར་བ་སྟེ། སྒྲུབ་བྱེད་རྒྱུད་ལུང་མན་ངག་གིས་དབྱེ་ན། རྒྱུད་མ་ཧཱ་ཡོ་གའི་རྩ་བ་སྒྱུ་འཕྲུལ་དྲ་བ་ཏནྟྲ་སྡེ་བཅོ་བརྒྱད་ལས། ལུང་ཐུགས་དམ་ཟབ་པ་སྐོར་བདུན་གྱི་རྩ་བ། རྩ་གསུམ་གཅིག་དྲིལ་ཚེ་ཡི་ཟབ་པའི་ཡན་ལག་གི་ཆོས་སྡེ་རྣམ་སྣང་སྒྱུ་འཕྲུལ་དྲ་བའི་སྒྲུབ་ཐབས་ཁྱད་པར་ཅན་མན་ངག་བསྐྱེད་རྫོགས་རྫོགས་པ་ཆེན་པོ་ནང་རྒྱུད་ཡོ་ག་གསུམ་གྱི་དགོངས་པ་བཅུད་དུ་དྲིལ་བ་འདི་ཉིད་གངས་ཅན་མིའི་ལྷ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་སྐུ་ཚེ་དང་ཕྲིན་ལས་ནམ་མཁའི་ནོར་བུ་ནམ་མཁའི་ཇི་སྲིད་དུ་འགྲིབ་མེད་འཆར་བའི་དགེ་མཚན་ལ་ཆེད་དུ་དགོངས་པས་བསམ་ཡས་བྲག་དམར་གཡའ་མ་ལུང་དུ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་འཆི་མེད་ཚེའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། ཚེ་དཔག་མེད་དངོས་སུ་བྱོན་ནས་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར་ཀྱང༌། བོད་ཡུལ་སྤྱིའི་བསོད་ནམས་ཀྱི་སྐལ་པ་ཕྲ་མོར་གྱུར་པས་རྟེན་འབྲེལ་ཇི་བཞིན་མ་བྱུང་ཀྱང༌། སངས་རྒྱས་ཀྱི་ཐུགས་རྗེ་ལ་ནམ་ཡང་འཕེལ་འགྲིབ་མ་མཆིས་པས་སླར་ཡང་སྒྱུ་འཕྲུལ་རིགས་ལྔའི་ཚེའི་དཀྱིལ་འཁོར་འདི་ཉིད་དུ་དབང་བསྐུར་བས། ཆོས་རྒྱལ་ཉིད་དགུང་ལོ་བཅུ་གསུམ་དུ་སྐུ་ཚེ་བསྲིངས་ཏེ། གདམས་པའི་ཟབ་ཆོས་ཕྱི་མའི་གདུལ་བྱ་ལ་དགོངས་པས་ཟབ་གཏེར་དུ་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ། ཡེ་རྒྱལ་ནམ་མཁའ་མཛོད་དུ་རྒྱས་བཏབ་པ་ལྷ་སྲས་དམ་འཛིན་མུ་རུབ་བཙད་པོའི་ཡང་སྲིད་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི་དུས་བབ་ཀྱི་ཟབ་ཆོས་སྒྱུ་འཕྲུལ་ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་སྐབས་སུ་བབ་པ་སྟེ། འདི་ལ་སྔོན་འགྲོ། དངོས་གཞི། རྗེས་རིམ་གསུམ་ལས། དང་པོ་ལ། ས་གཞི་བརྟག་བསླང༌། དབང་དུ་བྱ་ཞིང༌། སྦྱར་བ་དང་སྲུང་བ། ཕྱི་ནང་གསང་བའི་བཤགས་པ་བཅས་སྔོན་དུ་འགྲོ་བས་རྒྱུད་སྦྱངས་ཤིང༌། གཞན་ཡང་ཕྱི་ནང་གསང་བའི་མཚམས་བཅད་པ། ལྷ་དང་བུམ་པ་སློབ་མ་བཅས་སྔོན་འགྲོ་སྟ་གོན་གྱི་རིམ་པ་རྣམས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་ལེགས་པར་གྲུབ་ནས། དངོས་གཞི་གསང་བ་སྔགས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིས་གསེང་ལམ་དུ་བཅུག་པའི་ཐོག་མར་སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་འགོད་པ་སྟེ། དེ་ཡང་ཆོས་ཉིད་ངོ་བོའི་དབྱིངས་སུ་སྟོན་འཁོར་དགོངས་པ་དབྱེར་མེད་བདེ་སྟོང་ཡེ་ཤེས་ཆེན་པོའི་ཐིག་ལེ་ཉག་གཅིག་ཏུ་རྣམ་དབྱེར་མ་མཆིས་པ་འཁོར་འདས་དག་མཉམ་རོལ་པའི་ལྟ་བའི་གདེང་བསྐྱེད་ཅིང༌། ཆོས་ཅན་རྟགས་ཀྱི་ཕྱག་རྒྱ་འཆི་མེད་རྡོ་རྗེ་ཚེའི་དཀྱིལ་འཁོར་སྒྱུ་འཕྲུལ་དྲ་བ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་སྐལ་པ་མཉམ་པའི་རྡོ་རྗེའི་རིགས་ཅན། དཀྱིལ་འཁོར་གཙོ་མཆོག་སྟོན་པ་རྡོ་རྗེ་རྒྱལ་པོ་རྒྱལ་བ་རྟག་པ་ཚེ་དཔག་མེད། ཏན་གན་གྱི་སྒྱུ་རྩལ་ལ་མཁས་ཤིང་ཤེས་རབ་ཀྱི་ཆ་འཛིན་ཡུམ་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་མ། རྒྱལ་བ་རིགས་ལྔ་མཚོན་པའི། རྡོ་རྗེ་རྒྱལ་ཚབ། རྒྱལ་ཐེབ་བཞི་ཡུམ་དང་བཅས་པ། སེམས་དཔའ་ལྕམ་དྲལ་བཀྲ་ཤིས་ལྷ་མོ་བརྒྱད། སྒོ་བ་བཞི་སོགས་མཚོན་བྱེད་དུ། སྐད་གདངས་ཆེ་ཞིང་ཆོ་གའི་ལས་ཁྲིགས་ལ་མཁས་པའི་ཀརྨ་ལས་མཁན། མཆོད་པའི་བྱ་བས་དཀྱིལ་འཁོར་དགྱེས་པ་སྐྱེད་པའི་ལས་ཀྱི་རྡོ་རྗེ། མཐོང་བཟློག་ནུས་པའི་རྡོ་རྗེ་སྤྱན་པ། ཕྱི་ནང་གི་བར་ཆད་སྲུང་བའི་རྡོ་རྗེ་མཚམས་པ། དམ་སྲི་ཉུ་ལེ་སྐྲོད་གཟིར་ལ་དབང་བའི་རྡོ་རྗེ་གིང་ཆེན་དང༌། གིང་ཕྲན་སོགས་སྒྲོལ་བའི་ལས་ལ་མཁས་པ། དམ་ཚིག་གཙང་ཞིང་བསྙེན་བཟླས་ལ་བརྩོན་པའི་རྡོ་རྗེ་མཆེད་ལྕམ་ཕོ་མོ། ཕུད་གཙང་བསྐོལ་མཁས་ཀྱིས་སྟོན་འཁོར་མཉེས་པར་མཛད་པ་རྡོ་རྗེ་བྱན་ཕོ། ཞལ་ཟས་ཀྱི་བྱ་བ་གཙང་ཞིང་དག་པར་སྦྱོར་བ་རྡོ་རྗེ་ཕྱག་ཚངས། སྟོན་འཁོར་རྣམས་ཀྱི་ཐུགས་དམ་བསྐང་བའི་བྲན་གྱི་ཁྱེའུ་ཕོ་མོ། ཕྱིའི་ཉུ་ལེ་སྐྲོད་ཅིང་མཆེད་ལྕམ་གྱི་བཀའ་བཞིན་སྒྲུབ་པའི་རྡོ་རྗེ་རྡུལ་ཕྱགས་རྣམས་ལྷག་པའི་ལྷ་རང་རང་གི་ང་རྒྱལ་ལ་གནས་པས་སྒོམ་པའི་གདེང་བསྐྱེད་པ་དང་བཅས། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་མཆོད་བསྟོད་བགེགས་འདུལ་སྦྱིན་སྲེག་སོགས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་རྣམས་སྤྱོད་པས་ལམ་དུ་ཁྱེར་ཏེ་མཆོག་དང་ཐུན་མོང་གི་དངོས་གྲུབ་མཆོག་ལ་མྱུར་དུ་སྦྱོར་ཞིང་རིམ་གཉིས་ཀྱི་ཏིང་འཛིན་གོང་འཕེལ་དུ་འགྱུར་བས་ན་སྐབས་སུ་བབ་པའི་ལས་དང་བྱ་བ་དེ་བཞིན་སྒྲུབ་པར་འོས་པའི་ཆེ་རྟགས་སུ་མངའ་གསོལ་བས་འཁོར་ལོའི་བསྒྱུར་བའི་སྲས་རྒྱལ་ཐབས་ལ་བཀོད་པའི་ཚེ། གླང་པོ་ཆེ་ས་སྲུང་གིས་རིན་པོ་ཆེའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བ་ནས་སེང་གེའི་ཁྲི་ལ་བཞུགས་པས་སྟོང་གསུམ་གླིང་བཞིའི་འཇིག་རྟེན་དབང་དུ་བྱེད་པ་དང་ཆོས་མཚུངས་པ་མཚོན་ཕྱིར་བདུད་རྩིའི་སྐྱེམས་དྲངས་ཤིང་ཆེ་བ་བརྗོད་པའི་དབྱངས་འབོར་ལེན་ལ་འཇུག་པར་ཞུ། ༈ ཆས་ཞུགས་སྐབས། ཞི་ཆས་ཡོད་སྐབས། གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར༔ བདུད་པོ་མ་ཏྲཾ་རུ་ཏྲ་དྲག་པོས་བསྒྲལ༔ སྲིན་མོ་མ་ཚོགས་རྣམས་ལ་སྦྱོར་བར་མཛད༔ གསང་སྔགས་བསྟན་པ་དང་པོ་དེ་ནས་བྱུང་༔ ཞེས་གསུངས་པ་ལྟར་གདུལ་བྱ་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཆགས་སྡང་གཉིས། འདུལ་བྱེད་སངས་རྒྱས་ཀྱི་རྣམ་རོལ་ཞི་ཁྲོ་གཉིས་སུ་སྟོན་པས། འདུལ་ཚུལ་རྡོ་རྗེ་ཐེག་པའི་ལམ་གྱི་མཐར་ཐུག་རྡོ་རྗེའི་ཏན་གཎ་གཉིས་ཀྱི་ཕྲིན་ལས་ཚར་གཅོད་རྗེས་འཛིན་གཉིས་སུ་བསྟན་པས། ཁྱབ་བྱ་དུག་ལྔ་ལ་ཁྱབ་བྱེད་གཏི་མུག་ཕྲ་རགས་ཀྱི་སྒྲིབ་གསུམ་བག་ཆགས་དང་བཅས་པ་སྤངས་ནས་སྐུ་གསུམ་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆེན་པོའི་ཀློང་དུ་མངོན་པར་བྱང་ཆུབ་པར་མཛད་པ་ཆོས་ཉིད་ཡིན་པས་ན། སྐབས་འདིར་གང་དག་ཞི་བའི་ཕྲིན་ལས་ཀྱི་རྗེས་སུ་འཛིན་པར་འོས་པའི་གང་ཟག་ལ་རྣམ་པ་དེ་དང་མཐུན་པའི་བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཤར་བ་སྟེ། དེ་ཉིད་ལོངས་སྐུ་ཆགས་བཅས་ཀྱི་རྣམ་པར་སྣང་བས་སྐུ་ཞི་ཚུལ་དགུ་དང་ལྡན་ཞིང༌། དེ་མཛེས་པའི་རྒྱན་ཆས་འཇིག་རྟེན་ན་བསོད་ནམས་ཆེན་པོས་སྟོབས་ཀྱི་འཁོར་ལོའི་བསྒྱུར་བའི་ཆ་བྱད་དང་མཚུངས་པ་སྟེ། ཞི་བ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་འདི་གསོལ་བས་ནང་དུ་ས་བཅུ་ལམ་ལྔ་སྐུ་གསུམ་དང་བཅས་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་ཆེ་རྟགས་སུ་མཚོན་བྱེད་ཡིན་པས་ན། རང་རང་གི་ལྷག་པའི་ལྷ་ཡི་ང་རྒྱལ་ལ་གནས་པས་ཚིག་དང་མཐུན་པའི་ངེས་ཤེས་རྒྱུད་ལ་སྐྱེད་པར་མཛོད་ཅིག ༈ དཔལ་ཆས་ལ། འོ། གདུལ་བྱ་རྒྱུད་མི་སྲུན་པའི་བདུད་དང་རུ་ཏྲ་མུ་སྟེགས་ཀྱི་ཚོགས་རྣམས་འདུལ་བའི་ཕྱིར་ཆོས་ཉིད་རྣམ་པར་མི་རྟོག་པའི་དབྱིངས་ལས། སྐུ་གར་དགུའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བས་གདུག་པ་ཅན་གྱི་ང་རྒྱལ་དང་ཞེ་སྡང་བཅོམ་སྟེ་སེམས་དཔའ་བཀོང་བས་བྲན་དང་འབངས་སུ་བཀོལ་ནས། དེ་དག་གི་རྒྱན་ཆས་དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་རྒྱལ་བྱེད་དཔའ་རྟགས་ཀྱི་ཚུལ་དུ་བཞེས་པའི་རྣམ་ཐར་རྗེས་སུ་དྲན་པ་མཚོན་ཕྱིར་དྲག་གཏུམ་ཁྲོ་བོའི་ང་རྒྱལ་ལ་གནས་པའི་ཆས་རྣམས་ཀྱིས་མངའ་གསོལ་བའི་ཐུགས་མོས་མཛོད་ཅིག ༈ མངའ་གསོལ་རྟགས་གདབ་ཡོད་སྐབས། འོ། དུར་ཁྲོད་རོལ་པའི་ཚོགས་ཁང་རྡོ་རྗེ་གསང་བ་ཆེན་པོའི་གཞལ་ཡས་ཁང་འདིར། རྡོ་རྗེའི་གཏོར་བླུགས་ཀྱིས་རྒྱུད་སྨིན་ཅིང་གསང་བའི་ལྟ་སྒོམ་སྤྱོད་པ་ལ་དབང་བའི་ཧེ་རུ་ཀའི་འདུས་པ་དམ་གཙང་རིག་པ་འཛིན་པ་ཕོ་མོ་ལས། ཐ་མལ་གྱི་སྐྱེ་བོ་འཇུག་ཏུ་མི་གཏུབ་པས་ན་དེ་དག་གི་སྐབས་སྤྱོད་པ་དང༌། ཡེ་ཤེས་བདེ་བ་ཆེན་པོའི་གཟི་བྱིན་གྱིས་ཚོགས་བརྒྱད་དབྱིངས་སུ་དག་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་སྤངས་རྟོགས་ལ་དབང་བསྒྱུར་བས། དབང་དང་སྟོབས་བཅུའི་དེ་ཉིད་མཐར་ཕྱིན་པས། རྡོ་རྗེ་ཐེག་པའི་བསླབ་པའི་མཐའ་བཅུའི་དེ་ཉིད་ལ་གདེང་ཐོབ་པ་མཚོན་ཕྱིར། སྔོན་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའི་ཚེ། ཁམས་གསུམ་གྱི་གདུག་པ་ཅན་མི་སྲུན་ཤ་ཟ་སྲིན་པོའི་གཟུགས་ལ་ཞེ་སྡང་རུས་མཐར་རྒྱས་པའི་མཆེ་བ་ཅན་གཅན་གཟན་གྱི་པགས་པ། འདོད་ཆགས་ཁྲག་མཐར་རྒྱས་པའི་གཤོག་པ་དང་མཇུག་མ་སྐྱེས་ནས་དུར་ཁྲོད་འཇིགས་པའི་ཆས་ཀྱིས་ལུས་ལ་རྒྱན་དུ་བྱས་པ་རྣམས་རྒྱལ་བྱེད་དཔའ་རྟགས་ཀྱི་ཚུལ་དུ་སྐུ་ལ་བཞེས་ནས་ཁྲག་འཐུང་འབར་བའི་ཆས་སུ་བྱིན་གྱིས་བརླབ་པའི་བྱུགས་པའི་རྩི་གསུམ། འདོགས་པའི་རྒྱན་གཉིས། བགོ་བའི་གོས་གསུམ་བཅས། དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་ཏེ་ཧེ་རུ་ཀའི་རིགས་སུ་བསྐྲུན་པའི་ཆེ་བའི་དོན་དང་རྟགས་ལ་དགོངས་པ་བཞག་སྟེ། དབྱངས་འབོར་ལེན་དང་ཆས་རྣམས་ཀྱིས་བརྒྱན་པར་ཞུ། ༈ མཆེད་བསྲེ་བསྣན་སྐབས། དེ་ལ་སྤྱིར་རྡོ་རྗེ་ཐེག་པའི་ལམ་གསང་སྔགས་དབང་གི་མཐའ་ཅན། དབང་དམ་ཚིག་གི་མཐའ་ཅན་ཞེས་མཆོག་ཐུན་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་དག་པ་ལ་རག་ལས་པ་སྟེ། ས་མ་ཡའི་སྒྲ་ལས་དྲངས་ན་བདག་ཉིད་ཆེན་པོ་རྣམས་ཀྱི་བཀས་བཅད་པའི་མཚམས་ལས་འདའ་མི་རུང་བ། རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་བསླབ་པའི་འཇུག་ལྡོག་ཚུལ་བཞིན་བྱེད་པ་སྟེ། དམ་ཚིག་གི་རྣམ་གྲངས་ཀྱང༌། རྒྱུད་སྡེ་གོང་འོག་རིགས་ལྔ་སྤྱིའི་དམ་ཚིག །ཁྱད་པར་སྔགས་བླ་མེད་ཀྱི་དམ་ཚིག་ཕྱི་ནང་གསང་གསུམ། སྒྲུབ་པ་ལྷག་པའི་དམ་ཚིག་ཉི་ཤུ་སོགས་སོ་སོའི་དབྱེ་བསྡུ་མཐའ་ཀླས་པ་གསུངས་པ་ཀུན། མ་ཉམས་པར་ལེགས་པར་བསྲུངས་ན་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ། འཇིག་རྟེན་པའི་གཙོ་དང་འཁོར་གྱིས་བཀུར། སངས་རྒྱས་དང་བྱང་ཆུབ་སེམས་དཔས་སྲས་དང་སྤུན་དུ་དགོངས། དེ་བཞིན་གཤེགས་པ་ཉིད་དང་སྤྱོད་ཡུལ་གཅིག །ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་དུ་སྦྱོར་བས་འཇིགས་པ་དང་བག་ཚ་མེད། དྲང་ངེས་ཀྱི་སྡོམ་པ་ཐམས་ཅད་སྲུང་བར་འགྱུར་ཞིང་རྣམ་པར་དག །ཉམས་ཀྱང་སྐོང་བའི་ཐབས་ཀྱིས་སོར་ཆུད་པའི་ཡོན་ཏན་བདུན་དུ་གསུངས་པའི་གནད་ཤེས་པས་འདིར་དཀྱིལ་འཁོར་གཅིག་ལ་བརྟེན། སྟོན་པ་རྡོ་རྗེ་རྒྱལ་པོ་གཅིག་གི་དྲུང་དུ་བསྙེན་པའི་རྡོ་རྗེའི་རིག་པ་འཛིན་པ་མཆེད་ལྕམ་རྣམས་ཀྱང་སྣང་གྲགས་རིག་པ་དཀྱིལ་འཁོར་གྱི་ལྷའི་སྐུ་གསུང་ཐུགས་རྡོ་རྗེའི་དག་སྣང་དང་མ་བྲལ་བས་དམ་ཚིག་སྤང་བླང་ལ་འབད་པ་གལ་ཆེ་བས་མཆེད་བསྲེ་བསྣན་གྱི་རིམ་པ་ལ་འཇུག་པར་ཞུ། ༈ བཟླས་པའི་སྐབས། དེ་ཡང་ཇི་སྐད་དུ་རྣམ་སྣང་མངོན་བྱང་ལས། གཉིས་མེད་ཡེ་ཤེས་འདི་ཉིད་ནི། ཐུབ་པས་སྔགས་ཞེས་གསུངས་པ་ཡིན། ཞེས་པ་ལྟར། རྒྱུ་ཐབས་ཤེས་ཀྱི་ཡི་གེ་ལས་བཟླ་བྱའི་སྔགས་ཀྱི་ངོ་བོར་གྱུར་པ་གང་ཞིག །དངོས་གྲུབ་སྒྲུབ་པ་ལ་ནུས་པ་ཐོགས་མེད་དུ་གྱུར་པ་གྲུབ་པ་བཞི་དང་ལྡན་པ་སྟེ། སྟོང་ཆེན་མཉམ་ཉིད་ཨེ་ཡི་ངོ་བོར་ཆོས་ཉིད་ངོ་བོས་གྲུབ་པ། སྔགས་རང་རང་གི་ངོ་བོར་ཐུན་མོང་མ་ཡིན་པ་སྣང་བའི་རང་བཞིན་བསླུ་མེད་དུ་ཝཾ་ཡིག་བདེ་བ་ཆེན་པོའི་བདག་ཉིད་ཆོས་ཅན་རང་བཞིན་གྱིས་གྲུབ་པ། ཆོས་ཀུན་ལ་མངའ་དབང་བརྙེས་པའི་སངས་རྒྱས་རྣམས་ཀྱིས་ཡི་གེ་གཅིག་ནས་མང་པོའི་བར་གྱི་སྔགས་རྣམས་སུ་ཡེ་ཤེས་ཉིད་རྣམ་པར་འཕྲུལ་པར་བསྟན་པས་ན་བྱིན་གྱི་རླབས་ཀྱིས་གྲུབ་པ། སྨན་དང་ནོར་བུའི་ནུས་པ་བཞིན་དུ་སྔགས་དེ་དག་དངོས་གྲུབ་སྒྲུབ་པའི་ནུས་པ་ཐོགས་པ་མེད་པ་ནུས་པའི་མཐུས་གྲུབ་པ་སངས་རྒྱས་རྣམས་ཀྱི་གསུང་གི་དཀྱིལ་འཁོར་སྟེ། རྟོག་མེད་ཡིད་བཞིན་ནོར་བུའི་ཚུལ་དུ་དངོས་གྲུབ་མཐའ་དག་སྟེར་བ་སྟེ། དེ་ཡང་དཀྱིལ་འཁོར་གྱི་ལྷའི་ཞལ་བལྟ་བ་དང༌། ལྟ་སྒོམ་ཟབ་མོ་རྣམས་ནི་རྒྱུད་དག་པ་འབའ་ཞིག་ལས། ཀུན་གྱི་ཐུན་མོང་མ་ཡིན་ལ། སྔགས་ནི་གདུལ་བྱ་ཐུན་མོང་གི་བཟླར་བཏུབ་པ་དང༌། སྔགས་ཀྱི་ཡི་གེའི་གཟུགས་མཐོང་བ་དང༌། སྒྲ་ཐོས་པ་ཙམ་ཡང་དོན་ཆེན་པོ་དང་ལྡན་པར་འཇམ་དཔལ་རྩ་བའི་རྟོག་པ་ལས། དེ་བཞིན་གཤེགས་པའི་སྔགས་བཟླས་པ། །དེ་ལྟར་སྔགས་རྣམས་དོན་ཡོད་དོ། །སེམས་ཅན་མིག་ཟུར་གྱིས་བལྟས་པའང༌། །རྗེས་སུ་བཟུང་བ་ཉིད་དུ་འགྱུར། །ཞེས་སོ། །དེ་ལྟ་བུའི་ཟབ་མོའི་སྔགས་བཟླ་བ་ལ། ཤེས་རབ་ཟབ་མོའི་སྔགས་ཀྱི་ངོ་བོ། དབྱེ་བ། སྒྲ་དོན། ཕན་ཡོན་ཤེས་པས་ཡིད་ཆེས་བསྐྱེད། ཏིང་འཛིན་ཟབ་མོའི་སྲོག་སྡོམ་གཟེར་བཞི་དང་ལྡན་པས་སྔགས་ཀྱི་དམིགས་པ་ལ་གནས། བརྩོན་འགྲུས་ཟབ་མོའི་སྔགས་བཟླས་པའི་སྐྱོན་དང་བྲལ་ཞིང་ཡོན་ཏན་བཅུ་དང་ལྡན་པས་ནུས་པའི་སྟོབས་བསྐྱེད་པའི་རྫས་སྔགས་ཀྱི་སྦྱོར་བས་སྔགས་ཀྱི་སྤྱོད་པ་མཐར་དབྱུང་ནས། ད་ལྟ་ལས་དང་པོ་པའི་སྐབས་འདིར་ལྷ་ཉིད་སྔགས་ཀྱི་རྣམ་པ་བསྟན་པས་གདུལ་བྱའི་དོན་མཛད་པ་ཡིན་ཞིང༌། སྔགས་བཟླས་པས་ལས་དང་རྣམ་སྨིན་གྱི་སྒྲིབ་པ་ཟད་ནས་ལྷའི་རྗེས་སུ་བཟུང་བའི་སྐལ་བ་ཅན་དུ་གྱུར་པ་ན་སྔགས་ཉིད་ལྷར་གནས་གྱུར་ནས་ཞལ་མཐོང་བ་སྟེ། དོན་དུ་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཉིད་གདུལ་བྱ་གང་ལ་གང་འདུལ་དུ་སྣང་བའི་ངེས་ཤེས་ཀྱི་དད་པས། ཡིད་བཟླས་དང༌། ཤུབ་བུར་བཟླས་པ། དབྱངས་སུ་བཟླས་པ་རྣམས་ལས་སྐབས་འདིར། དབྱངས་སུ་གྱེར་བ་དང༌། ཞི་བའི་སྔགས་རྣམས་ཚངས་པའི་དབྱངས་དང་ལྡན་པས་ཡིད་འཕྲོག་པ། འཁུན་ཞིང་གདུང་བས་བཟླ། ཁྲོ་བོའི་སྔགས་རྣམས་འབྲུག་སྒྲ་ལྟར་གདངས་ཆེ་ཞིང་དྲག་པ་དང༌། རྡོ་རྗེ་སྲིན་པོའི་ངུར་སྐད་ཀྱི་གདངས་དང་ལྡན་པ་དང༌། ཛཔ྄་ཀྱི་བཟླས་པ་ཆུ་བོའི་རྒྱུན་བཞིན་ཉིན་མཚན་རྒྱུན་མི་བཅད་པ་དང་བཅས་བཟླ་བར་ཞུའོ། ༈ ཡང་བསྙེན་བཟླས་སྐབས་སུ། དེ་ལ་འདིར་རྡོ་རྗེའི་ཐེག་པའི་ལམ་གྱི་སྙིང་པོ་ནི། བསླབ་པའི་མཐའ་བཅུས་ཉམས་སུ་ལེན་དགོས་པས་ན། དང་པོར་ལྟ་བ་བརྒལ་རྟགས་ཀྱིས་གཏན་ལ་བབ་དགོས་ཏེ། ལམ་སྒྲུབ་པ་ཐམས་ཅད་ལྟ་བ་དང་རྗེས་སུ་མཐུན་པར་འཇུག་པ་ཆོས་ཉིད་ཡིན་པས། རྡོ་རྗེ་ཐེག་པའི་ལམ་སྒོམ་པ་ལ་སོགས་པ་ཀུན་ཀྱང་དག་མཉམ་རྟོགས་པ་འདིའི་ཚུལ་དང་མཐུན་པར་འཇུག་པ་འབའ་ཞིག་ཡིན་པས་ན། པདྨའི་སྙིང་པོའི་རྒྱུད་ལས། མི་སྐྱོད་རྡོ་རྗེ་སེམས་དཔའ་སོགས༔ རིགས་ཀྱི་འཁོར་ལོས་སྒྱུར་བ་ལྔ༔ ཕུང་པོ་ལྔ་ཉིད་རྣམ་པར་དག༔ འབྱུང་བ་དབྱིངས་ཀྱི་ཡུམ་ཆེན་ཏེ༔ ཞེས་སོགས་གསུངས་པ་ལྟར། སྣོད་བཅུད་རྒྱུད་གསུམ་གྱི་ཆོས་ཐམས་ཅད་རིགས་ལྔ་སྒྱུ་འཕྲུལ་དྲ་བའི་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་གདོད་ནས་དག་པར་སངས་རྒྱས་པ་ཐབས་སྣང་བའི་ཆ་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བྱ་བྱེད་དང་བཅས་པ་ཚེ་བདག་རིགས་ལྔ་སེམས་དཔའ་ལྕམ་དྲལ་ཐུབ་དྲུག་སྒོ་བ་བྱ་བྱེད་དང་བཅས་པའི་དཀྱིལ་འཁོར་འཁོར་ལོའི་སྤྲིན་ཆེན་པོའི་ཁྱབ་བྱེད་རིགས་ཀྱི་གཙོ་བོ་སྐུ་དེ་བཞིན་གཤེགས་པ་རྒྱལ་བ་རྟག་པ་ཡབ་ཡུམ་གྱི་ཚུལ་དུ་སྣང་བ་དག་པ་ཆེན་པོའི་བདག་ཉིད་གང༌། ཆོས་དབྱིངས་མཉམ་པ་ཆེན་པོ་འཆི་མེད་གཉུག་མ་དོན་གྱི་ཚེ་ལྷའི་ཡེ་ཤེས་ལྔ་གཉིས་སུ་མེད་པའི་ཚུལ་གྱིས་སྐྱེ་འགག་གནས་བྲལ་གྱི་དབྱིངས་སུ་རྟག་ཏུ་འཁྲུལ་པ་མེད་པའི་དོན། བརྒལ་བརྟགས་ཀྱིས་གཏན་ལ་ཕབ་པའི་ལྟ་བའི་བསྒྲུབ་གཞི་སྟེ། ལྟ་བ་དེའི་གནས་ལུགས་ཀྱི་དོན་རྒྱུད་ལ་འབྱོར་བའི་རྒྱུ་ནི་མི་གཡོ་བའི་ཏིང་ངེ་འཛིན་ཏེ་དེ་ལ་སྐུ་བསྐྱེད་པའི་ཕྱག་རྒྱས་རྡོ་རྗེ་ཚེའི་དཀྱིལ་འཁོར་གྱིས་སྣང་སྲིད་དག་པ་རབ་འབྱམས་སུ་ཤར། གསུང་བཟླས་པ་སྔགས་ཀྱིས་དངོས་གྲུབ་ཟབ་མོའི་གནས་ལ་ངེས་པར་སྦྱོར། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱིས་ཐམས་ཅད་ལ་རྒྱས་ཐེབ་པས་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱོར་བའི་བསྐྱེད་རྫོགས་རིམ་པ་གཉིས་དང་ལྡན་པའི་ཏིང་ངེ་འཛིན་ནི་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་སྟེ། ལྟ་སྒོམ་དེའི་དྲོད་ཚད་དང་ལྡན་པའི་རྣལ་འབྱོར་པས་ལ་དོར་ན་སྤྱོད་པ་ལ་འཇུག་པས་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བ་ལ་དམ་ཚིག་གི་རྣམ་གྲངས་ཐམས་ཅད་འདུས་པས་དམ་ཚིག་རྣམ་པར་དག་པ་དང༌། གཞི་འབྲས་དབྱེར་མེད་རང་བཞིན་གྱི་དཀྱིལ་འཁོར་གདོད་ནས་གནས་པ་ལ། འཁོར་ཆོས་གཟུགས་བརྙན་གྱི་དཀྱིལ་འཁོར་པར་སྦྱང་པའི་ཕྱིར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཚུལ་བཞིན་བཞེངས་ཏེ། སྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་གདབ་ཕྱིར་ལྷག་པ་ཏིང་ངེ་འཛིན་དཀྱིལ་འཁོར་དང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྣལ་འབྱོར་ཕོ་མོ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་གྱི་གཞི་ལམ་འབྲས་བུའི་བཀོད་པ་དཀྱིལ་འཁོར་དབྱེར་མེད་དུ་སྣང་བ་ལ་བརྟེན་ནས་གཞི་དུས་གནས་སྐབས་བཞིའི་དྲི་མ་སེལ་བ་དང༌། བསྐྱེད་རིམ་རང་ལུས་གཞན་ལུས་དེ་ཁོ་ན་ཉིད་ཀྱི་ལམ་བཞི་སྒོམ་པ་དང༌། འབྲས་བུ་སྐུ་བཞི་ཐོབ་པའི་ཕྱིར་རྡོ་རྗེ་སློབ་མའི་དབང་ཐུན་མོང་རིགས་པའི་བུམ་དབང་ལྔ་རྗེས་འབྲེལ་རིག་པའི་དབང་ལྔ་དང༌། སྐུ་གསུང་ཐུགས་དབང༌། རྡོ་རྗེ་སློབ་དཔོན་གྱི་དབང་བཅས་དང༌། གསང་བ་ཤེར་ཡེ། ཚིག་དབང་སྟེ་ཟབ་དབང་གསུམ། མཐའ་རྟེན་སྐུ་ཚེ་འབྲང༌། གསུང་ཚེ་ཆང༌། ཐུགས་ཚེ་རིལ་བཅས་པའི་དབང་རྣམས་སྔོན་དངོས་རྗེས་རིམ་ཚང་བས་བསྐུར་ཏེ། དབང་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ཀྱང༌། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ཡིན་པས། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་ལས་འབྱུང་བ་རྣམས་དང༌། ཁྱད་པར་རྡོ་རྗེའི་ཚེ་སྒྲུབ་པའི་དམ་ཚིག་ཏུ་གཏེར་གཞུང་དངོས་ལས། གཞི་དེར་རྟེན་གསུམ་བྱིན་ཅན་ལ༔ ཞག་བདུན་མཆོད་པ་རྒྱུན་མི་བཅད༔ བར་མ་ཆད་པའི་མར་མེ་འབུལ༔ དེ་རྫོགས་སྟོན་མོ་རིགས་བཞི་བྱ༔ ཞེས་རྟེན་འབྲེལ་གནད་ཀྱི་དམ་ཚིག་ཏུ་གསུངས་པ་ལྟར། འཆི་ངེས་ཀྱི་སྲོག་བསླུ། མར་མེ་གཙོ་བོར་གྱུར་པའི་མཆོད་སྦྱིན་སྤྱི་དང༌། ཁྱད་པར་སྐུ་གསུང་ཐུགས་རྟེན་བཞེངས་པ་དང༌། ཚེ་དཔག་ཏུ་མེད་པའི་གཟུངས་དང་སྙིང་པོ་སྒྲོགས་པ། མགྲོན་རིགས་བཞི་ལ་སྟོན་མོ་བྱ་བ་སོགས་གནང་བཀག་གི་མཚམས་ལས་མི་འདའ་བའི་དམ་ཚིག་ཚུལ་བཞིན་སྲུང་བ་དང༌། ཕྱི་ཡོ་བྱད། ནང་ནུས་པ་ཐོབ་པའི་རྣལ་འབྱོར་པས་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་སྟེ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲངས་བའི་ཕྱིར། ཕྱི་ནང་གསང་བའི་མཚམས་བཅད། དཀྱིལ་འཁོར་ལྷ་སློབ་དཔོན་རྫས་སློབ་མ་སྟ་གོན་ལྔ་སྔོན་དུ་འགྲོ་བས་བསྙེན་པ་སྒྲུབ་པའི་གཞུང་བསྲང་ནས་བཟླས་སྒོམ་ལ་འབད་པས་དངོས་གྲུབ་ཉེ་བའི་མཚན་མ་མཐོང་བ་ཉེ་བསྙེན། དངོས་གྲུབ་ཀྱི་མཚན་མ་བརྟན་པོ་ཐོབ་པ་སྒྲུབ་པ། དངོས་གྲུབ་བླང་བ་སྒྲུབ་པ་ཆེན་པོ་བཞིས་དོན་དུ་གཉེར་བའི་ཡན་ལག་རྫོགས་པའི་གྲོགས་སུ། ཉེར་སྤྱོད་ཕྱི། ཡིད་སྤྲུལ་ཀུན་བཟང༌། འདོད་ཡོན་ནང༌། བདེ་ཆེན་གསང་བ། བདུད་རྩི་སྨན་རཀ་གཏོར་མ། བསྟོད་པ་གླུ། ཁྱད་པར་ཚོགས་ཀྱི་འཁོར་ལོ་བཅས་དབང་བཞི་དང་རྗེས་སུ་འབྲེལ་བའི་གནས་སུ་སྟོབ་པ་མཆོད་པ་དང༌། ཕྱི་རོལ་གྱི་རྫས་འཕྲུལ་འཁོར། སྦྱིན་སྲེག །མཆོད་རྟེན། བཅུད་ལེན་སོགས་དང༌། ནང་ལུས་ཀྱི་ཕྱག་རྒྱ་གར། ལྟ་སྟངས་འདུག་ཚུལ་སོགས་དང༌། ངག་གི་བསྙེན་སྒྲུབ་ལས་ཀྱི་བཟླས་བརྗོད། གླུ་བདེན་ཚིག །ཡིད་ཀྱི་ཏིང་ངེ་འཛིན་དང་ལྡན་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་གཙོ་བོར་གྱུར་པའི་མཆོག་དང་ཐུན་མོང་གི་ལས་སྒྲུབ་པ་ནི། རོལ་པ་ཕྲིན་ལས། འཆིང་བ་ཕྱག་རྒྱ། ཟློས་པ་སྔགས་རྣམས་ཚང་ལ་མ་ནོར་བར་སྒྲུབ་པ་པོའི་བློ་ནུས་དང་སྦྱར་ཏེ་ཉམས་སུ་བླང་དགོས་པའི་ཚུལ་ཀྱང་ཐུགས་དམ་གསལ་འདེབས་ཀྱི་ཚུལ་དུ་ཞུས་པའོ། ༈ གསུམ་པ་ལས་མཐའ་རྒྱས་ཀྱིས་སྒྲུབ་པའི་རྗེས་སྐྱོང་བ་ལ། སྒྲུབ་པའི་རྒྱུ་རྡོ་རྗེའི་ཁམས་དྲུག་དང་ལྡན་པ་ཐེག་གསུམ་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པའི་དབང་བཞིའི་ལམ་གྱི་རྟེན་ཕུན་སུམ་ཚོགས་པ་འདི་ཉིད་ཡུན་རིང་དུ་བརྟན་པ་ནི། མངོན་མཐོ་དང་དེས་ལེགས་ཀྱི་དོན་ཐམས་ཅད་བསྒྲུབ་ཏུ་རུང་བ་སྟེ། དེ་ཉིད་སྨན་དང་བཅུད་ལེན་གྱི་སྦྱོར་བས་ཚེ་བསྲིང་བ་ཕྱི་ནང་ཐུན་མོང་གི་ལུགས། སྲོག་གི་སྦྱིན་པ་གཏོང་བ་དང་རྣམ་དཀར་གྱི་བགྱི་བས་ཚེ་བསྲིང་བ་མདོ་སྔགས་ཐུན་མོང་གི་ལུགས། ཏིང་ངེ་འཛིན་དང་རིགས་སྔགས་ཀྱི་སྦྱོར་བ་སོགས་ཐབས་ཟབ་མོའི་རྟེན་འབྲེལ་གྱིས་ཚེ་བསྲིང་བ་སྔགས་ལུགས་ཐུན་མོང་མ་ཡིན་པ་རྣམས་སུ་མཆིས་པ་ལས། བྱ་སླ་ལ་དོན་ཆེ་བ་དངོས་གྲུབ་གཉིས་ཀ་གཅིག་ཆར་ཐོབ་པ་རྡོ་རྗེའི་རིགས་སྔགས་དང་རྒྱུད་ཀྱི་སྦྱོར་བ་ལ་བརྟེན་ནས་ཚེ་སྒྲུབ་པ་ལ། གསར་རྙིང་བཀའ་གཏེར་དག་སྣང་གི་བཀའ་བབ་མཐའ་ཡས་པ་ལས། འདིར་གསུང་རྡོ་རྗེ་འཆི་མེད་གྲུབ་པའི་རིག་འཛིན་གྱི་སྐུར་བཞེངས་པ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེས་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་བཅུ་གསུམ་གྱི་བར་དུ་སྐུ་ཚེ་བསྲིང་བའི་སྒྱུ་འཕྲུལ་རིགས་ལྔའི་ཚེ་སྒྲུབ། གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ནང་ཚན་རྩ་གསུམ་ཚེ་ཟབ་ཀྱི་ཆ་ལག་ཏུ། མདོ་ཁམས་ནམ་མཁའ་མཛོད་དུ་གཏེར་རྒྱས་བཏབ་པ། ལྷ་སྲས་རྣམ་འཕྲུལ་སྤྲུལ་པའི་གཏེར་འབྱིན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ། ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པ་སྟེ། འདི་ཉིད་འཆི་ངེས་གང་ཟག་ཀྱང་༔ ལོ་གསུམ་བར་དུ་ངེས་པར་བསྲིང་༔ ཡང་ཡང་བསྐྱར་ན་བཅུ་གསུམ་བར༔ བསྲིང་བར་འགྱུར་བར་ཐེ་ཚོམ་མེད༔ ཅེས་གསུངས་པ་ལྟར། སྤྱིར་སངས་རྒྱས་ཚེ་དཔག་མེད་ཀྱི་མཚན་ཙམ་ཐོས་པས་དུས་མིན་གྱི་འཆི་བ་འཇོམས་པ་སོགས་ཕན་ཡོན་ཚད་མེད་པར་གསུངས་པ་ནི། ལྷ་སྔགས་ཏིང་འཛིན་ཟབ་མོའི་ཁྱད་ཆོས་དང་ལྡན་ཞིང༌། དབང་དང་སྒྲུབ་ཆེན་གྱི་ཁྱད་པར་དུ་མས་དེ་ལས་ཀྱང་ཟབ་ཁྱད་དང་ལྡན་པའི་ཐབས་མཁས་ཚོམ་བུ་ཚོགས་སྒྲུབ་ཀྱི་ལེགས་བྱས་མི་ཟད་པའི་དཔལ་བྱང་ཆུབ་སྤྱོད་པ་རྒྱ་མཚོར་འཇུག་པའི་ཆེད་དུ། མར་མེའི་སྨོན་ལམ་གྱིས་རྒྱས་བཏབ་པ་སྟེ། སྤྱིར་མར་མེ་ཕུལ་བའི་ཕན་ཡོན་སྤྱན་རས་གཟིགས་ཀྱི་མདོ་ལས། བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བ་ན། །རྣམ་གྲོལ་མཆོག་མངའ་སྟོབས་བཅུ་རྣམས་ལྡན་ཞིང༌། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་ཕྱིན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་གསུངས་པ་དང༌། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ནས། མར་མེའི་ངོ་བོ་འོད་གསལ་ཡེ་ཤེས་དབྱིངས་ཀྱི་དབང་ཕྱུག་མ་ལ་རྣམ་པ་ས་ཆུའི་དྭངས་མ་རྩི་བཅུད་ཀྱི་ཉིང་ཁུ། མེ་རླུང་གི་དྭངས་མ་དྲོད་དང་གཡོ་བ་གཉིས་ལྡན། རང་བཞིན་འོད་ཟེར་གྱི་ཕྲེང་བ་སོགས་སྣང་བྱེད་ཀྱི་རིགས་དང༌། ནང་བཅུད་ཀྱི་མར་མེ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་སྣང་བས་ཟག་བཅས་ལས་ཉོན་གྱི་མུན་པ་སེལ་བ་དང༌། གསང་བ་བདེ་ཆེན་གྱི་མར་མེས་དགའ་བཞི་སྟོང་པ་ཟུང་འཇུག་གི་སྣང་བས་སད་རྨི་གཉིད་འཐུག་སྙོམས་འཇུག་གི་སྒྲིབ་མུན་འཇོམས་པ་དང༌། དེ་ཁོ་ན་ཉིད་འོད་གསལ་སྣང་བཞིའི་མར་མེས་སྣང་གསུམ་འཕོ་སྒྲིབ་ཀྱི་མུན་པ་སེལ་ནས་སྣང་བཞིའི་སྒྲོན་མ་བཀོད་པ་དབང་བཞི་པའི་ལམ་མཆོག་མཚོན་པའི་དམ་ཚིག་གི་རྟེན་དུ་བྱིན་གྱིས་བརླབས་ནས་ཕུལ་བས་འཁྲུལ་རྟོག་འཁོར་བའི་མུན་པ་བསལ་ཏེ་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སྣང་བ་རྒྱས་པའི་མཆོད་ཕྲེང་སྟོན་པ་རྡོ་རྗེ་རྒྱལ་པོ་དང་འཁོར་ལོའི་དབང་ཕྱུག་དབྱེར་མེད་པ་ལ་ཕུལ་ནས། ཚོམ་བུ་ཚོགས་སུ་སྒྲུབ་པ་ཆེན་པོ་མཐོང་ཐོས་དྲན་རེག་གི་གདུལ་བྱ་ཐམས་ཅད་རྡོ་རྗེའི་གདུང་འཛིན་ཧེ་རུ་ཀའི་གྲོང་ཁྱེར་ཆེན་པོར་ཕྱམ་གཅིག་ཏུ་གྲོལ་བའི་བདེན་ཚིག་མར་མེའི་སྨོན་ལམ་གྱི་དབྱངས་འབོར་ལེན་ལ་འཇུག་པར་ཞུ། །རྒྱལ་ཀུན་རྗེས་བརྩེའི་ཡེ་ཤེས་འཇུག་པའི་མཐུ། །མཁའ་ཁྱབ་འགྲོ་ལ་བུ་གཅིག་ལྟར་བརྩེ་བའི། །རང་གཟུགས་ཚེ་དབང་པདྨའི་ཐུགས་ཏིག་གི །ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་པའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་འགྱུར་མེད་གླིང་དུ་ཉེར་མཁོར་གྱུར་པས། རིག་འཛིན་མཆོག་གི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་དང༌། དབུ་མཛད་པདྨ་བཀྲ་ཤིས་ལྷན་རྒྱས་ནས་གསུང་བསྐུལ་བཞིན་རིག་འཛིན་རྩལ་འཆང་གསུམ་གྱི་ཆོས་རྒྱུད་དུ་སྐྱེས་པའི་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པས་ཟབ་གསང་མཆོག་གི་བསྟན་པའི་དཔལ་ཡོན་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་དཱ་མངྒ་ལམ། །བི་ཛ་ཡནྟུ།། །།}} | ཁྱབ་བྱེད་རྒྱལ་བ་རྟག་པ་བདེ་གཤེགས་སྐུ། །ཁྱབ་བྱ་པདྨའི་རིགས་ལྔ་སྒྱུ་འཕྲུལ་སྤྲིན། །བཀྲ་ཤིས་ཚེ་མཆོག་ཞི་ཁྲོའི་དཀྱིལ་འཁོར་ལྷར། །རབ་དྭངས་ཡིད་ཀྱི་མེ་ཏོག་འཛུམ་པས་མཆོད། འདིར་སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་དགོངས་པ་རྣམ་སྣང་ཚེ་མཐའ་ཡས་པའི་ཚོགས་སྒྲུབ་ཆེན་པོའི་གཏོང་ཐུན་བྲི་བ་ལ། ཐོག་མར་མ་ཏྲཾ་བསྒྲལ་བའི་སྐབས་སུ། རྩ་རྒྱུད་གསང་བ་སྙིང་པོ་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་གསུངས་པ་ལྟར། ཁམས་གསུམ་གྱི་སེམས་ཅན་རྣམས་ཆོས་ཉིད་བདེ་བ་ཆེན་པོ་དབྱིངས་དང་འདུ་འབྲལ་མེད་པའི་དོན་མ་རྟོགས་པའི་གཏི་མུག་ལྷན་སྐྱེས་ཀྱི་ཆ་ལ་རུ་ཏྲ་ཞེས་བརྡར་བཏགས་པ་སྟེ། སྒྲིབ་པ་དེའི་དབང་གིས་བདག་གཞན་གཉིས་སུ་བཟུང་སྟེ་གནས་དོན་ལུས་ཀྱི་སྣང་བར་ཆགས་སྡང་རང་རྒྱུད་དུ་ཞེན་པ་ལ། ཕྱི་རུ་རུ་ཏྲ་ཕོ་མོ་མ་ནིང་རྒྱུད་གསུམ་བྱུང་ཞིང༌། ནང་དུ་ཉོན་མོངས་དུག་གསུམ་གྱི་སྒྲིབ་པས་སྐུ་གསུང་ཐུགས་རྡོ་རྗེའི་གསང་བ་ལ་བར་དུ་གཅོད་པ་གང༌། སངས་རྒྱས་ཐབས་མཁས་ལ་ཐུགས་རྗེའི་རྩལ་མྱུར་བས་རྣམ་པ་དེ་དང་མཐུན་ལ། ངོ་བོ་སྐུ་གསུམ་གྱི་ཡེ་ཤེས་སྟོབས་སུ་གྱུར་པས་དབང་སྒྱུར་བའི་ཆོས་ཉིད་ངང་གིས་ཁྲོ་བོ་སྲིད་ཞིའི་སྤྱི་དཔལ་ཆེན་པོ་རིགས་གསུམ་གྱི་སྐུར་བཞེངས་པས། རྡོ་རྗེ་ཁྲོས་པའི་མཚོན་ཆས་གཉིས་འཛིན་ཀུན་རྟོག་གི་བདུད་ཀྱི་རྒྱུ་བ་བཅད་ནས། ཕོ་རྒྱུད་རྡོ་རྗེ་ཁྲོས་པའི་ཧེ་རུ་ཀའི་གར་གྱིས་བསྒྲལ། མོ་རྒྱུད་བདེ་ཆེན་འབར་བ་མ་ཆགས་ཐབས་ཀྱི་སྦྱོར་བས་བཏུལ་བ་ལས། གཉིས་མེད་རྡོ་རྗེ་སེམས་དཔའི་ཡེ་ཤེས་ནཱ་དའི་རྒྱུད་ཀྱི་སྒྲ་དབྱངས་རྡོ་རྗེ་ཐེག་པའི་བསྟན་པ་བྱུང་བས་ན། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལྷའི་དཀྱིལ་འཁོར་མངོན་དུ་བྱ་སྟེ་སྒྲུབ་པའི་ཆེད་དུ། སངས་རྒྱས་ཀྱི་ཐུགས་རྗེ་འགག་པ་མེད་པའི་རྡོ་རྗེ་ཚེའི་དཀྱིལ་འཁོར་ཞི་ཁྲོ་རྣམ་པར་རོལ་པའི་སྒྲུབ་བྱེད་བྱས་ཏེ། སྔོན་བྱོན་རིག་འཛིན་གོང་མའི་ཕྱག་བཞེས་བསྙེན་སྒྲུབ་ཡན་ལག་བཞིས་ཉམས་སུ་ལེན་པ་ལ། བགེགས་ཀྱི་རྒྱལ་པོ་མ་ཏྲཾ་རུ་ཏྲ་དྲག་པོའི་སྟབས་ཀྱིས་བསྒྲལ་ཞིང་སྤར་ཏེ་རོལ་པའི་བྲོས་མནན་ལ། ཡན་ལག་དུར་ཁྲོད་བརྒྱད་དང་ཁོག་པ་གཞལ་ཡས་ཁང་སྟེ་རྡོ་རྗེའི་ཞིང་ཁམས་སུ་བྱིན་གྱིས་བརླབ་པའི་ཕྱིར། སློབ་དཔོན་སྲིད་ཞིའི་སྤྱི་དཔལ་ཆེན་པོ་ཁྲོ་རྒྱལ་སྟོབས་འདུས་དབང་ཆེན་རྔམས་པ་དཔལ་གྱི་སྐུར་བཞེངས་པས། རྡོ་རྗེའི་རྟ་སྐད་ཐེང་གསུམ་བསྒྲགས་ནས། བདེ་སྟོང་ཡེ་ཤེས་ཆེན་པོའི་རོལ་པ་སྒྲོལ་གིང་དམར་ནག་གཉིས་རྟ་ཕག་ཡབ་ཡུམ་དུ་གསལ་བས་ཁམས་གསུམ་དབྱིངས་སུ་སྒྲོལ་བའི་ལས་རིམ་ལ་འཇུག་པར་ཞུ། ༈ མངའ་གསོལ་སྐབས། འོ་ན་བཀྲ་ཤིས་བདེ་ལེགས་དང་ལྡན་པ་དེང་གི་ཆར། ཇི་སྐད་དུ། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡི་གསུང་གི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་པས། །དང་པོ་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། །ཞེས་པ་ལྟར་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང༌། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང༌། ལས་མཐའ་རྒྱས་ཀྱི་རིམ་པས་སྒྲུབ་པའི་རྗེས་ཀྱི་བྱ་བ་གསུམ་ལས། ཐམས་ཅད་མདོར་བསྡུ་ན་བསྒྲུབ་བྱའི་ལྷ། སྒྲུབ་བྱེད་ཀྱི་ཆོས། བསྒྲུབས་པའི་འབྲས་བུ་གསུམ་གྱི་རྣམ་བཞག་གི་ལོ་རྒྱུས་འཆད་པ་ལ། དང་པོ་ནི། སངས་རྒྱས་རྣམས་མི་སློབ་འབྲས་བུའི་མཆོག་མངོན་དུ་མཛད་པའི་ཡོན་ཏན་གྱི་གཙོ་བོ། རྟེན་སྐུ་ལྔ། བརྟེན་པ་ཡེ་ཤེས་ལྔ། མཛད་པ་ཕྲིན་ལས་དང་གསུམ་དུ་འདུ་བ་ལས་གདུལ་བྱའི་ཡུལ་ལ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་མཛད་པ་ཕྲིན་ལས་ཀྱི་གཙོ་བོ་ནི་གསུང་རྡོ་རྗེ་སྟེ། དེ་ཉིད་ཀྱི་ངོ་བོ་ཆོས་དབྱིངས་སྐྱེ་འགག་གནས་གསུམ་དང་བྲལ་བ་ལས། དམིགས་མེད་རང་བྱུང་གི་རྟག་པ་རྒྱུན་གྱི་ཐུགས་རྗེའི་དཔལ་ལས། རྣམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁྱབ་བདག་བདེ་གཤེགས་འོད་མཚན་སྟོང་འབར་པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུར་བཞེངས་པ། དེ་ཉིད་བྱང་ཆུབ་སེམས་དཔའི་ཚུལ་དུ་བསྟན་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རབ་འབྱམས་ནས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་པདྨ་གར་དབང་རྒྱལ་བ་རྒྱ་མཚོར་གྲགས་ཤིང༌། ཚངས་པ་རྔ་སྒྲའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲོ་བསྡུའི་བདག་ཉིད་རྣམ་སྣང་གངས་ཆེན་མཚོ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་ཡིན། དེ་དག་གི་ཐུགས་རྗེ་དང་ཕྲིན་ལས་ཀྱི་ཆ་ཤས་མི་མཇེད་འཇིག་རྟེན་གྱི་གདུལ་བྱའི་དོན་དུ་ཕྱོགས་དུས་རྒྱལ་བ་མ་ལུས་པའི་སྤྱི་གཟུགས་ཨོ་རྒྱན་སངས་རྒྱས་གཉིས་པའི་ཚུལ་དུ་བསྟན་ནས། བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ། སྤྲུལ་གཞི་ཚེའི་མགོན་པོ་ཡབ་ཡུམ་དངོས་སུ་བྱོན་ཏེ། སྐྱེ་འཆིའི་མི་འཇིག་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་བརྙེས། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་བསྟན་ནས་སྲིད་པ་ཇི་སྲིད་རྡོ་རྗེའི་སྐུ་དེའི་མཁའ་ཁྱབ་འགྲོ་བའི་དོན་མཛད་ཅིང༌། ད་ལྟའང་ཛམ་གླིང་གི་བྱེ་བྲག་ཟངས་མདོག་དཔལ་གྱི་རི་བོར་རྡོ་རྗེའི་སྐུ་དེ་ཉིད་དངོས་སུ་བཞུགས་པས། དེའི་དཀྱིལ་འཁོར་གྱི་སྟོན་པ་དངོས་ལས་གསན་པའི་འཆི་མེད་རྡོ་རྗེ་ཚེའི་རྒྱུད་ལུང་མན་ངག་གི་གསང་བ་བསམ་གྱིས་མི་ཁྱབ་པ་གཞོམ་མེད་རྡོ་རྗེའི་ནཱ་དའི་རང་སྒྲ་རྒྱུན་མི་ཆད་པར་སྒྲོགས་པའི་ཟབ་ཏིག་གི་གསང་བ་དུ་མ་ཞིག །སྙིགས་དུས་ཕྱི་མའི་གདུལ་བྱ་ལ་དགོངས་ནས་བོད་ཀྱི་རྗེ་འབངས་འདུས་པ་སོ་སོའི་སྣོད་དང་དབང་པོའི་ཁྱད་པར་བཞིན། བསྒྲུབ་བྱའི་ལྷའི་སྒོ་ནས་དབྱེ་ན་རྩ་བ་གསུམ། དེ་རེ་རེ་ལ་སྐུ་གསུམ། རིགས་ལྔ་སྤྱི་དང༌། བྱེ་བྲག་གི་སྒྲུབ་ཚུལ་མི་འདྲ་བ་དུ་མ་ལས། སྐབས་འདིར་སྤྱིར་རྒྱལ་བ་རིགས་ལྔ་སྤྱི་སྒྲུབ། བྱེ་བྲག་ཏུ་སྐུ་རྡོ་རྗེ་བདེ་གཤེགས་ཚེ་མཐའ་ཡས་པ་རྒྱལ་བ་རྟག་པའི་གཙོ་བོ་ལ་ཞི་ཁྲོ་རིགས་བརྒྱའི་འཁོར་གྱིས་བསྐོར་བ་སྟེ། སྒྲུབ་བྱེད་རྒྱུད་ལུང་མན་ངག་གིས་དབྱེ་ན། རྒྱུད་མ་ཧཱ་ཡོ་གའི་རྩ་བ་སྒྱུ་འཕྲུལ་དྲ་བ་ཏནྟྲ་སྡེ་བཅོ་བརྒྱད་ལས། ལུང་ཐུགས་དམ་ཟབ་པ་སྐོར་བདུན་གྱི་རྩ་བ། རྩ་གསུམ་གཅིག་དྲིལ་ཚེ་ཡི་ཟབ་པའི་ཡན་ལག་གི་ཆོས་སྡེ་རྣམ་སྣང་སྒྱུ་འཕྲུལ་དྲ་བའི་སྒྲུབ་ཐབས་ཁྱད་པར་ཅན་མན་ངག་བསྐྱེད་རྫོགས་རྫོགས་པ་ཆེན་པོ་ནང་རྒྱུད་ཡོ་ག་གསུམ་གྱི་དགོངས་པ་བཅུད་དུ་དྲིལ་བ་འདི་ཉིད་གངས་ཅན་མིའི་ལྷ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་སྐུ་ཚེ་དང་ཕྲིན་ལས་ནམ་མཁའི་ནོར་བུ་ནམ་མཁའི་ཇི་སྲིད་དུ་འགྲིབ་མེད་འཆར་བའི་དགེ་མཚན་ལ་ཆེད་དུ་དགོངས་པས་བསམ་ཡས་བྲག་དམར་གཡའ་མ་ལུང་དུ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་འཆི་མེད་ཚེའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། ཚེ་དཔག་མེད་དངོས་སུ་བྱོན་ནས་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར་ཀྱང༌། བོད་ཡུལ་སྤྱིའི་བསོད་ནམས་ཀྱི་སྐལ་པ་ཕྲ་མོར་གྱུར་པས་རྟེན་འབྲེལ་ཇི་བཞིན་མ་བྱུང་ཀྱང༌། སངས་རྒྱས་ཀྱི་ཐུགས་རྗེ་ལ་ནམ་ཡང་འཕེལ་འགྲིབ་མ་མཆིས་པས་སླར་ཡང་སྒྱུ་འཕྲུལ་རིགས་ལྔའི་ཚེའི་དཀྱིལ་འཁོར་འདི་ཉིད་དུ་དབང་བསྐུར་བས། ཆོས་རྒྱལ་ཉིད་དགུང་ལོ་བཅུ་གསུམ་དུ་སྐུ་ཚེ་བསྲིངས་ཏེ། གདམས་པའི་ཟབ་ཆོས་ཕྱི་མའི་གདུལ་བྱ་ལ་དགོངས་པས་ཟབ་གཏེར་དུ་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ། ཡེ་རྒྱལ་ནམ་མཁའ་མཛོད་དུ་རྒྱས་བཏབ་པ་ལྷ་སྲས་དམ་འཛིན་མུ་རུབ་བཙད་པོའི་ཡང་སྲིད་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི་དུས་བབ་ཀྱི་ཟབ་ཆོས་སྒྱུ་འཕྲུལ་ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་སྐབས་སུ་བབ་པ་སྟེ། འདི་ལ་སྔོན་འགྲོ། དངོས་གཞི། རྗེས་རིམ་གསུམ་ལས། དང་པོ་ལ། ས་གཞི་བརྟག་བསླང༌། དབང་དུ་བྱ་ཞིང༌། སྦྱར་བ་དང་སྲུང་བ། ཕྱི་ནང་གསང་བའི་བཤགས་པ་བཅས་སྔོན་དུ་འགྲོ་བས་རྒྱུད་སྦྱངས་ཤིང༌། གཞན་ཡང་ཕྱི་ནང་གསང་བའི་མཚམས་བཅད་པ། ལྷ་དང་བུམ་པ་སློབ་མ་བཅས་སྔོན་འགྲོ་སྟ་གོན་གྱི་རིམ་པ་རྣམས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་ལེགས་པར་གྲུབ་ནས། དངོས་གཞི་གསང་བ་སྔགས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིས་གསེང་ལམ་དུ་བཅུག་པའི་ཐོག་མར་སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་འགོད་པ་སྟེ། དེ་ཡང་ཆོས་ཉིད་ངོ་བོའི་དབྱིངས་སུ་སྟོན་འཁོར་དགོངས་པ་དབྱེར་མེད་བདེ་སྟོང་ཡེ་ཤེས་ཆེན་པོའི་ཐིག་ལེ་ཉག་གཅིག་ཏུ་རྣམ་དབྱེར་མ་མཆིས་པ་འཁོར་འདས་དག་མཉམ་རོལ་པའི་ལྟ་བའི་གདེང་བསྐྱེད་ཅིང༌། ཆོས་ཅན་རྟགས་ཀྱི་ཕྱག་རྒྱ་འཆི་མེད་རྡོ་རྗེ་ཚེའི་དཀྱིལ་འཁོར་སྒྱུ་འཕྲུལ་དྲ་བ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་སྐལ་པ་མཉམ་པའི་རྡོ་རྗེའི་རིགས་ཅན། དཀྱིལ་འཁོར་གཙོ་མཆོག་སྟོན་པ་རྡོ་རྗེ་རྒྱལ་པོ་རྒྱལ་བ་རྟག་པ་ཚེ་དཔག་མེད། ཏན་གན་གྱི་སྒྱུ་རྩལ་ལ་མཁས་ཤིང་ཤེས་རབ་ཀྱི་ཆ་འཛིན་ཡུམ་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་མ། རྒྱལ་བ་རིགས་ལྔ་མཚོན་པའི། རྡོ་རྗེ་རྒྱལ་ཚབ། རྒྱལ་ཐེབ་བཞི་ཡུམ་དང་བཅས་པ། སེམས་དཔའ་ལྕམ་དྲལ་བཀྲ་ཤིས་ལྷ་མོ་བརྒྱད། སྒོ་བ་བཞི་སོགས་མཚོན་བྱེད་དུ། སྐད་གདངས་ཆེ་ཞིང་ཆོ་གའི་ལས་ཁྲིགས་ལ་མཁས་པའི་ཀརྨ་ལས་མཁན། མཆོད་པའི་བྱ་བས་དཀྱིལ་འཁོར་དགྱེས་པ་སྐྱེད་པའི་ལས་ཀྱི་རྡོ་རྗེ། མཐོང་བཟློག་ནུས་པའི་རྡོ་རྗེ་སྤྱན་པ། ཕྱི་ནང་གི་བར་ཆད་སྲུང་བའི་རྡོ་རྗེ་མཚམས་པ། དམ་སྲི་ཉུ་ལེ་སྐྲོད་གཟིར་ལ་དབང་བའི་རྡོ་རྗེ་གིང་ཆེན་དང༌། གིང་ཕྲན་སོགས་སྒྲོལ་བའི་ལས་ལ་མཁས་པ། དམ་ཚིག་གཙང་ཞིང་བསྙེན་བཟླས་ལ་བརྩོན་པའི་རྡོ་རྗེ་མཆེད་ལྕམ་ཕོ་མོ། ཕུད་གཙང་བསྐོལ་མཁས་ཀྱིས་སྟོན་འཁོར་མཉེས་པར་མཛད་པ་རྡོ་རྗེ་བྱན་ཕོ། ཞལ་ཟས་ཀྱི་བྱ་བ་གཙང་ཞིང་དག་པར་སྦྱོར་བ་རྡོ་རྗེ་ཕྱག་ཚངས། སྟོན་འཁོར་རྣམས་ཀྱི་ཐུགས་དམ་བསྐང་བའི་བྲན་གྱི་ཁྱེའུ་ཕོ་མོ། ཕྱིའི་ཉུ་ལེ་སྐྲོད་ཅིང་མཆེད་ལྕམ་གྱི་བཀའ་བཞིན་སྒྲུབ་པའི་རྡོ་རྗེ་རྡུལ་ཕྱགས་རྣམས་ལྷག་པའི་ལྷ་རང་རང་གི་ང་རྒྱལ་ལ་གནས་པས་སྒོམ་པའི་གདེང་བསྐྱེད་པ་དང་བཅས། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་མཆོད་བསྟོད་བགེགས་འདུལ་སྦྱིན་སྲེག་སོགས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་རྣམས་སྤྱོད་པས་ལམ་དུ་ཁྱེར་ཏེ་མཆོག་དང་ཐུན་མོང་གི་དངོས་གྲུབ་མཆོག་ལ་མྱུར་དུ་སྦྱོར་ཞིང་རིམ་གཉིས་ཀྱི་ཏིང་འཛིན་གོང་འཕེལ་དུ་འགྱུར་བས་ན་སྐབས་སུ་བབ་པའི་ལས་དང་བྱ་བ་དེ་བཞིན་སྒྲུབ་པར་འོས་པའི་ཆེ་རྟགས་སུ་མངའ་གསོལ་བས་འཁོར་ལོའི་བསྒྱུར་བའི་སྲས་རྒྱལ་ཐབས་ལ་བཀོད་པའི་ཚེ། གླང་པོ་ཆེ་ས་སྲུང་གིས་རིན་པོ་ཆེའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བ་ནས་སེང་གེའི་ཁྲི་ལ་བཞུགས་པས་སྟོང་གསུམ་གླིང་བཞིའི་འཇིག་རྟེན་དབང་དུ་བྱེད་པ་དང་ཆོས་མཚུངས་པ་མཚོན་ཕྱིར་བདུད་རྩིའི་སྐྱེམས་དྲངས་ཤིང་ཆེ་བ་བརྗོད་པའི་དབྱངས་འབོར་ལེན་ལ་འཇུག་པར་ཞུ། ༈ ཆས་ཞུགས་སྐབས། ཞི་ཆས་ཡོད་སྐབས། གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར༔ བདུད་པོ་མ་ཏྲཾ་རུ་ཏྲ་དྲག་པོས་བསྒྲལ༔ སྲིན་མོ་མ་ཚོགས་རྣམས་ལ་སྦྱོར་བར་མཛད༔ གསང་སྔགས་བསྟན་པ་དང་པོ་དེ་ནས་བྱུང་༔ ཞེས་གསུངས་པ་ལྟར་གདུལ་བྱ་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཆགས་སྡང་གཉིས། འདུལ་བྱེད་སངས་རྒྱས་ཀྱི་རྣམ་རོལ་ཞི་ཁྲོ་གཉིས་སུ་སྟོན་པས། འདུལ་ཚུལ་རྡོ་རྗེ་ཐེག་པའི་ལམ་གྱི་མཐར་ཐུག་རྡོ་རྗེའི་ཏན་གཎ་གཉིས་ཀྱི་ཕྲིན་ལས་ཚར་གཅོད་རྗེས་འཛིན་གཉིས་སུ་བསྟན་པས། ཁྱབ་བྱ་དུག་ལྔ་ལ་ཁྱབ་བྱེད་གཏི་མུག་ཕྲ་རགས་ཀྱི་སྒྲིབ་གསུམ་བག་ཆགས་དང་བཅས་པ་སྤངས་ནས་སྐུ་གསུམ་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆེན་པོའི་ཀློང་དུ་མངོན་པར་བྱང་ཆུབ་པར་མཛད་པ་ཆོས་ཉིད་ཡིན་པས་ན། སྐབས་འདིར་གང་དག་ཞི་བའི་ཕྲིན་ལས་ཀྱི་རྗེས་སུ་འཛིན་པར་འོས་པའི་གང་ཟག་ལ་རྣམ་པ་དེ་དང་མཐུན་པའི་བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཤར་བ་སྟེ། དེ་ཉིད་ལོངས་སྐུ་ཆགས་བཅས་ཀྱི་རྣམ་པར་སྣང་བས་སྐུ་ཞི་ཚུལ་དགུ་དང་ལྡན་ཞིང༌། དེ་མཛེས་པའི་རྒྱན་ཆས་འཇིག་རྟེན་ན་བསོད་ནམས་ཆེན་པོས་སྟོབས་ཀྱི་འཁོར་ལོའི་བསྒྱུར་བའི་ཆ་བྱད་དང་མཚུངས་པ་སྟེ། ཞི་བ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་འདི་གསོལ་བས་ནང་དུ་ས་བཅུ་ལམ་ལྔ་སྐུ་གསུམ་དང་བཅས་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་ཆེ་རྟགས་སུ་མཚོན་བྱེད་ཡིན་པས་ན། རང་རང་གི་ལྷག་པའི་ལྷ་ཡི་ང་རྒྱལ་ལ་གནས་པས་ཚིག་དང་མཐུན་པའི་ངེས་ཤེས་རྒྱུད་ལ་སྐྱེད་པར་མཛོད་ཅིག ༈ དཔལ་ཆས་ལ། འོ། གདུལ་བྱ་རྒྱུད་མི་སྲུན་པའི་བདུད་དང་རུ་ཏྲ་མུ་སྟེགས་ཀྱི་ཚོགས་རྣམས་འདུལ་བའི་ཕྱིར་ཆོས་ཉིད་རྣམ་པར་མི་རྟོག་པའི་དབྱིངས་ལས། སྐུ་གར་དགུའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བས་གདུག་པ་ཅན་གྱི་ང་རྒྱལ་དང་ཞེ་སྡང་བཅོམ་སྟེ་སེམས་དཔའ་བཀོང་བས་བྲན་དང་འབངས་སུ་བཀོལ་ནས། དེ་དག་གི་རྒྱན་ཆས་དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་རྒྱལ་བྱེད་དཔའ་རྟགས་ཀྱི་ཚུལ་དུ་བཞེས་པའི་རྣམ་ཐར་རྗེས་སུ་དྲན་པ་མཚོན་ཕྱིར་དྲག་གཏུམ་ཁྲོ་བོའི་ང་རྒྱལ་ལ་གནས་པའི་ཆས་རྣམས་ཀྱིས་མངའ་གསོལ་བའི་ཐུགས་མོས་མཛོད་ཅིག ༈ མངའ་གསོལ་རྟགས་གདབ་ཡོད་སྐབས། འོ། དུར་ཁྲོད་རོལ་པའི་ཚོགས་ཁང་རྡོ་རྗེ་གསང་བ་ཆེན་པོའི་གཞལ་ཡས་ཁང་འདིར། རྡོ་རྗེའི་གཏོར་བླུགས་ཀྱིས་རྒྱུད་སྨིན་ཅིང་གསང་བའི་ལྟ་སྒོམ་སྤྱོད་པ་ལ་དབང་བའི་ཧེ་རུ་ཀའི་འདུས་པ་དམ་གཙང་རིག་པ་འཛིན་པ་ཕོ་མོ་ལས། ཐ་མལ་གྱི་སྐྱེ་བོ་འཇུག་ཏུ་མི་གཏུབ་པས་ན་དེ་དག་གི་སྐབས་སྤྱོད་པ་དང༌། ཡེ་ཤེས་བདེ་བ་ཆེན་པོའི་གཟི་བྱིན་གྱིས་ཚོགས་བརྒྱད་དབྱིངས་སུ་དག་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་སྤངས་རྟོགས་ལ་དབང་བསྒྱུར་བས། དབང་དང་སྟོབས་བཅུའི་དེ་ཉིད་མཐར་ཕྱིན་པས། རྡོ་རྗེ་ཐེག་པའི་བསླབ་པའི་མཐའ་བཅུའི་དེ་ཉིད་ལ་གདེང་ཐོབ་པ་མཚོན་ཕྱིར། སྔོན་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའི་ཚེ། ཁམས་གསུམ་གྱི་གདུག་པ་ཅན་མི་སྲུན་ཤ་ཟ་སྲིན་པོའི་གཟུགས་ལ་ཞེ་སྡང་རུས་མཐར་རྒྱས་པའི་མཆེ་བ་ཅན་གཅན་གཟན་གྱི་པགས་པ། འདོད་ཆགས་ཁྲག་མཐར་རྒྱས་པའི་གཤོག་པ་དང་མཇུག་མ་སྐྱེས་ནས་དུར་ཁྲོད་འཇིགས་པའི་ཆས་ཀྱིས་ལུས་ལ་རྒྱན་དུ་བྱས་པ་རྣམས་རྒྱལ་བྱེད་དཔའ་རྟགས་ཀྱི་ཚུལ་དུ་སྐུ་ལ་བཞེས་ནས་ཁྲག་འཐུང་འབར་བའི་ཆས་སུ་བྱིན་གྱིས་བརླབ་པའི་བྱུགས་པའི་རྩི་གསུམ། འདོགས་པའི་རྒྱན་གཉིས། བགོ་བའི་གོས་གསུམ་བཅས། དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་ཏེ་ཧེ་རུ་ཀའི་རིགས་སུ་བསྐྲུན་པའི་ཆེ་བའི་དོན་དང་རྟགས་ལ་དགོངས་པ་བཞག་སྟེ། དབྱངས་འབོར་ལེན་དང་ཆས་རྣམས་ཀྱིས་བརྒྱན་པར་ཞུ། ༈ མཆེད་བསྲེ་བསྣན་སྐབས། དེ་ལ་སྤྱིར་རྡོ་རྗེ་ཐེག་པའི་ལམ་གསང་སྔགས་དབང་གི་མཐའ་ཅན། དབང་དམ་ཚིག་གི་མཐའ་ཅན་ཞེས་མཆོག་ཐུན་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་དག་པ་ལ་རག་ལས་པ་སྟེ། ས་མ་ཡའི་སྒྲ་ལས་དྲངས་ན་བདག་ཉིད་ཆེན་པོ་རྣམས་ཀྱི་བཀས་བཅད་པའི་མཚམས་ལས་འདའ་མི་རུང་བ། རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་བསླབ་པའི་འཇུག་ལྡོག་ཚུལ་བཞིན་བྱེད་པ་སྟེ། དམ་ཚིག་གི་རྣམ་གྲངས་ཀྱང༌། རྒྱུད་སྡེ་གོང་འོག་རིགས་ལྔ་སྤྱིའི་དམ་ཚིག །ཁྱད་པར་སྔགས་བླ་མེད་ཀྱི་དམ་ཚིག་ཕྱི་ནང་གསང་གསུམ། སྒྲུབ་པ་ལྷག་པའི་དམ་ཚིག་ཉི་ཤུ་སོགས་སོ་སོའི་དབྱེ་བསྡུ་མཐའ་ཀླས་པ་གསུངས་པ་ཀུན། མ་ཉམས་པར་ལེགས་པར་བསྲུངས་ན་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ། འཇིག་རྟེན་པའི་གཙོ་དང་འཁོར་གྱིས་བཀུར། སངས་རྒྱས་དང་བྱང་ཆུབ་སེམས་དཔས་སྲས་དང་སྤུན་དུ་དགོངས། དེ་བཞིན་གཤེགས་པ་ཉིད་དང་སྤྱོད་ཡུལ་གཅིག །ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་དུ་སྦྱོར་བས་འཇིགས་པ་དང་བག་ཚ་མེད། དྲང་ངེས་ཀྱི་སྡོམ་པ་ཐམས་ཅད་སྲུང་བར་འགྱུར་ཞིང་རྣམ་པར་དག །ཉམས་ཀྱང་སྐོང་བའི་ཐབས་ཀྱིས་སོར་ཆུད་པའི་ཡོན་ཏན་བདུན་དུ་གསུངས་པའི་གནད་ཤེས་པས་འདིར་དཀྱིལ་འཁོར་གཅིག་ལ་བརྟེན། སྟོན་པ་རྡོ་རྗེ་རྒྱལ་པོ་གཅིག་གི་དྲུང་དུ་བསྙེན་པའི་རྡོ་རྗེའི་རིག་པ་འཛིན་པ་མཆེད་ལྕམ་རྣམས་ཀྱང་སྣང་གྲགས་རིག་པ་དཀྱིལ་འཁོར་གྱི་ལྷའི་སྐུ་གསུང་ཐུགས་རྡོ་རྗེའི་དག་སྣང་དང་མ་བྲལ་བས་དམ་ཚིག་སྤང་བླང་ལ་འབད་པ་གལ་ཆེ་བས་མཆེད་བསྲེ་བསྣན་གྱི་རིམ་པ་ལ་འཇུག་པར་ཞུ། ༈ བཟླས་པའི་སྐབས། དེ་ཡང་ཇི་སྐད་དུ་རྣམ་སྣང་མངོན་བྱང་ལས། གཉིས་མེད་ཡེ་ཤེས་འདི་ཉིད་ནི། ཐུབ་པས་སྔགས་ཞེས་གསུངས་པ་ཡིན། ཞེས་པ་ལྟར། རྒྱུ་ཐབས་ཤེས་ཀྱི་ཡི་གེ་ལས་བཟླ་བྱའི་སྔགས་ཀྱི་ངོ་བོར་གྱུར་པ་གང་ཞིག །དངོས་གྲུབ་སྒྲུབ་པ་ལ་ནུས་པ་ཐོགས་མེད་དུ་གྱུར་པ་གྲུབ་པ་བཞི་དང་ལྡན་པ་སྟེ། སྟོང་ཆེན་མཉམ་ཉིད་ཨེ་ཡི་ངོ་བོར་ཆོས་ཉིད་ངོ་བོས་གྲུབ་པ། སྔགས་རང་རང་གི་ངོ་བོར་ཐུན་མོང་མ་ཡིན་པ་སྣང་བའི་རང་བཞིན་བསླུ་མེད་དུ་ཝཾ་ཡིག་བདེ་བ་ཆེན་པོའི་བདག་ཉིད་ཆོས་ཅན་རང་བཞིན་གྱིས་གྲུབ་པ། ཆོས་ཀུན་ལ་མངའ་དབང་བརྙེས་པའི་སངས་རྒྱས་རྣམས་ཀྱིས་ཡི་གེ་གཅིག་ནས་མང་པོའི་བར་གྱི་སྔགས་རྣམས་སུ་ཡེ་ཤེས་ཉིད་རྣམ་པར་འཕྲུལ་པར་བསྟན་པས་ན་བྱིན་གྱི་རླབས་ཀྱིས་གྲུབ་པ། སྨན་དང་ནོར་བུའི་ནུས་པ་བཞིན་དུ་སྔགས་དེ་དག་དངོས་གྲུབ་སྒྲུབ་པའི་ནུས་པ་ཐོགས་པ་མེད་པ་ནུས་པའི་མཐུས་གྲུབ་པ་སངས་རྒྱས་རྣམས་ཀྱི་གསུང་གི་དཀྱིལ་འཁོར་སྟེ། རྟོག་མེད་ཡིད་བཞིན་ནོར་བུའི་ཚུལ་དུ་དངོས་གྲུབ་མཐའ་དག་སྟེར་བ་སྟེ། དེ་ཡང་དཀྱིལ་འཁོར་གྱི་ལྷའི་ཞལ་བལྟ་བ་དང༌། ལྟ་སྒོམ་ཟབ་མོ་རྣམས་ནི་རྒྱུད་དག་པ་འབའ་ཞིག་ལས། ཀུན་གྱི་ཐུན་མོང་མ་ཡིན་ལ། སྔགས་ནི་གདུལ་བྱ་ཐུན་མོང་གི་བཟླར་བཏུབ་པ་དང༌། སྔགས་ཀྱི་ཡི་གེའི་གཟུགས་མཐོང་བ་དང༌། སྒྲ་ཐོས་པ་ཙམ་ཡང་དོན་ཆེན་པོ་དང་ལྡན་པར་འཇམ་དཔལ་རྩ་བའི་རྟོག་པ་ལས། དེ་བཞིན་གཤེགས་པའི་སྔགས་བཟླས་པ། །དེ་ལྟར་སྔགས་རྣམས་དོན་ཡོད་དོ། །སེམས་ཅན་མིག་ཟུར་གྱིས་བལྟས་པའང༌། །རྗེས་སུ་བཟུང་བ་ཉིད་དུ་འགྱུར། །ཞེས་སོ། །དེ་ལྟ་བུའི་ཟབ་མོའི་སྔགས་བཟླ་བ་ལ། ཤེས་རབ་ཟབ་མོའི་སྔགས་ཀྱི་ངོ་བོ། དབྱེ་བ། སྒྲ་དོན། ཕན་ཡོན་ཤེས་པས་ཡིད་ཆེས་བསྐྱེད། ཏིང་འཛིན་ཟབ་མོའི་སྲོག་སྡོམ་གཟེར་བཞི་དང་ལྡན་པས་སྔགས་ཀྱི་དམིགས་པ་ལ་གནས། བརྩོན་འགྲུས་ཟབ་མོའི་སྔགས་བཟླས་པའི་སྐྱོན་དང་བྲལ་ཞིང་ཡོན་ཏན་བཅུ་དང་ལྡན་པས་ནུས་པའི་སྟོབས་བསྐྱེད་པའི་རྫས་སྔགས་ཀྱི་སྦྱོར་བས་སྔགས་ཀྱི་སྤྱོད་པ་མཐར་དབྱུང་ནས། ད་ལྟ་ལས་དང་པོ་པའི་སྐབས་འདིར་ལྷ་ཉིད་སྔགས་ཀྱི་རྣམ་པ་བསྟན་པས་གདུལ་བྱའི་དོན་མཛད་པ་ཡིན་ཞིང༌། སྔགས་བཟླས་པས་ལས་དང་རྣམ་སྨིན་གྱི་སྒྲིབ་པ་ཟད་ནས་ལྷའི་རྗེས་སུ་བཟུང་བའི་སྐལ་བ་ཅན་དུ་གྱུར་པ་ན་སྔགས་ཉིད་ལྷར་གནས་གྱུར་ནས་ཞལ་མཐོང་བ་སྟེ། དོན་དུ་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཉིད་གདུལ་བྱ་གང་ལ་གང་འདུལ་དུ་སྣང་བའི་ངེས་ཤེས་ཀྱི་དད་པས། ཡིད་བཟླས་དང༌། ཤུབ་བུར་བཟླས་པ། དབྱངས་སུ་བཟླས་པ་རྣམས་ལས་སྐབས་འདིར། དབྱངས་སུ་གྱེར་བ་དང༌། ཞི་བའི་སྔགས་རྣམས་ཚངས་པའི་དབྱངས་དང་ལྡན་པས་ཡིད་འཕྲོག་པ། འཁུན་ཞིང་གདུང་བས་བཟླ། ཁྲོ་བོའི་སྔགས་རྣམས་འབྲུག་སྒྲ་ལྟར་གདངས་ཆེ་ཞིང་དྲག་པ་དང༌། རྡོ་རྗེ་སྲིན་པོའི་ངུར་སྐད་ཀྱི་གདངས་དང་ལྡན་པ་དང༌། ཛཔ྄་ཀྱི་བཟླས་པ་ཆུ་བོའི་རྒྱུན་བཞིན་ཉིན་མཚན་རྒྱུན་མི་བཅད་པ་དང་བཅས་བཟླ་བར་ཞུའོ། ༈ ཡང་བསྙེན་བཟླས་སྐབས་སུ། དེ་ལ་འདིར་རྡོ་རྗེའི་ཐེག་པའི་ལམ་གྱི་སྙིང་པོ་ནི། བསླབ་པའི་མཐའ་བཅུས་ཉམས་སུ་ལེན་དགོས་པས་ན། དང་པོར་ལྟ་བ་བརྒལ་རྟགས་ཀྱིས་གཏན་ལ་བབ་དགོས་ཏེ། ལམ་སྒྲུབ་པ་ཐམས་ཅད་ལྟ་བ་དང་རྗེས་སུ་མཐུན་པར་འཇུག་པ་ཆོས་ཉིད་ཡིན་པས། རྡོ་རྗེ་ཐེག་པའི་ལམ་སྒོམ་པ་ལ་སོགས་པ་ཀུན་ཀྱང་དག་མཉམ་རྟོགས་པ་འདིའི་ཚུལ་དང་མཐུན་པར་འཇུག་པ་འབའ་ཞིག་ཡིན་པས་ན། པདྨའི་སྙིང་པོའི་རྒྱུད་ལས། མི་སྐྱོད་རྡོ་རྗེ་སེམས་དཔའ་སོགས༔ རིགས་ཀྱི་འཁོར་ལོས་སྒྱུར་བ་ལྔ༔ ཕུང་པོ་ལྔ་ཉིད་རྣམ་པར་དག༔ འབྱུང་བ་དབྱིངས་ཀྱི་ཡུམ་ཆེན་ཏེ༔ ཞེས་སོགས་གསུངས་པ་ལྟར། སྣོད་བཅུད་རྒྱུད་གསུམ་གྱི་ཆོས་ཐམས་ཅད་རིགས་ལྔ་སྒྱུ་འཕྲུལ་དྲ་བའི་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་གདོད་ནས་དག་པར་སངས་རྒྱས་པ་ཐབས་སྣང་བའི་ཆ་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བྱ་བྱེད་དང་བཅས་པ་ཚེ་བདག་རིགས་ལྔ་སེམས་དཔའ་ལྕམ་དྲལ་ཐུབ་དྲུག་སྒོ་བ་བྱ་བྱེད་དང་བཅས་པའི་དཀྱིལ་འཁོར་འཁོར་ལོའི་སྤྲིན་ཆེན་པོའི་ཁྱབ་བྱེད་རིགས་ཀྱི་གཙོ་བོ་སྐུ་དེ་བཞིན་གཤེགས་པ་རྒྱལ་བ་རྟག་པ་ཡབ་ཡུམ་གྱི་ཚུལ་དུ་སྣང་བ་དག་པ་ཆེན་པོའི་བདག་ཉིད་གང༌། ཆོས་དབྱིངས་མཉམ་པ་ཆེན་པོ་འཆི་མེད་གཉུག་མ་དོན་གྱི་ཚེ་ལྷའི་ཡེ་ཤེས་ལྔ་གཉིས་སུ་མེད་པའི་ཚུལ་གྱིས་སྐྱེ་འགག་གནས་བྲལ་གྱི་དབྱིངས་སུ་རྟག་ཏུ་འཁྲུལ་པ་མེད་པའི་དོན། བརྒལ་བརྟགས་ཀྱིས་གཏན་ལ་ཕབ་པའི་ལྟ་བའི་བསྒྲུབ་གཞི་སྟེ། ལྟ་བ་དེའི་གནས་ལུགས་ཀྱི་དོན་རྒྱུད་ལ་འབྱོར་བའི་རྒྱུ་ནི་མི་གཡོ་བའི་ཏིང་ངེ་འཛིན་ཏེ་དེ་ལ་སྐུ་བསྐྱེད་པའི་ཕྱག་རྒྱས་རྡོ་རྗེ་ཚེའི་དཀྱིལ་འཁོར་གྱིས་སྣང་སྲིད་དག་པ་རབ་འབྱམས་སུ་ཤར། གསུང་བཟླས་པ་སྔགས་ཀྱིས་དངོས་གྲུབ་ཟབ་མོའི་གནས་ལ་ངེས་པར་སྦྱོར། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱིས་ཐམས་ཅད་ལ་རྒྱས་ཐེབ་པས་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱོར་བའི་བསྐྱེད་རྫོགས་རིམ་པ་གཉིས་དང་ལྡན་པའི་ཏིང་ངེ་འཛིན་ནི་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་སྟེ། ལྟ་སྒོམ་དེའི་དྲོད་ཚད་དང་ལྡན་པའི་རྣལ་འབྱོར་པས་ལ་དོར་ན་སྤྱོད་པ་ལ་འཇུག་པས་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བ་ལ་དམ་ཚིག་གི་རྣམ་གྲངས་ཐམས་ཅད་འདུས་པས་དམ་ཚིག་རྣམ་པར་དག་པ་དང༌། གཞི་འབྲས་དབྱེར་མེད་རང་བཞིན་གྱི་དཀྱིལ་འཁོར་གདོད་ནས་གནས་པ་ལ། འཁོར་ཆོས་གཟུགས་བརྙན་གྱི་དཀྱིལ་འཁོར་པར་སྦྱང་པའི་ཕྱིར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཚུལ་བཞིན་བཞེངས་ཏེ། སྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་གདབ་ཕྱིར་ལྷག་པ་ཏིང་ངེ་འཛིན་དཀྱིལ་འཁོར་དང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྣལ་འབྱོར་ཕོ་མོ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་གྱི་གཞི་ལམ་འབྲས་བུའི་བཀོད་པ་དཀྱིལ་འཁོར་དབྱེར་མེད་དུ་སྣང་བ་ལ་བརྟེན་ནས་གཞི་དུས་གནས་སྐབས་བཞིའི་དྲི་མ་སེལ་བ་དང༌། བསྐྱེད་རིམ་རང་ལུས་གཞན་ལུས་དེ་ཁོ་ན་ཉིད་ཀྱི་ལམ་བཞི་སྒོམ་པ་དང༌། འབྲས་བུ་སྐུ་བཞི་ཐོབ་པའི་ཕྱིར་རྡོ་རྗེ་སློབ་མའི་དབང་ཐུན་མོང་རིགས་པའི་བུམ་དབང་ལྔ་རྗེས་འབྲེལ་རིག་པའི་དབང་ལྔ་དང༌། སྐུ་གསུང་ཐུགས་དབང༌། རྡོ་རྗེ་སློབ་དཔོན་གྱི་དབང་བཅས་དང༌། གསང་བ་ཤེར་ཡེ། ཚིག་དབང་སྟེ་ཟབ་དབང་གསུམ། མཐའ་རྟེན་སྐུ་ཚེ་འབྲང༌། གསུང་ཚེ་ཆང༌། ཐུགས་ཚེ་རིལ་བཅས་པའི་དབང་རྣམས་སྔོན་དངོས་རྗེས་རིམ་ཚང་བས་བསྐུར་ཏེ། དབང་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ཀྱང༌། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ཡིན་པས། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་ལས་འབྱུང་བ་རྣམས་དང༌། ཁྱད་པར་རྡོ་རྗེའི་ཚེ་སྒྲུབ་པའི་དམ་ཚིག་ཏུ་གཏེར་གཞུང་དངོས་ལས། གཞི་དེར་རྟེན་གསུམ་བྱིན་ཅན་ལ༔ ཞག་བདུན་མཆོད་པ་རྒྱུན་མི་བཅད༔ བར་མ་ཆད་པའི་མར་མེ་འབུལ༔ དེ་རྫོགས་སྟོན་མོ་རིགས་བཞི་བྱ༔ ཞེས་རྟེན་འབྲེལ་གནད་ཀྱི་དམ་ཚིག་ཏུ་གསུངས་པ་ལྟར། འཆི་ངེས་ཀྱི་སྲོག་བསླུ། མར་མེ་གཙོ་བོར་གྱུར་པའི་མཆོད་སྦྱིན་སྤྱི་དང༌། ཁྱད་པར་སྐུ་གསུང་ཐུགས་རྟེན་བཞེངས་པ་དང༌། ཚེ་དཔག་ཏུ་མེད་པའི་གཟུངས་དང་སྙིང་པོ་སྒྲོགས་པ། མགྲོན་རིགས་བཞི་ལ་སྟོན་མོ་བྱ་བ་སོགས་གནང་བཀག་གི་མཚམས་ལས་མི་འདའ་བའི་དམ་ཚིག་ཚུལ་བཞིན་སྲུང་བ་དང༌། ཕྱི་ཡོ་བྱད། ནང་ནུས་པ་ཐོབ་པའི་རྣལ་འབྱོར་པས་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་སྟེ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲངས་བའི་ཕྱིར། ཕྱི་ནང་གསང་བའི་མཚམས་བཅད། དཀྱིལ་འཁོར་ལྷ་སློབ་དཔོན་རྫས་སློབ་མ་སྟ་གོན་ལྔ་སྔོན་དུ་འགྲོ་བས་བསྙེན་པ་སྒྲུབ་པའི་གཞུང་བསྲང་ནས་བཟླས་སྒོམ་ལ་འབད་པས་དངོས་གྲུབ་ཉེ་བའི་མཚན་མ་མཐོང་བ་ཉེ་བསྙེན། དངོས་གྲུབ་ཀྱི་མཚན་མ་བརྟན་པོ་ཐོབ་པ་སྒྲུབ་པ། དངོས་གྲུབ་བླང་བ་སྒྲུབ་པ་ཆེན་པོ་བཞིས་དོན་དུ་གཉེར་བའི་ཡན་ལག་རྫོགས་པའི་གྲོགས་སུ། ཉེར་སྤྱོད་ཕྱི། ཡིད་སྤྲུལ་ཀུན་བཟང༌། འདོད་ཡོན་ནང༌། བདེ་ཆེན་གསང་བ། བདུད་རྩི་སྨན་རཀ་གཏོར་མ། བསྟོད་པ་གླུ། ཁྱད་པར་ཚོགས་ཀྱི་འཁོར་ལོ་བཅས་དབང་བཞི་དང་རྗེས་སུ་འབྲེལ་བའི་གནས་སུ་སྟོབ་པ་མཆོད་པ་དང༌། ཕྱི་རོལ་གྱི་རྫས་འཕྲུལ་འཁོར། སྦྱིན་སྲེག །མཆོད་རྟེན། བཅུད་ལེན་སོགས་དང༌། ནང་ལུས་ཀྱི་ཕྱག་རྒྱ་གར། ལྟ་སྟངས་འདུག་ཚུལ་སོགས་དང༌། ངག་གི་བསྙེན་སྒྲུབ་ལས་ཀྱི་བཟླས་བརྗོད། གླུ་བདེན་ཚིག །ཡིད་ཀྱི་ཏིང་ངེ་འཛིན་དང་ལྡན་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་གཙོ་བོར་གྱུར་པའི་མཆོག་དང་ཐུན་མོང་གི་ལས་སྒྲུབ་པ་ནི། རོལ་པ་ཕྲིན་ལས། འཆིང་བ་ཕྱག་རྒྱ། ཟློས་པ་སྔགས་རྣམས་ཚང་ལ་མ་ནོར་བར་སྒྲུབ་པ་པོའི་བློ་ནུས་དང་སྦྱར་ཏེ་ཉམས་སུ་བླང་དགོས་པའི་ཚུལ་ཀྱང་ཐུགས་དམ་གསལ་འདེབས་ཀྱི་ཚུལ་དུ་ཞུས་པའོ། ༈ གསུམ་པ་ལས་མཐའ་རྒྱས་ཀྱིས་སྒྲུབ་པའི་རྗེས་སྐྱོང་བ་ལ། སྒྲུབ་པའི་རྒྱུ་རྡོ་རྗེའི་ཁམས་དྲུག་དང་ལྡན་པ་ཐེག་གསུམ་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པའི་དབང་བཞིའི་ལམ་གྱི་རྟེན་ཕུན་སུམ་ཚོགས་པ་འདི་ཉིད་ཡུན་རིང་དུ་བརྟན་པ་ནི། མངོན་མཐོ་དང་དེས་ལེགས་ཀྱི་དོན་ཐམས་ཅད་བསྒྲུབ་ཏུ་རུང་བ་སྟེ། དེ་ཉིད་སྨན་དང་བཅུད་ལེན་གྱི་སྦྱོར་བས་ཚེ་བསྲིང་བ་ཕྱི་ནང་ཐུན་མོང་གི་ལུགས། སྲོག་གི་སྦྱིན་པ་གཏོང་བ་དང་རྣམ་དཀར་གྱི་བགྱི་བས་ཚེ་བསྲིང་བ་མདོ་སྔགས་ཐུན་མོང་གི་ལུགས། ཏིང་ངེ་འཛིན་དང་རིགས་སྔགས་ཀྱི་སྦྱོར་བ་སོགས་ཐབས་ཟབ་མོའི་རྟེན་འབྲེལ་གྱིས་ཚེ་བསྲིང་བ་སྔགས་ལུགས་ཐུན་མོང་མ་ཡིན་པ་རྣམས་སུ་མཆིས་པ་ལས། བྱ་སླ་ལ་དོན་ཆེ་བ་དངོས་གྲུབ་གཉིས་ཀ་གཅིག་ཆར་ཐོབ་པ་རྡོ་རྗེའི་རིགས་སྔགས་དང་རྒྱུད་ཀྱི་སྦྱོར་བ་ལ་བརྟེན་ནས་ཚེ་སྒྲུབ་པ་ལ། གསར་རྙིང་བཀའ་གཏེར་དག་སྣང་གི་བཀའ་བབ་མཐའ་ཡས་པ་ལས། འདིར་གསུང་རྡོ་རྗེ་འཆི་མེད་གྲུབ་པའི་རིག་འཛིན་གྱི་སྐུར་བཞེངས་པ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེས་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་བཅུ་གསུམ་གྱི་བར་དུ་སྐུ་ཚེ་བསྲིང་བའི་སྒྱུ་འཕྲུལ་རིགས་ལྔའི་ཚེ་སྒྲུབ། གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ནང་ཚན་རྩ་གསུམ་ཚེ་ཟབ་ཀྱི་ཆ་ལག་ཏུ། མདོ་ཁམས་ནམ་མཁའ་མཛོད་དུ་གཏེར་རྒྱས་བཏབ་པ། ལྷ་སྲས་རྣམ་འཕྲུལ་སྤྲུལ་པའི་གཏེར་འབྱིན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ། ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པ་སྟེ། འདི་ཉིད་འཆི་ངེས་གང་ཟག་ཀྱང་༔ ལོ་གསུམ་བར་དུ་ངེས་པར་བསྲིང་༔ ཡང་ཡང་བསྐྱར་ན་བཅུ་གསུམ་བར༔ བསྲིང་བར་འགྱུར་བར་ཐེ་ཚོམ་མེད༔ ཅེས་གསུངས་པ་ལྟར། སྤྱིར་སངས་རྒྱས་ཚེ་དཔག་མེད་ཀྱི་མཚན་ཙམ་ཐོས་པས་དུས་མིན་གྱི་འཆི་བ་འཇོམས་པ་སོགས་ཕན་ཡོན་ཚད་མེད་པར་གསུངས་པ་ནི། ལྷ་སྔགས་ཏིང་འཛིན་ཟབ་མོའི་ཁྱད་ཆོས་དང་ལྡན་ཞིང༌། དབང་དང་སྒྲུབ་ཆེན་གྱི་ཁྱད་པར་དུ་མས་དེ་ལས་ཀྱང་ཟབ་ཁྱད་དང་ལྡན་པའི་ཐབས་མཁས་ཚོམ་བུ་ཚོགས་སྒྲུབ་ཀྱི་ལེགས་བྱས་མི་ཟད་པའི་དཔལ་བྱང་ཆུབ་སྤྱོད་པ་རྒྱ་མཚོར་འཇུག་པའི་ཆེད་དུ། མར་མེའི་སྨོན་ལམ་གྱིས་རྒྱས་བཏབ་པ་སྟེ། སྤྱིར་མར་མེ་ཕུལ་བའི་ཕན་ཡོན་སྤྱན་རས་གཟིགས་ཀྱི་མདོ་ལས། བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བ་ན། །རྣམ་གྲོལ་མཆོག་མངའ་སྟོབས་བཅུ་རྣམས་ལྡན་ཞིང༌། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་ཕྱིན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་གསུངས་པ་དང༌། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ནས། མར་མེའི་ངོ་བོ་འོད་གསལ་ཡེ་ཤེས་དབྱིངས་ཀྱི་དབང་ཕྱུག་མ་ལ་རྣམ་པ་ས་ཆུའི་དྭངས་མ་རྩི་བཅུད་ཀྱི་ཉིང་ཁུ། མེ་རླུང་གི་དྭངས་མ་དྲོད་དང་གཡོ་བ་གཉིས་ལྡན། རང་བཞིན་འོད་ཟེར་གྱི་ཕྲེང་བ་སོགས་སྣང་བྱེད་ཀྱི་རིགས་དང༌། ནང་བཅུད་ཀྱི་མར་མེ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་སྣང་བས་ཟག་བཅས་ལས་ཉོན་གྱི་མུན་པ་སེལ་བ་དང༌། གསང་བ་བདེ་ཆེན་གྱི་མར་མེས་དགའ་བཞི་སྟོང་པ་ཟུང་འཇུག་གི་སྣང་བས་སད་རྨི་གཉིད་འཐུག་སྙོམས་འཇུག་གི་སྒྲིབ་མུན་འཇོམས་པ་དང༌། དེ་ཁོ་ན་ཉིད་འོད་གསལ་སྣང་བཞིའི་མར་མེས་སྣང་གསུམ་འཕོ་སྒྲིབ་ཀྱི་མུན་པ་སེལ་ནས་སྣང་བཞིའི་སྒྲོན་མ་བཀོད་པ་དབང་བཞི་པའི་ལམ་མཆོག་མཚོན་པའི་དམ་ཚིག་གི་རྟེན་དུ་བྱིན་གྱིས་བརླབས་ནས་ཕུལ་བས་འཁྲུལ་རྟོག་འཁོར་བའི་མུན་པ་བསལ་ཏེ་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སྣང་བ་རྒྱས་པའི་མཆོད་ཕྲེང་སྟོན་པ་རྡོ་རྗེ་རྒྱལ་པོ་དང་འཁོར་ལོའི་དབང་ཕྱུག་དབྱེར་མེད་པ་ལ་ཕུལ་ནས། ཚོམ་བུ་ཚོགས་སུ་སྒྲུབ་པ་ཆེན་པོ་མཐོང་ཐོས་དྲན་རེག་གི་གདུལ་བྱ་ཐམས་ཅད་རྡོ་རྗེའི་གདུང་འཛིན་ཧེ་རུ་ཀའི་གྲོང་ཁྱེར་ཆེན་པོར་ཕྱམ་གཅིག་ཏུ་གྲོལ་བའི་བདེན་ཚིག་མར་མེའི་སྨོན་ལམ་གྱི་དབྱངས་འབོར་ལེན་ལ་འཇུག་པར་ཞུ། །རྒྱལ་ཀུན་རྗེས་བརྩེའི་ཡེ་ཤེས་འཇུག་པའི་མཐུ། །མཁའ་ཁྱབ་འགྲོ་ལ་བུ་གཅིག་ལྟར་བརྩེ་བའི། །རང་གཟུགས་ཚེ་དབང་པདྨའི་ཐུགས་ཏིག་གི །ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་པའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་འགྱུར་མེད་གླིང་དུ་ཉེར་མཁོར་གྱུར་པས། རིག་འཛིན་མཆོག་གི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་དང༌། དབུ་མཛད་པདྨ་བཀྲ་ཤིས་ལྷན་རྒྱས་ནས་གསུང་བསྐུལ་བཞིན་རིག་འཛིན་རྩལ་འཆང་གསུམ་གྱི་ཆོས་རྒྱུད་དུ་སྐྱེས་པའི་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པས་ཟབ་གསང་མཆོག་གི་བསྟན་པའི་དཔལ་ཡོན་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་དཱ་མངྒ་ལམ། །བི་ཛ་ཡནྟུ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:05, 1 June 2024
Wylie title | zab bdun sgyu 'phrul tshe dkar tshogs sgrub kyi gtong thun 'chi med tshangs chen lha'i rnga sgra | |
---|---|---|
Location | dil mgo mkhyen brtse bka' 'bum Volume 9, Text 23, Pages 188-200 (Folios 1a to 13b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. Zab bdun sgyu 'phrul tshe dkar tshogs sgrub kyi gtong thun 'chi med tshangs chen lha'i rnga sgra. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 188-200. Delhi: Shechen Publications, 1994. | |
Genre | Sadhanas - Evocation Ritual - sgrub thabs | |
Cycle | ཟབ་བདུན་ཚེ་དཀར་ (zab bdun tshe dkar) | |
Parent Cycle | ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ (zab bdun rtsa gsum tshe'i zab pa) | |
Deity | tshe dkar | |
Colophon |
།ཅེས་པའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་འགྱུར་མེད་གླིང་དུ་ཉེར་མཁོར་གྱུར་པས། རིག་འཛིན་མཆོག་གི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་དང༌། དབུ་མཛད་པདྨ་བཀྲ་ཤིས་ལྷན་རྒྱས་ནས་གསུང་བསྐུལ་བཞིན་རིག་འཛིན་རྩལ་འཆང་གསུམ་གྱི་ཆོས་རྒྱུད་དུ་སྐྱེས་པའི་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པས་ཟབ་གསང་མཆོག་གི་བསྟན་པའི་དཔལ་ཡོན་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་དཱ་མངྒ་ལམ། །བི་ཛ་ཡནྟུ།། | |
/ces pa'ang sprul pa'i gter chen mchog gyur bde chen gling pa'i e waM chos kyi sgar chen 'gyur med gling du nyer mkhor gyur pas/_rig 'dzin mchog gi sku gsung thugs kyi sras mchog sprul o rgyan stobs rgyal dang*/_dbu mdzad pad+ma bkra shis lhan rgyas nas gsung bskul bzhin rig 'dzin rtsal 'chang gsum gyi chos rgyud du skyes pa'i 'gyur med theg mchog bstan pa'i rgyal mtshan gyis bris pas zab gsang mchog gi bstan pa'i dpal yon phyogs dus gnas skabs kun tu dar zhing rgyas pa'i rten 'byung du gyur cig__/sarba dA mang+ga lam/_/bi dza yan+tu// |