DKR-KABUM-06-CHA-013: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་བ་གསུམ་གྱི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པའི་ཁོག་ཕུབ་གྲུབ་གཉིས་འདོད་དགུའི་རོལ་མཚོ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 6: . Delhi: Shechen Publications, 1994. | |fulltitle=klong chen snying gi thig le'i rtsa ba gsum gyi spros bcas sgrub mchod rgyas pa'i khog phub grub gnyis 'dod dgu'i rol mtsho | ||
|citation=[[Khyentse, Dilgo]]. ''Klong chen snying gi thig le'i rtsa ba gsum gyi spros bcas sgrub mchod rgyas pa'i khog phub grub gnyis 'dod dgu'i rol mtsho''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 6: 60-110. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre= | |sourcerevealer='jigs med gling pa | ||
|sourcerevealertib=འཇིགས་མེད་གླིང་པ་ | |||
|tibgenre=Offering Rituals - mchod sbyin, Structural Arrangement for Ritual Practice - sgrub khog | |||
|terma=Yes | |terma=Yes | ||
|dkroutline=Three | |dkroutline=Three | ||
|cycle=klong chen snying gi thig le | |||
|cycletib=ཀློང་ཆེན་སྙིང་གི་ཐིག་ལེ་ | |||
|language=Tibetan | |language=Tibetan | ||
|volumenumber=006 | |volumenumber=006 | ||
Line 17: | Line 22: | ||
|volyigtib=ཆ་ | |volyigtib=ཆ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=013 | |||
|pagenumbers=60-110 | |||
|totalpages=101 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=51a3 | ||
|totalfolios=51 | |||
|multivolumework=No | |||
|rectonotes=sgrub khog | |||
|versonotes=klong chen snying thig | |||
|colophontib=།ཅེས་ཀློང་ཆེན་སྙིང་གི་ཐིག་ལེའི་ཐུགས་སྒྲུབ་དཔལ་ཆེན་འདུས་པ་གཙོ་བོར་གྱུར་པའི་རྩ་གསུམ་སྤྱི་བྱེ་བྲག་གང་ལའང་སྦྱར་དུ་རུང་བའི་སྒྲུབ་ཁོག་འཇུག་བདེ་ཁྲིགས་སུ་བསྡེབས་པ་འདིའང༌། ཀུན་མཁྱེན་མཆོག་གི་རྡོ་རྗེའི་གསུང་སྒྲུབ་ཁོག་རིན་པོ་ཆེའི་ཟ་མ་ཏོག་སྐུ་ན་སྨིན་པའི་སྐབས་སུ་མཛད་པས་ལས་འགྲིགས་ཀྱི་ཟིན་ཐོ་ཙམ་ལས་མི་བཞུགས་པས་རང་གཞན་ལམ་འདིར་འཇུག་འདོད་ཀུན་ལ་ཕན་པའི་ལྷག་བསམ་གྱིས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ཆོས་རྒྱལ་སྡེ་དགེའི་རྒྱལ་ཁབ་ཀྱི་དབང་ཕྱོགས་ལྡན་ལྗོངས་གཡུ་ལོ་བཀོད་པའི་དགའ་ཚལ་གྱི་བྱེ་བྲག །གསེར་ཆུ་འབྲི་ཀླུང་གི་དལ་འབབ་ཀྱི་གཡས་ཟུར་གོ་ཐི་བཀྲ་ཤིས་དཔལ་འབར་གླིང་གི་དབེན་པའི་གནས་ཀུན་མཁྱེན་བླ་མ་འཇམ་པའི་རྡོ་རྗེ་མི་ཕམ་རིན་པོ་ཆེ་འོད་གསལ་གདོད་མའི་ནང་དབྱིངས་སུ་བྱང་ཆུབ་པའི་མཛད་པ་བསྟན་པའི་གནས་མཆོག་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་བསྙེན་མཚམས་ལ་གནས་པའི་སྐབས་བྲིས་པ་ལ་ཡི་གེ་བ་ནི་མདོ་སྨད་རིག་པའི་འབྱུང་གནས་ཀྱི་སྔགས་བན་འཇིགས་མེད་སྐལ་བཟང་རྡོ་རྗེ་དབང་དྲག་ནུས་ལྡན་རྩལ་གྱིས་བགྱིས་པ་འདིས་ཀྱང་འགྲོ་ཀུན་དངོས་གྲུབ་མཆོག་གི་སྣང་བ་ལ་དགའ་མགུར་རྩེན་པས་རིག་འཛིན་རྣམ་པ་བཞིའི་གསེང་ལམ་ཉི་ཟླའི་བགྲོད་པ་ལས་མྱུར་བས་སྐུ་བཞིའི་གྲོང་ཁྱེར་མཆོག་ཏུ་རྟེན་འདིར་སྤྱོད་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་དཱ་ཤྲཱི་ཡེ་བྷ་ཝཱ་ཏུ། | |||
|colophonwylie=/ces klong chen snying gi thig le'i thugs sgrub dpal chen 'dus pa gtso bor gyur pa'i rtsa gsum spyi bye brag gang la'ang sbyar du rung ba'i sgrub khog 'jug bde khrigs su bsdebs pa 'di'ang*/_kun mkhyen mchog gi rdo rje'i gsung sgrub khog rin po che'i za ma tog sku na smin pa'i skabs su mdzad pas las 'grigs kyi zin tho tsam las mi bzhugs pas rang gzhan lam 'dir 'jug 'dod kun la phan pa'i lhag bsam gyis 'jigs med mkhyen brtse'i 'od zer rang byung 'od gsal rdo rje thugs mchog rtsal gyis chos rgyal sde dge'i rgyal khab kyi dbang phyogs ldan ljongs g.yu lo bkod pa'i dga' tshal gyi bye brag_/gser chu 'bri klung gi dal 'bab kyi g.yas zur go thi bkra shis dpal 'bar gling gi dben pa'i gnas kun mkhyen bla ma 'jam pa'i rdo rje mi pham rin po che 'od gsal gdod ma'i nang dbyings su byang chub pa'i mdzad pa bstan pa'i gnas mchog dpal 'khor lo sdom pa'i pho brang du bsnyen mtshams la gnas pa'i skabs bris pa la yi ge ba ni mdo smad rig pa'i 'byung gnas kyi sngags ban 'jigs med skal bzang rdo rje dbang drag nus ldan rtsal gyis bgyis pa 'dis kyang 'gro kun dngos grub mchog gi snang ba la dga' mgur rtsen pas rig 'dzin rnam pa bzhi'i gseng lam nyi zla'i bgrod pa las myur bas sku bzhi'i grong khyer mchog tu rten 'dir spyod pa'i rgyu kho nar gyur cig_/sarba dA shrI ye b+ha wA tu/ | |||
|pdflink=File:DKR-KABUM-06-CHA-013.pdf | |pdflink=File:DKR-KABUM-06-CHA-013.pdf | ||
}} | }} | ||
Line 26: | Line 40: | ||
{{TibP|༄༅། ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་བ་གསུམ་གྱི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པའི་ཁོག་ཕུབ་གྲུབ་གཉིས་འདོད་དགུའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་བ་གསུམ་གྱི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པའི་ཁོག་ཕུབ་གྲུབ་གཉིས་འདོད་དགུའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ།། | ||
༄༅། །མཆོག་གི་གསང་གསུམ་མི་ཟད་རྒྱན་འཁོར་ལོ། །ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ཁྱབ་བདག་ཏུ། །ཡོངས་ཤར་པདྨ་ལས་གྲོལ་བླ་མ་རྗེར། །འདུད་དོ་གྲུབ་གཉིས་འདོད་དགུའི་དགའ་སྟོན་སྩོལ། །རབ་འབྱམས་རྒྱུད་སྡེའི་གསང་བའི་མཛོད། །གཅིག་འདུས་གུ་རུའི་ཐུགས་ཀྱི་ཏིཀ །མངའ་བདག་ཁུ་དབོན་ཆོས་སྐལ་གྱི། །ཉིང་ཁུའི་གསང་ལམ་འདི་ན་དབྱེ། །བཀའ་གཏེར་མན་ངག་གི་སྒྲུབ་པ་བཀའ་བརྒྱད་ཀྱི་བྱིན་རླབས་དོན་གྱི་བརྒྱུད་པ་ཐམས་ཅད་གཅིག་ཏུ་འདུས་ཤིང་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཅུད་དྲིལ་ཀློང་ཆེན་སྙིང་གི་ཐིག་ལེའི་ཡི་དམ་ཐུགས་སྒྲུབ་ཀུན་གྱི་རྩ་བ་བླ་མ་དྲག་པོ་དཔལ་ཆེན་འདུས་པའི་སྤྲོས་བཅས་སྒྲུབ་ཆེན་གྱི་རིམ་པ་ཉམས་སུ་བསྟར་བའི་ཚུལ་འདུས་གསལ་དུ་འཆད་པ་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང༌། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲངས་བ། རྗེས་ལས་ཀྱི་རིམ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། སྟོན་པ་གནས་དང་འཁོར་དང་དུས༔ ཡོ་བྱད་ལ་སོགས་གཞིར་ལྡན་པས༔ ཞེས་གསུངས་པ་ལྟར་བཞིའམ་སྒྲུབ་པའི་ཐབས་བཀའ་གཏེར་རྒྱུད་ལུང་མན་ངག་གི་ཁུངས་དང་ལྡན་ཞིང་བརྒྱུད་པ་སེལ་མེད་པ་ཉིད་བསྣན་པས་ལྔར་བཤད་པ་རྣམས་གསང་བ་སྤྱི་དང་མཐུན་པ་ཚོགས་པས་གཞི་བཟུང་ནས། གཉིས་པ་སྒྲུབ་པའི་གཞུང་བསྲང་བ་ལ་གཉིས། སྔོན་འགྲོ། དངོས་གཞིའི་ལས་རིམ་མོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་དཔུང་བསྐྱེད་པ་དང༌། ས་ཡི་ཆོ་ག་བྱ་བའོ། །དང་པོ་ནི། བསོད་ནམས་ཀྱི་དཔུང་བསྐྱེད་ཕྱིར་སཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན་པ། བསྐང་བཤགས། ཞི་བའི་སྦྱིན་སྲེག །མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར། གཟུངས་མདོ་སྒྲོགས་པ། ཁྱད་པར་ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་སྒྲུབ་གནས་ཀྱི་ཤར་དུ་ཤེར་ཕྱིན། བདུད་འཇོམས་ཕྱིར་ལྷོར་སྟོབས་པོ་ཆེ། རྒྱུ་འབྲས་གོ་ཕྱིར་ནུབ་ཏུ་ལང་ཀར་གཤེགས་པ། བར་ཆད་ཞི་ཕྱིར་བྱང་དུ་ཏོག་གཟུངས་དང་གྲྭ་ལྔ་བཀླག་པ་རྣམས་ཅི་འགྲུབ་བྱ་དགོས་སོ། །གཉིས་པ་ས་ཆོག་ལ། ས་བརྟགས་པ། སྣང་བ་མི་ལས་བསླང་བ་རྣམས་སྒྲུབ་གནས་རྙིང་པར་མི་དགོས་པས། མི་སྣང་བ་ལས་བསླང་བ་ལ། ས་ལྷ་དང༌། གཉུག་མར་གནས་པ་གཉིས་ལས། དང་པོ་ནི། གང་དུ་དཀྱིལ་འཁོར་བྱ་བའི་གནས་ཁང་གཙང་ཞིང་མཛེས་པར་བརྒྱན་པའི་གུང་དུ་སྟེགས་ཇི་ལྟར་རིགས་པ་ཁེབ་ལྡན་བང་རིམ་ཅན་གྱི་དང་པོའི་དབུས་སུ་འབྲུ་ཚོམ་གྱི་སྟེང་བདག་བསྐྱེད་དཔལ་ཆེན་འདུས་པའི་རྩ་གཏོར་གཞུང་མཐུན། གཡས་གཡོན་དུ་སྨན་རཀ །སྟེགས་གཉིས་པར་གཡོན་ནས་བརྩམས་པའི་ཆུ་གཉིས་ཉེར་སྤྱོད་དང༌། དཀྱིལ་འཁོར་གྱི་སྟེགས་བུའི་དབུས་འབྲུའི་ཚོམ་བུ་བཀོད་པའི་སྟེང་མཉྫིའི་ཁར་ས་ལྷའི་གཏོར་མ་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་ཆེ་ཆུང་གཉིས་དང༌། མདུན་དུ་གསེར་སྐྱེམས་དང་བཅས་པའི་མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་གཡས་སུ་བསྐོར། གཞན་ཡང་ཉེར་མཁོའི་ཡོ་བྱད་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་དཔལ་ཆེན་ཕྱག་རྒྱ་གཅིག་པ་ནི། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས་བཅས་སྔོན་དུ་འགྲོ་བས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ ཞེས་སོགས་ལན་གསུམ་གྱིས་ཚོགས་བསགས། ཧཱུྃ༔ རང་བྱུང་རིག་པ་དེ་བཞིན་ཉིད༔ རོལ་རྩལ་ཀུན་སྣང་སྙིང་རྗེའི་གདངས༔ རྒྱུ་ཡི་ཧཱུྃ་གིས་སྣོད་བཅུད་སྦྱངས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཕྱི་རོལ་རྡོ་རྗེའི་སྲུང་འཁོར་དང༔ དྲག་པོའི་གཞལ་ཡས་མཚན་རྫོགས་དབུས༔ བྱོལ་སོང་དྲེགས་པ་པད་ཉིའི་གདན༔ དེ་སྟེང་ཧཱུྃ་བབས་ཡོངས་གྱུར་ལས༔ རྡོ་རྗེ་སྔོན་པོ་རྩེ་ལྔ་པ༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ ཆེ་མཆོག་བཛྲ་ཐོད་ཕྲེང་རྩལ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ རྒྱལ་འགོང་བདུད་བཞིའི་དཔྱི་ནས་བརྫིས༔ གཡས་དཀར་དགོད་ཅིང་གཤེ་བའི་ཞལ༔ གཡོན་དམར་ཨམ་གཙིགས་འཇིགས་པར་སྟོན༔ དབུས་མཐིང་རྔམས་བརྗིད་ཁྲོ་བོའི་ཞལ༔ སྐུ་མཆོག་རིགས་ལྔ་དབུ་ལ་རྫོགས༔ རྡོ་རྗེའི་བྱ་ཁྱུང་སྤྱི་བོར་ལྡིང༔ སྤྱན་དགུ་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་ཀྱི་དང་པོ་རྡོ་རྗེ་དང༔ བར་པ་ཁ་ཊྭཱཾ་ཐ་མ་མེ༔ གཡོན་གྱི་དང་པོ་བྷནྡྷ་དམར༔ བར་པ་ཐོང་གཤོལ་ཐ་མ་ན༔ ལྕགས་ཀྱི་སྡིག་པ་མགོ་དགུ་བསྣམས༔ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔ གནམ་ཞལ་ཡུམ་མཆོག་ཀུན་བཟང་སྦྱོར༔ གཡས་པ་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ སྐུ་མདོག་སྔོན་མོ་རྒྱན་དང་ལྡན༔ བསྐལ་པའི་མེ་ཕུང་འབར་བའི་ཀློང༔ དགའ་བཞི་བདེ་བ་ཆེན་པོར་བཞུགས༔ དཔལ་ཆེན་ཡབ་ཡུམ་སྦྱོར་མཚམས་ནས༔ མཐིང་ནག་ཧཱུྃ་གི་ཡི་གེ་སྤྲོས༔ རྡོ་རྗེའི་སྐུ་ཡི་གནས་རྣམས་སུ༔ ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཆེན་སྔགས་ཀྱི་སྒྲ་བསྒྲགས་པས༔ ཁྲོ་རྒྱལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བསྐལ་པའི་མེ་ལྟར་འབར་ཀློང་ནས༔ རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤར༔ སྤྱི་བོར་འཇམ་དཔལ་གཤིན་རྗེ་སེར༔ བེ་ཅོན་གཡས་ལ་སྡིག་མཛུབ་གཡོན༔ མགྲིན་པར་དབང་ཆེན་རྟ་མགྲིན་དམར༔ རལ་གྲི་གཡས་ལ་པདྨ་གཡོན༔ ཐུགས་ཀར་བཛྲ་ཧེ་རུ་མཐིང༔ རྡོ་རྗེ་གཡས་ལ་དུང་ཁྲག་གཡོན༔ ལྟེ་བར་རྡོ་རྗེ་གཞོན་ནུ་ལྗང༔ ཕྱག་གཉིས་རྡོ་རྗེ་ཕུར་བུ་འདྲིལ༔ གསང་བར་བླ་མེད་ཧེ་རུ་ཀ༔ མཐིང་ནག་བྱ་ཁྱུང་ཞིང་དབྱུག་ཐོགས༔ སྤྱི་གཙུག་རིག་འཛིན་རྡོ་རྗེ་དཀར༔ ཐོད་དབྱུག་གཡས་ལ་དྲིལ་བུ་གཡོན༔ བརླ་གཡས་དྲེགས་པ་ཀུན་འདུལ་མཐིང༔ ཐོ་བ་གཡས་ལ་མདུང་ཐུང་གཡོན༔ བརླ་གཡོན་སྟོབས་ལྡན་ནག་པོ་ཆེ༔ ལྕགས་ཀྱུ་གཡས་ལ་སྦྲུལ་ཞགས་གཡོན༔ ཀུན་ཀྱང་རིགས་བཞིའི་འཁོར་དང་བཅས༔ ཞབས་ཀྱིས་ལྷ་ཆེན་ཕོ་མོ་བརྫིས༔ ཆོས་ཉིད་མི་འགྱུར་ཡུམ་རྣམས་མཐིང༔ གྲི་གུག་ཐོད་འཛིན་ཡབ་ལ་འཁྱུད༔ ཡན་ལག་སྒོ་བ་རིགས་བཞི་ནི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཚོམ་བུ་དགུ་ཡི་གཙོ་མཆོག་ལས༔ བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཀུན༔ ཉི་ལས་འོད་ཟེར་བཞིན་དུ་ཤར༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར༔ ཅེས་རྡོ་རྗེའི་ལུས་ལ་གདོད་ནས་གྲུབ་པའི་གཉུག་མའི་ལྷ་སྔགས་ཀྱི་རྐྱེན་གྱིས་སད་པས་གཙོ་བོ་རྣམས་ཞལ་ཕྱག་ཡོངས་རྫོགས་དང་འཁོར་རྣམས་མོས་བསྐྱེད་ཀྱི་ཚུལ་དུ་གསལ་གདབ། དང་པོ་བསྙེན་པ་ནི། བདག་ཉིད་ཆེ་མཆོག་ཡབ་ཡུམ་གྱི༔ ཐུགས་མཆོག་འོད་ཀྱི་དྲྭབའི་ཀློང༔ གསལ་སྟོང་ཟུང་འཇུག་ཉི་ཟླའི་སྟེང༔ ཀུན་བཟང་ཡབ་ཡུམ་ཞལ་སྦྱོར་ལ༔ རྡོ་རྗེའི་སྐྱིལ་ཀྲུང་མཉམ་བཞག་ཅན༔ ཐུགས་ཀར་བདེ་གཤེགས་ཀུན་གྱི་སྲོག༔ ཡི་གེ་འབྲུ་གསུམ་བརྩེགས་མར་གསལ༔ དེ་ལས་འོད་འཕྲོས་སྣང་སྲིད་ཀུན༔ ཡེ་ཤེས་ལྔ་རུ་སངས་རྒྱས་གྱུར༔ འཁོར་འདས་རོ་གཅིག་ལྟ་བའི་ངང༔ ཨོཾ་ཨཱཿཧཱུྃ༔ ཞེས་ཡིད་བཟླས་སམ་ཤུབ་བུར་བཟླ། གཉིས་པ་སྒྲུབ་པ་ནི། ཡེ་ཤེས་རྒྱལ་པོ་སྟང་དཔྱལ་གྱི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ གསེར་གྱི་རྡོ་རྗེ་རྭ་དགུ་པའི༔ དབུས་རར་ཏིང་འཛིན་སེམས་དཔའ་ཧཱུྃ༔ རྭ་བརྒྱད་མདུན་ནས་རིམ་པ་བཞིན༔ ཐོག་མཐའ་གཉིས་དང་གྲོང་ཁྱེར་དྲུག༔ ཀུན་ཀྱང་ཐུགས་ཀའི་ཧཱུྃ་ལ་བལྟ༔ ཤིན་ཏུ་ཕྲ་ཞིང་འོད་ཟེར་འབར༔ ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃ༔ ལྷ་ལ་གསལ་སྣང་ཐོན་པ་དང་༔ འཕྲོ་འདུའི་གཟེར་ལ་ལྡེ་ཁ་བསྒྱུར༔ རང་རང་སྔགས་ཀྱི་ཡིག་འབྲུ་ལས༔ སྔགས་ཕྲེང་ལུ་གུ་རྒྱུད་དུ་ཐོན༔ ཡབ་ནས་ཡུམ་གྱི་ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་ནས༔ རྡོ་རྗེ་ནོར་བུའི་ལམ་ཞུགས་ཏེ༔ ཐུགས་སྲོག་ཧཱུྃ་ལ་ཐིམ་ཞིང་འཁོར༔ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་དངོས་གྲུབ་དབྱིག༔ ཐམས་ཅད་བསྡུས་ནས་རང་ལ་བསྟིམས༔ སླར་འཕྲོས་འགྲོ་བའི་ལས་ཉོན་སྦྱངས༔ ཞེས་དམིགས་ཤིང་བཟླ། སྤྲོ་ན་ཧཱུྃ་བཟླས་ཀྱང་བྱ། གསུམ་པ་སྒྲུབ་པ་ཆེན་པོ་ཁྲོ་བོ་སྤྱི་དྲིལ་གྱི་སྔགས་བཟླ་བར་སྤྲོ་ན། སྐུའི་གནས་ཀྱི་ལྷ་སོ་སོར་སྔགས་ཕྲེང་དོ་ལིའི་དམིགས་པ་དང༌། ལྷ་ཚོགས་ཀུན་ཀྱང་སྤྱི་དྲིལ་སྔགས༔ འུར་ཆེམ་འབྲུག་གི་སྒྲ་བཞིན་སྒྲོགས༔ ལྔ་ལྡན་འོད་ཀྱིས་སྟོང་གསུམ་གང༔ ནད་གདོན་ཞི་ཞིང་ཚེ་དཔལ་རྒྱས༔ ཁམས་གསུམ་དབང་འདུས་དམིགས་བྱ་བསྒྲལ༔ རིག་འཛིན་བཞི་ཡི་གནས་ཐོབ་གྱུར༔ ཅེས་བརྗོད་ཅིང་དམིགས་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ ཅེས་ཅི་ནུས་བཟླས་མཐར། རྟེན་དང་བརྟེན་པའི་སྣང་ཆ་ཀུན༔ འོད་གསལ་གདོད་མའི་གཤིས་སུ་ཐིམ༔ སླར་ཡང་ཟུང་འཇུག་སྒྱུ་མའི་སྐུའི༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ བཛྲ་རཀྵ་ཧཱུྃ༔ ཞེས་པས་ཐུན་མཚམས་ཧེ་རུ་ཀའི་སྐུར་ལྡངས་ལ། བདག་ཉིད་ཡི་དམ་གྱི་སྐུར་གསལ་བས་སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བཾ་ལས། སའི་ལྷ་མོ་གསེར་བཙོ་མའི་མདོག་ཅན་བུམ་པ་བསྣམས་པ་བསྐྱེད་ནས། ཨོཾ་པྲི་ཐཱི་དེ་ཝི་ས་མ་ཡ་ཛཿཛཿ ཞེས་བརྗོད་པས་སའི་ལྷ་མོ་ལ་ཀླུ་གཉན་ས་བདག་གིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། མཆོད་པ་རྣམས་ཨ་མྲྀ་ཏས་བསངས། རྃ་ཡྃ་ཁྃ་གིས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྟ་པཱུ་ཛ་ས་མ་ཡ་ཧཱུྃ། ཞེས་དང༌། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ། ལན་གསུམ་རྒྱ་དང་བཅས་པས་བརླབ། ཨོཾ་པྲི་ཐཱི་དེ་ཝི་ས་པ་རི་ཝ་ར་ཨརྒྷཾ་པུཥྤེ་སོགས་བཏགས་པས་ཉེར་སྤྱོད་དང༌། རྡོར་ཐལ་ཕྱེ་བས། ཨོཾ་པྲི་ཐཱི་དེ་ཝི་ས་པ་རི་ཝཱ་ར་ཨ་ཀཱ་རོས་གཏོར་མ་བསྔོ། སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱེད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །དེ་ཕྱིར་ས་འདི་གནང་བར་མཛོད། །ཅེས་བརྗོད་པས་དེས་ཀྱང་རྡོ་རྗེ་འཛིན་པ་ཁྱེད་ཅི་དགའ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་པར་བསམ་ལ། གཏོར་མ་ཕུལ་ལ་བཛྲ་མུཾ་གྱིས་རང་གནས་སུ་བཏང་ངོ༌། གཉིས་པ་ནི། སྤྲོ་ན་གཉུག་མར་གནས་པ་ལ་ཆ་གསུམ་དང༌། བསྡུ་ན་གཏོར་མ་དང་གསེར་སྐྱེམས། རྃ་ཡྃ་ཁྃ་གིས་བསངས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་གསུམ་གྱིས་གཏོར་མ་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ་ལ་གཏོར་མ་དང་གསེར་སྐྱེམས་ཕྱི་རོལ་དུ་འབུལ། མཆོད་པ་རྣམས་བསྡུའོ། །གསུམ་པ་དབང་དུ་བྱ་བ་ནི། སྟེགས་བུའི་མདུན་ནས་ཙནྡན་ནམ་སེང་ལྡིང་གི་ཕུར་བུ་སློབ་དཔོན་གྱིས་བཟུང་ལ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུར་གྱུར་པར་བསམ་ཏེ་ཕུར་བུ་ས་ལ་གདབ་པའམ་བཀོད་ནས། ཧཱུྃ་པདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ྄། ཅེས་བཏབ་ཏེ་ལན་བདུན་བཟླས་པས། ཕུར་བུ་ལས་འཕྲོས་པའི་འོད་ཟེར་དམར་པོས་ས་གཞི་ཁྱབ་ཅིང་དབང་དུ་གྱུར་པར་བསམ་མོ། །བཞི་པ་སྦྱང་བ་ནི། ལག་པ་གཡས་པའི་སོར་མོ་ལྔ་ཕྲལ་བ་རྡོ་རྗེ་རྩེ་ལྔ་པར་བསམ་ལ་ཤར་དང་བྱང་ཅུང་ཟད་གཞོལ་བའི་སྟེང་གི་ཁོར་ཡུག་ཏུ་བསྐོར་ཞིང་ས་ལའང་བཞག་ནས། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཅེས་བརྗོད་ཅིང་རྡོ་རྗེ་ལས་བྱུང་བའི་འོད་ཟེར་གྱིས་སྣོད་བཅུད་དུ་འཛིན་པ་སྦྱངས། ཨོཾ་བྷུ་ཁཾ་ཞེས་བརྗོད་པས་ས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར་པར་བསྒོམས། ཅུང་ཟད་སྤྲོ་ན་བཟུང་བ་ནི། སེང་ལྡིང་ཕུར་པ་མགུལ་དུ་ཡུངས་ཀར་གྱི་ཐུམ་བུ་དང་དར་སྣའི་ཅོད་པན་ཅན་བཅུ་འབྲུའི་སྣོད་དུ་བཙུགས་པ་སློབ་དཔོན་སྟེགས་བུའི་དབུས་ནས་ཞལ་ཤར་དུ་ཕྱོགས་པའི་མདུན་དང༌། ཕུར་སྟེགས་ཨེ་བཅུ་རྣམས་ཕྱོགས་བཅུར་བཀོད། བདག་གི་ཐུགས་ཀ་ནས་ཧཱུྃ་འཕྲོས། ཨོཾ་ཊཱ་ཀི་རཱ་ཛ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ྄། ཅེས་བརྗོད་པས་ཁྲོ་བོ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་སྤྲོས། ཕྱོགས་སྐྱོང་བཅུ་བཀུག་ནས་ཐོ་བས་བསྣུན་ཏེ་གཟིར། ཨེ་བཅུར་བཀོད་པར་གྱུར། ཡང་རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་སྤྲོས་པ་ལས་ཕུར་བུ་རྣམས་ཁྲོ་བོ་བཅུ་སྐུ་སྨད་ཕུར་བུའི་དབལ་ཅན་ཏུ་གྱུར། ཧཱུྃ་བཅུ་བརྗོད། ཕྱོགས་བཅུའི་བགེགས་རྣམས་ཀྱི་སྙིང་གར་བཏབ་པར་གྱུར། སློབ་དཔོན་གྱི་ཕྱག་གཡས་ཐོ་བ་དང༌། གཡོན་པས་སྟེང་གི་ཁྲོ་བོའི་ཕུར་པ་སོགས་རིམ་བཞིན་ཐོགས་ལ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ྄། ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཾ་ཧཱུྃ་ཕཊ྄། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཱཾ་ཧཱུྃ་ཕཊ྄། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ དེས་འགྲེས་ཏེ་ཁྲོ་བཅུའི་སྙིང་པོ་སོ་སོར་ལས་སྔགས་བཏགས་པ་བརྗོད་ཅིང་འབར་བའི་སྟངས་སྟབས་དང་བཅས་སྟེང་གི་ཕུར་བུ་ཤར་གྱི་ཤར་དང༌། ཕྱོགས་བཞི་ཤར་ནས་གཡས་སྐོར་དང༌། མཚམས་བཞི་བྱང་ཤར་ནས་གཡོན་བསྐོར་དང༌། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་ཅིང༌། ཕྱོགས་བཅུར་ཕུར་བུ་བཏབ་པས་དེ་ལས་བྱུང་བའི་ཡེ་ཤེས་ཀྱི་མེ་དཔུང་ཕྱོགས་ཐམས་ཅད་དུ་ཁྱབ་པར་འབར་བས་བགེགས་རྣམས་བསྲེགས་ཤིང་མི་གནས་པར་གྱུར་པར་བསམ། བསྡུས་པའི་སྐབས། བགེགས་གཏོར་བྱིན་བརླབས་བཀུག་ཅིང་སྔགས་ཀྱིས་བསྔོ། ཧཱུྃ། ང་ནི་སྤྱི་དཔལ་ཆེན་པོ་སྟེ་སོགས་ལས་བྱང་ལྟར་བཀའ་བསྒོ་ཞིང༌། ཧཱུྃ། བདག་ཉིད་ཞེ་སྡང་རྡོ་རྗེ་ཡི་སོགས་ཀྱིས་མཚམས་བཅད་བསྲུང་འཁོར་བསྒོམས་པས་ཀྱང་རུང་བར་གསུངས། ཕུར་གདབ་རྒྱས་པ་བྱས་ན་བགེགས་གཏོར་བཏང་བ་འདི་མི་དགོས། རྒྱས་བསྡུས་གང་གི་སྐབས་སུ་ཡང༌། རང་ཉིད་ཡི་དམ་དུ་གསལ་བའི་མིག་གཉིས་ཉི་ཟླ་མིག་འབྲས་ཧཱུྃ་ལས་མེ་དཔུང་འབར་བས་བགེགས་དང་ལོག་པར་འདྲེན་པའི་ཚོགས་ལ་གཟིར་བས་རྣམ་སྨིན་གྱི་ལུས་བསྲེགས་ཤིང་སེམས་ཆོས་ཉིད་ཀྱི་ངང་དུ་ར་རོས་པར་བསམས་ལ་རྐང་པ་རྡོ་རྗེའི་འགྲོས་ཀྱིས་བསྐོར་ཞིང༌། ཨོཾ་སཱུརྻ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ྄། ཅེས་བརྗོད་ཅིང་སྤྲོ་ན་ཆས་སུ་ཞུགས་ཏེ་རྐང་པ་བྱིན་གྱིས་བརླབས་ནས་གར་གྱི་གཞི་བཅའ་བ་སྔོན་དུ་བཏང་སྟེ་ཁྲོ་བོ་བཅུའི་སྟངས་སྟབས་ཕུར་པ་རྒྱུད་ལུགས་ལས་འབྱུང་བ་ལྟར་བྱའོ། །ཕྱི་བཤགས་སྐབས་འདིར་གསུངས་ཀྱང་འགྲུབ་སླ་བའི་ཕྱིར་གོང་དུ་བསྟན་ཟིན་ཅིང༌། འདི་ནས་བརྩམས་སྒྲུབ་པ་མ་གྲོལ་བར་དྲི་མེད་བཤགས་རྒྱུད་ནར་མར་བཀླག་མཁན་བཞག །རྩ་བའི་གཉིས་པ་དངོས་གཞི་ལ་གསུམ། ཡེ་ཤེས་ཀྱི་ལྷ་བསྙེན་པ་དང༌། ཉེ་བར་བསྙེན་པའི་རིམ་པ། ལྷ་དང་དབྱེར་མེད་དུ་བྱེད་པ་སྒྲུབ་པའི་རིམ་པ། གྲུབ་ནས་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོའི་རིམ་པའོ། །དང་པོ་ལ་བཅུ་ལས། ཐོག་མར་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱོགས་བཞིར་གོམ་པ་བདུན་ཅུ་རྩ་བཞིའི་སར་ཐོ་བཞི་ལ་རྒྱལ་ཆེན་སོ་སོའི་སྐུ་རྟེན་རྒྱལ་མཚན་དང་བཅས་པ་བཙུགས་པའི་མདུན་དུ་སྟེགས་ཁེབས་ལྡན་གྱི་ཁར་མེ་ཏོག་གི་ཚོམ་བུའི་སྟེང་དུ་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་ཀྱུ་རིལ་བུས་མཚན་པ་རེ་དང༌། དེའི་མདུན་དུ་གཡོན་ནས་བརྩམས་པའི་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པ་བཤམས་ལ། སློབ་དཔོན་འདུས་པ་བཅས་རོལ་ཆ་དང་སེར་སྦྲེང་གིས་ཤར་དུ་འཁོད་ལ། ཤར་གྱི་མཆོད་གཏོར། ཨ་མྲྀ་ཏས་བསངས། རྃ་ཡྃ་ཁྃ་གིས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་ནས་ཤཔྟ་པཱུ་ཛ་ས་མ་ཡ་ཧཱུྃ༔ གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་གིས་བརླབས། ཐོ་སྐུ་རྟེན་དང་བཅས་པ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་རྟེན་ལ་བསྟིམས། ཨོཾ་དྷྲྀཥྚ་རཱཥྚ་ཧཱུྃ་ཛཿ ལན་ཉེར་གཅིག་མཐར། ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྡོར་ཐལ་ཕྱེ་རྒྱས་སྙིང་པོའི་མཐར། ཨ་ཀཱ་རོས་གཏོར་མ་ཕུལ་ལ། ཧཱུྃ། རི་རབ་གླིང་བཞིའི་ཤར་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་ཡུལ་འཁོར་སྲུང༌། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །དྲི་ཟའི་གདོན་རྣམས་མཚམས་ཆོད་ཅིག །ཅེས་ཕྲིན་ལས་བཅོལ། སྲུང་བའི་ལས་མཛད་པར་བསམ་ཞིང༌། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་ལྷོ་ཡི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབས། ཐོ་བསང་སྦྱངས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོས་བསྟིམས། ཨོཾ་བཻ་རཱུ་ཌྷ་ཀ་ཧཱུྃ་ཛཿ ལན་ཉེར་གཅིག་དང༌། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། ཨ་ཀཱ་རོ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་འཕགས་སྐྱེས་པོ། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །གྲུལ་བུམ་གདོན་རྣམས་མཚམས་ཆོད་ཅིག །ཅེས་དང༌། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་ནུབ་ཀྱི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབས། ཐོ་བསང་སྦྱངས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམས། ཨོཾ་བཻ་རཱུ་པཱཀྵ་ཧཱུྃ་ཛཿ ལན་ཉེར་གཅིག་དང༌། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། ཨ་ཀཱ་རོ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། རི་རབ་གླིང་བཞིའི་ནུབ་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་སྤྱན་མི་བཟང༌། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །ཀླུ་དབང་གདོན་རྣམས་མཚམས་ཆོད་ཅིག །ཅེས་དང༌། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་བྱང་གི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབས། ཐོ་བསང་སྦྱངས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམས། ཨོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛཿ ཞེས་ལན་ཉེར་གཅིག་དང༌། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱི་མཆོད། སྙིང་པོའི་མཐར། ཨ་ཀཱ་རོ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། རི་རབ་གླིང་བཞིའི་བྱང་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །གནོད་སྦྱིན་གདོན་རྣམས་མཚམས་ཆོད་ཅིག །ཅེས་དང༌། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་ལ་གཉིས་ཀྱི་དང་པོ་དམ་སྲི་མནན་པ་ནི། སྔགས་ལ་ཞུགས་ནས་སླར་དམ་ལས་ལོག་སྟེ་དམ་ཚིག་ཅན་ལ་གནོད་པའི་འདྲེར་གྱུར་པས་སྔོན་དམ་འདྲེས་ཟིན་པའི་ཕྱིར་མཚམས་གཞན་གྱིས་མི་བཟློག་པས་སྒོ་ཐེམ་ཕྱི་ནང་མཚམས་སུ་མནན་དགོས་པས་དུག་ཤོག་ལ་དམ་སྲིའི་ལིངྒ་སྤྱི་མཐུན་གྱི་སྙིང་གར་ནྲྀའི་མཐར་ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་ཛཿ ཞེས་བྲིས་ལ་དུག་ཁྲག་བྱུགས་པ་བྲུབ་ཁུང་དུ་བཀོད་ནས་བསྐུལ་གསེར་སྐྱེམས་གཟུ་དཔུང་དམིགས་བྱ་འགུགས་ཤིང་བསྟིམ་པ་ཐུན་གྱིས་བྲབས་ནས་མནན་ཐོད་དུ་འཇུག་པ་རྣམས་སྔ་ཉིན་ནས་རྡོ་རྗེ་མཚམས་པ་སོགས་ཀྱིས་གྲུབ་པ་ཡོད་ན་དང་མ་གྲུབ་ན་ལིང་རྐྱང་བྲུབ་ཁུང་དུ་བཅུག་པ་སྒྲུབ་ཁང་གི་སྒོ་དྲུང་དུ་དམ་སྲི་མནན་པའི་སར་སློབ་དཔོན་གྱི་མདུན་དུ་བཀོད་ལ། གསེར་སྐྱེམས། རྃ་ཡྃ་ཁྃ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཞེས་བྱིན་གྱིས་བརླབས་ནས། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་བཀའ་བརྒྱད་ལྷ། །ཁྱད་པར་དཔལ་ཆེན་འདུས་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་ཚེ་རིང་མཆེད་ལྔ་དང༌། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱི། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་ཕུལ། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་བསྒྲུབ་པ་བཀའ་བརྒྱད་བླ་མ་དྲག་པོ་དཔལ་ཆེན་འདུས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུངས་པའི་སེམས་ཅན་ཡ་མ་དམ་སྲི་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དགུག་གཞུག་བྱས་ནས་ཕུར་ཆུང་གཅིག་མི་གཡོ་བར་བསྐྱེད་པ་སློབ་དཔོན་གྱི་ཕྱག་ཏུ་ཐོགས་ལ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ཅེས་ཚར་གསུམ་གྱིས་གཟི་བྱིན་བསྐྱེད་ནས། ཧཱུྃ། དུར་ཁྲོད་ཆེན་པོའི་གནས་མཆོག་འདིར༔ སྒྲུབ་པའི་བར་ཆད་བྱེད་པའི་བགེགས༔ བཀའ་ལས་འདས་པའི་དམ་སྲི་རྣམས༔ བསད་ཅིང་མནན་པའི་དུས་ལ་བབ༔ ཧཱུྃ་མཛད་ཧཱུྃ་གི་ཁྲོ་བོ་ཨཱརྻ་ཨ་ཙ་ལ༔ སྤྲུལ་པའི་འོད་ཟེར་རྔམས་བརྗིད་དགྲ་བགེགས་འདུལ༔ དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་བཛྲ་ཀཱི་ཡ༔ ཡ་མ་དམ་སྲི་ཐལ་བའི་རྡུལ་དུ་རློག༔ ཨཱརྻ་ཨ་ཙ་ལ་དམ་སྲི་བྷནྡྷ་བྷནྡྷ་མཱ་ར་ཡ་ཧཱུྃ་ཕཊ྄༔ ཞེས་མནན་ཐོད་དམ་ལིང་ག་ལ་སློབ་དཔོན་གྱིས་ཕུར་ཆུང་བཏབ། ཐུན་རྫས་ཀྱིས་བྲབ། ཐོད་པ་མཚན་ངན་དུ་བཅུག་སྟེ་སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་དུ་མནན། རོ་གཡམ་ལ་རི་གླིང་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་པའི་སྟེང་སཱཙྪ་ནག་པོས་མནན་རྗེས། ཐམས་ཅད་ཀྱིས་ཨཱརྻ་ཨ་ཙ་ལའི་སྔགས་བརྗོད་བཞིན་པས་ས་ཆུ་མེ་རྣམས་ཀྱིས་རྒྱས་བཏབ་ནས་མི་མངོན་པར་བྱས་ལ་སློབ་དཔོན་གྱི་རྡོ་རྗེས་རྒྱ་གྲམ་དུ་མནན་ལ། ཧཱུྃ། རི་རབ་ཆེན་པོའི་རྨང་དུ་མནན༔ རྒྱ་མཚོ་ཆེན་པོའི་གཏིང་དུ་སྐྱུར༔ གཤིན་རྗེ་ནག་པོའི་ལག་ཏུ་གཏད༔ ཆུ་སྲིན་གདུག་པའི་ཁ་རུ་བརྫང༔ འཁོར་ལོ་འབར་བའི་ཕྱག་རྒྱས་མནན༔ བདུན་བརྒྱུད་རིགས་ནི་བརླག་པར་འགྱུར༔ ནམ་ཡང་ལྡང་བར་མི་ནུས་སོ༔ བྱང་ཆུབ་སེམས་ནི་སྐྱེས་ན་བཏང༔ ཞེས་བརྗོད་ཅིང་དོན་བསམ་མོ། །དེའི་སྟེང་དུ་དཔོན་སློབ་རྣམས་ཀྱིས་སུཾ་བྷ་ནི་བརྗོད་བཞིན་དུ་ལག་པ་ལུ་གུ་བརྒྱུད་དུ་སྦྲེལ་ནས། ཧཱུྃ། དམ་སྲི་བྱ་བའི་སྡིག་ཅན་ཁྱོད༔ འགྲོ་བ་ཡོངས་ཀྱི་རྒྱུད་ལ་རྒོལ༔ བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་བྲོས༔ མནན་ནོ་སྟོང་ཆེན་འོག་ཏུ་མནན༔ གཏད་དོ་ཆུ་སྲིན་གྲེ་བར་གཏད༔ བསྐྱུར་རོ་གཤིན་རྗེའི་ཁ་རུ་བསྐྱུར༔ བསྲེག་གོ་ཡེ་ཤེས་མེ་ཡིས་བསྲེག༔ བདག་ཏུ་བལྟ་བ་མ་ཞིག་བར༔ བསྐལ་པ་ཞིག་ཀྱང་མི་བཏང་ངོ༔ ཨོཾ་ཨཱཿཧཱུྃ༔ སྟྭཾ་བྷ་ཡ་ལཾ་ནན༔ ཞེས་བྲོ་བརྡུང་ངོ༌། གཉིས་པ་སྒོ་བྱང་གདགས་པ་ནི། ར་སོག་གམ་རོ་རས་ལ་གཤིན་རྗེའི་སྐུ་མངོན་རྟོགས་ལྟར་བྲིས་པའི་རྒྱབ་ཏུ་སྙིང་པོ་དང་འདོད་གསོལ་བཅས་བྲིས་པ་སྒོའི་ཡ་ཐེམ་གྱི་ཕྱི་ངོས་སུ་བཏགས་པའི་མདུན་དུ་གཏོར་མ་གྲུ་གསུམ་དམར་པོ་མཐེབ་རིལ་གྱིས་མཚན་པ་དང༌། ཆུ་གཉིས་ཉེར་སྤྱོད་བཅས་བཤམས་པ་སྔར་ལྟར་བྱིན་གྱིས་བརླབས། སྐུ་རྟེན་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་འཁོར་ལོ་དང་ཐོད་དབྱུག་འཛིན་པ་ཁྲོ་གཏུམ་འཇིགས་པའི་ཆས་ཅན་མ་ཧེ་ལ་དོར་སྟབས་ཀྱིས་གནས་པའོ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དྲངས་བསྟིམས། ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ྄༔ ཅེས་ཉེར་གཅིག་བཟླ། ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ཀྱིས་མཆོད་ལ། རང་སྔགས་ཀྱི་མཐར་བ་ལིཾ་ཏ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་རྡོར་ཐལ་གྱི་རྒྱས་གཏོར་མ་ཕུལ་ནས་ཕྲིན་ལས་གསོལ་བ་ནི། ཧཱུྃ། ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱེད་ཀྱི་གཡོག་དང་འཁོར་ལགས་ན༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ བདག་གིས་འབྲས་བུ་མ་ཐོབ་པར། །སྒོ་འདི་ཚུན་ཆད་མ་གཏོང་ཞིག །ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སྟྭཾ༔ ཞེས་རྟེན་ལ་མེ་ཏོག་འཐོར་ནས་བརྟན་བཞུགས་བྱ། སྒོ་ཐེམ་གྱི་ནང་དུ་བྲུབ་ཁུང་ཞིག་གི་ནང་དུ་ཟན་ལིང་ལ་སེང་ལྡིང་ངམ་སྐྱེར་བའི་ཕུར་བུའི་དབལ་ལ་མི་གཡོ་བའི་སྔགས་དང༌། མགུལ་དུ་རྒྱ་ཤོག་ལ་སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག་ཅེས་བྲིས་ཏེ་བཏགས་ལ་བཏབ། སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག་ཅེས་བརྗོད། འདི་ཉིན་དྲག་པོའི་སྦྱིན་སྲེག་བྱ་དགོས་པས་རྡོ་རྗེ་མཚམས་པས་སྒྲུབ་ཁང་གི་བྱང་ངམ་ཉེ་ལོགས་སུ་བྱ། སྤྲོས་པ་རྒྱས་ན་སྐབས་འདིར་གིང་དཀར་ནག་ཆས་སུ་བཅུག་པས་དྲག་སྔགས་བཟླ་བཞིན་མེ་ཆུའི་ཐུན་དང༌། རྡོ་རྗེ་མཚམས་པ་སློབ་དཔོན་ནས་རྣམ་སྨེའི་ཁྲུས་བྱ། དེ་ཕྱིན་ཐོ་དང་ཐུན་གྱི་འོག་ཏུ་མ་ཚུད་པ་མི་གཏོང༌། འཐུང་ཆུ་སོགས་ཡོ་བྱད་མི་ལེན་ཀ་མེད་ལ་ཐུན་དང་ཁྲུས་ཀྱིས་སྦྱངས། གསུམ་པ་ནང་མཚམས་ལ་དང་པོ་མ་ཏྲཾ་བསྒྲལ་བ་ནི། རྒྱལ་པོ་བཙོན་དུ་བཟུང་ན་འབངས་ཀྱིས་གནོད་པ་བྱེད་མི་ནུས་པ་ལྟར་བགེགས་ཀྱི་རྒྱལ་པོ་རུ་ཏྲ་རྒྱུད་ལས་གསུངས་པ་ལྟ་བུའི་དམ་སྲི་ཆེན་པོ་ད་ལྟའང་ཡོད་པས་ཁོ་རང་དང་བསམ་སྦྱོར་མཐུན་པའི་ལྷ་སྔགས་ཀྱི་གནད་ཀྱིས་དབང་དུ་བྱེད་ཅིང་ཏྲི་ཤུ་ལས་བསྒྲལ། ཁོག་པ་བྲོས་བརྒྱང༌། བདག་མེད་ཀྱི་དུར་ཁྲོད་དུ་བགེགས་འཇུག་པའི་ནུས་པ་མཚམས་བཅད་པའི་ཕྱིར་དཀྱིལ་འཁོར་གྱི་གཞིར་མ་ཏྲཾ་གི་གཟུགས་བརྙན་མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག །སྟེགས་བུའི་ཤར་ངོས་སུ་སློབ་དཔོན་ཞལ་ནུབ་བསྟན་གྱིས་ཕྱག་ཏུ་གཡབ་དར་དང་དྲིལ་བུ་བསྣམས་ནས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ བདག་ཉིད་བཛྲ་ཧེ་རུ་ཀའི་སྐུར་གྱུར་ཞེས་བརྗོད་ཅིང༌། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། མ་ཏྲཾ་ཀ་རུ་ཏྲ་ཛཿ ལན་བདུན་བརྗོད། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་བླ་མ་དྲག་པོ་དཔལ་ཆེན་འདུས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྣམ་པ་མ་ཏྲཾ་རུ་ཏྲ། ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་ཏྲ་ཨཱ་ཀརྴ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བཀུག་སྟེ་གཟུགས་ལ་བསྟིམས་ནས། ལྕགས་ཀྱུའི་ཕྱག་རྒྱ་དང་དང་བཅས། ཧཱུྃ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །དུས་གསུམ་རྒྱལ་བའི་སྐུ་སྤྲུལ་པ། །རིག་འཛིན་ངེས་པ་མང་པོ་ལ། །དངོས་གྲུབ་འཕྲོག་པར་བྱེད་པ་ཡི། །རུ་ཏྲ་རྟག་པའི་རྒྱལ་པོ་འདི། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །སྡུག་བསྔལ་ཉམས་སུ་མྱོང་བར་གྱིས། །མ་ཏྲཾ་ཀ་རུ་ཏྲ་ཛཿ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པས་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་ཨཱ་ཀརྴ་ཛཿ ཏྲི་ཡཾ་ཛཿ ཛཿཧཱུྃ་བཾ་ཧོཿས་བསྟིམས་ལ། ཆོས་དང་གང་ཟག་གི་བདག་ཆད་པར་ལྟ་བ་རྣམས་གཞོམ་པའི་དོན་དང༌། མ་ཏྲཾ་གི་གཟུགས་དེ་ཉིད་སློབ་དཔོན་གྱི་ཞབས་གཡས་པའི་དོར་སྟབས་ཀྱིས་མནན་ལ། སྙིང་རྗེས་ཁྱེད་བསྒྲལ་དམ་ཚིག་གི །གསད་མནན་བྱ་བ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེ་གཏམས་བྱས་ལ། །རྣམ་པར་ཤེས་པ་མྱ་ངན་འདའ། ཧཱུྃ། ཆོས་ལ་ལྟ་དང་གང་ཟག་ལྟ། །རྟག་ཆད་ལྟ་བའི་སྡིག་ཅན་ཁྱེད། །བདག་མེད་སྟོང་པའི་ཐོ་བས་གཞོམ། །འཇིགས་བྱེད་ཆེན་པོའི་ཞབས་ཀྱིས་གནོན། །མ་རིག་སྒོ་ལྔའི་སྦུབས་ལས་དྲལ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ྄། །ཐམས་ཅད་ཀྱི་ལག་གཡས་ཀྱི་སོར་མོ་གསུམ་སྒྲེང་པ་ཁ་ཊྭཱཾ་གའི་རྒྱས་སྙིང་གར་སྣུན་ཚུལ་བྱས་ལ། གཟུགས་ཕུང་ཧྲུལ་གྱིས་ཞིག །མ་རིག་སྒོ་ལྔའི་སྦུབ་དྲལ། རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སངས་པས་ཧཱུྃ་ཡིག་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་གྱུར་པར་བསམ་ཞིང༌། བྲོས་བརྒྱང་བ་ནི། ཧཱུྃ། སྟོང་གསུམ་སྟོང་གི་ལོ་ཀ་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །དྲེགས་པ་བསྣོལ་བའི་གདན་སྟེང་ན། །རྡོ་རྗེ་ཁྲག་འཐུང་བྲོ་རར་ཆས། །ཞལ་གཅིག་ཕྱག་གཉིས་མཐིང་ནག་སྐུ། །རྡོ་རྗེ་དབྱིངས་ཕྱུག་ཡུམ་ལ་འཁྱུད། །རྡོ་རྗེ་ཐོད་ཁྲག་དཀྲུགས་ཤིང་གསོལ། །དུར་ཁྲོད་ཆས་ཀྱིས་ལྷ་སྲིན་འདུལ། །རྡོ་རྗེ་གཤོག་པས་བར་སྣང་བརྒྱངས། །སྤྱན་གསུམ་མར་ཟླུམ་སྟོང་གསུམ་བསྲེགས། །མཆེ་བ་གཙིགས་པས་བདུད་བཞི་འཇོམས། །ལྗགས་དམར་གློག་སྟོང་འཁྱུག་པ་ཡིས། །སྟོང་གསུམ་མ་ལུས་གསལ་བར་བྱེད། །ཧཱུྃ་གི་སྒྲ་ནི་འབྲུག་བཞིན་སྒྲོགས། །བརྐྱང་བསྐུམ་ཞབས་གཉིས་བྲོ་བརྡུངས་པས། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །ཀླུ་ནི་ཡོངས་སུ་བརྔོད་པའི་བྲོ། །བགེགས་རྣམས་མེར་ནི་སྲེག་པའི་བྲོ། །མ་བདུད་ཐལ་བར་རློག་པའི་བྲོ། །དུར་ཁྲོད་འདི་ལ་བྲོ་བརྡུངས་པས། །དམ་ཉམས་གཤེད་ནི་བརླག་པར་འགྱུར། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཕྱོགས་བཞིར་རིགས་བཞིའི་བྲོ་བརྡུངས་པས། །བར་ཆད་བགེགས་ནི་སྦྱང་བར་འགྱུར། །ཁྲོ་བཅུ་རྡོ་རྗེ་འགྲོས་ཀྱིས་བླངས། །དྲག་པོའི་བྱ་བའི་འགྲོས་ཀྱི་བླངས། །བདུད་ཀྱི་སྒོ་ལ་འཇུག་ཐག་བཅད། །ས་ཡི་རྟེན་ཕུར་འོག་ཏུ་དགོད། །རྡོ་རྗེ་རྒྱ་གྲམ་ཐག་པས་དྲགས། །དཀྱིལ་འཁོར་སྟན་དུ་རུ་ཏྲ་བཞིན། །དུར་ཁྲོད་གཞལ་ཡས་ཁང་དུ་བཟུང༌། །སྒྲུབ་པ་བྱེད་པའི་རྫས་སུ་བཟུང༌། །ཐུགས་དམ་སྐོང་བའི་བདུད་རྩིར་བཟུང༌། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཤཱིཾནྟ་སྭཱ་ཧཱ། པིུཾཥྚ་སྭཱ་ཧཱ། ཝཱ་ཤཾ་སྭཱ་ཧཱ། མཱ་ར་ཡ་ཕཊ྄། ལས་ཀྱི་རྡོ་རྗེས་མ་ཏྲཾ་གི་ལྷུ་ཚིགས་སོ་སོར་ཕྲལ་ནས་སྟེགས་བུའི་ལྷོ་ནུབ་ཏུ་མགོ །ནུབ་ཏུ་མཚན་མ། ནུབ་བྱང་དུ་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་རྐང་གཡས། ཤར་དུ་སྙིང༌། ཤར་ལྷོར་ནང་ཁྲོལ། ལྷོར་ལག་གཡས་ཕྱོགས་མཚམས་རྣམས་སོ་སོར་བཀོད། སློབ་དཔོན་ཤར་དུ་གནས་པས། བདག་གི་ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་མཐའ་སྐོར་དུར་ཁྲོད་བརྒྱད་ཀྱིས་བསྐོར་བར་གྱུར་པར་བསམ་ཞིང་ཁུ་ཚུར་དཔུང་མགོར་བསྣོལ་དབྱེ་རྒྱ་དང་བཅས། ཧཱུྃ་པྲ་བེ་ཤ་ཡ་ཕཊ྄། ཅེས་ལན་བདུན་གྱིས་སྤྲུལ་པའི་དཀྱིལ་འཁོར་གྱི་སྒོ་ཕྱེ། ཧཱུྃ་ཧཱུྃ་ཧཱུྃ་ཧ་ན་ཧ་ན་ཕཊ྄་ཕཊ྄་ཕཊ྄། ཅེས་རྡོ་རྗེའི་གར་འགྲོས་ཀྱིས་ལན་གསུམ་བསྐོར་ནས་དཀྱིལ་འཁོར་གྱི་ནང་དུ་ཚུད་པར་བསྒོམ་མོ། །སྟེགས་བུའི་དབུས་ཀྱི་ཁྲིའུ་ཁར་སློབ་དཔོན་ཞལ་ཤར་དུ་ཕྱོགས་པར་བཞུགས། གཉིས་པ་འབར་བ་ལྟ་སྟངས་སོགས་ཀྱིས་ནང་མཚམས་གཅོད་པ་ནི། སོ་སོའི་དམིགས་པ་ཁོང་དུ་ཆུད་པས། ཧཱུྃ། བདག་ཉིད་ཞེ་སྡང་རྡོ་རྗེ་ཡི། །སྤྱན་མིག་ཉི་ཟླ་འབར་ཞིང་བསྲེགས། །ཐུགས་ལས་ཁྲོ་བོའི་ཚྭ་ཚྭ་འཕྲོ། །སྟོང་གསུམ་སྤྲུལ་པའི་མེ་ཡིས་འགེངས། །ཕྱོགས་མཚམས་མཚོན་ཆ་འཆོལ་བས་གཏམས། །བདག་མེད་སྟོང་པར་མཚམས་བཅད་དོ། །ཨོཾ་སཱུརྻ་ཙནྡྲ་བཛྲ་ཀྲོ་དྷ་ཛྭ་ལ་རཾརཾ་ཙཀྲ་ཝརྟི་མ་ཧཱ་ཀྲོ་དྷ་སརྦ་དུཥྚཾ་ཨེ་ཧཱུྃ་ཕཊ྄། དེ་ནས་བར་ཆད་བསྲུང་བའི་ཕྱིར་ཕུར་བུ་བཅུ་པོ་སློབ་དཔོན་གྱི་མདུན་དུ་བཀོད་ལ། བདག་གི་ཐུགས་ཀ་ནས་ཧཱུྃ་འཕྲོས། ཨོཾ་ཌཱ་ཀི་རཱ་ཛ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ྄། ཅེས་བརྗོད་པས་ཁྲོ་བོ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་སྤྲོས། ཕྱོགས་སྐྱོང་བཅུ་བཀུག་ནས་ཐོ་བས་བསྣུན་ཏེ་གཟིར། ཨེ་བཅུར་བཀོད་པར་གྱུར། དྲག་སྔགས་སོ་ལྔ་པའི་སྔགས་དབྱངས་ལན་གསུམ་གྱིས་དང་པོར་ལས་རྡོར་གྱིས་གུ་གུལ་བདུག །གཉིས་པ་སློབ་དཔོན་གྱིས་ཡུངས་ཀར་གྱིས་བྲབ། གསུམ་པར་རཀྟ་བྱུགས་ནས། ཧཱུྃ་ཡིག་བཅུ་ལས་ཁྲོ་བོ་བཅུ་སྨད་ཕུར་པའི་རྣམ་པ་ཅན་དུ་གྱུར། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཨོཾ་བཛྲ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ྄༔ ཅེས་སོགས་ཁྲོ་བཅུའི་རང་སྔགས་ཀྱིས་གཟི་བྱིན་བསྐྱེད་ནས། ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པར་བསམ་ལ། ཧཱུྃ། ཚངས་ལ་དབང་མཛད་ཁྲོ་རྒྱལ་འབར་བའི་སྐུ༔ དྲེགས་པའི་བདུད་འཇོམས་གདུག་པ་ཀུན་འདུལ་བ༔ ཞི་བའི་ངང་ལས་འབར་བའི་སྐུར་བཞེངས་ཏེ༔ ཕྱོགས་མཚམས་སྲུང་བའི་བདག་པོར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ༔ ཞེས་སྟེང་གི་ཕུར་བུ་ནས་རིམ་བཞིན་ཕྱོགས་བཞི་གཡས་བསྐོར། མཚམས་བཞི་འོག་བཅས་གཡོན་སྐོར་གྱིས་དཀྱིལ་འཁོར་གྱི་རྡོ་རའི་སྟེང་དུ་ཕུར་གདན་བཅུ་ལ་བཀོད། ས་ཆོག་སྐབས་ཁྲོ་བཅུའི་ཕུར་གདབ་བྱས་ན་འདིར་དངོས་སུ་གདབ་མི་དགོས་པར་སྔགས་ཚིག་ཙམ་བརྗོད་པས་ཐུགས་དམ་བསྐུལ་ཀྱང་རུང་བར་གསུངས་པས་སྐབས་དང་བསྟུན་ཏེ་བྱ། གཟུང་འཛིན་འཁྲུལ་རྟོག་གི་བར་དུ་གཅོད་བྱ་གཅོད་བྱེད་ཐམས་ཅད་སྟོང་ཉིད་ཆོས་ཀྱི་སྐུར་གདོད་ནས་དག་པའི་རྡོ་རྗེ་གསང་བའི་མཚམས་ལས་ནམ་ཡང་ཡེངས་བ་མེད་པར་ཁོར་མོ་ཡུག་ཏུ་བྱའོ། །འདི་ནས་བརྩམས་སྒྲུབ་པ་པོ་ཐམས་ཅད་དད་མོས་ཏིང་འཛིན་དང་མ་བྲལ་བས་ཛཔ་སྔགས་རྒྱུན་དུ་བཟླ་ཞིང༌། ཆང་བཟི། འཐབ་འཛིང༌། སྡོམ་དང་དམ་ཚིག་འགལ་བའི་ལོག་སྤྱོད་སྤང་བ་སོགས་བག་ཡོད་པར་བྱ། བཞི་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་ཆག་ཆག་གདབ་པ། ཐིག་ལས། ཚོན་བཀྱེ་བ་རྣམས་དགོས་པས་རྡུལ་ཚོན་ལ་བརྟེན་ན་སྒྲུབ་ཁོག་རིན་པོ་ཆེའི་ཟ་མ་ཏོག་ལས་ཤེས་པར་བྱ་ཞིང༌། དེང་སང་ཕལ་ཆེར་རས་བྲིས་ལ་བརྟེན་པ་མང་བས་ཆག་ཆག་གདབ་པ་ནི། གང་དུ་འདེབས་པའི་གཞི་དེར། བདུད་རྩི་ལྔ་དང་བ་བྱུང་ལྔས་བྱང་ཤར་ནས་གཡས་བསྐོར་གྱིས་ཁྱེམས་མེད་པར་བྱུག་ཅིང༌། ཨོཾ་བཛྲ་ཨ་མྲྀ་ཏ་མཎྜ་ལ་ཧཱུྃ། ཁྲག་ཆེན་གྱིས་བྱུག་ཅིང༌། ཨོཾ་རཀྟ་མཎྜ་ལ་ཧཱུྃ། ཀླད་ཆེན་གྱིས་བྱུག་ཅིང༌། ཨོཾ་ཀཾ་ཀ་པཱ་ལ་མཎྜ་ལ་ཧཱུྃ། ཞི་རོལ་བྱའོ། །འདི་ཡན་ཆད་ནུབ་དང་པོའི་བྱ་བའོ། །ལྔ་པ་སྟ་གོན་བྱ་བ་ལ་གསུམ་ལས། དང་པོ་ལྷ་སྟ་གོན་ནི། སྟེགས་བུའི་དབུས་སུ་རིན་པོ་ཆེའི་མཎྜལ་དྲིའི་ཐིག་ལེ་བཀོད་པ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་དགུ། དེ་རྒྱབ་བཞི་བཅས་དང༌། ཆུ་གཉིས་ཉེར་སྤྱོད་བཅས་པས་བསྐོར་ཏེ། ལས་བྱང་ལྟར་མཆོད་པ་བྱིན་གྱིས་བརླབ། བདག་ཉིད་ཧེ་རུ་ཀར་གསལ་བའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་ལྷ༔ མདུན་གྱི་ནམ་མཁར་སྤྱན་དྲངས་བསམ༔ སྤྱན་འདྲེན་ནི། ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུ་རོལ་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ༔ ཨེ་ཧྱ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿས་བསྟིམ། མཆོད་པ་ནི། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱི༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པའི་རྒྱ་མཚོས་མཆོད༔ ཨོཾ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རཱས་སྤརྴེ། སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱཏུ་པཱུ་ཛ་ཧོཿ བསྟོད་པ་ནི། ཧཱུྃ། རྡོ་རྗེ་གླུ་མའི་ལས་ཀྱི་ཕྱག་རྒྱ་ཡིས༔ དབྱངས་ཀྱི་ཡན་ལག་ཆོས་ཀྱི་ཕྱག་རྒྱའི་སྤྲིན༔ རིགས་ལྔའི་དམ་ཚིག་ཕྱག་རྒྱ་ལ་སྦྱར་ནས༔ ལྷར་སྣང་ཕྱག་རྒྱ་ཆེན་པོར་བསྟོད་པར་བགྱི༔ བཟླས་པ་ནི། འབྲུ་གསུམ། གུ་རུ་ཤྲཱི་བཛྲ་ཙཎྜ་བཅས་གཙོ་འཁོར་སྐབས་ཕྱེད་པར་ཅུང་ཟད་བཟླ། སློབ་དཔོན་རྡོར་དྲིལ་དང་སྤོས་ཐོག །པུས་བཙུགས་ཐལ་སྦྱར་བཅས། རང་གི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་དུ་གྱུར། རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཁྱེད་རྣམས་མཆོད་དང་སེམས་ཅན་དོན། ནངས་པར་དཀྱིལ་འཁོར་འབྲི་འཚལ་བས། །ཐུགས་ཀྱིས་དགོངས་ཏེ་གནང་བར་མཛོད། །ལན་གསུམ། ཅེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས་རིག་པ་འཛིན་པ་ཁྱེད་ཀྱིས་དཀྱིལ་འཁོར་གྱི་ལས་ཅི་ལྟར་འོས་པ་གྱིས་ཤིག་ཅེས་བཀའི་གནང་བ་སྩལ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེང་གི་ནམ་མཁར་བར་སྣང་འོད་ཀྱི་དྲྭ་བའི་ཀློང་དུ་བཞུགས་པར་བསམ། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པའི་མཛུབ་མོ་རྐྱང་བ་རྩེ་བཏུགས་ནས་འོག་ཏུ་ཕྱོགས་པ་སྤྱི་བོར་གཏོད་པ་དང་བཅས། ཨོཾ་བཛྲོད་ཏིཥྛ་ལྷན། ཞེས་བརྗོད། དམ་ཚིག་གི་འཁོར་ལོ་རྣམས་རང་ལ་ཐིམ་པར་བསམ་ལ་མཎྜལ་ཚོམ་བུ་དང་བཅས་པ་བསྡུའོ། །ཡིག་བརྒྱ་བརྗོད། འདི་ནི་དཀྱིལ་འཁོར་འབྲི་བར་གནང་བ་ཞུ་བའི་དོན་ཡིན་པས་དབང་བསྐུར་དང་མི་འབྲེལ་ཡང་ངེས་པར་བྱ་དགོས། གཉིས་པ་ནི། རིན་པོ་ཆེའི་བུམ་པར་དྲིའི་ཆུ་དང་སོ་ལྔའི་རྫས་སྦྱར་བ་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་ལྡན་པ་དང༌། ལས་ཀྱི་བུམ་པ་བཅས་སྟེགས་ལ་བཀོད་པའི་མདུན་དུ་སྨན་གཏོར་རཀྟ། ཕྱི་མཆོད་བསྐོར་བཤམས་བྱས་ལ་བསང་སྦྱངས། ལས་བྱང་ལྟར་བྱིན་བརླབས། བུམ་པ་བསངས། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་བུམ་གདན་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་འོད་སྣང་རིན་པོ་ཆེ་ལས་གྲུབ་པའི་བཀྲ་ཤིས་རྣམ་རྒྱལ་གྱི་བུམ་པ་ལྟོ་བ་ཟླུམ་ལ་ཞབས་ཞུམ་པ༔ མགྲིན་པ་རིང་ལ༔ ཁ་གཡེལ་བའི་མདུན་ངོས་ནས་མཆུ་འཕྱང་བ༔ ལྷ་རྫས་ལས་གྲུབ་པའི་པཉྩ་ལི་ཀའི་མགུལ་ཆིངས་ཕྲོག་གསུམ་དང་ལྡན་པ༔ བྱང་ཆུབ་ལྗོན་པའི་ཁ་རྒྱན་ཅན༔ ནང་ཆོས་སྐུའི་རང་བཞིན་ཡངས་ཤིང་མཐའ་མི་མངོན་པའི་གཟུགས་སྐུ་གཉིས་ཀྱི་ཆ་བཅུད་སོ་ལྔས་གཏམས་པ༔ ཕྱི་བུམ་པའི་རྣམ་པ་ལ་ནང་ཡེ་ཤེས་ཀྱི་གཞལ་མེད་ཁང་རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་ཉིད་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བརྡ་དོན་རྟགས་གསུམ་ཡོངས་སུ་རྫོགས་པའི་ཕོ་བྲང་ཆེན་པོར། དབུས་སུ་སྤྱི་དཔལ་ཆེན་པོ། ཤར་དུ་ཡང་དག །ལྷོར་གཤིན་རྗེ། ནུབ་ཏུ་རྟ་མགྲིན། བྱང་དུ་ཕུར་པ། ཤར་ལྷོར་མ་མོ། ལྷོ་ནུབ་ཏུ་རིག་འཛིན། ནུབ་བྱང་དུ་མཆོད་བསྟོད། བྱང་ཤར་དུ་དྲག་སྔགས་ཏེ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དྲག་པོ་དཔལ་ཆེན་འདུས་པ་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་གསལ་ལ་མ་འདྲེས་ཤིང༔ སྣང་ལ་རང་བཞིན་མ་གྲུབ་པར་བཞུགས་པའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ སྤྱན་འདྲེན་ནི། ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུ་རོལ་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ༔ ཨེ་ཧྱ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿས་བསྟིམ། མཆོད་པ་ནི། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པའི་མཆོད་པ་རྒྱ་མཚོས་མཆོད༔ ཨོཾ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ། སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ བསྟོད་པ་ནི། ཧཱུྃ། རྡོ་རྗེ་གླུ་མའི་ལས་ཀྱི་ཕྱག་རྒྱ་ཡིས༔ དབྱངས་ཀྱི་ཡན་ལག་ཆོས་ཀྱི་ཕྱག་རྒྱའི་སྤྲིན༔ རིགས་ལྔའི་དམ་ཚིག་ཕྱག་རྒྱ་ལ་སྦྱར་ནས༔ ལྷར་སྣང་ཕྱག་རྒྱ་ཆེན་པོར་བསྟོད་པར་བགྱི༔ བཟླས་པ་ནི། འབྲུ་གསུམ། གུ་རུ་ཤྲཱི་བཛྲ་ཙཎྜ་བཅས་གཙོ་འཁོར་སྐབས་ཕྱེད་པར་ཅུང་ཟད་བཟླ། གཟུངས་ཐག་ལ་འཇུས་ནས། བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་འོད་ཀྱི་སྦུ་གུ་ཅན་ལ་འཁྲིལ་ཏེ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ༔ བདེ་སྟོང་གི་ཡེ་ཤེས་བདུད་རྩིའི་རང་བཞིན་དུ་བབས་པས་བུམ་པ་གང་བར་བསམ་ཞིང༌། རྩ་སྔགས་ལ་དབྱངས་གསལ་སྦྲེལ་བ་བཟླ། ལས་བུམ་བསང་སྦྱངས། ལས་ཀྱི་བུམ་པའི་དབུས་སུ་པད་ཉི་དང༌། །རྒྱ་གྲམ་སྟེང་དུ་ཧཱུྃ་ལས་སྣ་ཚོགས་ཀྱི། །རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་གྱུར་ལས། །བདུད་རྩི་འཁྱིལ་པ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་ལྗང་གུ་ཞབས་གཉིས་དོར་སྟབས་ཅན། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་བསྡིགས་པའི་ཚུལ། །གཡོན་པ་དེ་ཡི་ཡུ་བའི་དྲིལ་བུ་འཛིན། །ཁྲོ་ཚུལ་གར་དགུའི་ཉམས་ལྡན་སྦྲུལ་ལ་སོགས། །མི་སྡུག་རྒྱན་གྱིས་སྤྲས་པའི་སྐུ་རུ་གསལ། །སྐུ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་སྤྲིན། །བབ་པས་བུམ་པ་ཡོངས་སུ་གང་བར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། བརྒྱ་རྩ་བརྒྱད་བཟླས། བུམ་ལྷ་གཉིས་ཀ་ལ་དམིགས་ནས་མཆོད་བསྟོད་སྔར་ལྟར་བྱ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་ཚོགས་བདེ་སྟོང་ཆེན་པོའི་རྣམ་རོལ་དུ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་འདྲེས་པས་རང་རང་གི་བྱེད་ལས་འགྲུབ་པའི་ནུས་པ་ཅན་དུ་གྱུར། ཞེས་བརྗོད་ཅིང་བསམ། གསུམ་པ་སློབ་མ་སྟ་གོན་ནི་དབང་དང་འབྲེལ་བ་སྐབས་འདིར་བྱ། དེའི་ཚེ་མཆེད་བསྲེ་བསྣན་ཀྱང་འདིར་ལེན། སྒྲུབ་པ་དཀྱུས་སུ་སློབ་མ་སྟ་གོན་མི་དགོས་སོ། །འོག་ནས་འབྱུང་བའི་གཏོར་མཆོད་ཐམས་ཅད་ཀྱང་འདི་ཉིན་ནས་གྲབས་སུ་ཚུད་པར་བྱའོ། །དེ་ཡན་ཆད་ནི་བསྙེན་པའི་ལས་རིམ་སྟེ་ཉིན་གཉིས་པའི་བྱ་བའོ། །དྲུག་པ་སྒྲུབ་རྫས་དང་རྒྱན་བཀོད་པ་ནི། གཞུང་ལས། སྒྲུབ་རྫས་ཐོད་སྐུ་སྔགས་བྱང་དང༔ ཙནྡན་འམ་ནི་སེང་ཕུར་སོགས༔ སྤྲོས་བཅས་སྒྲུབ་ཡིག་ལྟར་དུའམ༔ ཡང་ན་གཙོ་ཕུར་ཙམ་ལ་བརྟེན༔ ཞེས་གསུངས་པ་ལྟར་སྐུ་རྟེན་དུ་བྷནྡྷ་དུམ་བུ་གཅིག་པའི་ནང་རོ་རས་ཀྱིས་གླན་པའི་དཔྲལ་བ་ངོས་སུ་དབུ་བསྟན་པའི་དཔལ་ཆེན་པོའི་སྐུ་མངོན་རྟོགས་བཞིན་བྲིས་པ་རབ་གནས་དང་ལྡན་པ་དང༌། དཔལ་དགུས་སྐུ་རྟེན་སོ་སོར་འབྱོར་ན་ལེགས་ཤིང༌། གསུང་རྟེན་རིག་འཛིན་རྩ་རྒྱུད་དང༌། དཔལ་ཆེན་ཞལ་ལུང༌། ཡེ་ཤེས་ཀློང་རྒྱུད་ལུང་མན་ངག་དང་བཅས་པའི་གླེགས་བུ་དང་དར་དམར་ལ་སྔགས་བྱང་གསེར་གྱིས་བྲིས་པ། ཐུགས་རྟེན་རྡོ་རྗེ། ཡོན་ཏན་གྱི་རྟེན་བྷནྡྷ་ཁ་སྦྱོར་བདུད་རྩིའི་ཆོས་སྨན་གྱི་བཀང་བ། ཕྲིན་ལས་རྟེན་ལྕགས་སམ་ཙནྡན་སེང་ལྡིང་གང་རུང་གི་ཕུར་བུ་བྱུགས་བདུག་བྲབས་གསུམ་གྱིས་གཟི་བྱིན་བསྐྱེད་པ་འབྱོར་ན་དགུ། བྷནྡྷ་མར་མེ་སྡོང་བུ་དགུ་བཙུགས་པ་དང༌། སྒྲུབ་དབང་དང་འབྲེལ་ན་ཤར་དུ་རྣམ་རྒྱལ་བུམ་པ། དབུ་རྒྱན་ལྷོ། རྡོ་རྗེ་ནུབ། དྲིལ་བུ་བྱང༌། ཁྲོ་བཅུ་ཕུར་པ། གཞན་ཡང་སྲིད་པའི་དྲྭ་བ་གཅོད་ཕྱིར་རལ་གྲི་བཞི། ཡེ་ཤེས་བཞིས་མ་རིག་པ་རྩད་ནས་གཅོད་ཕྱིར་མདའ་དར་མེ་ལོང་དང་བཅས་པ་བཞི། རིགས་ལྔ་ཡེ་ཤེས་ལྔ་མཚོན་བྱེད་ཚོན་སྐུད་སྣ་ལྔའི་དྲྭ་བ། གདུགས་དང་ཕྱོགས་བཞི་འཕན། མཚམས་བཞིར་རྒྱལ་མཚན་བཞི། བ་དན། དར་གྱི་ལྡ་ལྡི་ལ་སོགས་པས་མཛེས་པར་བརྒྱན། ཆུ་གཉིས་ཉེར་སྤྱོད་སོགས་ཐུན་མོང་གི་མཆོད་པ། དབང་པོའི་མེ་ཏོག་སོགས་ནང་མཆོད། དཔལ་ཆེན་འདུས་པ་དང༌། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད། གཏོར་མ་སྨན་རཀྟ་སོགས་བླ་མེད་ནང་གི་དམ་རྫས། གསང་བ་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་ཉི་ཟླའི་གྭའུ་རྡོ་རྗེའི་ཏོག་དང་གདན་པད་འདབ་བརྒྱད་ཅན། གསེར་དངུལ་སོགས་ཛ་གད་ཀྱི་བུམ་པ་ཁ་རྒྱན་མགུལ་ཆིངས་ཅན། ཚེ་འབྲང་རྒྱན་ལྡན། གཞན་ཡང་མཁའ་འགྲོ་ཆོས་སྐྱོང་དང༌། སྐོང་བཤགས་རྡོ་རྗེའི་ཐོལ་གླུའི་གཏོར་མ། སྟོང་མཆོད་རྒྱས་པར་སྤྲོ་ན་ཉེར་སྤྱོད་བདུན། སྨན་རཀ་གཏོར་མ་རྣམས་བརྒྱ་རྩས་དཀྱིལ་འཁོར་གྱི་མཐའ་བསྐོར་བ་དང༌། ལས་བཞི་མཆོག་གི་གཏོར་མ་ཕྱོགས་མདོག་རང་རྟགས་ཉི་ཟླ་མེ་རིའི་རྒྱན་ལྡན་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་པ་རྣམས་དང༌། ཕྱོགས་བཞི་དང་མདུན་དུ་མར་མེ་རྒྱུན་འབར་དང༌། ཞལ་ཟས་རྒྱན་སྤྲོས་ཅན་ལྔ། སྨན་རཀ་དེ་མཚུངས་མདུན་ངོས་སུ་བརྗེ་ཞིང་གསོ་རྒྱུའི་ཆུ་གཉིས་ཉེར་སྤྱོད། ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་ཚོགས་ཀྱི་མཆོད་པ་ཉིན་རེ་བཞིན་འབུལ་རྒྱུའི་གཏོར་འབུལ་སོགས་གཙང་ཞིང་དག་པར་འདུ་བྱ། བདག་གི་རྣལ་འབྱོར་བརྒྱུད་འདེབས་ཚོགས་བསགས་ནས་བརྩམས་ལས་བྱང་རྒྱུན་ཁྱེར་ལྟར་ཚང་བར་བཏང༌། བཟླས་པ་བསྡུ་ལྡང་བཅས་བྱ། དཀྱིལ་འཁོར་གྱི་སྟེགས་བུར་གཡང་གཞིའམ་སྟེགས་ཁེབ་སྟེང་མདུན་དུ་དཔལ་དགུའི་ལྷ་ཕུར་དང༌། བུམ་པ་དགུ་རྣམས་བཀོད་པའི་མདུན་དུ་སློབ་དཔོན་བཞུགས། འདུས་པ་རྣམས་དབུ་ཞྭ་བཅས་བཞེངས་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་དང༌། སུམ་བྷ་ནི་བརྗོད་ཅིང་རོལ་མོ་བཅས་སློབ་དཔོན་གྱིས་ཡུངས་ཐུན་འཐོར། ལས་རྡོར་གྱིས་གུ་གུལ་བདུག་ལ་རྟེན་གྱི་བགེགས་བསལ། ཕུར་པ་ལ་ཚིལ་ཆེན་དང་གུ་གུལ་གྱིས་བདུག །དཔལ་དགུ་བཀའ་སྡོད་དང་བཅས་པའི་སྔགས་རྣམས་གསུམ་མམ་ཇི་ལྟར་རིགས་པ་བཟླ། ཡུངས་ཐུན་གྱིས་བྲབས། རཀྟ་བྱུགས་ནས། རྟེན་དེ་དག་ལྷ་སོ་སོར་གྱུར་ཏེ་སྲིད་གསུམ་དུས་གཅིག་ལ་སྒྲོལ་བའི་མཐུ་དང་ལྡན་པར་བསམ་མོ། །དེ་ནས་ཐམས་ཅད་ཀྱིས་ཞྭ་བཅས་རང་རང་གི་གྲལ་ནས་དཀྱིལ་འཁོར་ལ་ཕྱོགས་པར་བཞེངས་ལ་རྡོར་དྲིལ་བཅས་པས། བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་སྤྲིན་གཏིབས་པ་བཞིན་བྱོན་ནས་རང་རང་གི་གནས་སུ་བཞུགས་པར་བསམ་ཞིང་རོལ་མོ་དང་བཅས་པས། རྡོ་རྗེ་སློབ་དཔོན་གྱིས་དྲིལ་སྤོས་བཅས་སྣ་དྲངས། རྒྱལ་ཚབ་པ། ཡུམ་བཟང་མོ། རྒྱལ་ཐེབ་སོགས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་ནས་མཆོད་རྫས་བར་ཐོགས། ཆེ་མཆོག་གི་ཛཔ྄་དབྱངས་དང་འཛཔ྄་རོལ་སྐབས་དཀྱིལ་འཁོར་ལ། གཡས་སུ་ལན་གསུམ་བསྐོར་ནས་མདུན་དུ་འཁོད་ལ་དྲིལ་གདངས་བཅས། ཧཱུྃ། སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བས༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ སྒྲུབ་པ་བཀའ་བརྒྱད་ཡབ་ཡུམ་སྲས་འཁོར་བཅས༔ སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ཕྱིར༔ སྤྲུལ་པ་དབྱིངས་ནས་རོལ་ཕྱིར་གཤེགས་སུ་གསོལ༔ ཞེས་འཇམ་རོལ་དང་བཅས་གསལ་གདབ་ཅིང་བསྐུལ་ནས་སོ་སོའི་གནས་སུ་བཀོད་པ་ནི། ལས་རྡོར་གྱིས་ཆེ་མཆོག་གི་བུམ་པ་རྒྱལ་ཚབ་པའི་ཕྱག་ཏུ་ཕུལ་ལ། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །ཡབ་ཡུམ་འཁོར་དང་བཅས་པ་རྣམས། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །ཛཿཧཱུྃ་བཾ་ཧོས་སྤྱན་དྲངས་ནས། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར། །ལྷ་བརྒྱད་ཀླུ་བརྒྱད་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃ། ས་མ་ཡ་ཏིཥྛ་ལྷན༔ ཞེས་དབུས་ཀྱི་ཐོད་སྐུའི་མདུན་དུ་བཀོད། དེ་བཞིན་དུ། ཧཱུྃ། ཤར་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་བཛྲ་ཧེ་རུ་ཀཿ ཡབ་ཡུམ་འཁོར་དང་བཅས་པ་རྣམས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ རཱུ་ཏྲ་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ས་མ་ཡ་ཏིཥྛ་ལྷན། ཧཱུྃ། ལྷོ་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ མ་ཧེ་ཆུ་གླང་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ྄༔ ཧཱུྃ༔ ནུབ་ནས་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་རྟ་མགྲིན་ཧེ་རུ་ཀཿ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ ཀླུ་བརྒྱད་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་ཕཊ྄ཿཨེ་ཨ་ར་ལི་ཧཱུྃ་ཧྲཱི་ཛཿ ཧཱུྃ༔ བྱང་ནས་རང་བྱུང་གྲུབ་པའི་ལྷ༔ རྡོ་རྗེ་གཞོན་ནུ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པ་ཡང༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན༔ དུར་ཁྲོད་དྲག་པོའི་དཀྱིལ་འཁོར་འདིར༔ ལྷ་ཆེན་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཧཱུྃ། མཚམས་བཞིར་རང་བྱུང་གྲུབ་པའི་ལྷ༔ བླ་མེད་རིག་འཛིན་དྲེགས་པ་འདུལ༔ དཔལ་ཆེན་སྟོབས་ལྡན་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པ་ཡང༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན༔ ཡབ་ཡུམ་འཁོར་དང་བཅས་པ་ཡང༔ དུར་ཁྲོད་དྲག་པོའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྜཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄། ཞེས་འཇམ་རོལ་དང་བཅས་ཕྱོགས་མཚམས་སོ་སོར་བཀོད། ཧཱུྃ། བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཀོད་པ་ནི༔ ཐུགས་རྗེའི་སྐུ་མཆོག་འགྲོ་ཀུན་ཐར་བར་འདྲེན༔ སྐུ་གསུང་ཐུགས་རྟེན་དངོས་གྲུབ་ཀུན་འབྱུང་གནས༔ ཡོན་ཏན་ཕྲིན་ལས་མ་ལུས་རྫོགས་པའི་དཔལ༔ ཕོ་བྲང་སྣོད་བཅུད་རྟགས་ལྡན་རྒྱན་དུ་བཞུགས༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཐུགས་རྗེས་རྣམ་འཕྲུལ་གཙོ་འཁོར་ལྷ་ཚོགས་བཅས༔ གསང་བའི་དམ་རྫས་སྨན་གཏོར་རཀྟ་དང༔ སྣོད་བཅུད་ཡོངས་རྫོགས་བུམ་པ་གཞལ་ཡས་ཁང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མ་ལུས་རྫོགས༔ མ་རིག་ལོག་རྟོག་དྲྭ་བ་གཅོད་པའི་གྲི༔ ཤེས་རབ་ཐབས་ལྡན་ལོག་རྟོག་འབིགས་པའི་མདའ༔ དྲི་མེད་རང་གསལ་སྐུ་གསུམ་མེ་ལོང་མཛེས༔ རིགས་ལྔ་རབ་མཚོན་དར་སྣ་ལྔ་ཡིས་བརྒྱན༔ དག་བྱེད་ཁྲུས་བུམ་ཚོན་སྐུད་དྲྭ་བ་དང༔ དར་དཔྱངས་གཟུངས་ཐག་སྒབ་སྐོར་འཕན་ཕྲན་དང༔ ཀུན་ཁྱབ་བླ་བྲེ་ཤེས་སྐྱོབ་ཡོལ་བ་དང༔ རྒྱན་དྲུག་ཅོད་པན་མི་ནུབ་རྒྱལ་མཚན་དང༔ རྡོ་རྗེ་དྲིལ་བུ་རྔ་དང་ཌཱ་མ་རུ༔ པི་ཝཾ་གླིང་བུ་ཕོ་གླིང་མོ་གླིང་དང༔ དུང་དང་ཆ་ལང་མཁར་རྔ་ཏིང་ཏིང་ཤག༔ སྐུ་གསུང་ཐུགས་རྟེན་མཆོད་པའི་ཚོགས་དཔག་མེད༔ སྐལ་ལྡན་བདག་ཅག་དངོས་གྲུབ་ཡོངས་འགྲུབ་ཅིང༔ འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་བསྒྲལ་བྱའི་ཕྱིར༔ དཀྱིལ་འཁོར་གཞལ་ཡས་ཁང་འདིར་དགྱེས་པར་བཞུགས༔ ཨོཾ་ཛྙཱ་ན་ས་མ་ཡེ་མ་ཧཱ་ཛྙཱ་ན་ཤཱུ་ནྱ་ཏིགྣ། མ་ཧཱ་དྲྀ་ཤྱ་ཀཱི་ལ་ཡ་དྷརྨ་ཀཱ་ཡ་བཛྲ་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ༔ མུ་ཀུ་ལེན་དྷ་རི་ཀ་ཧཱུྃ༔ དྷརྨ་དྷཱ་ཏུ་ས་མ་ཡ་ཏིཥྛ་ལྷན༔ ཞེས་དབྱངས་དང་ཞི་རོལ་བཅས་བྱ་ཞིང་སྒྲུབ་རྫས་ལས་སློབ་སོགས་ཀྱིས་ནོར་འཁྲུལ་མེད་ཅིང་བག་དྲོ་ལྷུན་ཆགས་དང་བ་འདྲེན་པར་དགོད། དེ་ཡང་དཀྱིལ་འཁོར་ལྡིང་ཁྲི་རིམ་གསུམ་མམ་གཉིས་ཡོད་པའི་འོག་མར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། སྟེགས་བར་པར་རྣམ་རྒྱལ་བུམ་པ་ཤར། བུམ་པ་དགུ་ཡོད་ན་དབུས་དང་ཕྱོགས་མཚམས་སུ་བཀོད། དབུ་རྒྱན་ལྷོ། རྡོ་རྗེ་ནུབ། དྲིལ་བུ་བྱང༌། རྡོར་དྲིལ་བསྣོལ་མ་དབུས། དེའི་མདུན་ལྷ་ཙཀ་ཚང་བ་རྣམས་དང༌། གསང་རྫས་བདུད་རྩི་ལྷོ། རིག་ཙཀ་ནུབ། ཤེལ་རྡོ་དང་མེ་ལོང་བརྩེགས་མ་བྱང༌། ཛ་གད་བདུད་རྩི་བུམ་པ། ཉི་ཟླའི་གྭའུ། ཚེ་བུམ། ཚེ་རིལ། ཚེ་ཆང་རྣམས་སྟབས་གང་བདེ། སྟེགས་སྟེང་མར་དབུས་སུ་ཐོད་སྐུ། དེ་མདུན་སྒྲུབ་ཕུར་སྔགས་བྱང་ཅན་འབྱོར་ན་དགུའམ་གཅིག །སོ་སོའི་མདུན་དུ་ཞུན་ཆེན་གྱི་མར་མེ་རེ་རེ་དང༌། གཡས་སུ་བྷནྡྷ་མར་མེ་སྡོང་བུ་དགུ་པ། གཡོན་དུ་སྨན་གྱི་ཕོ་བྲང༌། གཙོ་དགུའི་སྐུ་དང༌། རྒྱུད་ཀྱི་གླེགས་བམ་དང་སྒྲུབ་པོད། ཞི་དྲག་གི་མཆོད་པ། སྨན་རཀ་གཏོར་མ་རྣམས་དང༌། དཀྱིལ་འཁོར་གྱི་མདུན་དབུས་སུ་དཔལ་ཆེན། གཡས་སུ་ཆོས་སྐྱོང་ཕོ་རྒྱུད་གཏོར་སྤུངས། ལེགས་ལྡན། གཟའ། ཆད་ཐོ། གཡོན་དུ་མོ་རྒྱུད་སྔགས་སྲུང་མ་མགོན། ཚེ་རིང་མ། བརྟན་མ་རྒྱུན་བཞག་སྨན་རཀ །བདག་འཇུག་གི་བུམ་པ་དང༌། ཙཀླིའི་བསྐོར། སྟེགས་བར་པར་ཞི་དྲག་གི་མཆོད་པ་མཇུག་སྤྲོད། དབུས་དང་ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་འབྲང་རྒྱས་དང༌། བསྐང་བཤགས་རྡོ་རྗེའི་ཐོལ་གླུའི་གཏོར་མ། མ་མོའི་འཁྲུགས་སྐོང་སོགས་དང༌། གཞན་ཡང་སྨན་རཀ་གཏོར་མ་བརྒྱ་རྩ། ཉེར་སྤྱོད་སྟོང་རྩ། ཚོགས་ཀྱི་དམ་རྫས་སོགས་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་སོགས་མཆོད་པའི་རིགས་ཇི་ཙམ་སྤྲོས་པ་རྒྱས་ན་བཟང་ཞིང་དངོས་གཙང་སྐབས་དང་འབྲེལ་བར་བྱ། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་གཏོར་འབུལ། ཆད་བརྟན། དཀར་བགེགས། གསེར་སྐྱེམས། ལྕགས་ཧོམ་དུ་ཉུལ་ལེའི་ལིང་ག །གཡབ་དར། སྒྲོལ་ཕུར། ཐུན་རྫས་སོགས་སྟབས་གང་བདེར་བཞག །དེ་དག་སྤྱི་ཙམ་དུ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོས། འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །བདུན་པ་སྒྲུབ་པ་པོ་རྣམས་ཕྲིན་ལས་ལ་འཇུག་རུང་གི་བྱ་བ་ལ་གཉིས་ལས། དང་པོ་གནས་སུ་འགོད་པ་ནི། རྡོ་རྗེ་རྒྱལ་པོ་དབུས་སུ་བཞུགས་པའི་དཀྱིལ་འཁོར་གྱི་ཤར་སྒོ་ནས་བརྩམས་ཏེ་རྡོ་རྗེ་རྒྱལ་ཐེབས། ཕྲིན་ལས་གཞུང་བསྲང་རྡོ་རྗེ་ལས་པ་དང༌། བར་གཅོད་བགེགས་སྒྲོལ་སྤྲུགས་པའི་རྡོ་རྗེ་གིང་མཚམས་པ། དངོས་གྲུབ་བར་ཆད་ཀྱི་དུས་དང་དྲོད་འཛིན་རྡོ་རྗེ་སྤྱན་པ། ཕྲིན་ལས་སྐབས་སྦྱོར་གྱི་དུས་འཛིན་རྡོ་རྗེ་དུས་མཚམས། ཕྱི་ནང་བྱ་བྱེད་ཀྱི་དྲོད་འཛིན་རྡོ་རྗེ་ཕྱག་ཚང་བ་སོགས་སྒྲུབ་པ་ཆེན་པོ་ལ་འདུ་བར་འོས་པའི་མཆེད་ལྕམ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་ནས་བཟུང་སྟེ་རིམ་པར་གྲལ་ཕྱག་དང་བཅས་སྟན་ལ་འདུག་སྟེ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཏེ། རྡོ་རྗེ་རྒྱལ་ཚབ་པས་གཞུང་གྲལ་གཤམ་ནས་སྣམ་སྦྱར་དང་བཅས་བཞེངས་ཏེ་འབྲེལ་ཆགས་པའི་གཏོང་ཐུན་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས་དབྱངས་དང་བཅས། ཧཱུྃ། སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེ་མངའ་གསོལ་དགྱེས་པར་བཞུགས༔ ཞེས་དང༌། རྒྱལ་ཚབ་ལ། ཧཱུྃ། བླ་མའི་གདུང་ཚབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབས་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ ཡུམ་ལ། གཉིས་མེད་བདེ་སྐྱིད་མཚན་ཉིད་རབ་ཏུ་བཟང༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ རྡོ་རྗེ་ལས་པར། ཕྲིན་ལས་གཞུང་སྲོང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨར་མངའ་གསོལ་དགྱེས་པར་བཞུགས༔ གིང་ལ། བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས༔ མཚམས་པར། ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ སྤྱན་པར། དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ དུས་མཚམས་པར། ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས་མངའ་གསོལ་དགྱེས་པར་བཞུགས༔ ཕྱག་ཚངས་ལ། ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚངས་མངའ་གསོལ་དགྱེས་པར་བཞུགས༔ བྱན་པོར། གཡོ་མཁས་ལྷག་ཆད་མེད་ཅིང་གཙང་སྦྲར་ལྡན༔ རྡོ་རྗེ་བྱན་པོར་མངའ་གསོལ་དགྱེས་པར་བཞུགས༔ མཆེད་ལྕམ་གཞན་རྣམས་ལ། གསལ་དག་ཛཔ་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་རྣམས་མངའ་གསོལ་དགྱེས་པར་བཞུགས༔ རྡུལ་ཕྱག་ལ། ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་འཕྱག་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་རྗེས་ཟློས་བསྐུལ་ཞིང༌། སོ་སོའི་ཚིག་མཐར་ལས་རྡོར་གྱིས་བདུད་རྩི་རེ་བླུད་པས་མངའ་གསོལ་ནས་རང་གྲལ་དུ་འཁོད་པ་ལས་ནམ་ཡང་མ་འཁྲུགས་པར་བྱའོ། །གཉིས་པ་ཆས་སུ་འཇུག་པ་ནི། སླར་ཡང་རྡོ་རྗེ་རྒྱལ་ཚབ་པས་སྔོན་དཔལ་ཆེན་པོས་རུ་ཏྲ་བཏུལ་ནས་དཔལ་གྱི་ཆས་རྣམས་དཔའ་རྟགས་སུ་བཞེས་པ་ལྟར་འདུས་པའི་མཆེད་ལྕམ་རྣམས་རང་རྟགས་གདབ་པས་ཧེ་རུ་ཀ་མཁའ་འགྲོ་གིང་རྣམས་ཐུགས་ཆགས། ནང་མི་དང་རྗེ་བོར་བཟུང་སྟེ་དབང་བསྐུར། སྲུང་སྐྱོབ་བྱིན་གྱིས་བརླབས་པ་དང༌། གོ་སར་འགྱུར་ཚུལ་སོགས་ཀྱི་ལོ་རྒྱུས་ཇི་ལྟར་འཚམ་པའི་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ། དོན་དམ་སྤྲོས་མེད་སྒྱུ་མའི་ཁོང་གསེང་ཅན༔ ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན་གསོལ༔ ཐེག་མཆོག་དོན་སྟོན་གླང་ཆེན་ཀོ་རློན་གསོལ༔ འཁོར་བ་མི་སྤངས་མི་ལྤགས་གཡང་གཞི་གསོལ༔ ཞེ་སྡང་ཉིད་འཇོམས་སྦྲུལ་ནག་ཆུན་པོ་གསོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟག་ཤམ་གསོལ༔ འཁོར་བའི་བཅུད་ལེན་ཞག་གི་ཟོ་རིས་གསོལ༔ ཆགས་པ་དབང་སྡུད་རཀྟའི་ཐིག་ལེ་གསོལ༔ སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ་གསོལ༔ སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་ཚར་གསུམ་གསོལ༔ ཅིས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཁྲབ་གསོལ༔ མ་རིག་ནགས་སྲེག་ཡེ་ཤེས་མེ་དཔུང་གསོལ༔ ཞིང་བཅུ་ཡོངས་སྒྲོལ་དཔལ་གྱི་ཆས་བཅུ་འདི༔ དབང་ཕྱུག་ཆེན་པོའི་སྐུ་ལ་རྒྱན་དུ་བཞེས༔ ཞེས་རྗེས་ཟློས་དང་བཅས་ཚིག་དང་བསྟུན་ནས་དཔལ་གྱི་ཆས་རྣམས་ལས་ཀྱི་རྡོ་རྗེས་རྒྱལ་ཚབ་པར་རིམ་པར་ཕུལ་ལ་རྡོ་རྗེ་སློབ་དཔོན་སོགས་ཐམས་ཅད་ཀྱི་གནས་སོ་སོར་བརྒྱན་ཚུལ་མཛད། བརྒྱད་པ་བརྡ་སྦྱར་བ་ནི། དེ་ནས་ལས་བྱང་ལྟར། ཧཱུྃ། མ་རིག་ལིང་ཏོག་སོགས་ཤོ་ལོ་ཀ་གཅིག་གི་བརྡ་སྒོ་ཕྱག་འཚལ། གསུམ་པ་བསྲེ་བསྣན་ནི། སྐབས་འདིར་དབང་མ་ཐོབ་པའི་མཆེད་གསར་བུ་རྣམས་དཀྱིལ་འཁོར་བྱང་ཤར་ལྟ་བུར་ལོགས་སུ་ཕྱེ། སློབ་དཔོན་གྱི་མདུན་རྡོར་དྲིལ་བདུད་རྩི། ཡུངས་ཐུན་སོགས་བཀོད་ནས། བདུད་རྩི་བྱིན་རླབས་ལས་བྱང་ལྟར་སྔོན་དུ་འགྲོ་བས། རྡོ་རྗེ་དམ་ཚིག་རྨད་པོ་ཆེ༔ སོགས་ནས་སྨན་མཆོད་ཕུལ། དེ་ནས་སློབ་དཔོན་གྱིས། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ་ཞིང༌། ཨོཾ་ཨཱཿཧཱུྃ་བཛྲ་ཡཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ྄༔ ཅེས་བཟླ་ཞིང་ཡུངས་ཐུན་གྱིས་བྲབས། བར་གཅོད་བགེགས་བསྐྲད་པའི་ཕྱིར། ཧཱུྃ། ང་ནི་སྤྱི་དཔལ་ཆེན་པོ་སོགས་ལས་བྱང་ལྟར་བརྗོད་ལ་དྲག་སྔགས་སྤོས་རོལ་གིང་དང་མེ་ཆུའི་ཐུན་སོགས་མཚམས་རྔམས་དང་གྲྭ་མང་གིས་འཇམ་རོལ་དང་བཅས་བགེགས་བསྐྲད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ཀྱི་རྗེས་ཟློས་གསར་བུ་རྣམས་ལ་བྱེད་བཅུག །སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བར་བསྒོམས་ལ་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེས་ལྕེ་ཐོག་ཏུ་ལན་གསུམ་བཞག་ནས། ཧཱུྃ། ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ དེ་དག་ལ་ནི་སྙིང་རིང་ན༔ རྡོ་རྗེ་ཡཀྴ་གནོད་སྦྱིན་གྱིས༔ ཁྱེད་ཀྱི་སྙིང་ལ་ཞུགས་ཏེ་འཐུང༔ སྙིང་ལ་ཡང་དག་གནས་པའོ༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཅེས་བྱིན་ལ། སློབ་མས་ཀྱང༌། ཨི་དནྟི་ན་ར་ཀན་ས་མ་ཡ་ཡཀྵ་ཧཱུྃ༔ ཞེས་མྱངས་པ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་བསམ་མོ། །འདྲེས་ཟིན་བསྣན་པ་ནི། རྒྱལ་ཚབ་པས་བདུད་རྩི་གཡོན་བསྐོར་དུ་གསར་རྙིང་ཐམས་ཅད་ལ་བྲིམ་ཞིང༌། ཆེ་མཆོག་གི་སྔགས་དབྱངས་ལན་གསུམ་མཇུག་ཏུ་འཇམ་རོལ་དང་བཅས་པས་བདུད་རྩི་མྱངས་ནས་ཐམས་ཅད་ཀྱིས། ཨོཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ ཨཱཿསརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཧཱུྃ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དང༌། སློབ་དཔོན་གྱིས། དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་སྲུང་བར་གྱིས་ཤིག །ཅེས་བསྒོ། ཐམས་ཅད་ཀྱི་ཕྱག་ཐལ་སྦྱར་གྱི་བར་དུ་མེ་ཏོག་བཟུང་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་འབྲེལ་བའི་མཆེད་དང་ལྕམ་དྲལ་གྱིས༔ སྒྲུབ་མཆོག་རྣམས་སུ་བྱིན་གྱིས་བརླབ་པ་ཡི༔ བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་ཐོང༔ ཞེས་དྲིན་ལན་གྱི་མེ་ཏོག་འཐོར། དེ་ནས་རྡོ་རྗེའི་གྲལ་དུ་བཞག་པ་ནི། མཆེད་གསར་བ་རྣམས་རང་རང་གི་གྲལ་དུ་འཁོད་ནས། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ བསྙེན་སྒྲུབ་རྣམ་བཞི་བསྟེན་ཅིང་བསྒྲུབ་པ་དང༔ ཡི་དམ་ལྷ་མཆོག་ཛཔ་བསྙེན་བགྲང་བའི་ཕྱིར༔ དམ་ཚིག་རྡོ་རྗེའི་གྲལ་དུ་མཆི་བར་གནང༔ ཞེས་བརྗོད་ཅིང་ལྷའི་ང་རྒྱལ་དང་ལྡན་པས། རྡོ་རྗེ་ཐེག་པའི་དམ་ཚིག་གི་རྟེན་ཅིག་ཤོས་རྡོར་དྲིལ་བྱིན་གྱིས་རློབ་པ་ནི། ཧཱུྃ། ཡེ་ཤེས་འབར་བའི་རྡོ་རྗེ་ཆེ། །ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ། །བདེ་ཆེན་ཡབ་རྣམས་སྐུར་བཞུགས་པས། །དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ། །མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ལན་གསུམ་གསོར། ཧཱུྃ། ཤེས་རབ་ཆེན་པོའི་རང་བཞིན་ནི། །ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས། །འཁོར་བའི་བག་ཆགས་ཟིལ་གྱིས་གནོན། །དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས། །མ་ཧཱ་གཎྜེ་ཧོཿ ཞེས་དྲིལ་བུ་འཁྲོལ་བ་གསུམ་སྟེ་དེ་ཁོ་ན་ཉིད་ངེས་པ་ནི་རྣམ་པ་ཐམས་ཅད་དུ་དྲན་པར་བྱའོ། །རོལ་ཆེན་བརྒྱ་བརྡུངས་སོགས་རོལ་མོའི་སྒྲ་རྒྱ་ཆེར་བསྒྲགས། །བཅུ་པ་ལྷ་བསྟིམས་ཤིང་བྱིན་གྱིས་བརླབས་པ་ནི། འདུས་པ་རྣམས་ཞྭ་བཅས་བཞེངས། སློབ་དཔོན་གྱིས་གཡབ་དྲིལ་ཐོགས་པས་དཀྱིལ་འཁོར་མདུན་དུ་འཁོད། ལས་རྡོར་གྱིས་སྦྱར་སྤོས་དང་གཡབ་དར་ཐོགས་པས་སྣ་དྲངས་ཏེ། ཧཱུྃ། བཞེངས་ཤིག་པདྨ་འབྱུང་གནས་སོགས་ཀྱིས་བསྐུལ། ལས་བྱང་གི་བྱིན་འབེབས་དབྱངས་བཅས་ཀྱི་གཤམ་དུ་བརྒྱུད་གསུམ་རོལ་མོའི་སྐབས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ལ་རང་གྲལ་དུ་འཁོད། འདི་ཉིན་དུས་སྐབས་གང་བདེར་རྡོ་རྗེ་རྒྱལ་ཐེབས་ཀྱིས་ཞི་བའི་སྦྱིན་སྲེག་བྱ། གོང་དུ་ལྷ་སྟ་གོན་བྱས་ན་ནམ་མཁར་བཞུགས་པ་དེ་ཉིད་དཀྱིལ་འཁོར་ལ་ཐིམ་པར་མོས། དེ་དག་ནི་ཉེ་བར་བསྙེན་པ་སྟེ་ཉིན་གཉིས་པའི་བྱ་བའོ། །གོང་གི་རྒྱན་བཀོད་ནས་འདིའི་བར་ལས་རྡོར་དྲིལ་བྱིན་རླབས་ཙམ་ལས་སྒྲུབ་ཁོག་རིན་པོ་ཆེའི་ཟ་མ་ཏོག་ཏུ་མི་འབྱུང་བས་མ་བྱས་ཀྱང་རུང་བར་མངོན་ཀྱང་ཚོགས་སྒྲུབ་ཀྱི་ཆིངས་མཐའ་དག་ལས་འབྱུང་བས་ན་ལེགས་སྙམ་བཀའ་བརྒྱད་བདེ་འདུས་སྒྲུབ་ཁོག་ལྟར་བཀོད་པའོ། །སྤྱི་དོན་གཉིས་པ་དངོས་གཞི་ལྷ་དང་དབྱེར་མེད་དུ་སྒྲུབ་པ་ལ་བསྙེན་སྒྲུབ་ཕྲིན་ལས་ཀྱི་གཞུང་བསྲང་བ། དེའི་བར་ཆད་བསལ་བ། དུས་གྲངས་རྟགས་ཚད་ཀྱི་རིམ་པའོ། །དང་པོ་ལ། ཆོ་གའི་སྔོན་འགྲོ་དང༌། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས། རོལ་མོ་བྱིན་རླབས་རྣམས་སྔོན་དུ་འགྲོ་བས། ལས་བྱང་གི་སྔོན་གཏོར་ནས་མཆོད་རྫས་བྱིན་གྱིས་བརླབ་པའི་བར་བྱའོ། །གཉིས་པ་ནི། བདག་མདུན་དབྱེར་མེད་དུ་ཤེས་པའི་ཏིང་འཛིན་རྣམ་གསུམ་ནས་བསྟོད་པའི་མཐའ་བར་བཏང༌། སྒྲུབ་ཆེན་གྱི་སྐབས་འདིར་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་འབྲེལ་ཆེ་བས་དེ་ལྟར་དུས་གསུམ་མམ་བཞིར་སྦྱར་དགོས་གསུངས། ཛཔ་ལ་བབས་པ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ྄་ཛཿ ཞེས་པས་མདུན་གྱི་རྟེན་གྱི་གོ་སར་ཛཔ་ཁང་དབྱེ་བས་བདག་མདུན་རྣམ་པ་གཉིས་སུ་བྱས་ནས། བདག་ཉིད་ཆེ་མཆོག་ཡབ་ཡུམ་གྱི༔ སོགས་ཀྱིས་ཛཔ་དགོངས་གསལ་གདབ། ཧཱུྃ། ཀུན་བཟང་ཐུགས་ཀར། མཆན། རིགས་ལྔ་དབུ་རྒྱན། མཆན། གཙོ་དང་འཁོར༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཞེས་བསྐུལ་ལ་ཞི་བར་བསྙེན་པའི་སྔགས་འབྲུ་གསུམ་བཟླ། སྟོང་ཚིག་ནི། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ སོགས་བརྗོད་ལ་སྨན་རཀ་འཐོར་བ་ཕྱི་མ་ཐམས་ཅད་ལ་འགྲེ། ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་གྱི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ གསེར་གྱི་རྡོ་རྗེ་རྭ་དགུ་པའི༔ དབུས་རྭར་ཏིང་འཛིན་སེམས་དཔའ་ཧཱུྃ༔ རྭ་བརྒྱད་མདུན་ནས་རིམ་པ་བཞིན༔ ཐོག་མཐའ་གཉིས་དང་གྲོང་ཁྱེར་དྲུག༔ ཀུན་ཀྱང་ཐུགས་ཀའི་ཧཱུྃ་ལ་བལྟ༔ ཤིན་ཏུ་ཕྲ་ཞིང་འོད་ཟེར་འབར༔ རང་རང་སྔགས་ཀྱི་ཡིག་འབྲུ་ལས༔ སོགས་སྦྲེལ་མཐར་རིགས་བཞིའི་སྒོས་ཛཔ་སྦྱར་མིན་གང་ལྟར་ཡང་ཐོག་མར་དབུས་ཆེ་མཆོག་ལ་དམིགས་ཏེ། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས། །སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཞེས་བསྐུལ་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ ལྷ་ཚོགས་ཀུན་ཀྱང་སྤྱི་དྲིལ་སྔགས༔ སོགས་ཀྱིས་གསལ་གདབ། ཧཱུྃ། ཚོམ་བུ་དགུ་ཡི་དཀྱིལ་འཁོར་ནས༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཞེས་བསྐུལ་ལ་སྒྲུབ་སྔགས་བཟླ། ཐུགས་སྲོག་ཧཱུྃ་གི་བཟླས་པས་དགོངས་པ་གསལ་འདེབས་ཀྱང་གསུང༌། སྟོང་ཚིག་འབུལ། ཧཱུྃ། དབུས་ནས་བྱུང་གྲུབ་པའི་ལྷ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃ༔ ཁོག་གློད་དེ་རིང་བར་བགྲང༌། གོང་དུ་དཔལ་ཆེན་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་སྦྱར་ན་རིགས་བཞིའི་ཁྲོ་བོ་ལ་ཛཔ་བསྐུལ་སྦྱར་ན་ལེགས་པས། ཧཱུྃ། ཤར་ནས་རང་བྱུང་གྲུབ་པའི་ལྷ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཕྲ་འགྱུར་རིང་བ་བགྲང༌། ཧཱུྃ། ལྷོ་ནས་རང་བྱུང་གྲུབ་པའི་ལྷ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ྄༔ མགོ་རིང་མཇུག་ཐུང་བར་བགྲང༌། ཧཱུྃ། ནུབ་ནས་རང་བྱུང་གྲུབ་པའི་ལྷ༔ པདྨ་གསུང་གི་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཨོཾ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཨེ་ཨ་ར་ལི་ཧཱུྃ་ཧྲཱིཿཛཿ གདངས་ལ་འགྱིངས་ཆེ་བར་བཟླ། ཧཱུྃ། བྱང་ནས་རང་བྱུང་གྲུབ་པའི་ལྷ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཆེ་ལ་ངར་དྲགས་པར་བགྲང༌། | ༄༅། །མཆོག་གི་གསང་གསུམ་མི་ཟད་རྒྱན་འཁོར་ལོ། །ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ཁྱབ་བདག་ཏུ། །ཡོངས་ཤར་པདྨ་ལས་གྲོལ་བླ་མ་རྗེར། །འདུད་དོ་གྲུབ་གཉིས་འདོད་དགུའི་དགའ་སྟོན་སྩོལ། །རབ་འབྱམས་རྒྱུད་སྡེའི་གསང་བའི་མཛོད། །གཅིག་འདུས་གུ་རུའི་ཐུགས་ཀྱི་ཏིཀ །མངའ་བདག་ཁུ་དབོན་ཆོས་སྐལ་གྱི། །ཉིང་ཁུའི་གསང་ལམ་འདི་ན་དབྱེ། །བཀའ་གཏེར་མན་ངག་གི་སྒྲུབ་པ་བཀའ་བརྒྱད་ཀྱི་བྱིན་རླབས་དོན་གྱི་བརྒྱུད་པ་ཐམས་ཅད་གཅིག་ཏུ་འདུས་ཤིང་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཅུད་དྲིལ་ཀློང་ཆེན་སྙིང་གི་ཐིག་ལེའི་ཡི་དམ་ཐུགས་སྒྲུབ་ཀུན་གྱི་རྩ་བ་བླ་མ་དྲག་པོ་དཔལ་ཆེན་འདུས་པའི་སྤྲོས་བཅས་སྒྲུབ་ཆེན་གྱི་རིམ་པ་ཉམས་སུ་བསྟར་བའི་ཚུལ་འདུས་གསལ་དུ་འཆད་པ་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང༌། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲངས་བ། རྗེས་ལས་ཀྱི་རིམ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། སྟོན་པ་གནས་དང་འཁོར་དང་དུས༔ ཡོ་བྱད་ལ་སོགས་གཞིར་ལྡན་པས༔ ཞེས་གསུངས་པ་ལྟར་བཞིའམ་སྒྲུབ་པའི་ཐབས་བཀའ་གཏེར་རྒྱུད་ལུང་མན་ངག་གི་ཁུངས་དང་ལྡན་ཞིང་བརྒྱུད་པ་སེལ་མེད་པ་ཉིད་བསྣན་པས་ལྔར་བཤད་པ་རྣམས་གསང་བ་སྤྱི་དང་མཐུན་པ་ཚོགས་པས་གཞི་བཟུང་ནས། གཉིས་པ་སྒྲུབ་པའི་གཞུང་བསྲང་བ་ལ་གཉིས། སྔོན་འགྲོ། དངོས་གཞིའི་ལས་རིམ་མོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་དཔུང་བསྐྱེད་པ་དང༌། ས་ཡི་ཆོ་ག་བྱ་བའོ། །དང་པོ་ནི། བསོད་ནམས་ཀྱི་དཔུང་བསྐྱེད་ཕྱིར་སཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན་པ། བསྐང་བཤགས། ཞི་བའི་སྦྱིན་སྲེག །མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར། གཟུངས་མདོ་སྒྲོགས་པ། ཁྱད་པར་ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་སྒྲུབ་གནས་ཀྱི་ཤར་དུ་ཤེར་ཕྱིན། བདུད་འཇོམས་ཕྱིར་ལྷོར་སྟོབས་པོ་ཆེ། རྒྱུ་འབྲས་གོ་ཕྱིར་ནུབ་ཏུ་ལང་ཀར་གཤེགས་པ། བར་ཆད་ཞི་ཕྱིར་བྱང་དུ་ཏོག་གཟུངས་དང་གྲྭ་ལྔ་བཀླག་པ་རྣམས་ཅི་འགྲུབ་བྱ་དགོས་སོ། །གཉིས་པ་ས་ཆོག་ལ། ས་བརྟགས་པ། སྣང་བ་མི་ལས་བསླང་བ་རྣམས་སྒྲུབ་གནས་རྙིང་པར་མི་དགོས་པས། མི་སྣང་བ་ལས་བསླང་བ་ལ། ས་ལྷ་དང༌། གཉུག་མར་གནས་པ་གཉིས་ལས། དང་པོ་ནི། གང་དུ་དཀྱིལ་འཁོར་བྱ་བའི་གནས་ཁང་གཙང་ཞིང་མཛེས་པར་བརྒྱན་པའི་གུང་དུ་སྟེགས་ཇི་ལྟར་རིགས་པ་ཁེབ་ལྡན་བང་རིམ་ཅན་གྱི་དང་པོའི་དབུས་སུ་འབྲུ་ཚོམ་གྱི་སྟེང་བདག་བསྐྱེད་དཔལ་ཆེན་འདུས་པའི་རྩ་གཏོར་གཞུང་མཐུན། གཡས་གཡོན་དུ་སྨན་རཀ །སྟེགས་གཉིས་པར་གཡོན་ནས་བརྩམས་པའི་ཆུ་གཉིས་ཉེར་སྤྱོད་དང༌། དཀྱིལ་འཁོར་གྱི་སྟེགས་བུའི་དབུས་འབྲུའི་ཚོམ་བུ་བཀོད་པའི་སྟེང་མཉྫིའི་ཁར་ས་ལྷའི་གཏོར་མ་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་ཆེ་ཆུང་གཉིས་དང༌། མདུན་དུ་གསེར་སྐྱེམས་དང་བཅས་པའི་མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་གཡས་སུ་བསྐོར། གཞན་ཡང་ཉེར་མཁོའི་ཡོ་བྱད་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་དཔལ་ཆེན་ཕྱག་རྒྱ་གཅིག་པ་ནི། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས་བཅས་སྔོན་དུ་འགྲོ་བས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ ཞེས་སོགས་ལན་གསུམ་གྱིས་ཚོགས་བསགས། ཧཱུྃ༔ རང་བྱུང་རིག་པ་དེ་བཞིན་ཉིད༔ རོལ་རྩལ་ཀུན་སྣང་སྙིང་རྗེའི་གདངས༔ རྒྱུ་ཡི་ཧཱུྃ་གིས་སྣོད་བཅུད་སྦྱངས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཕྱི་རོལ་རྡོ་རྗེའི་སྲུང་འཁོར་དང༔ དྲག་པོའི་གཞལ་ཡས་མཚན་རྫོགས་དབུས༔ བྱོལ་སོང་དྲེགས་པ་པད་ཉིའི་གདན༔ དེ་སྟེང་ཧཱུྃ་བབས་ཡོངས་གྱུར་ལས༔ རྡོ་རྗེ་སྔོན་པོ་རྩེ་ལྔ་པ༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ ཆེ་མཆོག་བཛྲ་ཐོད་ཕྲེང་རྩལ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ རྒྱལ་འགོང་བདུད་བཞིའི་དཔྱི་ནས་བརྫིས༔ གཡས་དཀར་དགོད་ཅིང་གཤེ་བའི་ཞལ༔ གཡོན་དམར་ཨམ་གཙིགས་འཇིགས་པར་སྟོན༔ དབུས་མཐིང་རྔམས་བརྗིད་ཁྲོ་བོའི་ཞལ༔ སྐུ་མཆོག་རིགས་ལྔ་དབུ་ལ་རྫོགས༔ རྡོ་རྗེའི་བྱ་ཁྱུང་སྤྱི་བོར་ལྡིང༔ སྤྱན་དགུ་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་ཀྱི་དང་པོ་རྡོ་རྗེ་དང༔ བར་པ་ཁ་ཊྭཱཾ་ཐ་མ་མེ༔ གཡོན་གྱི་དང་པོ་བྷནྡྷ་དམར༔ བར་པ་ཐོང་གཤོལ་ཐ་མ་ན༔ ལྕགས་ཀྱི་སྡིག་པ་མགོ་དགུ་བསྣམས༔ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔ གནམ་ཞལ་ཡུམ་མཆོག་ཀུན་བཟང་སྦྱོར༔ གཡས་པ་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ སྐུ་མདོག་སྔོན་མོ་རྒྱན་དང་ལྡན༔ བསྐལ་པའི་མེ་ཕུང་འབར་བའི་ཀློང༔ དགའ་བཞི་བདེ་བ་ཆེན་པོར་བཞུགས༔ དཔལ་ཆེན་ཡབ་ཡུམ་སྦྱོར་མཚམས་ནས༔ མཐིང་ནག་ཧཱུྃ་གི་ཡི་གེ་སྤྲོས༔ རྡོ་རྗེའི་སྐུ་ཡི་གནས་རྣམས་སུ༔ ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཆེན་སྔགས་ཀྱི་སྒྲ་བསྒྲགས་པས༔ ཁྲོ་རྒྱལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བསྐལ་པའི་མེ་ལྟར་འབར་ཀློང་ནས༔ རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤར༔ སྤྱི་བོར་འཇམ་དཔལ་གཤིན་རྗེ་སེར༔ བེ་ཅོན་གཡས་ལ་སྡིག་མཛུབ་གཡོན༔ མགྲིན་པར་དབང་ཆེན་རྟ་མགྲིན་དམར༔ རལ་གྲི་གཡས་ལ་པདྨ་གཡོན༔ ཐུགས་ཀར་བཛྲ་ཧེ་རུ་མཐིང༔ རྡོ་རྗེ་གཡས་ལ་དུང་ཁྲག་གཡོན༔ ལྟེ་བར་རྡོ་རྗེ་གཞོན་ནུ་ལྗང༔ ཕྱག་གཉིས་རྡོ་རྗེ་ཕུར་བུ་འདྲིལ༔ གསང་བར་བླ་མེད་ཧེ་རུ་ཀ༔ མཐིང་ནག་བྱ་ཁྱུང་ཞིང་དབྱུག་ཐོགས༔ སྤྱི་གཙུག་རིག་འཛིན་རྡོ་རྗེ་དཀར༔ ཐོད་དབྱུག་གཡས་ལ་དྲིལ་བུ་གཡོན༔ བརླ་གཡས་དྲེགས་པ་ཀུན་འདུལ་མཐིང༔ ཐོ་བ་གཡས་ལ་མདུང་ཐུང་གཡོན༔ བརླ་གཡོན་སྟོབས་ལྡན་ནག་པོ་ཆེ༔ ལྕགས་ཀྱུ་གཡས་ལ་སྦྲུལ་ཞགས་གཡོན༔ ཀུན་ཀྱང་རིགས་བཞིའི་འཁོར་དང་བཅས༔ ཞབས་ཀྱིས་ལྷ་ཆེན་ཕོ་མོ་བརྫིས༔ ཆོས་ཉིད་མི་འགྱུར་ཡུམ་རྣམས་མཐིང༔ གྲི་གུག་ཐོད་འཛིན་ཡབ་ལ་འཁྱུད༔ ཡན་ལག་སྒོ་བ་རིགས་བཞི་ནི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཚོམ་བུ་དགུ་ཡི་གཙོ་མཆོག་ལས༔ བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཀུན༔ ཉི་ལས་འོད་ཟེར་བཞིན་དུ་ཤར༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར༔ ཅེས་རྡོ་རྗེའི་ལུས་ལ་གདོད་ནས་གྲུབ་པའི་གཉུག་མའི་ལྷ་སྔགས་ཀྱི་རྐྱེན་གྱིས་སད་པས་གཙོ་བོ་རྣམས་ཞལ་ཕྱག་ཡོངས་རྫོགས་དང་འཁོར་རྣམས་མོས་བསྐྱེད་ཀྱི་ཚུལ་དུ་གསལ་གདབ། དང་པོ་བསྙེན་པ་ནི། བདག་ཉིད་ཆེ་མཆོག་ཡབ་ཡུམ་གྱི༔ ཐུགས་མཆོག་འོད་ཀྱི་དྲྭབའི་ཀློང༔ གསལ་སྟོང་ཟུང་འཇུག་ཉི་ཟླའི་སྟེང༔ ཀུན་བཟང་ཡབ་ཡུམ་ཞལ་སྦྱོར་ལ༔ རྡོ་རྗེའི་སྐྱིལ་ཀྲུང་མཉམ་བཞག་ཅན༔ ཐུགས་ཀར་བདེ་གཤེགས་ཀུན་གྱི་སྲོག༔ ཡི་གེ་འབྲུ་གསུམ་བརྩེགས་མར་གསལ༔ དེ་ལས་འོད་འཕྲོས་སྣང་སྲིད་ཀུན༔ ཡེ་ཤེས་ལྔ་རུ་སངས་རྒྱས་གྱུར༔ འཁོར་འདས་རོ་གཅིག་ལྟ་བའི་ངང༔ ཨོཾ་ཨཱཿཧཱུྃ༔ ཞེས་ཡིད་བཟླས་སམ་ཤུབ་བུར་བཟླ། གཉིས་པ་སྒྲུབ་པ་ནི། ཡེ་ཤེས་རྒྱལ་པོ་སྟང་དཔྱལ་གྱི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ གསེར་གྱི་རྡོ་རྗེ་རྭ་དགུ་པའི༔ དབུས་རར་ཏིང་འཛིན་སེམས་དཔའ་ཧཱུྃ༔ རྭ་བརྒྱད་མདུན་ནས་རིམ་པ་བཞིན༔ ཐོག་མཐའ་གཉིས་དང་གྲོང་ཁྱེར་དྲུག༔ ཀུན་ཀྱང་ཐུགས་ཀའི་ཧཱུྃ་ལ་བལྟ༔ ཤིན་ཏུ་ཕྲ་ཞིང་འོད་ཟེར་འབར༔ ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃ༔ ལྷ་ལ་གསལ་སྣང་ཐོན་པ་དང་༔ འཕྲོ་འདུའི་གཟེར་ལ་ལྡེ་ཁ་བསྒྱུར༔ རང་རང་སྔགས་ཀྱི་ཡིག་འབྲུ་ལས༔ སྔགས་ཕྲེང་ལུ་གུ་རྒྱུད་དུ་ཐོན༔ ཡབ་ནས་ཡུམ་གྱི་ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་ནས༔ རྡོ་རྗེ་ནོར་བུའི་ལམ་ཞུགས་ཏེ༔ ཐུགས་སྲོག་ཧཱུྃ་ལ་ཐིམ་ཞིང་འཁོར༔ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་དངོས་གྲུབ་དབྱིག༔ ཐམས་ཅད་བསྡུས་ནས་རང་ལ་བསྟིམས༔ སླར་འཕྲོས་འགྲོ་བའི་ལས་ཉོན་སྦྱངས༔ ཞེས་དམིགས་ཤིང་བཟླ། སྤྲོ་ན་ཧཱུྃ་བཟླས་ཀྱང་བྱ། གསུམ་པ་སྒྲུབ་པ་ཆེན་པོ་ཁྲོ་བོ་སྤྱི་དྲིལ་གྱི་སྔགས་བཟླ་བར་སྤྲོ་ན། སྐུའི་གནས་ཀྱི་ལྷ་སོ་སོར་སྔགས་ཕྲེང་དོ་ལིའི་དམིགས་པ་དང༌། ལྷ་ཚོགས་ཀུན་ཀྱང་སྤྱི་དྲིལ་སྔགས༔ འུར་ཆེམ་འབྲུག་གི་སྒྲ་བཞིན་སྒྲོགས༔ ལྔ་ལྡན་འོད་ཀྱིས་སྟོང་གསུམ་གང༔ ནད་གདོན་ཞི་ཞིང་ཚེ་དཔལ་རྒྱས༔ ཁམས་གསུམ་དབང་འདུས་དམིགས་བྱ་བསྒྲལ༔ རིག་འཛིན་བཞི་ཡི་གནས་ཐོབ་གྱུར༔ ཅེས་བརྗོད་ཅིང་དམིགས་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ ཅེས་ཅི་ནུས་བཟླས་མཐར། རྟེན་དང་བརྟེན་པའི་སྣང་ཆ་ཀུན༔ འོད་གསལ་གདོད་མའི་གཤིས་སུ་ཐིམ༔ སླར་ཡང་ཟུང་འཇུག་སྒྱུ་མའི་སྐུའི༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ བཛྲ་རཀྵ་ཧཱུྃ༔ ཞེས་པས་ཐུན་མཚམས་ཧེ་རུ་ཀའི་སྐུར་ལྡངས་ལ། བདག་ཉིད་ཡི་དམ་གྱི་སྐུར་གསལ་བས་སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བཾ་ལས། སའི་ལྷ་མོ་གསེར་བཙོ་མའི་མདོག་ཅན་བུམ་པ་བསྣམས་པ་བསྐྱེད་ནས། ཨོཾ་པྲི་ཐཱི་དེ་ཝི་ས་མ་ཡ་ཛཿཛཿ ཞེས་བརྗོད་པས་སའི་ལྷ་མོ་ལ་ཀླུ་གཉན་ས་བདག་གིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། མཆོད་པ་རྣམས་ཨ་མྲྀ་ཏས་བསངས། རྃ་ཡྃ་ཁྃ་གིས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྟ་པཱུ་ཛ་ས་མ་ཡ་ཧཱུྃ། ཞེས་དང༌། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ། ལན་གསུམ་རྒྱ་དང་བཅས་པས་བརླབ། ཨོཾ་པྲི་ཐཱི་དེ་ཝི་ས་པ་རི་ཝ་ར་ཨརྒྷཾ་པུཥྤེ་སོགས་བཏགས་པས་ཉེར་སྤྱོད་དང༌། རྡོར་ཐལ་ཕྱེ་བས། ཨོཾ་པྲི་ཐཱི་དེ་ཝི་ས་པ་རི་ཝཱ་ར་ཨ་ཀཱ་རོས་གཏོར་མ་བསྔོ། སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱེད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །དེ་ཕྱིར་ས་འདི་གནང་བར་མཛོད། །ཅེས་བརྗོད་པས་དེས་ཀྱང་རྡོ་རྗེ་འཛིན་པ་ཁྱེད་ཅི་དགའ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་པར་བསམ་ལ། གཏོར་མ་ཕུལ་ལ་བཛྲ་མུཾ་གྱིས་རང་གནས་སུ་བཏང་ངོ༌། གཉིས་པ་ནི། སྤྲོ་ན་གཉུག་མར་གནས་པ་ལ་ཆ་གསུམ་དང༌། བསྡུ་ན་གཏོར་མ་དང་གསེར་སྐྱེམས། རྃ་ཡྃ་ཁྃ་གིས་བསངས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་གསུམ་གྱིས་གཏོར་མ་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ་ལ་གཏོར་མ་དང་གསེར་སྐྱེམས་ཕྱི་རོལ་དུ་འབུལ། མཆོད་པ་རྣམས་བསྡུའོ། །གསུམ་པ་དབང་དུ་བྱ་བ་ནི། སྟེགས་བུའི་མདུན་ནས་ཙནྡན་ནམ་སེང་ལྡིང་གི་ཕུར་བུ་སློབ་དཔོན་གྱིས་བཟུང་ལ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུར་གྱུར་པར་བསམ་ཏེ་ཕུར་བུ་ས་ལ་གདབ་པའམ་བཀོད་ནས། ཧཱུྃ་པདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ྄། ཅེས་བཏབ་ཏེ་ལན་བདུན་བཟླས་པས། ཕུར་བུ་ལས་འཕྲོས་པའི་འོད་ཟེར་དམར་པོས་ས་གཞི་ཁྱབ་ཅིང་དབང་དུ་གྱུར་པར་བསམ་མོ། །བཞི་པ་སྦྱང་བ་ནི། ལག་པ་གཡས་པའི་སོར་མོ་ལྔ་ཕྲལ་བ་རྡོ་རྗེ་རྩེ་ལྔ་པར་བསམ་ལ་ཤར་དང་བྱང་ཅུང་ཟད་གཞོལ་བའི་སྟེང་གི་ཁོར་ཡུག་ཏུ་བསྐོར་ཞིང་ས་ལའང་བཞག་ནས། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཅེས་བརྗོད་ཅིང་རྡོ་རྗེ་ལས་བྱུང་བའི་འོད་ཟེར་གྱིས་སྣོད་བཅུད་དུ་འཛིན་པ་སྦྱངས། ཨོཾ་བྷུ་ཁཾ་ཞེས་བརྗོད་པས་ས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར་པར་བསྒོམས། ཅུང་ཟད་སྤྲོ་ན་བཟུང་བ་ནི། སེང་ལྡིང་ཕུར་པ་མགུལ་དུ་ཡུངས་ཀར་གྱི་ཐུམ་བུ་དང་དར་སྣའི་ཅོད་པན་ཅན་བཅུ་འབྲུའི་སྣོད་དུ་བཙུགས་པ་སློབ་དཔོན་སྟེགས་བུའི་དབུས་ནས་ཞལ་ཤར་དུ་ཕྱོགས་པའི་མདུན་དང༌། ཕུར་སྟེགས་ཨེ་བཅུ་རྣམས་ཕྱོགས་བཅུར་བཀོད། བདག་གི་ཐུགས་ཀ་ནས་ཧཱུྃ་འཕྲོས། ཨོཾ་ཊཱ་ཀི་རཱ་ཛ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ྄། ཅེས་བརྗོད་པས་ཁྲོ་བོ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་སྤྲོས། ཕྱོགས་སྐྱོང་བཅུ་བཀུག་ནས་ཐོ་བས་བསྣུན་ཏེ་གཟིར། ཨེ་བཅུར་བཀོད་པར་གྱུར། ཡང་རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་སྤྲོས་པ་ལས་ཕུར་བུ་རྣམས་ཁྲོ་བོ་བཅུ་སྐུ་སྨད་ཕུར་བུའི་དབལ་ཅན་ཏུ་གྱུར། ཧཱུྃ་བཅུ་བརྗོད། ཕྱོགས་བཅུའི་བགེགས་རྣམས་ཀྱི་སྙིང་གར་བཏབ་པར་གྱུར། སློབ་དཔོན་གྱི་ཕྱག་གཡས་ཐོ་བ་དང༌། གཡོན་པས་སྟེང་གི་ཁྲོ་བོའི་ཕུར་པ་སོགས་རིམ་བཞིན་ཐོགས་ལ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ྄། ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཾ་ཧཱུྃ་ཕཊ྄། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཱཾ་ཧཱུྃ་ཕཊ྄། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ དེས་འགྲེས་ཏེ་ཁྲོ་བཅུའི་སྙིང་པོ་སོ་སོར་ལས་སྔགས་བཏགས་པ་བརྗོད་ཅིང་འབར་བའི་སྟངས་སྟབས་དང་བཅས་སྟེང་གི་ཕུར་བུ་ཤར་གྱི་ཤར་དང༌། ཕྱོགས་བཞི་ཤར་ནས་གཡས་སྐོར་དང༌། མཚམས་བཞི་བྱང་ཤར་ནས་གཡོན་བསྐོར་དང༌། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་ཅིང༌། ཕྱོགས་བཅུར་ཕུར་བུ་བཏབ་པས་དེ་ལས་བྱུང་བའི་ཡེ་ཤེས་ཀྱི་མེ་དཔུང་ཕྱོགས་ཐམས་ཅད་དུ་ཁྱབ་པར་འབར་བས་བགེགས་རྣམས་བསྲེགས་ཤིང་མི་གནས་པར་གྱུར་པར་བསམ། བསྡུས་པའི་སྐབས། བགེགས་གཏོར་བྱིན་བརླབས་བཀུག་ཅིང་སྔགས་ཀྱིས་བསྔོ། ཧཱུྃ། ང་ནི་སྤྱི་དཔལ་ཆེན་པོ་སྟེ་སོགས་ལས་བྱང་ལྟར་བཀའ་བསྒོ་ཞིང༌། ཧཱུྃ། བདག་ཉིད་ཞེ་སྡང་རྡོ་རྗེ་ཡི་སོགས་ཀྱིས་མཚམས་བཅད་བསྲུང་འཁོར་བསྒོམས་པས་ཀྱང་རུང་བར་གསུངས། ཕུར་གདབ་རྒྱས་པ་བྱས་ན་བགེགས་གཏོར་བཏང་བ་འདི་མི་དགོས། རྒྱས་བསྡུས་གང་གི་སྐབས་སུ་ཡང༌། རང་ཉིད་ཡི་དམ་དུ་གསལ་བའི་མིག་གཉིས་ཉི་ཟླ་མིག་འབྲས་ཧཱུྃ་ལས་མེ་དཔུང་འབར་བས་བགེགས་དང་ལོག་པར་འདྲེན་པའི་ཚོགས་ལ་གཟིར་བས་རྣམ་སྨིན་གྱི་ལུས་བསྲེགས་ཤིང་སེམས་ཆོས་ཉིད་ཀྱི་ངང་དུ་ར་རོས་པར་བསམས་ལ་རྐང་པ་རྡོ་རྗེའི་འགྲོས་ཀྱིས་བསྐོར་ཞིང༌། ཨོཾ་སཱུརྻ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ྄། ཅེས་བརྗོད་ཅིང་སྤྲོ་ན་ཆས་སུ་ཞུགས་ཏེ་རྐང་པ་བྱིན་གྱིས་བརླབས་ནས་གར་གྱི་གཞི་བཅའ་བ་སྔོན་དུ་བཏང་སྟེ་ཁྲོ་བོ་བཅུའི་སྟངས་སྟབས་ཕུར་པ་རྒྱུད་ལུགས་ལས་འབྱུང་བ་ལྟར་བྱའོ། །ཕྱི་བཤགས་སྐབས་འདིར་གསུངས་ཀྱང་འགྲུབ་སླ་བའི་ཕྱིར་གོང་དུ་བསྟན་ཟིན་ཅིང༌། འདི་ནས་བརྩམས་སྒྲུབ་པ་མ་གྲོལ་བར་དྲི་མེད་བཤགས་རྒྱུད་ནར་མར་བཀླག་མཁན་བཞག །རྩ་བའི་གཉིས་པ་དངོས་གཞི་ལ་གསུམ། ཡེ་ཤེས་ཀྱི་ལྷ་བསྙེན་པ་དང༌། ཉེ་བར་བསྙེན་པའི་རིམ་པ། ལྷ་དང་དབྱེར་མེད་དུ་བྱེད་པ་སྒྲུབ་པའི་རིམ་པ། གྲུབ་ནས་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོའི་རིམ་པའོ། །དང་པོ་ལ་བཅུ་ལས། ཐོག་མར་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱོགས་བཞིར་གོམ་པ་བདུན་ཅུ་རྩ་བཞིའི་སར་ཐོ་བཞི་ལ་རྒྱལ་ཆེན་སོ་སོའི་སྐུ་རྟེན་རྒྱལ་མཚན་དང་བཅས་པ་བཙུགས་པའི་མདུན་དུ་སྟེགས་ཁེབས་ལྡན་གྱི་ཁར་མེ་ཏོག་གི་ཚོམ་བུའི་སྟེང་དུ་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་ཀྱུ་རིལ་བུས་མཚན་པ་རེ་དང༌། དེའི་མདུན་དུ་གཡོན་ནས་བརྩམས་པའི་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པ་བཤམས་ལ། སློབ་དཔོན་འདུས་པ་བཅས་རོལ་ཆ་དང་སེར་སྦྲེང་གིས་ཤར་དུ་འཁོད་ལ། ཤར་གྱི་མཆོད་གཏོར། ཨ་མྲྀ་ཏས་བསངས། རྃ་ཡྃ་ཁྃ་གིས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་ནས་ཤཔྟ་པཱུ་ཛ་ས་མ་ཡ་ཧཱུྃ༔ གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་གིས་བརླབས། ཐོ་སྐུ་རྟེན་དང་བཅས་པ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་རྟེན་ལ་བསྟིམས། ཨོཾ་དྷྲྀཥྚ་རཱཥྚ་ཧཱུྃ་ཛཿ ལན་ཉེར་གཅིག་མཐར། ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྡོར་ཐལ་ཕྱེ་རྒྱས་སྙིང་པོའི་མཐར། ཨ་ཀཱ་རོས་གཏོར་མ་ཕུལ་ལ། ཧཱུྃ། རི་རབ་གླིང་བཞིའི་ཤར་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་ཡུལ་འཁོར་སྲུང༌། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །དྲི་ཟའི་གདོན་རྣམས་མཚམས་ཆོད་ཅིག །ཅེས་ཕྲིན་ལས་བཅོལ། སྲུང་བའི་ལས་མཛད་པར་བསམ་ཞིང༌། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་ལྷོ་ཡི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབས། ཐོ་བསང་སྦྱངས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོས་བསྟིམས། ཨོཾ་བཻ་རཱུ་ཌྷ་ཀ་ཧཱུྃ་ཛཿ ལན་ཉེར་གཅིག་དང༌། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། ཨ་ཀཱ་རོ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་འཕགས་སྐྱེས་པོ། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །གྲུལ་བུམ་གདོན་རྣམས་མཚམས་ཆོད་ཅིག །ཅེས་དང༌། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་ནུབ་ཀྱི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབས། ཐོ་བསང་སྦྱངས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམས། ཨོཾ་བཻ་རཱུ་པཱཀྵ་ཧཱུྃ་ཛཿ ལན་ཉེར་གཅིག་དང༌། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། ཨ་ཀཱ་རོ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། རི་རབ་གླིང་བཞིའི་ནུབ་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་སྤྱན་མི་བཟང༌། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །ཀླུ་དབང་གདོན་རྣམས་མཚམས་ཆོད་ཅིག །ཅེས་དང༌། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་བྱང་གི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབས། ཐོ་བསང་སྦྱངས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམས། ཨོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛཿ ཞེས་ལན་ཉེར་གཅིག་དང༌། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱི་མཆོད། སྙིང་པོའི་མཐར། ཨ་ཀཱ་རོ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། རི་རབ་གླིང་བཞིའི་བྱང་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །གནོད་སྦྱིན་གདོན་རྣམས་མཚམས་ཆོད་ཅིག །ཅེས་དང༌། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་ལ་གཉིས་ཀྱི་དང་པོ་དམ་སྲི་མནན་པ་ནི། སྔགས་ལ་ཞུགས་ནས་སླར་དམ་ལས་ལོག་སྟེ་དམ་ཚིག་ཅན་ལ་གནོད་པའི་འདྲེར་གྱུར་པས་སྔོན་དམ་འདྲེས་ཟིན་པའི་ཕྱིར་མཚམས་གཞན་གྱིས་མི་བཟློག་པས་སྒོ་ཐེམ་ཕྱི་ནང་མཚམས་སུ་མནན་དགོས་པས་དུག་ཤོག་ལ་དམ་སྲིའི་ལིངྒ་སྤྱི་མཐུན་གྱི་སྙིང་གར་ནྲྀའི་མཐར་ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་ཛཿ ཞེས་བྲིས་ལ་དུག་ཁྲག་བྱུགས་པ་བྲུབ་ཁུང་དུ་བཀོད་ནས་བསྐུལ་གསེར་སྐྱེམས་གཟུ་དཔུང་དམིགས་བྱ་འགུགས་ཤིང་བསྟིམ་པ་ཐུན་གྱིས་བྲབས་ནས་མནན་ཐོད་དུ་འཇུག་པ་རྣམས་སྔ་ཉིན་ནས་རྡོ་རྗེ་མཚམས་པ་སོགས་ཀྱིས་གྲུབ་པ་ཡོད་ན་དང་མ་གྲུབ་ན་ལིང་རྐྱང་བྲུབ་ཁུང་དུ་བཅུག་པ་སྒྲུབ་ཁང་གི་སྒོ་དྲུང་དུ་དམ་སྲི་མནན་པའི་སར་སློབ་དཔོན་གྱི་མདུན་དུ་བཀོད་ལ། གསེར་སྐྱེམས། རྃ་ཡྃ་ཁྃ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཞེས་བྱིན་གྱིས་བརླབས་ནས། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་བཀའ་བརྒྱད་ལྷ། །ཁྱད་པར་དཔལ་ཆེན་འདུས་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་ཚེ་རིང་མཆེད་ལྔ་དང༌། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱི། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་ཕུལ། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་བསྒྲུབ་པ་བཀའ་བརྒྱད་བླ་མ་དྲག་པོ་དཔལ་ཆེན་འདུས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུངས་པའི་སེམས་ཅན་ཡ་མ་དམ་སྲི་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དགུག་གཞུག་བྱས་ནས་ཕུར་ཆུང་གཅིག་མི་གཡོ་བར་བསྐྱེད་པ་སློབ་དཔོན་གྱི་ཕྱག་ཏུ་ཐོགས་ལ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ཅེས་ཚར་གསུམ་གྱིས་གཟི་བྱིན་བསྐྱེད་ནས། ཧཱུྃ། དུར་ཁྲོད་ཆེན་པོའི་གནས་མཆོག་འདིར༔ སྒྲུབ་པའི་བར་ཆད་བྱེད་པའི་བགེགས༔ བཀའ་ལས་འདས་པའི་དམ་སྲི་རྣམས༔ བསད་ཅིང་མནན་པའི་དུས་ལ་བབ༔ ཧཱུྃ་མཛད་ཧཱུྃ་གི་ཁྲོ་བོ་ཨཱརྻ་ཨ་ཙ་ལ༔ སྤྲུལ་པའི་འོད་ཟེར་རྔམས་བརྗིད་དགྲ་བགེགས་འདུལ༔ དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་བཛྲ་ཀཱི་ཡ༔ ཡ་མ་དམ་སྲི་ཐལ་བའི་རྡུལ་དུ་རློག༔ ཨཱརྻ་ཨ་ཙ་ལ་དམ་སྲི་བྷནྡྷ་བྷནྡྷ་མཱ་ར་ཡ་ཧཱུྃ་ཕཊ྄༔ ཞེས་མནན་ཐོད་དམ་ལིང་ག་ལ་སློབ་དཔོན་གྱིས་ཕུར་ཆུང་བཏབ། ཐུན་རྫས་ཀྱིས་བྲབ། ཐོད་པ་མཚན་ངན་དུ་བཅུག་སྟེ་སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་དུ་མནན། རོ་གཡམ་ལ་རི་གླིང་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་པའི་སྟེང་སཱཙྪ་ནག་པོས་མནན་རྗེས། ཐམས་ཅད་ཀྱིས་ཨཱརྻ་ཨ་ཙ་ལའི་སྔགས་བརྗོད་བཞིན་པས་ས་ཆུ་མེ་རྣམས་ཀྱིས་རྒྱས་བཏབ་ནས་མི་མངོན་པར་བྱས་ལ་སློབ་དཔོན་གྱི་རྡོ་རྗེས་རྒྱ་གྲམ་དུ་མནན་ལ། ཧཱུྃ། རི་རབ་ཆེན་པོའི་རྨང་དུ་མནན༔ རྒྱ་མཚོ་ཆེན་པོའི་གཏིང་དུ་སྐྱུར༔ གཤིན་རྗེ་ནག་པོའི་ལག་ཏུ་གཏད༔ ཆུ་སྲིན་གདུག་པའི་ཁ་རུ་བརྫང༔ འཁོར་ལོ་འབར་བའི་ཕྱག་རྒྱས་མནན༔ བདུན་བརྒྱུད་རིགས་ནི་བརླག་པར་འགྱུར༔ ནམ་ཡང་ལྡང་བར་མི་ནུས་སོ༔ བྱང་ཆུབ་སེམས་ནི་སྐྱེས་ན་བཏང༔ ཞེས་བརྗོད་ཅིང་དོན་བསམ་མོ། །དེའི་སྟེང་དུ་དཔོན་སློབ་རྣམས་ཀྱིས་སུཾ་བྷ་ནི་བརྗོད་བཞིན་དུ་ལག་པ་ལུ་གུ་བརྒྱུད་དུ་སྦྲེལ་ནས། ཧཱུྃ། དམ་སྲི་བྱ་བའི་སྡིག་ཅན་ཁྱོད༔ འགྲོ་བ་ཡོངས་ཀྱི་རྒྱུད་ལ་རྒོལ༔ བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་བྲོས༔ མནན་ནོ་སྟོང་ཆེན་འོག་ཏུ་མནན༔ གཏད་དོ་ཆུ་སྲིན་གྲེ་བར་གཏད༔ བསྐྱུར་རོ་གཤིན་རྗེའི་ཁ་རུ་བསྐྱུར༔ བསྲེག་གོ་ཡེ་ཤེས་མེ་ཡིས་བསྲེག༔ བདག་ཏུ་བལྟ་བ་མ་ཞིག་བར༔ བསྐལ་པ་ཞིག་ཀྱང་མི་བཏང་ངོ༔ ཨོཾ་ཨཱཿཧཱུྃ༔ སྟྭཾ་བྷ་ཡ་ལཾ་ནན༔ ཞེས་བྲོ་བརྡུང་ངོ༌། གཉིས་པ་སྒོ་བྱང་གདགས་པ་ནི། ར་སོག་གམ་རོ་རས་ལ་གཤིན་རྗེའི་སྐུ་མངོན་རྟོགས་ལྟར་བྲིས་པའི་རྒྱབ་ཏུ་སྙིང་པོ་དང་འདོད་གསོལ་བཅས་བྲིས་པ་སྒོའི་ཡ་ཐེམ་གྱི་ཕྱི་ངོས་སུ་བཏགས་པའི་མདུན་དུ་གཏོར་མ་གྲུ་གསུམ་དམར་པོ་མཐེབ་རིལ་གྱིས་མཚན་པ་དང༌། ཆུ་གཉིས་ཉེར་སྤྱོད་བཅས་བཤམས་པ་སྔར་ལྟར་བྱིན་གྱིས་བརླབས། སྐུ་རྟེན་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་འཁོར་ལོ་དང་ཐོད་དབྱུག་འཛིན་པ་ཁྲོ་གཏུམ་འཇིགས་པའི་ཆས་ཅན་མ་ཧེ་ལ་དོར་སྟབས་ཀྱིས་གནས་པའོ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དྲངས་བསྟིམས། ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ྄༔ ཅེས་ཉེར་གཅིག་བཟླ། ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ཀྱིས་མཆོད་ལ། རང་སྔགས་ཀྱི་མཐར་བ་ལིཾ་ཏ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་རྡོར་ཐལ་གྱི་རྒྱས་གཏོར་མ་ཕུལ་ནས་ཕྲིན་ལས་གསོལ་བ་ནི། ཧཱུྃ། ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱེད་ཀྱི་གཡོག་དང་འཁོར་ལགས་ན༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ བདག་གིས་འབྲས་བུ་མ་ཐོབ་པར། །སྒོ་འདི་ཚུན་ཆད་མ་གཏོང་ཞིག །ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སྟྭཾ༔ ཞེས་རྟེན་ལ་མེ་ཏོག་འཐོར་ནས་བརྟན་བཞུགས་བྱ། སྒོ་ཐེམ་གྱི་ནང་དུ་བྲུབ་ཁུང་ཞིག་གི་ནང་དུ་ཟན་ལིང་ལ་སེང་ལྡིང་ངམ་སྐྱེར་བའི་ཕུར་བུའི་དབལ་ལ་མི་གཡོ་བའི་སྔགས་དང༌། མགུལ་དུ་རྒྱ་ཤོག་ལ་སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག་ཅེས་བྲིས་ཏེ་བཏགས་ལ་བཏབ། སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག་ཅེས་བརྗོད། འདི་ཉིན་དྲག་པོའི་སྦྱིན་སྲེག་བྱ་དགོས་པས་རྡོ་རྗེ་མཚམས་པས་སྒྲུབ་ཁང་གི་བྱང་ངམ་ཉེ་ལོགས་སུ་བྱ། སྤྲོས་པ་རྒྱས་ན་སྐབས་འདིར་གིང་དཀར་ནག་ཆས་སུ་བཅུག་པས་དྲག་སྔགས་བཟླ་བཞིན་མེ་ཆུའི་ཐུན་དང༌། རྡོ་རྗེ་མཚམས་པ་སློབ་དཔོན་ནས་རྣམ་སྨེའི་ཁྲུས་བྱ། དེ་ཕྱིན་ཐོ་དང་ཐུན་གྱི་འོག་ཏུ་མ་ཚུད་པ་མི་གཏོང༌། འཐུང་ཆུ་སོགས་ཡོ་བྱད་མི་ལེན་ཀ་མེད་ལ་ཐུན་དང་ཁྲུས་ཀྱིས་སྦྱངས། གསུམ་པ་ནང་མཚམས་ལ་དང་པོ་མ་ཏྲཾ་བསྒྲལ་བ་ནི། རྒྱལ་པོ་བཙོན་དུ་བཟུང་ན་འབངས་ཀྱིས་གནོད་པ་བྱེད་མི་ནུས་པ་ལྟར་བགེགས་ཀྱི་རྒྱལ་པོ་རུ་ཏྲ་རྒྱུད་ལས་གསུངས་པ་ལྟ་བུའི་དམ་སྲི་ཆེན་པོ་ད་ལྟའང་ཡོད་པས་ཁོ་རང་དང་བསམ་སྦྱོར་མཐུན་པའི་ལྷ་སྔགས་ཀྱི་གནད་ཀྱིས་དབང་དུ་བྱེད་ཅིང་ཏྲི་ཤུ་ལས་བསྒྲལ། ཁོག་པ་བྲོས་བརྒྱང༌། བདག་མེད་ཀྱི་དུར་ཁྲོད་དུ་བགེགས་འཇུག་པའི་ནུས་པ་མཚམས་བཅད་པའི་ཕྱིར་དཀྱིལ་འཁོར་གྱི་གཞིར་མ་ཏྲཾ་གི་གཟུགས་བརྙན་མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག །སྟེགས་བུའི་ཤར་ངོས་སུ་སློབ་དཔོན་ཞལ་ནུབ་བསྟན་གྱིས་ཕྱག་ཏུ་གཡབ་དར་དང་དྲིལ་བུ་བསྣམས་ནས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ བདག་ཉིད་བཛྲ་ཧེ་རུ་ཀའི་སྐུར་གྱུར་ཞེས་བརྗོད་ཅིང༌། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། མ་ཏྲཾ་ཀ་རུ་ཏྲ་ཛཿ ལན་བདུན་བརྗོད། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་བླ་མ་དྲག་པོ་དཔལ་ཆེན་འདུས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྣམ་པ་མ་ཏྲཾ་རུ་ཏྲ། ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་ཏྲ་ཨཱ་ཀརྴ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བཀུག་སྟེ་གཟུགས་ལ་བསྟིམས་ནས། ལྕགས་ཀྱུའི་ཕྱག་རྒྱ་དང་དང་བཅས། ཧཱུྃ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །དུས་གསུམ་རྒྱལ་བའི་སྐུ་སྤྲུལ་པ། །རིག་འཛིན་ངེས་པ་མང་པོ་ལ། །དངོས་གྲུབ་འཕྲོག་པར་བྱེད་པ་ཡི། །རུ་ཏྲ་རྟག་པའི་རྒྱལ་པོ་འདི། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །སྡུག་བསྔལ་ཉམས་སུ་མྱོང་བར་གྱིས། །མ་ཏྲཾ་ཀ་རུ་ཏྲ་ཛཿ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པས་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་ཨཱ་ཀརྴ་ཛཿ ཏྲི་ཡཾ་ཛཿ ཛཿཧཱུྃ་བཾ་ཧོཿས་བསྟིམས་ལ། ཆོས་དང་གང་ཟག་གི་བདག་ཆད་པར་ལྟ་བ་རྣམས་གཞོམ་པའི་དོན་དང༌། མ་ཏྲཾ་གི་གཟུགས་དེ་ཉིད་སློབ་དཔོན་གྱི་ཞབས་གཡས་པའི་དོར་སྟབས་ཀྱིས་མནན་ལ། སྙིང་རྗེས་ཁྱེད་བསྒྲལ་དམ་ཚིག་གི །གསད་མནན་བྱ་བ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེ་གཏམས་བྱས་ལ། །རྣམ་པར་ཤེས་པ་མྱ་ངན་འདའ། ཧཱུྃ། ཆོས་ལ་ལྟ་དང་གང་ཟག་ལྟ། །རྟག་ཆད་ལྟ་བའི་སྡིག་ཅན་ཁྱེད། །བདག་མེད་སྟོང་པའི་ཐོ་བས་གཞོམ། །འཇིགས་བྱེད་ཆེན་པོའི་ཞབས་ཀྱིས་གནོན། །མ་རིག་སྒོ་ལྔའི་སྦུབས་ལས་དྲལ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ྄། །ཐམས་ཅད་ཀྱི་ལག་གཡས་ཀྱི་སོར་མོ་གསུམ་སྒྲེང་པ་ཁ་ཊྭཱཾ་གའི་རྒྱས་སྙིང་གར་སྣུན་ཚུལ་བྱས་ལ། གཟུགས་ཕུང་ཧྲུལ་གྱིས་ཞིག །མ་རིག་སྒོ་ལྔའི་སྦུབ་དྲལ། རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སངས་པས་ཧཱུྃ་ཡིག་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་གྱུར་པར་བསམ་ཞིང༌། བྲོས་བརྒྱང་བ་ནི། ཧཱུྃ། སྟོང་གསུམ་སྟོང་གི་ལོ་ཀ་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །དྲེགས་པ་བསྣོལ་བའི་གདན་སྟེང་ན། །རྡོ་རྗེ་ཁྲག་འཐུང་བྲོ་རར་ཆས། །ཞལ་གཅིག་ཕྱག་གཉིས་མཐིང་ནག་སྐུ། །རྡོ་རྗེ་དབྱིངས་ཕྱུག་ཡུམ་ལ་འཁྱུད། །རྡོ་རྗེ་ཐོད་ཁྲག་དཀྲུགས་ཤིང་གསོལ། །དུར་ཁྲོད་ཆས་ཀྱིས་ལྷ་སྲིན་འདུལ། །རྡོ་རྗེ་གཤོག་པས་བར་སྣང་བརྒྱངས། །སྤྱན་གསུམ་མར་ཟླུམ་སྟོང་གསུམ་བསྲེགས། །མཆེ་བ་གཙིགས་པས་བདུད་བཞི་འཇོམས། །ལྗགས་དམར་གློག་སྟོང་འཁྱུག་པ་ཡིས། །སྟོང་གསུམ་མ་ལུས་གསལ་བར་བྱེད། །ཧཱུྃ་གི་སྒྲ་ནི་འབྲུག་བཞིན་སྒྲོགས། །བརྐྱང་བསྐུམ་ཞབས་གཉིས་བྲོ་བརྡུངས་པས། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །ཀླུ་ནི་ཡོངས་སུ་བརྔོད་པའི་བྲོ། །བགེགས་རྣམས་མེར་ནི་སྲེག་པའི་བྲོ། །མ་བདུད་ཐལ་བར་རློག་པའི་བྲོ། །དུར་ཁྲོད་འདི་ལ་བྲོ་བརྡུངས་པས། །དམ་ཉམས་གཤེད་ནི་བརླག་པར་འགྱུར། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཕྱོགས་བཞིར་རིགས་བཞིའི་བྲོ་བརྡུངས་པས། །བར་ཆད་བགེགས་ནི་སྦྱང་བར་འགྱུར། །ཁྲོ་བཅུ་རྡོ་རྗེ་འགྲོས་ཀྱིས་བླངས། །དྲག་པོའི་བྱ་བའི་འགྲོས་ཀྱི་བླངས། །བདུད་ཀྱི་སྒོ་ལ་འཇུག་ཐག་བཅད། །ས་ཡི་རྟེན་ཕུར་འོག་ཏུ་དགོད། །རྡོ་རྗེ་རྒྱ་གྲམ་ཐག་པས་དྲགས། །དཀྱིལ་འཁོར་སྟན་དུ་རུ་ཏྲ་བཞིན། །དུར་ཁྲོད་གཞལ་ཡས་ཁང་དུ་བཟུང༌། །སྒྲུབ་པ་བྱེད་པའི་རྫས་སུ་བཟུང༌། །ཐུགས་དམ་སྐོང་བའི་བདུད་རྩིར་བཟུང༌། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཤཱིཾནྟ་སྭཱ་ཧཱ། པིུཾཥྚ་སྭཱ་ཧཱ། ཝཱ་ཤཾ་སྭཱ་ཧཱ། མཱ་ར་ཡ་ཕཊ྄། ལས་ཀྱི་རྡོ་རྗེས་མ་ཏྲཾ་གི་ལྷུ་ཚིགས་སོ་སོར་ཕྲལ་ནས་སྟེགས་བུའི་ལྷོ་ནུབ་ཏུ་མགོ །ནུབ་ཏུ་མཚན་མ། ནུབ་བྱང་དུ་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་རྐང་གཡས། ཤར་དུ་སྙིང༌། ཤར་ལྷོར་ནང་ཁྲོལ། ལྷོར་ལག་གཡས་ཕྱོགས་མཚམས་རྣམས་སོ་སོར་བཀོད། སློབ་དཔོན་ཤར་དུ་གནས་པས། བདག་གི་ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་མཐའ་སྐོར་དུར་ཁྲོད་བརྒྱད་ཀྱིས་བསྐོར་བར་གྱུར་པར་བསམ་ཞིང་ཁུ་ཚུར་དཔུང་མགོར་བསྣོལ་དབྱེ་རྒྱ་དང་བཅས། ཧཱུྃ་པྲ་བེ་ཤ་ཡ་ཕཊ྄། ཅེས་ལན་བདུན་གྱིས་སྤྲུལ་པའི་དཀྱིལ་འཁོར་གྱི་སྒོ་ཕྱེ། ཧཱུྃ་ཧཱུྃ་ཧཱུྃ་ཧ་ན་ཧ་ན་ཕཊ྄་ཕཊ྄་ཕཊ྄། ཅེས་རྡོ་རྗེའི་གར་འགྲོས་ཀྱིས་ལན་གསུམ་བསྐོར་ནས་དཀྱིལ་འཁོར་གྱི་ནང་དུ་ཚུད་པར་བསྒོམ་མོ། །སྟེགས་བུའི་དབུས་ཀྱི་ཁྲིའུ་ཁར་སློབ་དཔོན་ཞལ་ཤར་དུ་ཕྱོགས་པར་བཞུགས། གཉིས་པ་འབར་བ་ལྟ་སྟངས་སོགས་ཀྱིས་ནང་མཚམས་གཅོད་པ་ནི། སོ་སོའི་དམིགས་པ་ཁོང་དུ་ཆུད་པས། ཧཱུྃ། བདག་ཉིད་ཞེ་སྡང་རྡོ་རྗེ་ཡི། །སྤྱན་མིག་ཉི་ཟླ་འབར་ཞིང་བསྲེགས། །ཐུགས་ལས་ཁྲོ་བོའི་ཚྭ་ཚྭ་འཕྲོ། །སྟོང་གསུམ་སྤྲུལ་པའི་མེ་ཡིས་འགེངས། །ཕྱོགས་མཚམས་མཚོན་ཆ་འཆོལ་བས་གཏམས། །བདག་མེད་སྟོང་པར་མཚམས་བཅད་དོ། །ཨོཾ་སཱུརྻ་ཙནྡྲ་བཛྲ་ཀྲོ་དྷ་ཛྭ་ལ་རཾརཾ་ཙཀྲ་ཝརྟི་མ་ཧཱ་ཀྲོ་དྷ་སརྦ་དུཥྚཾ་ཨེ་ཧཱུྃ་ཕཊ྄། དེ་ནས་བར་ཆད་བསྲུང་བའི་ཕྱིར་ཕུར་བུ་བཅུ་པོ་སློབ་དཔོན་གྱི་མདུན་དུ་བཀོད་ལ། བདག་གི་ཐུགས་ཀ་ནས་ཧཱུྃ་འཕྲོས། ཨོཾ་ཌཱ་ཀི་རཱ་ཛ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ྄། ཅེས་བརྗོད་པས་ཁྲོ་བོ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་སྤྲོས། ཕྱོགས་སྐྱོང་བཅུ་བཀུག་ནས་ཐོ་བས་བསྣུན་ཏེ་གཟིར། ཨེ་བཅུར་བཀོད་པར་གྱུར། དྲག་སྔགས་སོ་ལྔ་པའི་སྔགས་དབྱངས་ལན་གསུམ་གྱིས་དང་པོར་ལས་རྡོར་གྱིས་གུ་གུལ་བདུག །གཉིས་པ་སློབ་དཔོན་གྱིས་ཡུངས་ཀར་གྱིས་བྲབ། གསུམ་པར་རཀྟ་བྱུགས་ནས། ཧཱུྃ་ཡིག་བཅུ་ལས་ཁྲོ་བོ་བཅུ་སྨད་ཕུར་པའི་རྣམ་པ་ཅན་དུ་གྱུར། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཨོཾ་བཛྲ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ྄༔ ཅེས་སོགས་ཁྲོ་བཅུའི་རང་སྔགས་ཀྱིས་གཟི་བྱིན་བསྐྱེད་ནས། ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པར་བསམ་ལ། ཧཱུྃ། ཚངས་ལ་དབང་མཛད་ཁྲོ་རྒྱལ་འབར་བའི་སྐུ༔ དྲེགས་པའི་བདུད་འཇོམས་གདུག་པ་ཀུན་འདུལ་བ༔ ཞི་བའི་ངང་ལས་འབར་བའི་སྐུར་བཞེངས་ཏེ༔ ཕྱོགས་མཚམས་སྲུང་བའི་བདག་པོར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ༔ ཞེས་སྟེང་གི་ཕུར་བུ་ནས་རིམ་བཞིན་ཕྱོགས་བཞི་གཡས་བསྐོར། མཚམས་བཞི་འོག་བཅས་གཡོན་སྐོར་གྱིས་དཀྱིལ་འཁོར་གྱི་རྡོ་རའི་སྟེང་དུ་ཕུར་གདན་བཅུ་ལ་བཀོད། ས་ཆོག་སྐབས་ཁྲོ་བཅུའི་ཕུར་གདབ་བྱས་ན་འདིར་དངོས་སུ་གདབ་མི་དགོས་པར་སྔགས་ཚིག་ཙམ་བརྗོད་པས་ཐུགས་དམ་བསྐུལ་ཀྱང་རུང་བར་གསུངས་པས་སྐབས་དང་བསྟུན་ཏེ་བྱ། གཟུང་འཛིན་འཁྲུལ་རྟོག་གི་བར་དུ་གཅོད་བྱ་གཅོད་བྱེད་ཐམས་ཅད་སྟོང་ཉིད་ཆོས་ཀྱི་སྐུར་གདོད་ནས་དག་པའི་རྡོ་རྗེ་གསང་བའི་མཚམས་ལས་ནམ་ཡང་ཡེངས་བ་མེད་པར་ཁོར་མོ་ཡུག་ཏུ་བྱའོ། །འདི་ནས་བརྩམས་སྒྲུབ་པ་པོ་ཐམས་ཅད་དད་མོས་ཏིང་འཛིན་དང་མ་བྲལ་བས་ཛཔ་སྔགས་རྒྱུན་དུ་བཟླ་ཞིང༌། ཆང་བཟི། འཐབ་འཛིང༌། སྡོམ་དང་དམ་ཚིག་འགལ་བའི་ལོག་སྤྱོད་སྤང་བ་སོགས་བག་ཡོད་པར་བྱ། བཞི་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་ཆག་ཆག་གདབ་པ། ཐིག་ལས། ཚོན་བཀྱེ་བ་རྣམས་དགོས་པས་རྡུལ་ཚོན་ལ་བརྟེན་ན་སྒྲུབ་ཁོག་རིན་པོ་ཆེའི་ཟ་མ་ཏོག་ལས་ཤེས་པར་བྱ་ཞིང༌། དེང་སང་ཕལ་ཆེར་རས་བྲིས་ལ་བརྟེན་པ་མང་བས་ཆག་ཆག་གདབ་པ་ནི། གང་དུ་འདེབས་པའི་གཞི་དེར། བདུད་རྩི་ལྔ་དང་བ་བྱུང་ལྔས་བྱང་ཤར་ནས་གཡས་བསྐོར་གྱིས་ཁྱེམས་མེད་པར་བྱུག་ཅིང༌། ཨོཾ་བཛྲ་ཨ་མྲྀ་ཏ་མཎྜ་ལ་ཧཱུྃ། ཁྲག་ཆེན་གྱིས་བྱུག་ཅིང༌། ཨོཾ་རཀྟ་མཎྜ་ལ་ཧཱུྃ། ཀླད་ཆེན་གྱིས་བྱུག་ཅིང༌། ཨོཾ་ཀཾ་ཀ་པཱ་ལ་མཎྜ་ལ་ཧཱུྃ། ཞི་རོལ་བྱའོ། །འདི་ཡན་ཆད་ནུབ་དང་པོའི་བྱ་བའོ། །ལྔ་པ་སྟ་གོན་བྱ་བ་ལ་གསུམ་ལས། དང་པོ་ལྷ་སྟ་གོན་ནི། སྟེགས་བུའི་དབུས་སུ་རིན་པོ་ཆེའི་མཎྜལ་དྲིའི་ཐིག་ལེ་བཀོད་པ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་དགུ། དེ་རྒྱབ་བཞི་བཅས་དང༌། ཆུ་གཉིས་ཉེར་སྤྱོད་བཅས་པས་བསྐོར་ཏེ། ལས་བྱང་ལྟར་མཆོད་པ་བྱིན་གྱིས་བརླབ། བདག་ཉིད་ཧེ་རུ་ཀར་གསལ་བའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་ལྷ༔ མདུན་གྱི་ནམ་མཁར་སྤྱན་དྲངས་བསམ༔ སྤྱན་འདྲེན་ནི། ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུ་རོལ་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ༔ ཨེ་ཧྱ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿས་བསྟིམ། མཆོད་པ་ནི། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱི༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པའི་རྒྱ་མཚོས་མཆོད༔ ཨོཾ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རཱས་སྤརྴེ། སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱཏུ་པཱུ་ཛ་ཧོཿ བསྟོད་པ་ནི། ཧཱུྃ། རྡོ་རྗེ་གླུ་མའི་ལས་ཀྱི་ཕྱག་རྒྱ་ཡིས༔ དབྱངས་ཀྱི་ཡན་ལག་ཆོས་ཀྱི་ཕྱག་རྒྱའི་སྤྲིན༔ རིགས་ལྔའི་དམ་ཚིག་ཕྱག་རྒྱ་ལ་སྦྱར་ནས༔ ལྷར་སྣང་ཕྱག་རྒྱ་ཆེན་པོར་བསྟོད་པར་བགྱི༔ བཟླས་པ་ནི། འབྲུ་གསུམ། གུ་རུ་ཤྲཱི་བཛྲ་ཙཎྜ་བཅས་གཙོ་འཁོར་སྐབས་ཕྱེད་པར་ཅུང་ཟད་བཟླ། སློབ་དཔོན་རྡོར་དྲིལ་དང་སྤོས་ཐོག །པུས་བཙུགས་ཐལ་སྦྱར་བཅས། རང་གི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་དུ་གྱུར། རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཁྱེད་རྣམས་མཆོད་དང་སེམས་ཅན་དོན། ནངས་པར་དཀྱིལ་འཁོར་འབྲི་འཚལ་བས། །ཐུགས་ཀྱིས་དགོངས་ཏེ་གནང་བར་མཛོད། །ལན་གསུམ། ཅེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས་རིག་པ་འཛིན་པ་ཁྱེད་ཀྱིས་དཀྱིལ་འཁོར་གྱི་ལས་ཅི་ལྟར་འོས་པ་གྱིས་ཤིག་ཅེས་བཀའི་གནང་བ་སྩལ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེང་གི་ནམ་མཁར་བར་སྣང་འོད་ཀྱི་དྲྭ་བའི་ཀློང་དུ་བཞུགས་པར་བསམ། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པའི་མཛུབ་མོ་རྐྱང་བ་རྩེ་བཏུགས་ནས་འོག་ཏུ་ཕྱོགས་པ་སྤྱི་བོར་གཏོད་པ་དང་བཅས། ཨོཾ་བཛྲོད་ཏིཥྛ་ལྷན། ཞེས་བརྗོད། དམ་ཚིག་གི་འཁོར་ལོ་རྣམས་རང་ལ་ཐིམ་པར་བསམ་ལ་མཎྜལ་ཚོམ་བུ་དང་བཅས་པ་བསྡུའོ། །ཡིག་བརྒྱ་བརྗོད། འདི་ནི་དཀྱིལ་འཁོར་འབྲི་བར་གནང་བ་ཞུ་བའི་དོན་ཡིན་པས་དབང་བསྐུར་དང་མི་འབྲེལ་ཡང་ངེས་པར་བྱ་དགོས། གཉིས་པ་ནི། རིན་པོ་ཆེའི་བུམ་པར་དྲིའི་ཆུ་དང་སོ་ལྔའི་རྫས་སྦྱར་བ་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་ལྡན་པ་དང༌། ལས་ཀྱི་བུམ་པ་བཅས་སྟེགས་ལ་བཀོད་པའི་མདུན་དུ་སྨན་གཏོར་རཀྟ། ཕྱི་མཆོད་བསྐོར་བཤམས་བྱས་ལ་བསང་སྦྱངས། ལས་བྱང་ལྟར་བྱིན་བརླབས། བུམ་པ་བསངས། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་བུམ་གདན་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་འོད་སྣང་རིན་པོ་ཆེ་ལས་གྲུབ་པའི་བཀྲ་ཤིས་རྣམ་རྒྱལ་གྱི་བུམ་པ་ལྟོ་བ་ཟླུམ་ལ་ཞབས་ཞུམ་པ༔ མགྲིན་པ་རིང་ལ༔ ཁ་གཡེལ་བའི་མདུན་ངོས་ནས་མཆུ་འཕྱང་བ༔ ལྷ་རྫས་ལས་གྲུབ་པའི་པཉྩ་ལི་ཀའི་མགུལ་ཆིངས་ཕྲོག་གསུམ་དང་ལྡན་པ༔ བྱང་ཆུབ་ལྗོན་པའི་ཁ་རྒྱན་ཅན༔ ནང་ཆོས་སྐུའི་རང་བཞིན་ཡངས་ཤིང་མཐའ་མི་མངོན་པའི་གཟུགས་སྐུ་གཉིས་ཀྱི་ཆ་བཅུད་སོ་ལྔས་གཏམས་པ༔ ཕྱི་བུམ་པའི་རྣམ་པ་ལ་ནང་ཡེ་ཤེས་ཀྱི་གཞལ་མེད་ཁང་རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་ཉིད་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བརྡ་དོན་རྟགས་གསུམ་ཡོངས་སུ་རྫོགས་པའི་ཕོ་བྲང་ཆེན་པོར། དབུས་སུ་སྤྱི་དཔལ་ཆེན་པོ། ཤར་དུ་ཡང་དག །ལྷོར་གཤིན་རྗེ། ནུབ་ཏུ་རྟ་མགྲིན། བྱང་དུ་ཕུར་པ། ཤར་ལྷོར་མ་མོ། ལྷོ་ནུབ་ཏུ་རིག་འཛིན། ནུབ་བྱང་དུ་མཆོད་བསྟོད། བྱང་ཤར་དུ་དྲག་སྔགས་ཏེ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དྲག་པོ་དཔལ་ཆེན་འདུས་པ་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་གསལ་ལ་མ་འདྲེས་ཤིང༔ སྣང་ལ་རང་བཞིན་མ་གྲུབ་པར་བཞུགས་པའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ སྤྱན་འདྲེན་ནི། ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུ་རོལ་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ༔ ཨེ་ཧྱ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿས་བསྟིམ། མཆོད་པ་ནི། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པའི་མཆོད་པ་རྒྱ་མཚོས་མཆོད༔ ཨོཾ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ། སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ བསྟོད་པ་ནི། ཧཱུྃ། རྡོ་རྗེ་གླུ་མའི་ལས་ཀྱི་ཕྱག་རྒྱ་ཡིས༔ དབྱངས་ཀྱི་ཡན་ལག་ཆོས་ཀྱི་ཕྱག་རྒྱའི་སྤྲིན༔ རིགས་ལྔའི་དམ་ཚིག་ཕྱག་རྒྱ་ལ་སྦྱར་ནས༔ ལྷར་སྣང་ཕྱག་རྒྱ་ཆེན་པོར་བསྟོད་པར་བགྱི༔ བཟླས་པ་ནི། འབྲུ་གསུམ། གུ་རུ་ཤྲཱི་བཛྲ་ཙཎྜ་བཅས་གཙོ་འཁོར་སྐབས་ཕྱེད་པར་ཅུང་ཟད་བཟླ། གཟུངས་ཐག་ལ་འཇུས་ནས། བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་འོད་ཀྱི་སྦུ་གུ་ཅན་ལ་འཁྲིལ་ཏེ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ༔ བདེ་སྟོང་གི་ཡེ་ཤེས་བདུད་རྩིའི་རང་བཞིན་དུ་བབས་པས་བུམ་པ་གང་བར་བསམ་ཞིང༌། རྩ་སྔགས་ལ་དབྱངས་གསལ་སྦྲེལ་བ་བཟླ། ལས་བུམ་བསང་སྦྱངས། ལས་ཀྱི་བུམ་པའི་དབུས་སུ་པད་ཉི་དང༌། །རྒྱ་གྲམ་སྟེང་དུ་ཧཱུྃ་ལས་སྣ་ཚོགས་ཀྱི། །རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་གྱུར་ལས། །བདུད་རྩི་འཁྱིལ་པ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་ལྗང་གུ་ཞབས་གཉིས་དོར་སྟབས་ཅན། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་བསྡིགས་པའི་ཚུལ། །གཡོན་པ་དེ་ཡི་ཡུ་བའི་དྲིལ་བུ་འཛིན། །ཁྲོ་ཚུལ་གར་དགུའི་ཉམས་ལྡན་སྦྲུལ་ལ་སོགས། །མི་སྡུག་རྒྱན་གྱིས་སྤྲས་པའི་སྐུ་རུ་གསལ། །སྐུ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་སྤྲིན། །བབ་པས་བུམ་པ་ཡོངས་སུ་གང་བར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། བརྒྱ་རྩ་བརྒྱད་བཟླས། བུམ་ལྷ་གཉིས་ཀ་ལ་དམིགས་ནས་མཆོད་བསྟོད་སྔར་ལྟར་བྱ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་ཚོགས་བདེ་སྟོང་ཆེན་པོའི་རྣམ་རོལ་དུ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་འདྲེས་པས་རང་རང་གི་བྱེད་ལས་འགྲུབ་པའི་ནུས་པ་ཅན་དུ་གྱུར། ཞེས་བརྗོད་ཅིང་བསམ། གསུམ་པ་སློབ་མ་སྟ་གོན་ནི་དབང་དང་འབྲེལ་བ་སྐབས་འདིར་བྱ། དེའི་ཚེ་མཆེད་བསྲེ་བསྣན་ཀྱང་འདིར་ལེན། སྒྲུབ་པ་དཀྱུས་སུ་སློབ་མ་སྟ་གོན་མི་དགོས་སོ། །འོག་ནས་འབྱུང་བའི་གཏོར་མཆོད་ཐམས་ཅད་ཀྱང་འདི་ཉིན་ནས་གྲབས་སུ་ཚུད་པར་བྱའོ། །དེ་ཡན་ཆད་ནི་བསྙེན་པའི་ལས་རིམ་སྟེ་ཉིན་གཉིས་པའི་བྱ་བའོ། །དྲུག་པ་སྒྲུབ་རྫས་དང་རྒྱན་བཀོད་པ་ནི། གཞུང་ལས། སྒྲུབ་རྫས་ཐོད་སྐུ་སྔགས་བྱང་དང༔ ཙནྡན་འམ་ནི་སེང་ཕུར་སོགས༔ སྤྲོས་བཅས་སྒྲུབ་ཡིག་ལྟར་དུའམ༔ ཡང་ན་གཙོ་ཕུར་ཙམ་ལ་བརྟེན༔ ཞེས་གསུངས་པ་ལྟར་སྐུ་རྟེན་དུ་བྷནྡྷ་དུམ་བུ་གཅིག་པའི་ནང་རོ་རས་ཀྱིས་གླན་པའི་དཔྲལ་བ་ངོས་སུ་དབུ་བསྟན་པའི་དཔལ་ཆེན་པོའི་སྐུ་མངོན་རྟོགས་བཞིན་བྲིས་པ་རབ་གནས་དང་ལྡན་པ་དང༌། དཔལ་དགུས་སྐུ་རྟེན་སོ་སོར་འབྱོར་ན་ལེགས་ཤིང༌། གསུང་རྟེན་རིག་འཛིན་རྩ་རྒྱུད་དང༌། དཔལ་ཆེན་ཞལ་ལུང༌། ཡེ་ཤེས་ཀློང་རྒྱུད་ལུང་མན་ངག་དང་བཅས་པའི་གླེགས་བུ་དང་དར་དམར་ལ་སྔགས་བྱང་གསེར་གྱིས་བྲིས་པ། ཐུགས་རྟེན་རྡོ་རྗེ། ཡོན་ཏན་གྱི་རྟེན་བྷནྡྷ་ཁ་སྦྱོར་བདུད་རྩིའི་ཆོས་སྨན་གྱི་བཀང་བ། ཕྲིན་ལས་རྟེན་ལྕགས་སམ་ཙནྡན་སེང་ལྡིང་གང་རུང་གི་ཕུར་བུ་བྱུགས་བདུག་བྲབས་གསུམ་གྱིས་གཟི་བྱིན་བསྐྱེད་པ་འབྱོར་ན་དགུ། བྷནྡྷ་མར་མེ་སྡོང་བུ་དགུ་བཙུགས་པ་དང༌། སྒྲུབ་དབང་དང་འབྲེལ་ན་ཤར་དུ་རྣམ་རྒྱལ་བུམ་པ། དབུ་རྒྱན་ལྷོ། རྡོ་རྗེ་ནུབ། དྲིལ་བུ་བྱང༌། ཁྲོ་བཅུ་ཕུར་པ། གཞན་ཡང་སྲིད་པའི་དྲྭ་བ་གཅོད་ཕྱིར་རལ་གྲི་བཞི། ཡེ་ཤེས་བཞིས་མ་རིག་པ་རྩད་ནས་གཅོད་ཕྱིར་མདའ་དར་མེ་ལོང་དང་བཅས་པ་བཞི། རིགས་ལྔ་ཡེ་ཤེས་ལྔ་མཚོན་བྱེད་ཚོན་སྐུད་སྣ་ལྔའི་དྲྭ་བ། གདུགས་དང་ཕྱོགས་བཞི་འཕན། མཚམས་བཞིར་རྒྱལ་མཚན་བཞི། བ་དན། དར་གྱི་ལྡ་ལྡི་ལ་སོགས་པས་མཛེས་པར་བརྒྱན། ཆུ་གཉིས་ཉེར་སྤྱོད་སོགས་ཐུན་མོང་གི་མཆོད་པ། དབང་པོའི་མེ་ཏོག་སོགས་ནང་མཆོད། དཔལ་ཆེན་འདུས་པ་དང༌། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད། གཏོར་མ་སྨན་རཀྟ་སོགས་བླ་མེད་ནང་གི་དམ་རྫས། གསང་བ་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་ཉི་ཟླའི་གྭའུ་རྡོ་རྗེའི་ཏོག་དང་གདན་པད་འདབ་བརྒྱད་ཅན། གསེར་དངུལ་སོགས་ཛ་གད་ཀྱི་བུམ་པ་ཁ་རྒྱན་མགུལ་ཆིངས་ཅན། ཚེ་འབྲང་རྒྱན་ལྡན། གཞན་ཡང་མཁའ་འགྲོ་ཆོས་སྐྱོང་དང༌། སྐོང་བཤགས་རྡོ་རྗེའི་ཐོལ་གླུའི་གཏོར་མ། སྟོང་མཆོད་རྒྱས་པར་སྤྲོ་ན་ཉེར་སྤྱོད་བདུན། སྨན་རཀ་གཏོར་མ་རྣམས་བརྒྱ་རྩས་དཀྱིལ་འཁོར་གྱི་མཐའ་བསྐོར་བ་དང༌། ལས་བཞི་མཆོག་གི་གཏོར་མ་ཕྱོགས་མདོག་རང་རྟགས་ཉི་ཟླ་མེ་རིའི་རྒྱན་ལྡན་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་པ་རྣམས་དང༌། ཕྱོགས་བཞི་དང་མདུན་དུ་མར་མེ་རྒྱུན་འབར་དང༌། ཞལ་ཟས་རྒྱན་སྤྲོས་ཅན་ལྔ། སྨན་རཀ་དེ་མཚུངས་མདུན་ངོས་སུ་བརྗེ་ཞིང་གསོ་རྒྱུའི་ཆུ་གཉིས་ཉེར་སྤྱོད། ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་ཚོགས་ཀྱི་མཆོད་པ་ཉིན་རེ་བཞིན་འབུལ་རྒྱུའི་གཏོར་འབུལ་སོགས་གཙང་ཞིང་དག་པར་འདུ་བྱ། བདག་གི་རྣལ་འབྱོར་བརྒྱུད་འདེབས་ཚོགས་བསགས་ནས་བརྩམས་ལས་བྱང་རྒྱུན་ཁྱེར་ལྟར་ཚང་བར་བཏང༌། བཟླས་པ་བསྡུ་ལྡང་བཅས་བྱ། དཀྱིལ་འཁོར་གྱི་སྟེགས་བུར་གཡང་གཞིའམ་སྟེགས་ཁེབ་སྟེང་མདུན་དུ་དཔལ་དགུའི་ལྷ་ཕུར་དང༌། བུམ་པ་དགུ་རྣམས་བཀོད་པའི་མདུན་དུ་སློབ་དཔོན་བཞུགས། འདུས་པ་རྣམས་དབུ་ཞྭ་བཅས་བཞེངས་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་དང༌། སུམ་བྷ་ནི་བརྗོད་ཅིང་རོལ་མོ་བཅས་སློབ་དཔོན་གྱིས་ཡུངས་ཐུན་འཐོར། ལས་རྡོར་གྱིས་གུ་གུལ་བདུག་ལ་རྟེན་གྱི་བགེགས་བསལ། ཕུར་པ་ལ་ཚིལ་ཆེན་དང་གུ་གུལ་གྱིས་བདུག །དཔལ་དགུ་བཀའ་སྡོད་དང་བཅས་པའི་སྔགས་རྣམས་གསུམ་མམ་ཇི་ལྟར་རིགས་པ་བཟླ། ཡུངས་ཐུན་གྱིས་བྲབས། རཀྟ་བྱུགས་ནས། རྟེན་དེ་དག་ལྷ་སོ་སོར་གྱུར་ཏེ་སྲིད་གསུམ་དུས་གཅིག་ལ་སྒྲོལ་བའི་མཐུ་དང་ལྡན་པར་བསམ་མོ། །དེ་ནས་ཐམས་ཅད་ཀྱིས་ཞྭ་བཅས་རང་རང་གི་གྲལ་ནས་དཀྱིལ་འཁོར་ལ་ཕྱོགས་པར་བཞེངས་ལ་རྡོར་དྲིལ་བཅས་པས། བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་སྤྲིན་གཏིབས་པ་བཞིན་བྱོན་ནས་རང་རང་གི་གནས་སུ་བཞུགས་པར་བསམ་ཞིང་རོལ་མོ་དང་བཅས་པས། རྡོ་རྗེ་སློབ་དཔོན་གྱིས་དྲིལ་སྤོས་བཅས་སྣ་དྲངས། རྒྱལ་ཚབ་པ། ཡུམ་བཟང་མོ། རྒྱལ་ཐེབ་སོགས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་ནས་མཆོད་རྫས་བར་ཐོགས། ཆེ་མཆོག་གི་ཛཔ྄་དབྱངས་དང་འཛཔ྄་རོལ་སྐབས་དཀྱིལ་འཁོར་ལ། གཡས་སུ་ལན་གསུམ་བསྐོར་ནས་མདུན་དུ་འཁོད་ལ་དྲིལ་གདངས་བཅས། ཧཱུྃ། སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བས༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ སྒྲུབ་པ་བཀའ་བརྒྱད་ཡབ་ཡུམ་སྲས་འཁོར་བཅས༔ སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ཕྱིར༔ སྤྲུལ་པ་དབྱིངས་ནས་རོལ་ཕྱིར་གཤེགས་སུ་གསོལ༔ ཞེས་འཇམ་རོལ་དང་བཅས་གསལ་གདབ་ཅིང་བསྐུལ་ནས་སོ་སོའི་གནས་སུ་བཀོད་པ་ནི། ལས་རྡོར་གྱིས་ཆེ་མཆོག་གི་བུམ་པ་རྒྱལ་ཚབ་པའི་ཕྱག་ཏུ་ཕུལ་ལ། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །ཡབ་ཡུམ་འཁོར་དང་བཅས་པ་རྣམས། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །ཛཿཧཱུྃ་བཾ་ཧོས་སྤྱན་དྲངས་ནས། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར། །ལྷ་བརྒྱད་ཀླུ་བརྒྱད་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃ། ས་མ་ཡ་ཏིཥྛ་ལྷན༔ ཞེས་དབུས་ཀྱི་ཐོད་སྐུའི་མདུན་དུ་བཀོད། དེ་བཞིན་དུ། ཧཱུྃ། ཤར་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་བཛྲ་ཧེ་རུ་ཀཿ ཡབ་ཡུམ་འཁོར་དང་བཅས་པ་རྣམས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ རཱུ་ཏྲ་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ས་མ་ཡ་ཏིཥྛ་ལྷན། ཧཱུྃ། ལྷོ་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ མ་ཧེ་ཆུ་གླང་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ྄༔ ཧཱུྃ༔ ནུབ་ནས་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་རྟ་མགྲིན་ཧེ་རུ་ཀཿ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ ཀླུ་བརྒྱད་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་ཕཊ྄ཿཨེ་ཨ་ར་ལི་ཧཱུྃ་ཧྲཱི་ཛཿ ཧཱུྃ༔ བྱང་ནས་རང་བྱུང་གྲུབ་པའི་ལྷ༔ རྡོ་རྗེ་གཞོན་ནུ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པ་ཡང༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན༔ དུར་ཁྲོད་དྲག་པོའི་དཀྱིལ་འཁོར་འདིར༔ ལྷ་ཆེན་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཧཱུྃ། མཚམས་བཞིར་རང་བྱུང་གྲུབ་པའི་ལྷ༔ བླ་མེད་རིག་འཛིན་དྲེགས་པ་འདུལ༔ དཔལ་ཆེན་སྟོབས་ལྡན་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པ་ཡང༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན༔ ཡབ་ཡུམ་འཁོར་དང་བཅས་པ་ཡང༔ དུར་ཁྲོད་དྲག་པོའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྜཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄། ཞེས་འཇམ་རོལ་དང་བཅས་ཕྱོགས་མཚམས་སོ་སོར་བཀོད། ཧཱུྃ། བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཀོད་པ་ནི༔ ཐུགས་རྗེའི་སྐུ་མཆོག་འགྲོ་ཀུན་ཐར་བར་འདྲེན༔ སྐུ་གསུང་ཐུགས་རྟེན་དངོས་གྲུབ་ཀུན་འབྱུང་གནས༔ ཡོན་ཏན་ཕྲིན་ལས་མ་ལུས་རྫོགས་པའི་དཔལ༔ ཕོ་བྲང་སྣོད་བཅུད་རྟགས་ལྡན་རྒྱན་དུ་བཞུགས༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཐུགས་རྗེས་རྣམ་འཕྲུལ་གཙོ་འཁོར་ལྷ་ཚོགས་བཅས༔ གསང་བའི་དམ་རྫས་སྨན་གཏོར་རཀྟ་དང༔ སྣོད་བཅུད་ཡོངས་རྫོགས་བུམ་པ་གཞལ་ཡས་ཁང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མ་ལུས་རྫོགས༔ མ་རིག་ལོག་རྟོག་དྲྭ་བ་གཅོད་པའི་གྲི༔ ཤེས་རབ་ཐབས་ལྡན་ལོག་རྟོག་འབིགས་པའི་མདའ༔ དྲི་མེད་རང་གསལ་སྐུ་གསུམ་མེ་ལོང་མཛེས༔ རིགས་ལྔ་རབ་མཚོན་དར་སྣ་ལྔ་ཡིས་བརྒྱན༔ དག་བྱེད་ཁྲུས་བུམ་ཚོན་སྐུད་དྲྭ་བ་དང༔ དར་དཔྱངས་གཟུངས་ཐག་སྒབ་སྐོར་འཕན་ཕྲན་དང༔ ཀུན་ཁྱབ་བླ་བྲེ་ཤེས་སྐྱོབ་ཡོལ་བ་དང༔ རྒྱན་དྲུག་ཅོད་པན་མི་ནུབ་རྒྱལ་མཚན་དང༔ རྡོ་རྗེ་དྲིལ་བུ་རྔ་དང་ཌཱ་མ་རུ༔ པི་ཝཾ་གླིང་བུ་ཕོ་གླིང་མོ་གླིང་དང༔ དུང་དང་ཆ་ལང་མཁར་རྔ་ཏིང་ཏིང་ཤག༔ སྐུ་གསུང་ཐུགས་རྟེན་མཆོད་པའི་ཚོགས་དཔག་མེད༔ སྐལ་ལྡན་བདག་ཅག་དངོས་གྲུབ་ཡོངས་འགྲུབ་ཅིང༔ འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་བསྒྲལ་བྱའི་ཕྱིར༔ དཀྱིལ་འཁོར་གཞལ་ཡས་ཁང་འདིར་དགྱེས་པར་བཞུགས༔ ཨོཾ་ཛྙཱ་ན་ས་མ་ཡེ་མ་ཧཱ་ཛྙཱ་ན་ཤཱུ་ནྱ་ཏིགྣ། མ་ཧཱ་དྲྀ་ཤྱ་ཀཱི་ལ་ཡ་དྷརྨ་ཀཱ་ཡ་བཛྲ་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ༔ མུ་ཀུ་ལེན་དྷ་རི་ཀ་ཧཱུྃ༔ དྷརྨ་དྷཱ་ཏུ་ས་མ་ཡ་ཏིཥྛ་ལྷན༔ ཞེས་དབྱངས་དང་ཞི་རོལ་བཅས་བྱ་ཞིང་སྒྲུབ་རྫས་ལས་སློབ་སོགས་ཀྱིས་ནོར་འཁྲུལ་མེད་ཅིང་བག་དྲོ་ལྷུན་ཆགས་དང་བ་འདྲེན་པར་དགོད། དེ་ཡང་དཀྱིལ་འཁོར་ལྡིང་ཁྲི་རིམ་གསུམ་མམ་གཉིས་ཡོད་པའི་འོག་མར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། སྟེགས་བར་པར་རྣམ་རྒྱལ་བུམ་པ་ཤར། བུམ་པ་དགུ་ཡོད་ན་དབུས་དང་ཕྱོགས་མཚམས་སུ་བཀོད། དབུ་རྒྱན་ལྷོ། རྡོ་རྗེ་ནུབ། དྲིལ་བུ་བྱང༌། རྡོར་དྲིལ་བསྣོལ་མ་དབུས། དེའི་མདུན་ལྷ་ཙཀ་ཚང་བ་རྣམས་དང༌། གསང་རྫས་བདུད་རྩི་ལྷོ། རིག་ཙཀ་ནུབ། ཤེལ་རྡོ་དང་མེ་ལོང་བརྩེགས་མ་བྱང༌། ཛ་གད་བདུད་རྩི་བུམ་པ། ཉི་ཟླའི་གྭའུ། ཚེ་བུམ། ཚེ་རིལ། ཚེ་ཆང་རྣམས་སྟབས་གང་བདེ། སྟེགས་སྟེང་མར་དབུས་སུ་ཐོད་སྐུ། དེ་མདུན་སྒྲུབ་ཕུར་སྔགས་བྱང་ཅན་འབྱོར་ན་དགུའམ་གཅིག །སོ་སོའི་མདུན་དུ་ཞུན་ཆེན་གྱི་མར་མེ་རེ་རེ་དང༌། གཡས་སུ་བྷནྡྷ་མར་མེ་སྡོང་བུ་དགུ་པ། གཡོན་དུ་སྨན་གྱི་ཕོ་བྲང༌། གཙོ་དགུའི་སྐུ་དང༌། རྒྱུད་ཀྱི་གླེགས་བམ་དང་སྒྲུབ་པོད། ཞི་དྲག་གི་མཆོད་པ། སྨན་རཀ་གཏོར་མ་རྣམས་དང༌། དཀྱིལ་འཁོར་གྱི་མདུན་དབུས་སུ་དཔལ་ཆེན། གཡས་སུ་ཆོས་སྐྱོང་ཕོ་རྒྱུད་གཏོར་སྤུངས། ལེགས་ལྡན། གཟའ། ཆད་ཐོ། གཡོན་དུ་མོ་རྒྱུད་སྔགས་སྲུང་མ་མགོན། ཚེ་རིང་མ། བརྟན་མ་རྒྱུན་བཞག་སྨན་རཀ །བདག་འཇུག་གི་བུམ་པ་དང༌། ཙཀླིའི་བསྐོར། སྟེགས་བར་པར་ཞི་དྲག་གི་མཆོད་པ་མཇུག་སྤྲོད། དབུས་དང་ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་འབྲང་རྒྱས་དང༌། བསྐང་བཤགས་རྡོ་རྗེའི་ཐོལ་གླུའི་གཏོར་མ། མ་མོའི་འཁྲུགས་སྐོང་སོགས་དང༌། གཞན་ཡང་སྨན་རཀ་གཏོར་མ་བརྒྱ་རྩ། ཉེར་སྤྱོད་སྟོང་རྩ། ཚོགས་ཀྱི་དམ་རྫས་སོགས་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་སོགས་མཆོད་པའི་རིགས་ཇི་ཙམ་སྤྲོས་པ་རྒྱས་ན་བཟང་ཞིང་དངོས་གཙང་སྐབས་དང་འབྲེལ་བར་བྱ། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་གཏོར་འབུལ། ཆད་བརྟན། དཀར་བགེགས། གསེར་སྐྱེམས། ལྕགས་ཧོམ་དུ་ཉུལ་ལེའི་ལིང་ག །གཡབ་དར། སྒྲོལ་ཕུར། ཐུན་རྫས་སོགས་སྟབས་གང་བདེར་བཞག །དེ་དག་སྤྱི་ཙམ་དུ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོས། འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །བདུན་པ་སྒྲུབ་པ་པོ་རྣམས་ཕྲིན་ལས་ལ་འཇུག་རུང་གི་བྱ་བ་ལ་གཉིས་ལས། དང་པོ་གནས་སུ་འགོད་པ་ནི། རྡོ་རྗེ་རྒྱལ་པོ་དབུས་སུ་བཞུགས་པའི་དཀྱིལ་འཁོར་གྱི་ཤར་སྒོ་ནས་བརྩམས་ཏེ་རྡོ་རྗེ་རྒྱལ་ཐེབས། ཕྲིན་ལས་གཞུང་བསྲང་རྡོ་རྗེ་ལས་པ་དང༌། བར་གཅོད་བགེགས་སྒྲོལ་སྤྲུགས་པའི་རྡོ་རྗེ་གིང་མཚམས་པ། དངོས་གྲུབ་བར་ཆད་ཀྱི་དུས་དང་དྲོད་འཛིན་རྡོ་རྗེ་སྤྱན་པ། ཕྲིན་ལས་སྐབས་སྦྱོར་གྱི་དུས་འཛིན་རྡོ་རྗེ་དུས་མཚམས། ཕྱི་ནང་བྱ་བྱེད་ཀྱི་དྲོད་འཛིན་རྡོ་རྗེ་ཕྱག་ཚང་བ་སོགས་སྒྲུབ་པ་ཆེན་པོ་ལ་འདུ་བར་འོས་པའི་མཆེད་ལྕམ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་ནས་བཟུང་སྟེ་རིམ་པར་གྲལ་ཕྱག་དང་བཅས་སྟན་ལ་འདུག་སྟེ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཏེ། རྡོ་རྗེ་རྒྱལ་ཚབ་པས་གཞུང་གྲལ་གཤམ་ནས་སྣམ་སྦྱར་དང་བཅས་བཞེངས་ཏེ་འབྲེལ་ཆགས་པའི་གཏོང་ཐུན་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས་དབྱངས་དང་བཅས། ཧཱུྃ། སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེ་མངའ་གསོལ་དགྱེས་པར་བཞུགས༔ ཞེས་དང༌། རྒྱལ་ཚབ་ལ། ཧཱུྃ། བླ་མའི་གདུང་ཚབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབས་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ ཡུམ་ལ། གཉིས་མེད་བདེ་སྐྱིད་མཚན་ཉིད་རབ་ཏུ་བཟང༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ རྡོ་རྗེ་ལས་པར། ཕྲིན་ལས་གཞུང་སྲོང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨར་མངའ་གསོལ་དགྱེས་པར་བཞུགས༔ གིང་ལ། བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས༔ མཚམས་པར། ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ སྤྱན་པར། དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ དུས་མཚམས་པར། ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས་མངའ་གསོལ་དགྱེས་པར་བཞུགས༔ ཕྱག་ཚངས་ལ། ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚངས་མངའ་གསོལ་དགྱེས་པར་བཞུགས༔ བྱན་པོར། གཡོ་མཁས་ལྷག་ཆད་མེད་ཅིང་གཙང་སྦྲར་ལྡན༔ རྡོ་རྗེ་བྱན་པོར་མངའ་གསོལ་དགྱེས་པར་བཞུགས༔ མཆེད་ལྕམ་གཞན་རྣམས་ལ། གསལ་དག་ཛཔ་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་རྣམས་མངའ་གསོལ་དགྱེས་པར་བཞུགས༔ རྡུལ་ཕྱག་ལ། ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་འཕྱག་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་རྗེས་ཟློས་བསྐུལ་ཞིང༌། སོ་སོའི་ཚིག་མཐར་ལས་རྡོར་གྱིས་བདུད་རྩི་རེ་བླུད་པས་མངའ་གསོལ་ནས་རང་གྲལ་དུ་འཁོད་པ་ལས་ནམ་ཡང་མ་འཁྲུགས་པར་བྱའོ། །གཉིས་པ་ཆས་སུ་འཇུག་པ་ནི། སླར་ཡང་རྡོ་རྗེ་རྒྱལ་ཚབ་པས་སྔོན་དཔལ་ཆེན་པོས་རུ་ཏྲ་བཏུལ་ནས་དཔལ་གྱི་ཆས་རྣམས་དཔའ་རྟགས་སུ་བཞེས་པ་ལྟར་འདུས་པའི་མཆེད་ལྕམ་རྣམས་རང་རྟགས་གདབ་པས་ཧེ་རུ་ཀ་མཁའ་འགྲོ་གིང་རྣམས་ཐུགས་ཆགས། ནང་མི་དང་རྗེ་བོར་བཟུང་སྟེ་དབང་བསྐུར། སྲུང་སྐྱོབ་བྱིན་གྱིས་བརླབས་པ་དང༌། གོ་སར་འགྱུར་ཚུལ་སོགས་ཀྱི་ལོ་རྒྱུས་ཇི་ལྟར་འཚམ་པའི་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ། དོན་དམ་སྤྲོས་མེད་སྒྱུ་མའི་ཁོང་གསེང་ཅན༔ ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན་གསོལ༔ ཐེག་མཆོག་དོན་སྟོན་གླང་ཆེན་ཀོ་རློན་གསོལ༔ འཁོར་བ་མི་སྤངས་མི་ལྤགས་གཡང་གཞི་གསོལ༔ ཞེ་སྡང་ཉིད་འཇོམས་སྦྲུལ་ནག་ཆུན་པོ་གསོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟག་ཤམ་གསོལ༔ འཁོར་བའི་བཅུད་ལེན་ཞག་གི་ཟོ་རིས་གསོལ༔ ཆགས་པ་དབང་སྡུད་རཀྟའི་ཐིག་ལེ་གསོལ༔ སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ་གསོལ༔ སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་ཚར་གསུམ་གསོལ༔ ཅིས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཁྲབ་གསོལ༔ མ་རིག་ནགས་སྲེག་ཡེ་ཤེས་མེ་དཔུང་གསོལ༔ ཞིང་བཅུ་ཡོངས་སྒྲོལ་དཔལ་གྱི་ཆས་བཅུ་འདི༔ དབང་ཕྱུག་ཆེན་པོའི་སྐུ་ལ་རྒྱན་དུ་བཞེས༔ ཞེས་རྗེས་ཟློས་དང་བཅས་ཚིག་དང་བསྟུན་ནས་དཔལ་གྱི་ཆས་རྣམས་ལས་ཀྱི་རྡོ་རྗེས་རྒྱལ་ཚབ་པར་རིམ་པར་ཕུལ་ལ་རྡོ་རྗེ་སློབ་དཔོན་སོགས་ཐམས་ཅད་ཀྱི་གནས་སོ་སོར་བརྒྱན་ཚུལ་མཛད། བརྒྱད་པ་བརྡ་སྦྱར་བ་ནི། དེ་ནས་ལས་བྱང་ལྟར། ཧཱུྃ། མ་རིག་ལིང་ཏོག་སོགས་ཤོ་ལོ་ཀ་གཅིག་གི་བརྡ་སྒོ་ཕྱག་འཚལ། གསུམ་པ་བསྲེ་བསྣན་ནི། སྐབས་འདིར་དབང་མ་ཐོབ་པའི་མཆེད་གསར་བུ་རྣམས་དཀྱིལ་འཁོར་བྱང་ཤར་ལྟ་བུར་ལོགས་སུ་ཕྱེ། སློབ་དཔོན་གྱི་མདུན་རྡོར་དྲིལ་བདུད་རྩི། ཡུངས་ཐུན་སོགས་བཀོད་ནས། བདུད་རྩི་བྱིན་རླབས་ལས་བྱང་ལྟར་སྔོན་དུ་འགྲོ་བས། རྡོ་རྗེ་དམ་ཚིག་རྨད་པོ་ཆེ༔ སོགས་ནས་སྨན་མཆོད་ཕུལ། དེ་ནས་སློབ་དཔོན་གྱིས། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ་ཞིང༌། ཨོཾ་ཨཱཿཧཱུྃ་བཛྲ་ཡཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ྄༔ ཅེས་བཟླ་ཞིང་ཡུངས་ཐུན་གྱིས་བྲབས། བར་གཅོད་བགེགས་བསྐྲད་པའི་ཕྱིར། ཧཱུྃ། ང་ནི་སྤྱི་དཔལ་ཆེན་པོ་སོགས་ལས་བྱང་ལྟར་བརྗོད་ལ་དྲག་སྔགས་སྤོས་རོལ་གིང་དང་མེ་ཆུའི་ཐུན་སོགས་མཚམས་རྔམས་དང་གྲྭ་མང་གིས་འཇམ་རོལ་དང་བཅས་བགེགས་བསྐྲད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ཀྱི་རྗེས་ཟློས་གསར་བུ་རྣམས་ལ་བྱེད་བཅུག །སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བར་བསྒོམས་ལ་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེས་ལྕེ་ཐོག་ཏུ་ལན་གསུམ་བཞག་ནས། ཧཱུྃ། ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ དེ་དག་ལ་ནི་སྙིང་རིང་ན༔ རྡོ་རྗེ་ཡཀྴ་གནོད་སྦྱིན་གྱིས༔ ཁྱེད་ཀྱི་སྙིང་ལ་ཞུགས་ཏེ་འཐུང༔ སྙིང་ལ་ཡང་དག་གནས་པའོ༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཅེས་བྱིན་ལ། སློབ་མས་ཀྱང༌། ཨི་དནྟི་ན་ར་ཀན་ས་མ་ཡ་ཡཀྵ་ཧཱུྃ༔ ཞེས་མྱངས་པ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་བསམ་མོ། །འདྲེས་ཟིན་བསྣན་པ་ནི། རྒྱལ་ཚབ་པས་བདུད་རྩི་གཡོན་བསྐོར་དུ་གསར་རྙིང་ཐམས་ཅད་ལ་བྲིམ་ཞིང༌། ཆེ་མཆོག་གི་སྔགས་དབྱངས་ལན་གསུམ་མཇུག་ཏུ་འཇམ་རོལ་དང་བཅས་པས་བདུད་རྩི་མྱངས་ནས་ཐམས་ཅད་ཀྱིས། ཨོཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ ཨཱཿསརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཧཱུྃ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དང༌། སློབ་དཔོན་གྱིས། དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་སྲུང་བར་གྱིས་ཤིག །ཅེས་བསྒོ། ཐམས་ཅད་ཀྱི་ཕྱག་ཐལ་སྦྱར་གྱི་བར་དུ་མེ་ཏོག་བཟུང་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་འབྲེལ་བའི་མཆེད་དང་ལྕམ་དྲལ་གྱིས༔ སྒྲུབ་མཆོག་རྣམས་སུ་བྱིན་གྱིས་བརླབ་པ་ཡི༔ བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་ཐོང༔ ཞེས་དྲིན་ལན་གྱི་མེ་ཏོག་འཐོར། དེ་ནས་རྡོ་རྗེའི་གྲལ་དུ་བཞག་པ་ནི། མཆེད་གསར་བ་རྣམས་རང་རང་གི་གྲལ་དུ་འཁོད་ནས། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ བསྙེན་སྒྲུབ་རྣམ་བཞི་བསྟེན་ཅིང་བསྒྲུབ་པ་དང༔ ཡི་དམ་ལྷ་མཆོག་ཛཔ་བསྙེན་བགྲང་བའི་ཕྱིར༔ དམ་ཚིག་རྡོ་རྗེའི་གྲལ་དུ་མཆི་བར་གནང༔ ཞེས་བརྗོད་ཅིང་ལྷའི་ང་རྒྱལ་དང་ལྡན་པས། རྡོ་རྗེ་ཐེག་པའི་དམ་ཚིག་གི་རྟེན་ཅིག་ཤོས་རྡོར་དྲིལ་བྱིན་གྱིས་རློབ་པ་ནི། ཧཱུྃ། ཡེ་ཤེས་འབར་བའི་རྡོ་རྗེ་ཆེ། །ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ། །བདེ་ཆེན་ཡབ་རྣམས་སྐུར་བཞུགས་པས། །དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ། །མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ལན་གསུམ་གསོར། ཧཱུྃ། ཤེས་རབ་ཆེན་པོའི་རང་བཞིན་ནི། །ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས། །འཁོར་བའི་བག་ཆགས་ཟིལ་གྱིས་གནོན། །དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས། །མ་ཧཱ་གཎྜེ་ཧོཿ ཞེས་དྲིལ་བུ་འཁྲོལ་བ་གསུམ་སྟེ་དེ་ཁོ་ན་ཉིད་ངེས་པ་ནི་རྣམ་པ་ཐམས་ཅད་དུ་དྲན་པར་བྱའོ། །རོལ་ཆེན་བརྒྱ་བརྡུངས་སོགས་རོལ་མོའི་སྒྲ་རྒྱ་ཆེར་བསྒྲགས། །བཅུ་པ་ལྷ་བསྟིམས་ཤིང་བྱིན་གྱིས་བརླབས་པ་ནི། འདུས་པ་རྣམས་ཞྭ་བཅས་བཞེངས། སློབ་དཔོན་གྱིས་གཡབ་དྲིལ་ཐོགས་པས་དཀྱིལ་འཁོར་མདུན་དུ་འཁོད། ལས་རྡོར་གྱིས་སྦྱར་སྤོས་དང་གཡབ་དར་ཐོགས་པས་སྣ་དྲངས་ཏེ། ཧཱུྃ། བཞེངས་ཤིག་པདྨ་འབྱུང་གནས་སོགས་ཀྱིས་བསྐུལ། ལས་བྱང་གི་བྱིན་འབེབས་དབྱངས་བཅས་ཀྱི་གཤམ་དུ་བརྒྱུད་གསུམ་རོལ་མོའི་སྐབས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ལ་རང་གྲལ་དུ་འཁོད། འདི་ཉིན་དུས་སྐབས་གང་བདེར་རྡོ་རྗེ་རྒྱལ་ཐེབས་ཀྱིས་ཞི་བའི་སྦྱིན་སྲེག་བྱ། གོང་དུ་ལྷ་སྟ་གོན་བྱས་ན་ནམ་མཁར་བཞུགས་པ་དེ་ཉིད་དཀྱིལ་འཁོར་ལ་ཐིམ་པར་མོས། དེ་དག་ནི་ཉེ་བར་བསྙེན་པ་སྟེ་ཉིན་གཉིས་པའི་བྱ་བའོ། །གོང་གི་རྒྱན་བཀོད་ནས་འདིའི་བར་ལས་རྡོར་དྲིལ་བྱིན་རླབས་ཙམ་ལས་སྒྲུབ་ཁོག་རིན་པོ་ཆེའི་ཟ་མ་ཏོག་ཏུ་མི་འབྱུང་བས་མ་བྱས་ཀྱང་རུང་བར་མངོན་ཀྱང་ཚོགས་སྒྲུབ་ཀྱི་ཆིངས་མཐའ་དག་ལས་འབྱུང་བས་ན་ལེགས་སྙམ་བཀའ་བརྒྱད་བདེ་འདུས་སྒྲུབ་ཁོག་ལྟར་བཀོད་པའོ། །སྤྱི་དོན་གཉིས་པ་དངོས་གཞི་ལྷ་དང་དབྱེར་མེད་དུ་སྒྲུབ་པ་ལ་བསྙེན་སྒྲུབ་ཕྲིན་ལས་ཀྱི་གཞུང་བསྲང་བ། དེའི་བར་ཆད་བསལ་བ། དུས་གྲངས་རྟགས་ཚད་ཀྱི་རིམ་པའོ། །དང་པོ་ལ། ཆོ་གའི་སྔོན་འགྲོ་དང༌། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས། རོལ་མོ་བྱིན་རླབས་རྣམས་སྔོན་དུ་འགྲོ་བས། ལས་བྱང་གི་སྔོན་གཏོར་ནས་མཆོད་རྫས་བྱིན་གྱིས་བརླབ་པའི་བར་བྱའོ། །གཉིས་པ་ནི། བདག་མདུན་དབྱེར་མེད་དུ་ཤེས་པའི་ཏིང་འཛིན་རྣམ་གསུམ་ནས་བསྟོད་པའི་མཐའ་བར་བཏང༌། སྒྲུབ་ཆེན་གྱི་སྐབས་འདིར་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་འབྲེལ་ཆེ་བས་དེ་ལྟར་དུས་གསུམ་མམ་བཞིར་སྦྱར་དགོས་གསུངས། ཛཔ་ལ་བབས་པ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ྄་ཛཿ ཞེས་པས་མདུན་གྱི་རྟེན་གྱི་གོ་སར་ཛཔ་ཁང་དབྱེ་བས་བདག་མདུན་རྣམ་པ་གཉིས་སུ་བྱས་ནས། བདག་ཉིད་ཆེ་མཆོག་ཡབ་ཡུམ་གྱི༔ སོགས་ཀྱིས་ཛཔ་དགོངས་གསལ་གདབ། ཧཱུྃ། ཀུན་བཟང་ཐུགས་ཀར། མཆན། རིགས་ལྔ་དབུ་རྒྱན། མཆན། གཙོ་དང་འཁོར༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཞེས་བསྐུལ་ལ་ཞི་བར་བསྙེན་པའི་སྔགས་འབྲུ་གསུམ་བཟླ། སྟོང་ཚིག་ནི། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ སོགས་བརྗོད་ལ་སྨན་རཀ་འཐོར་བ་ཕྱི་མ་ཐམས་ཅད་ལ་འགྲེ། ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་གྱི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ གསེར་གྱི་རྡོ་རྗེ་རྭ་དགུ་པའི༔ དབུས་རྭར་ཏིང་འཛིན་སེམས་དཔའ་ཧཱུྃ༔ རྭ་བརྒྱད་མདུན་ནས་རིམ་པ་བཞིན༔ ཐོག་མཐའ་གཉིས་དང་གྲོང་ཁྱེར་དྲུག༔ ཀུན་ཀྱང་ཐུགས་ཀའི་ཧཱུྃ་ལ་བལྟ༔ ཤིན་ཏུ་ཕྲ་ཞིང་འོད་ཟེར་འབར༔ རང་རང་སྔགས་ཀྱི་ཡིག་འབྲུ་ལས༔ སོགས་སྦྲེལ་མཐར་རིགས་བཞིའི་སྒོས་ཛཔ་སྦྱར་མིན་གང་ལྟར་ཡང་ཐོག་མར་དབུས་ཆེ་མཆོག་ལ་དམིགས་ཏེ། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས། །སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཞེས་བསྐུལ་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ ལྷ་ཚོགས་ཀུན་ཀྱང་སྤྱི་དྲིལ་སྔགས༔ སོགས་ཀྱིས་གསལ་གདབ། ཧཱུྃ། ཚོམ་བུ་དགུ་ཡི་དཀྱིལ་འཁོར་ནས༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཞེས་བསྐུལ་ལ་སྒྲུབ་སྔགས་བཟླ། ཐུགས་སྲོག་ཧཱུྃ་གི་བཟླས་པས་དགོངས་པ་གསལ་འདེབས་ཀྱང་གསུང༌། སྟོང་ཚིག་འབུལ། ཧཱུྃ། དབུས་ནས་བྱུང་གྲུབ་པའི་ལྷ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃ༔ ཁོག་གློད་དེ་རིང་བར་བགྲང༌། གོང་དུ་དཔལ་ཆེན་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་སྦྱར་ན་རིགས་བཞིའི་ཁྲོ་བོ་ལ་ཛཔ་བསྐུལ་སྦྱར་ན་ལེགས་པས། ཧཱུྃ། ཤར་ནས་རང་བྱུང་གྲུབ་པའི་ལྷ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཕྲ་འགྱུར་རིང་བ་བགྲང༌། ཧཱུྃ། ལྷོ་ནས་རང་བྱུང་གྲུབ་པའི་ལྷ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ྄༔ མགོ་རིང་མཇུག་ཐུང་བར་བགྲང༌། ཧཱུྃ། ནུབ་ནས་རང་བྱུང་གྲུབ་པའི་ལྷ༔ པདྨ་གསུང་གི་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཨོཾ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཨེ་ཨ་ར་ལི་ཧཱུྃ་ཧྲཱིཿཛཿ གདངས་ལ་འགྱིངས་ཆེ་བར་བཟླ། ཧཱུྃ། བྱང་ནས་རང་བྱུང་གྲུབ་པའི་ལྷ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོགས༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏང་ན༔ མ་གཡེལ་ཐུགས་རྗེའི་དཔུང་བསྐྱེད་ལ༔ བཟླས་པའི་ཕྲིན་ལས་དབྱེར་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཆེ་ལ་ངར་དྲགས་པར་བགྲང༌། | ||
ལས་སྦྱོར་ནི། སྐད་ཅིག་གནམ་ལྕགས་རྡོ་རྗེ་སོགས། ལས་སྦྱོར་གྱི་སྔགས་བཟླ། དྲག་སྔགས་མེ་ཕུང་ཅུང་ཟད་བཟླས་ལ། ཐུན་རྫས་ལ་ཡང་ཕུ་གདབ། ཐུན་མཐར་དྲང་སྲོང་དམོད་བཟློག་ནི། བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོང་ཞིག༔ སྲིད་པ་སྤྱི་ནས་ཤིག་ཅིག༔ སྲིད་གསུམ་རྨང་ནས་སྒྱེལ་ཅིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེས་སྲེགས་ཤིག༔ དམ་ཚིག་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པ་ཆོད་ཅིག༔ གནམ་ལྕགས་ཀྱི་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག༔ སུམྦྷ་ནིས་ནོན་ཅིག༔ སྲིད་གསུམ་གར་སྐྱེས་གར་གནས་ཀྱང་གནོད་བྱེད་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག༔ གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ྄༔ སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག༔ ཅེས་ཐལ་མོ་ལན་གསུམ་རྡེབ། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཞེས་ཚེ་ཛཔ་ཀྱང་བརྒྱ་ཙམ་བཟླས་ན་ལེགས། བསྙེན་སྒྲུབ་ལས་གསུམ་སྐབས་ཛཔ་བཟླས་མགོ་ཟིན་ནས་གཟུངས་ཐག་བླང་ནས་ཛཔ་དབྱངས་ལན་གསུམ་བཅས་གསུང་མི་འཆད་དུ་བྱ་དགོས་པས་ཛཔ་དབྱངས་ལན་གསུམ་སྐབས་ལས་རྡོར་གྱིས་དཀྱིལ་འཁོར་ལ་མེ་ཏོག་ཕུལ་ཞིང་པད་ཀོར་བཅས་གཟུངས་ཐག་བླངས་བ་སློབ་དཔོན་དང་རྒྱལ་ཚབ་ལ་ཕུལ། གཙོ་བསྙེན་གྲུབ་པ་དང་རྒྱལ་ཚབ་པའི་གཟུངས་ཐག་ཐུན་དཔོན་ལ་སྤྲད་དེ་ཐུན་པ་རྣམས་ཀྱིས་དཔལ་ཆེན་ཕྲིན་ལས་འབྲིང་པོ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྟ་བུ་བཏང་སྟེ་སྔགས་རྒྱུན་བླང༌། དེ་ནས་བཟུང་གྲོལ་ཉིན་ཐུན་ཐ་མའི་བར་སྔགས་སྒྲ་སྐད་ཅིག་ཀྱང་མ་ཆད་པ་དང༌། གཟུངས་ཐག་སྟོང་པ་མ་བོར་བར་བྱ་དགོས་སོ། །དངོས་གཞི་སྒྲུབ་པ་པོ་རྣམས་ནས་གཅིག་ཏུ་བསྒྲུབ་པའི་ཚུལ་ནི། ཐུན་བཞིའི་དང་པོར་བསྙེན་སྒྲུབ་གཉིས་ཕྱེད་ཕྱེད། གཉིས་པར་སྒྲུབ་སྔགས། གསུམ་པ་དང་བཞི་བར་ཁྲོ་བོ་སྤྱི་སྔགས། མཐར་ལས་སྦྱོར་དམིགས་གནད་དང་ལྡན་པས་གང་འཚམས་བཟླའོ། །ཞེས་གསུངས་པས་བཟླས་པའི་དངོས་གཞི་གུ་རུ་ཤྲཱི་དང་ཁྲོ་བོ་སྤྱི་སྔགས་གཉིས་སྟོང་ཕྲག་རེ་བྱས་ན། ཞི་བ་སུམ་བརྒྱ། གཞན་རྣམས་བརྒྱ་རྩ་རེ་དང༌། ལས་སྦྱོར་ལྔའམ་ཉེར་གཅིག་བཟླས་པས་ཐུན་དང་པོ་གྲུབ། ཐུན་བཞི་མ་ལྕོགས་ན་ཐུན་དང་པོར་ཞི་ཁྲོའི་བསྙེན་སྒྲུབ་གཉིས། གཉིས་པ་དང་གསུམ་པར་ཁྲོ་བོ་སྤྱི་སྔགས་གཙོ་བོར་བཟླ། ཐུན་མཐར་ལས་སྦྱོར་ཁྱུག་ཙམ་སྦྱོར་བར་གསུངས། ཐུན་རྗེས་མ་རྣམས་མཆོད་པ་ཁ་གསོས་ལ། མཆོད་པ་བྱིན་རླབས་དང༌། ལྷ་བསྐྱེད་ནས་བཟླས་པའི་བར་བསྐྱར་བ་ཡིན་ལ། བཟླས་པ་བསྐུལ་ཚིག །སྟོང་ཚིག་སོགས་སྔར་ལྟར་བྱ། ཉིན་ཐུན་བཞིར་བྱས་ན་མཚན་ཐུན་གཉིས་བཏང༌། ཉིན་ཐུན་རྗེས་མར་ཐུན་མཐར་རྡོ་རྗེའི་ལྷ་མོ་བཅུ་དྲུག་མཆོད་ཕྲེང་རྒྱས་བསྡུས་སྐབས་བསྟུན་དང་བསྟོད་པ་མདོར་བསྡུས་དང་ཡི་གེ་བརྒྱ་བས་ཉེས་བྱས་བཤགས། བཀའ་སྲུང་གཏོར་བསྔོས་མ་མགོན་ལྕམ་དྲལ། གཟའ། ཚེ་རིང་མ་སོགས་གཏང་དགོས་གང་ཡོད་དང༌། དམ་ཚིག་ཉམས་པས་ཚོགས་མཆོད་ཕུལ་ན་ལྷས་མི་བཞེས་པར་གསུངས་བའི་ཕྱིར་དེའི་ཉེས་པ་འགོག་ཆེད་ན་རཀ་སྐང་བཤགས་སམ། བསྡུ་ན་བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བས་ཐབས་ཤེས་ཀྱི་འདུས་པ་ཆེ་འབྲིང་ཆུང་གསུམ་ཚོགས་པས་དཔའ་མོའི་ལོངས་སྤྱོད་མ་དཱ་ན། དཔའ་བོའི་བཱ་ལ། གཉིས་ཀས་མཉམ་སྦྱོར་གསུམ་ཚང་ནས་ཚོགས་མཆོད། སྐོང་བཤགས་རྡོ་རྗེའི་ཐོལ་གླུ་རྣམས་ཐུན་རེ་རེ་བཞིན་བཏང་ན་ཤིན་ཏུ་ལེགས། མ་བྱུང་ཡང་དགོང་ཐུན་ལ་མ་ཆད་པ་དང༌། ཕྱི་རོལ་དུ་ཆ་གསུམ་གཏོར་མ་དང༌། ཚོགས་ལ་རོལ། ལྷག་གཏོར་བསྔོས་ལ་བྱང་ཤར་དུ་བཙོན་འཛིན་བྱ། ཚིམས་པ་དྲུག་ལྡན་གྱི་སྨོན་ལམ་གདབ། ལས་བྱང་གི་བསྐུལ་དང༌། ཆོས་སྐྱོང་གཏོར་འབུལ། ཆད་བརྟན། རྟ་བྲོ། གཏང་རག་མཆོད་བསྟོད། བཟོད་གསོལ། བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང༌། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །གུང་ཐུན་ལྟ་བུར་ཉིན་རེ་བཞིན་བདག་འཇུག་ལེན་པར་སྤྲོ་ན་བདག་འཇུག་དབང་དོན་རྒྱ་མཚོ་ནི་བདག་འཇུག་དང་དབང་ཆོག་གཉིས་ཀ་གཅིག་གིས་འཐུས་པར་མཛད་པས་ཧ་ཅང་རྒྱས་དྲགས་ཕྱིར་འདིར་གསང་བ་གཞན་དང་སྒོ་བསྟུན་གྱིས་ཟོར་ཡངས་སུ་བཀོད་ན། ཐུན་དང་པོའི་བཟླས་པའི་མཇུག་ཏུ་བུམ་བཟླས་ནི། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་ཚོགས་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས་གཟུངས་ཐག་ལ་འཇུས་ཏེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞི་བ་དང་ཁྲོ་བོ། སྤྱི་དྲིལ་སྔགས་སོ་སོའི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨ་བེ་ཤ་ཡ་ཨཿ ཞེས་བཏགས་པ་བརྒྱ་རྩ་རེ་བཟླས་མཐར། ལས་བུམ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཇི་ལྟར་རིགས་པ་བཟླ་ཞིང་མཐར་ལྷ་འོད་ཞུ་བྱའོ། །ཐུན་གཞན་དག་ལ་བུམ་བཟླས་མི་དགོས། བདག་འཇུག་དངོས་ལ་འཇུག་པ་ནི། ཇི་ལྟར་བལྟམས་པ་སོགས་ཁྲུས་དང་མཎྜལ་ཕུལ། གདོང་གཡོག་གཏད་ལ། ཙཀྵ⁽11e2⁾་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། མེ་ཏོག་གཏད་ལ་ཨཱ་ཝཾ་ཝི་ར་ཧཱུྃ། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས༔ གློ་བུར་འཁྲུལ་པས་བཅིངས་པ་བདག༔ ཚོགས་བརྒྱད་སྲིད་མཚོ་ལས་བསྒྲལ་ཕྱིར༔ རང་བྱུང་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། རྒྱུན་བཤགས་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ ཞེས་པ་ནས་བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་པའི་བར་ལས་བྱང་ལྟར་བརྗོད། སླར་ཡང་ཐལ་མོ་སྦྱར་ཏེ་སྡོམ་པ་གཟུང་བ་ནི། དུས་གསུམ་དུས་མེད་སྟོན་པ་ཀུན༔ རྡོ་རྗེའི་ཆོ་ག་འདི་མཁྱེན་ནས༔ གོ་འཕང་མཆོག་ལ་གཞུག་པའི་ཕྱིར༔ སྐྱབས་ཀྱི་མཆོག་ཏུ་དཀོན་མཆོག་འཛིན༔ རང་གིས་ཉེས་སྤྱོད་སྡོམ་བྱེད་ཅིང་༔ གཞན་གནོད་གཞི་དང་བཅས་པ་སྤོང༔ སྨོན་དང་འཇུག་པའི་སེམས་གཉིས་བསྐྱེད༔ ཕྱིན་དྲུག་ལ་སྤྱོད་དགེ་ཆོས་སྡུད༔ རྟག་ཏུ་གཞན་ལ་ཕན་པ་སྒྲུབ༔ མ་བསྒྲལ་བསྒྲལ་ཞིང་མ་གྲོལ་དགྲོལ༔ དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༔ སེམས་ཅན་བྱང་གྲོལ་གནས་ལ་འགོད༔ ལྷ་ཡི་ཕྱག་རྒྱ་འགོང་པ་དང༔ བླ་མའི་བཞོན་པ་བརྙས་སོགས་སྤོང༔ ལྷ་དང་ལྷ་མིན་གསང་བ་པ༔ བསྟན་པ་སྐྱོང་ལ་མཆོད་བྱེད་ཅིང༔ བྱང་ཆུབ་རྡོ་རྗེ་འབྲལ་མི་བྱ༔ མདོར་ན་དེ་ཡིས་གང་བསྒྲགས་པ༔ བྱང་ཆུབ་བར་དུ་གཅེས་པར་གཟུང༔ ལན་གསུམ་དམ་ལ་བཞག་པ་ནི། འདི་ནི་རྡོ་རྗེའི་དམ་ཚིག་ཆུ༔ ཉམས་ན་སྙིང་ཁྲག་སྡིག་པས་འཐུང༔ བདེ་ལེགས་ཡོན་ཏན་ཐམས་ཅད་འགྲིབ༔ བསྲུངས་ན་ཡེ་ཤེས་སེམས་དཔར་གྱུར༔ ཚེ་འདིར་མཆོག་གི་དངོས་གྲུབ་སྟེར༔ ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་ནང་མཆོད་ཀྱི་བདུད་རྩི་ཐམས་ཅད་ཀྱིས་མྱང༌། ཡེ་ཤེས་པ་དབབ་པ་ནི།རང་ཉིད་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་གྱུར་པའི་སྙིང་གར་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོར་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་བ་སྤུའི་ཁུང་བུ་ནས་ཞུགས་ལུས་ཐམས་ཅད་མེར་ཁྲིག་གང་བས་བདེ་བ་བཟོད་མེད་དུ་འབར་བར་བསམ་ཞིང༌། ཨོཾ་བཛྲ་གུ་རུ་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཿ ཞེས་དྲག་ཏུ་བརྗོད་ཅིང༌། ལས་རྡོར་གྱིས་གུ་གུལ་དང་ཚིལ་ཆེན་གྱིས་བདུག །དར་ཚོན་ལྔའི་གཡབ་དར་དང་བཅས་དཀྱིལ་འཁོར་དང་སྒྲུབ་པ་པོ་རྣམས་ལ་བསྐོར་ཞིང༌། ཌཱ་དྲིལ་གྱིས་དྲངས་པའི་རོལ་མོའི་སྒྲ་མྱུར་དལ་སྤེལ་མའི་སྦྱོར་བ་དང་བཅས་པས་བྱིན་དབབ་པ་ཏིཥྛ་བཛྲ་གྱིས་གཡས་པའི་རྡོ་རྗེས་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ་བརྟན་པར་བྱ། པྲ་ཏི་བཛྲ་ཧོཿས་མེ་ཏོག་འཐོར། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཞེས་མེ་ཏོག་མགོ་བོར་འཇོག །གཡས་པའི་རྡོ་རྗེས་མིག་དབྱེ་རྒྱ་དང་བཅས། ཨེ་མ་ཧོ་བདེ་གཤེགས་སྙིང་པོའི་ཁམས༔ སྒྲིབ་བྱེད་གློ་བུར་ལིང་ཏོག་ནི༔ ཡེ་ཤེས་ཐུར་མས་དབྱེ་བགྱིད་ན༔ དཀྱིལ་འཁོར་འདིར་ལྟོས་དད་པ་བསྐྱེད༔ ཛྙཱ་ན་ཙཀྵ⁽11e2⁾་པྲ་བེ་ཤ་ཡ་ཕཊ྄༔ ཅེས་མིག་དར་ཡོད་ན་འགྲོལ། དཀྱིལ་འཁོར་བསྟན་པ་ནི། ཐམས་ཅད་ཀྱིས་གཡས་པའི་རྡོ་རྗེས་དཀྱིལ་འཁོར་བསྟན་ཞིང༌། ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ༔ ད་ནི་དད་པ་རབ་ཏུ་སྐྱེད༔ བདེ་གཤེགས་ཀུན་འདུས་རིག་འཛིན་པའི༔ དངོས་གྲུབ་ཀུན་བདག་ཁྱོད་འགྱུར་རོ༔ ཞེས་མཐོང་བ་བསྟན་པས། བདེ་གཤེགས་ཀུན་འདུས་དཔལ་ཆེན་ཚོམ་བུ་དགུའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་བསམ་མོ། །གཉིས་པ་ལ་ཕྱི་ནང་གསང་བ་ཕྲིན་ལས་དང་བཞི་ལས། དང་པོ་ཕྱི་དབང་ནི། ས་གཞི་སྤོས་ཆུ་སོགས་མཎྜལ་ཕུལ་ནས། ཐལ་མོ་སྦྱར་ཏེ། ནམ་མཁའི་རྡོ་རྗེས་རྒྱལ་བ་ལྔར༔ དགོངས་ཤིང་ཇི་ལྟར་བསྩལ་བ་ལྟར༔ མཆོད་པ་ཆེན་པོ་བརྡ་ཡི་དབང༔ རིག་པ་འཛིན་པ་བདག་ལ་སྩོལ༔ ལན་གསུམ། ཞེས་གསོལ་བ་བཏབ་ལ། སློབ་དཔོན་གྱིས་ལག་གཡས་རྡོ་རྗེ་དང་བཅས་པས་བུམ་པ་ཐོགས་ལ། ཧཱུྃ། བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས༔ ལྷ་དང་གཉིས་མེད་བདུད་རྩིའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང༔ ཀུན་ཏུ་འོད་ཀྱི་ས་ནོན་ཤོག༔ རྩ་སྔགས་གང་ཡིན་མཐར། བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དྲིལ་བསིལ་དང་བཅས་དབང་བསྐུར་ཞིང་བུམ་ཆུ་མྱང༌། ལས་རྡོར་གྱིས་ཚོགས་པ་རྣམས་ལ་དུང་ཞལ་གྱིས་བུམ་ཆུ་འགྱེད། དབུ་རྒྱན་དེ་བཞིན་གཤེགས་པ་རིགས་ལྔ་དྭངས་གསལ་སྒྲིབ་མེད་དུ་བཞུགས་པ་འདི་ཉིད་སྤྱི་བོར་བཞག་པས་རིགས་ལྔའི་དངོས་གྲུབ་ཐོབ་པར་མོས་ཤིག །དབུ་རྒྱན་ལག་གཉིས་མཐེབ་མཛུབ་སྤྲད་པས་འཛིན་ཅིང༌། ཧཱུྃ། ཚོར་བའི་ཕུང་པོ་མཉེན་པའི་ཁམས༔ ང་རྒྱལ་འཇོམས་མཛད་བཅོམ་ལྡན་འདས༔ མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང༔ དབུ་རྒྱན་རིགས་ལྔས་དབང་བསྐུར་རོ༔ སྭཱ་རཏྣ་དྷྲྀཀ་མཱཾ་མོ་ཧ་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགོ་བོར་བསྐོན། རྡོ་རྗེ་རྩེ་ལྔ་རིགས་ལྔ་ཡེ་ཤེས་ལྔ་རང་གསལ་དུ་འཆར་བས་བདག་དོན་ལྷུན་གྱིས་གྲུབ་པར་མོས་ཤིག །རྡོ་རྗེ་ལག་གཡས་སུ་གསོར་ཏེ། ཧཱུྃ། འདུ་ཤེས་ཕུང་པོ་དྲོ་བའི་ཁམས༔ འདོད་ཆགས་འཇོམས་མཛད་བཅོམ་ལྡན་འདས༔ སོར་རྟོག་ཡེ་ཤེས་སྣང་མཐའ་ཡས༔ ཐབས་ཀྱི་རྡོ་རྗེས་དབང་བསྐུར་རོ༔ ཨཱཾ་ཨ་རོ་ལྀཀ་པཱཾ་རཱ་ག་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ གྲགས་སྟོང་གི་སྒྲ་ཐབས་ཤེས་ཟུང་འཇུག་ཏུ་མཚོན་པའི་དྲིལ་བུས་གསང་མཆོག་བདེ་ཆེན་ཟུང་འཇུག་གི་ལམ་གྱིས་འགྲོ་བའི་དོན་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །དྲིལ་བུ་ལག་གཡོན་དུ་གཏད་ཞིང་དཀུར་བརྟེན་ནས། ཧཱུྃ༔ འདུ་བྱེད་ཕུང་པོ་སྐྱོད་པའི་ཁམས༔ ཕྲག་དོག་འཇོམས་མཛད་བཅོམ་ལྡན་འདས༔ བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ༔ ཤེས་རབ་དབྱངས་ཀྱིས་དབང་བསྐུར་རོ༔ ཧཱ་པྲཛྙཱ་དྷྲྀཀ་ཏཱཾ་བཛྲ་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེ་མིང་གིས་དབང་བསྐུར་བར་མོས་ཤིག ཧཱུྃ༔ མིང་གཟུགས་ཕུང་པོ་སྲ་བའི་ཁམས༔ གཏི་མུག་འཇོམས་མཛད་བཅོམ་ལྡན་འདས༔ མེ་ལོང་ཡེ་ཤེས་དེ་བཞིན་གཤེགས༔ རྡོ་རྗེ་མིང་གིས་དབང་བསྐུར་རོ༔ ཨོཾ་ཛཱི་ན་ཛིཀ་ལཱྃ་དེ་ཥ་ར་ཏི་བཛྲ་མ་ཧཱ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རིག་པའི་དབང་ལྔ་བསྐུར་བས་ཕུང་པོ་ལྔ་དང་འབྱུང་བ་ལྔ་རིགས་ལྔ་ཡབ་ཡུམ་དུ་སངས་རྒྱས། དུག་ལྔ་ཡེ་ཤེས་སུ་གྲོལ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་འགྲོ་བའི་དོན་བྱེད་ནུས་པ་གྱུར་ཅིག །གཉིས་པ་ནང་ལྷའི་དབང་ནི། དཀྱིལ་འཁོར་དགུའི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་རེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་བ་སྤྱི་བོ་ལ་སོགས་པའི་ལུས་ཀྱི་གནས་སོ་སོར་གྱེས་པ་ལ་ཐིམ་པར་མོས་ལ་དཔལ་དགུའི་སྐུ་ཙཀ་རིམ་བཞིན་ཐོགས་ཏེ། སྤྱི་བོར། ཆེ་མཆོག་ལྷ་ཚོགས་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དཔྲལ་བར། འཇམ་དཔལ་སྐུ་ཡིས་དབང་བསྐུར་བས། །མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག །ཨོཾ་ཧྲཱིཿཥྚི་ཝི་ཀྲི་ཏཱ་ན་ན་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར། པདྨ་གསུང་གིས་དབང་བསྐུར་བས། །སོར་རྟོག་ཡེ་ཤེས་རྟོགས་པར་ཤོག །ཨོཾ་པདྨཱནྟཀྲྀ་ཏ་ཧྱ་གྷྲྀ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར། ཡང་དག་ཐུགས་ཀྱིས་དབང་བསྐུར་བས། །མེ་ལོང་ཡེ་ཤེས་རྟོགས་པར་ཤོག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར། ཕུར་པ་ཕྲིན་ལས་དབང་བསྐུར་བས། །བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི[WP:5,80][WP:5,205]ན་བཾ་ཧཱུྃ་ཕཊ྄་ཨ་བྷི་ཥིཉྩ་ཧཱུྃ༔ གསང་གནས། མ་མོ་རྦོད་གཏོང་དབང་བསྐུར་བས། །དབྱིངས་གྲོལ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བརླ་གཡས། འཇིག་རྟེན་མཆོད་བསྟོད་དབང་བསྐུར་བས། །ཀློང་གྱུར་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཨ་བྷི་ཥིཉྩ་ཧཱུྃ༔ བརླ་གཡོན། དམོད་པ་དྲག་སྔགས་དབང་བསྐུར་བས། །ལྷུན་གྲུབ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་སརྦ་དུཥྚཾ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར། རིག་འཛིན་སློབ་དཔོན་དབང་བསྐུར་བས། །འདའ་ཀ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ དཔུང་པ་གཉིས། ཚོགས་བརྒྱད་གདུག་པ་ཀླུ་ཡི་གདོན། །ཟ་བྱེད་ཁྱུང་གིས་དབང་བསྐུར་རོ། །ཁྲོཾ་ག་རུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་གསང་བ་ཟབ་མོའི་དབང་ལས་གསང་དབང་ནི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པར་བསམ་ལ། ཧཱུྃ། ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ དཀར་དམར་བྷནྡྷའི་ནང་དུ་བསྐྱིལ༔ སྐལ་ལྡན་བུ་ལ་བྱིན་པ་ཡིས༔ རྩ་ཁམས་ཡི་གེའི་རྣམ་པར་སྨིན༔ ཚེ་ལ་དབང་བའི་རིག་འཛིན་ཐོབ༔ པདྨ་ཅན་གྱི་ས་ནོན་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཝཱཀ་ཨ་བྷི་ཥིཉྩ་ཨཿ རྗེས་འབྲེལ་བཟླས་ལུང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ལུ་གུ་རྒྱུད་དུ་བྱུང༔ མགྲིན་པ་ནས་བརྒྱུད་སྙིང་ཁར་འཁོར་བར་བསམ་ལ། འབྲུ་གསུམ། གུ་རུ་ཤྲཱི། བཛྲ་ཙཎྜ་རྣམས་ལན་བདུན་རེ་ཙམ་བཟླ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང༌། །འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད། ཤེར་དབང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་བྱོན་ནས་རང་ལ་འཁྱུད་པར་བསམ་ནས་ལག་གཡོན་དྲིལ་བུ་བཟུང་ལ། ཧོཿ ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ༔ བདེ་བ་ཆེན་པོ་གསང་བའི་ཡུམ༔ རིགས་ཀྱི་བུ་ལ་བྱིན་པ་ཡིས༔ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ འཁོར་ལོ་ཚོགས་ཆེན་ས་ནོན་ཤོག༔ པྲཛྙཱ་ཛྙཱ་ན་དྷརྨ་དྷཱ་ཏུ་ཧོཿ འཁྱུད་རྒྱ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ དེ་དང་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད། ཚིག་དབང་ནི། མེ་ལོང་ཤེལ་རྡོ་བསྟན་ལ། ཧཱུྃ། ཀ་དག་མེ་ལོང་གཙང་མའི་ངོགས༔ ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ༔ བརྡ་རྟགས་རྫོགས་པའི་དབང་བསྐུར་བས༔ དྲི་མེད་རིག་པའི་གནས་ལུགས་རྟོགས༔ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས༔ བདེ་བ་ཆེན་པོའི་ས་ནོན་ཤོག༔ ཨ་ཨ་ཨཿ ཞེས་རང་བྱུང་ཡེ་ཤེས་ཀྱི་ངང་ལ་བློ་བཞག་སྟེ་མེ་ལོང་ཤེལ་དང་བཅས་པས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད། རྗེས་དམ་ཚིག་བསྒྲག་བཟུང་ནི། རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་དང་གཅིག་པུ་ཕྱལ་བ་ཆེ༔ ལྷུན་གྲུབ་བཞིན་དུ་བསྲུང་བར་བགྱི༔ བདག་ལུས་ལོངས་སྤྱོད་ཁྱེད་ལ་འབུལ༔ ཇི་ལྟར་བཀའ་སྩལ་བཞིན་དུ་བགྱིད༔ སྲོག་ལ་བབས་ཀྱང་དེ་བསྒྲུབ་ན༔ དངོས་གྲུབ་མཐོང་བའི་ཆོས་ལ་སྩོལ༔ བླ་མ་མཆོག་དང་ལྷག་པའི་ལྷ༔ བྱང་ཆུབ་བར་དུ་མི་འབྲལ་ན༔ ཆ་ཤིས་ཀྱང་ནི་སྤྱད་དུ་གསོལ༔ གཏང་རག་མཎྜལ། ས་གཞི་སྤོས་ཆུ་སོགས་བྱའོ། །གཉིས་པ་དེའི་འགལ་རྐྱེན་བསྲུང་ཕྱིར་ཉུལ་ལེ་འདུལ་ཞིང་བསྐྲད་པ་ནི། སྲོད་དུས་དྲག་པོའི་དུས་སྐབས་སོགས་སུ་ཚོགས་པ་ཐམས་ཅད་ཞྭ་དང་བཅས་བཞེངས། སློབ་དཔོན་དང་རྒྱལ་ཚབ་ཞྭ་ཆོས། རྒྱལ་ཐེབས་བཞི་སྔགས་ཆས། མཚམས་པ་སོགས་ཆས་ཞུགས་པ་རྣམས་དཀྱིལ་འཁོར་གྱི་མདུན་དུའམ་ཕྱི་ཁྱམས་སུ་འཁོད་པའི་དྲུང་དུ་ཉུལ་ལེའི་ལིང་ག་བཅས་ལ། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམས་ཐག་པའི་ལུས་ཅན་དུ་གྱུར། ཞེས་བྲུབ་ཁུང་བསྐྱེད། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་བླ་མ་དྲག་པོ་དཔལ་ཆེན་འདུས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱས་ནས་ཀྱིང་བ་ལས་ཀྱི་ཆེ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་ཕོ་ཉ་མཚོན་ཆའི་ཆར་འབེབས་པས་རྡུལ་དུ་བརླག་པར་བསམ་ཞིང༌། རོལ་མོ་དབྱངས་དང་ཌཱ་ཀིའི་འཆམས་སྟབས་དང་བཅས་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཅེས་དང༌། ཧཱུྃ། ང་ནི་ཆེ་མཆོག་ཧེ་རུ་ཀ༔ ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ ང་ནི་དབང་ཆེན་པདྨའི་སྐུ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ང་ནི་བླ་མེད་ཧེ་རུ་ཀ༔ ང་ནི་རིག་འཛིན་ཐོད་ཕྲེང་རྩལ༔ ང་ནི་དྲེགས་པ་ཀུན་འདུལ་རྗེ༔ ང་ནི་སྟོབས་ལྡན་ནག་པོ་སྟེ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ བཀའ་བརྒྱད་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཅེས་ཕུར་ཐུན་ཚོམ་བུར་བསྐུལ་མཐར་སློབ་དཔོན་གྱིས་དྲག་སྔགས་ཕུར་སྐོར་དང་བཅས་པས་གདབ་ཅིང༌། ཌཱ་ཀི་རྣམས་ཀྱིས་ཐུན་གྱིས་བྲབ་པ་དང༌། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ། ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས། །ཁྲག་མདོག་དམར་པོ་བསེ་ཡི་ལན་ཕྲན་ཅན། །སྤྱན་རྩ་དམར་པོ་ཉི་ཟླ་ལྟར་དུ་འཕྲོ། །སྨིན་མ་གློག་འགྱུ་བར་སྣང་གོ་སྐབས་འབྱེད། །བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས། །བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས། །རྔམས་པའི་ལྗགས་འགྲིལ་བསྐལ་པའི་མེ་ཆེན་འབར། །ཨག་ཚོམས་མེ་འབར་རབ་འབྱམས་སྲིད་པ་བསྲེགས། །བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོགས། །ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས། །སེན་མོ་ལྕགས་ཀྱུའི་རྩེ་ལས་བསྐལ་པའི་མེ་ཆེན་འབར། །བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས། །སྨིན་མ་ལྕགས་ཀྱི་ཁྲོ་ཆུའི་ཆར་འབེབས་ཤིང༌། །ཞལ་གྱི་ཕུར་པས་སྲིན་པོ་ལྔ་བརྒྱ་གཟེར། །རལ་པའི་གསེབ་ནས་ཁྲག་གི་ཆར་ཆེན་འབེབས། །ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ། །སྲིན་པོའི་སྙིང་འབྱིན་ཆང་བར་བཅུག་ནས་གསོལ། །ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ། །དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ། །ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ། །ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གྱོན། །ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན། །བདུད་ལ་བབས་ན་སྙིང་ཁྲག་དྲོན་མོ་འཐུང༌། །སྲི་ལ་བབས་ན་སྲོག་རྩ་དམར་པོ་གཅོད། །དགྲ་ལ་བབས་ན་དུག་གི་ཁ་ཆུ་འབེབས། །བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག །དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་བྱུང༌། །དམ་ཉམས་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས། །ཕུང་པོ་དུམ་བུར་གཏུབ་ཅིང་དོན་སྙིང་མ་ལུས་བསྲེགས། །གྲུམ་བུ་ཙེ། རཱུ་པ་ཙེ། ཙ་མེ་ཐུན་ན་ཤ་སྟྭམ་བྷ་ཡཀྵ། བི་ན་ཡ་ག་ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན། ཙིཏྟ་རྦད། ཅེས་བསྐུལ་ཞིང་ཐུན་གྱིས་བྲབས་ལ་གཟིར་བར་བྱ་ཞིང་སྲུང་འཁོར་གྱི་ར་བས་བཅིངས་ནས། དེ་ནས་བྱིན་དབབ་པ་ནི། སྦྱར་བའི་སྤོས་བཏུལ་ཧསྟ་དང་དར་སྣ་གཡབ། དབྱངས་རོལ་གདུང་ཤུགས་དང་བཅས་ཏེ་རྡོ་རྗེ་སློབ་དཔོན་རྒྱལ་ཚབ་སོགས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཞིང་རིག་འཛིན་བརྒྱད་ཀྱི་བྱིན་དབབ་པ་ནི། ཧཱུྃ། བསྐལ་པ་སྲིད་པའི་དང་པོ་ལ། །བདག་མེད་རྡོ་རྗེ་ཧེ་རུ་ཀས། །གཟུང་འཛིན་རུ་ཏྲ་བསྒྲལ་བའི་ཚེ། །ཚོགས་བརྒྱད་དག་པའི་དུར་ཁྲོད་བྱུང༌། །ཁོག་པ་གྲུ་བཞི་སྒོ་བཞི་པ། །བདེ་གཤེགས་བཞུགས་པའི་གཞལ་མེད་ཁང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གདན་གསུམ་ངོ་བོར་བྱིན་ཕོབ་ཅིག །ཡུལ་གྱི་མིང་ནི་འཛམ་བུའི་གླིང༌། །ཤར་ཕྱོགས་དུར་ཁྲོད་བསིལ་བའི་ཚལ། །རུ་ཏྲའི་སྙིང་དང་ཞིང་སྐྱོང་ནི། །གླང་མགོ་དཀར་པོ་གྲི་ཐོད་འཛིན། །ཕྱོགས་སྐྱོང་དབང་པོ་རྡོ་རྗེ་ཅན། །ཀླུ་དབང་མཐའ་ཡས་སྦྲུལ་མགོ་གདེངས། །ཆུ་སྤྲིན་དཀར་ལ་ལྗོན་ཤིང་སེར། །གནས་མ་ཆེན་མོ་ཀེའུ་རི་མ། །མཆོད་རྟེན་བདེ་བྱེད་བརྩེགས་པ་ནས། །ཡང་དག་གྲུབ་པའི་རིག་འཛིན་ནི། །ཧཱུྃ་ཆེན་ཀཱ་རས་བྱིན་ཕོབ་ཅིག ཧཱུྃ། ལྷོ་ཕྱོགས་དུར་ཁྲོད་ཁུ་བྱུག་ཚལ། །རུ་ཏྲའི་ལག་གཡས་ཞིང་སྐྱོང་ནི། །མ་ཧེའི་གདོང་ཅན་སྦྲུལ་ཞགས་བསྣམས། །ཕྱོགས་སྐྱོང་གཤིན་རྗེ་བེ་ཅོན་ཅན། །ཀླུ་དབང་འཇོག་པོ་སྤྲིན་སྔོ་སྐྱ། །ཆུ་ཀླུང་རླབས་ཅན་ལྗོན་ཤིང་ལྗང༌། །གནས་མ་ཆེན་མོ་ཙཽ་རི་མ། །མཆོད་རྟེན་རིན་ཆེན་འོད་འཕྲོ་ནས། །འཇམ་དཔལ་གྲུབ་པའི་རིག་འཛིན་ནི། །མཉྫུ་མི་ཏྲས་བྱིན་ཕོབ་ཅིག ཧཱུྃ། ནུབ་ཕྱོགས་དུར་ཁྲོད་པདྨ་བརྩེགས། །རུ་ཏྲའི་མཚན་མ་ཞིང་སྐྱོང་ནི། །ཆུ་སྲིན་གདོང་ཅན་ལ་ལི་ཏ། །ཕྱོགས་སྐྱོང་ཆུ་ལྷ་ཀླུ་དུང་སྐྱོང༌། །སྤྲིན་ཆེན་སྒྲ་སྒྲོགས་ཆུ་ཤིང་དམར། །གནས་མ་ཆེན་མོ་པྲ་མོ་ཧ། །མཆོད་རྟེན་གཟི་འོད་འབར་བ་ནས། །རྟ་མགྲིན་གྲུབ་པའི་རིག་འཛིན་ནི། །ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག ཧཱུྃ། བྱང་ཕྱོགས་དུར་ཁྲོད་ལང་ཀ་བརྩེགས། །རུ་ཏྲའི་རྐང་གཡོན་ཞིང་སྐྱོང་ནི། །རྟ་གདོང་དུད་ཁ་ཆུང་མར་བཅས། །ཕྱོགས་སྐྱོང་གནོད་སྦྱིན་ཀླུ་སྟོབས་རྒྱུ། །ཆུ་ཀླུང་མྱོས་དང་སྤྲིན་ལྗང་འཁྲུགས། །ལྗོན་ཤིང་ཨ་སུ་ཏ་ན་མཛེས། །གནས་མ་ཆེན་མོ་བེ་ཏ་ལཱི། །མཆོད་རྟེན་རང་བྱུང་བདེ་ཆེན་ནས། །ཕུར་པ་གྲུབ་པའི་རིག་འཛིན་ནི། །པྲ་བྷ་ཧསྟི་བྱིན་ཕོབ་ཅིག ཧཱུྃ། ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་བརྩེགས། །རུ་ཏྲའི་ནང་ཁྲོལ་ཞིང་སྐྱོང་ནི། །ར་གདོང་ཕྱོགས་སྐྱོང་མེ་ལྷ་སེར། །ཀླུ་ཆེན་པདྨ་ནོར་བུ་འཛིན། །ཆུ་ཀླུང་དུར་བྱེད་སྤྲིན་དམར་སེར། །ལྗོན་ཤིང་ཁྲོ་བོ་གེལ་པའི་སྟབས། །གནས་མ་ཆེན་མོ་པུཀྐ་སཱི། །མཆོད་རྟེན་ཀེའུ་ཏི་ཤན་ནས། །མ་མོ་གྲུབ་པའི་རིག་འཛིན་ནི། །དྷ་ན་སཾ་སྐྲྀས་བྱིན་ཕོབ་ཅིག ཧཱུྃ། ལྷོ་ནུབ་དུར་ཁྲོད་མ་ཧཱ་གུ་ཧྱ། །རུ་ཏྲའི་མགོ་བོ་ཞིང་སྐྱོང་ནི། །ཁ་དོག་སྔོན་པོ་མི་ལ་ཞོན། །ཕྱོགས་སྐྱོང་འབོད་སྒྲོགས་ཀླུ་པད་ཆེན། །སྤྲིན་སེར་ག་ན་ཆུ་ཀླུང་དམར། །ལྗོན་ཤིང་ཤཱིནྟཾ་ཨུ་པ་ལ། །གནས་མ་ཆེན་མོ་གསྨ་རཱི། །མཆོད་རྟེན་ཆེན་པོ་ཀ་ནི་ནས། །ཡོན་ཏན་གྲུབ་པའི་རིག་འཛིན་ནི། །བི་མ་མི་ཏྲས་བྱིན་ཕོབ་ཅིག ཧཱུྃ། ནུབ་བྱང་དུར་ཁྲོད་ཧེ་ཆེན་པོ། །རུ་ཏྲའི་ལག་གཡོན་ཞིང་སྐྱོང་ནི། །ཤ་བའི་གདོང་ཅན་འཕྱེ་བོའི་ཚུལ། །ཕྱོགས་སྐྱོང་རླུང་ལྷ་ཀླུ་ནོར་རྒྱས། །སྤྲིན་ཆེན་ཆར་འབེབས་ཆུ་ཀླུང་ནག །ལྗོན་ཤིང་ཛ་ལ་ནག་པོ་ལ། །གནས་མ་དུར་ཁྲོད་བདག་མོ་གནས། །མཆོད་རྟེན་རང་བྱུང་ཀུ་མ་ནས། །མཆོད་བསྟོད་གྲུབ་པའི་རིག་འཛིན་ནི། །གུ་ཧྱ་ཙནྡྲས་བྱིན་ཕོབ་ཅིག ཧཱུྃ། བྱང་ཤར་དུར་ཁྲོད་ལོ་ཀ་ན། །རུ་ཏྲའི་རྐང་གཡས་ཞིང་སྐྱོང་ནི། །ཅེ་སྤྱང་གདོང་ཅན་རྩེ་གསུམ་འཆང༌། །ཕྱོགས་སྐྱོང་དབང་ལྡན་ཀླུ་རིགས་ལྡན། །ཆུ་ཀླུང་ནག་པོ་སྤྲིན་ཉ་ཅན། །ལྗོན་ཤིང་ཧ་ལ་ཀཱ་ལ་ལ། །གནས་མ་ཆེན་མོ་ཙཎྜ་ལཱི། །མཆོད་རྟེན་གོ་མ་ས་ལ་ནས། །དྲག་སྔགས་གྲུབ་པའི་རིག་འཛིན་ནི། །ཤཱིནྟཾ་གར་བྷས་བྱིན་ཕོབ་ཅིག །ཅེས་བྱིན་དབབ་རྗེས། འབྲུ་གསུམ། གུ་རུ་ཤྲཱི་དང༌། བཛྲ་ཙཎྜ་རྣམས་སྦྲེལ་བས་ཛཔ་དབྱངས་བྱ། སྔོན་དུ་བསྙེན་པས་ལྷའི་ཐུགས་ཉེ་བར་བྱས་པའི་འོག་ཏུ་སྒྲུབ་པས་དངོས་གྲུབ་མངོན་དུ་བྱེད་པའི་སྐབས་དངོས་གྲུབ་སྟེར་བའི་ཕོ་ཉས་དུས་མཚམས་བཅུར་ཉིན་བཞིན་དངོས་གྲུབ་སྐྱེལ་བ་དང༌། ཉུལ་ལེ་རྣམས་བར་ཆད་བྱ་བའི་ཕྱིར་དེ་བཞིན་རྒྱུ་བའི་གཉེན་པོར་ཉུལ་ལེ་བསྒྲལ་ཞིང་བྱིན་འབེབས་དུས་དྲུག་ཏུ་བྱ་བར་གསུངས་པ་དང༌། སྔ་ཐུན་སོགས་ལ་ཉུལ་ལེ་བསྐྲད་གཟིར་རྒྱས་པ་མ་གྲུབ་ན་ཤར་ཕྱོགས་དཀར་མོའི་བསྐུལ་མཐར་དྲག་སྔགས་སོ་ལྔ་པ་དང་རྡོ་རྗེ་སྡེར་མོའི་སྔགས་ཀྱིས་གཟིར་བས་ཀྱང་རུང་བར་གསུངས། བསྙེན་རྒྱུན་བརྗེ་ལེན་སྐབས་རྗེས་མས་ཛཔ་བསྙེན་ཚུགས་པའི་ཚེ་སྔ་མས་སྟོང་ཚིག་ཕུལ་ལ་གྲོལ། མཚན་ཐུན་ལ་དཔལ་ཆེན་ལས་བྱང་འབྲིང་པོ་མཁྱེན་བརྩེ་རིན་པོ་ཆེའི་གསུང་ལྟར་བཏང་ཡང་རུང༌། བགེགས་ཀྱང་དག་པ་རབ་འབྱམས་སུ་འཆར་བའི་ལྟ་དགོངས་ཀྱི་གདིང་བརྟན་ན་ཉུལ་ལེ་འདུལ་བ་སོགས་མི་དགོས་གསུང༌། གདོན་གྱི་གནོད་ཚབས་ཆེ་ན་སྲུང་བཟློག་བསད་མནན་སྦྱིན་སྲེག་སྟེ་གཟེར་ཁ་ལྔའི་ལས་སྦྱོར་ལས་ཀྱི་རྒྱལ་ཐེབས་ལྟ་བུས་བྱ་གསུངས། དེ་ལྟ་བུའི་ཚུལ་གྱིས་ཞག་བདུན་ལ་སོགས་པར་གྱེར་བསྒོམ་བཟླས་པ་མ་ཆད་པར་བྱ་སྟེ་སྒྲུབ་པའི་རིམ་པའོ། །སྒྲུབ་ཆེན་གྱི་སྐབས་འདིར་རྡོ་རྗེ་སློབ་དཔོན་གྱིས་སྒྲུབ་མཆེད་རྣམས་ལ་སྐབས་སུ་བབ་པའི་བླང་དོར་གྱི་བསླབ་བྱ། དམ་ཚིག་གི་རྣམ་བཞག །བསྐྱེད་བཟླས་ཀྱི་དམིགས་པ་སོགས་གོ་སླ་དོན་འདུས་ཡང་ཡང་བཤད་ན་གལ་ཆེ་བར་རྒྱུད་ལས་གསུངས་སོ། །གསུམ་པ་དུས་གྲངས་རྟགས་ཚད་ཀྱི་རིམ་པ་ནི། སྨིན་སློབ་ཀྱི་དུས་ཚད་ཟླ་བ་དྲུག་སོགས་གསུངས་ཀྱང་དེང་སང་མོས་སློབ་ཀྱི་སྐབས་སུ་རྒྱས་པ་ཟླ་བ་གཅིག་དང༌། བསྡུ་ན་ཡང་ཞག་བཅུ་སོགས་སུ་སྒྲུབ་དགོས་ཚུལ་བཀའ་དགོངས་ཀྱི་གཞུང་རྣམས་སུ་གསུངས། རྟགས་ཚད་ཀྱི་རིམ་པ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། དེ་ལྟར་འབད་པས་བརྩོན་འགྲུས་དང༔ ཏིང་འཛིན་སྐལ་པའི་ཁྱད་པར་བཞིན༔ རབ་ཀྱི་རིག་འཛིན་མཆོག་དངོས་འགྲུབ༔ འབྲིང་གིས་སྔགས་ཀྱི་དྲོད་ཚད་འཐོབ༔ གཞན་དུ་ཕྲིན་ལས་ཅི་རིགས་འགྲུབ༔ མདོར་ན་འབྲེལ་ཚད་དོན་ལྡན་པ༔ སྒྲུབ་པ་ཆེན་པོའི་ཕྲིན་ལས་སོ༔ ཞེས་སོགས་འབྱུང་བ་ལྟར་རོ། །གྲོལ་བའི་སྔ་ཉིན་དགོང་མོ་པདྨ་རྒྱལ་ཐེབས་ཀྱིས་དབང་གི་སྦྱིན་སྲེག་གྲུབ་ན་ལེགས། གསུམ་པ་རྗེས་དངོས་གྲུབ་བླང་བ་ལ། གྲུབ་པའི་རྟགས་རབ་ལོ་སྒྲུབ་རྟགས་དང་སྦྱར་བ་འབྲིང་ཟླ་སྒྲུབ་གྲངས་དང་སྦྱར་བ་ཐ་མའི་ཉིན་ཞག་བདུན་ནམ་ལྔ་ལ་དངོས་ཉམས་རྨི་ལམ་དུ་རྟགས་མཚན་གྱི་ཚུལ་དུ་བྱུང་བའམ་སྒྲུབ་པའི་ཞག་གྲངས་ཐེམས་པའི་ཚེ་སྒྲུབ་པ་ཆེན་པོའི་ལས་རིམ་དངོས་སྦྱོར་སྒྲོལ་ལ་བརྟེན་ནས་དངོས་གྲུབ་བླང་བར་གསུངས་ཀྱང་ཡོངས་གྲགས་རྫས་ལ་བསྟེན་པ་ཉིད་ཡིན་པས་རྫས་བཤམ་པ་ནི། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་ལྡན་དཀར་པོའི་སྟེང་དུ་འབྲུ་དཀར་པོས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་མཉྫིའི་སྟེང་དུ་དཀྱིལ་འཁོར་གྱི་རྣམ་བུམ་བླངས་ལ་བཞག །གཡས་སུ་རིན་པོ་ཆེའི་སྣོད་དུ་གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་དང་དཀར་མངར་གྱིས་སྦྲུས་པའི་ལས་བཞིའི་འབྲང་རྒྱས་རིལ་བུས་བསྐོར་བ། མཱཾ་ས། མར། ཐུད། འབྲས་ཆན། ཁུར་བ། ཞོ་དང་ལ་དུ། ཤིང་ཐོག་སྣ་ཚོགས། སུ་ར་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས་པས་བསྐོར་བ། གཡོན་དུ་ཆང་བཟང་པོར་མངར་གསུམ་དང༌། ཨ་མྲྀ་ཏས་སྦགས་པས་བྷཉྫ་བཀང་བ་བཤམས་ལ་དར་གྱིས་གུར་དབུབ་པའི་ཚུལ་དུ་བཀབ། ནངས་མོ་ཅུང་ཟད་སྔ་བར་འཚོགས་ལ་ཕྲིན་ལས་ཀྱི་གཞུང་སྔར་ལྟར་བསྲངས་ལ། རྩ་བའི་བཟླས་པ་ཟིན་པ་དང་ཐུན་དཔོན་གྱི་གཟུངས་ཐག་རྒྱལ་ཚབ་ལ་ཕུལ། བཟླས་པ་ཅི་རིགས་པ་ཐོན་རྗེས་ཐུན་པ་རྣམས་ཀྱིས་དངོས་གྲུབ་བླང་བའི་སྔགས་ཤམ་ཅན་བཟླ། ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར་ཞིང་དངོས་གྲུབ་བསྐུལ་བའི་དོན་དུ་ཐུགས་དམ་བསྐུལ་ཞིང་རྩ་སྔགས་མཐར། དྷརྨ་ཀཱ་ཡ། སཾ་བྷོ་ཀཱ་ཡ། ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྒྱའམ་ཉེར་གཅིག་བཟླས་ལ། སྲུང་མ་རྣམས་ཀྱི་གཏོར་ཆོག་གྲུབ་ནས། ལས་བྱང་ལྟར་བགེགས་བསྐྲད། རྒྱལ་ཚབ་པས་དཀྱིལ་འཁོར་བསྐོར་ཞིང་ཐུན་བྲབ། མཚམས་གཅོད། ལས་རྡོར་དང་རྒྱལ་ཚབ་པས་སྤོས་གཡབ་དྲིལ་བཅས་ཚོགས་པ་དང་དཀྱིལ་འཁོར་བསྐོར་ཞིང་རིག་འཛིན་བརྒྱད་དང་ལས་བྱང་ལྟར་བྱིན་འབེབས་གྱེར། ཡེ་ཤེས་སྐུ་མཆོག་སོགས་བརྗོད་ལ་ནོངས་པ་བཤགས། བདུད་རྩིའི་སྔགས་ལན་གསུམ་བརྗོད་ལ་རྫས་རྣམས་བྱིན་བརླབ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག་དགྱེས་པ་བསྐྱེད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས་བདག་ལ་ཐིམ་གསལ་ཞིང་བརྟན་པར་བྱས། རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། ཞེས་དམིགས་ལ། བསྙེན་སྒྲུབ་སྔགས་ལ་གོང་གི་སྔགས་ཤམ་བཏགས་ལ་བརྒྱའམ་ཉེར་གཅིག་བཟླས་ལ། ཧཱུྃ༔ མི་གནས་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནས༔ སོགས་ཀྱིས་དངོས་གྲུབ་སྤྱིར་བསྐུལ། བྱེ་བྲག་ཏུ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གནས་ལྔ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཡིག་འབྲུ་དང་འོད་ཟེར་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ཏེ་རང་གི་གནས་ལྔར་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ལ། སློབ་དཔོན་གྱིས་གནས་ལྔར་རིམ་པར་གཏུགས་ལ། ཧཱུྃ། བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི༔ སོགས་ལས་གཞུང་གི་དངོས་གྲུབ་བླང་བའི་ཚིག་གིས་སྒྲུབ་རྫས་གནས་གསུམ་དུ་གཏུགས་ཤིང་མྱོང༌། གཏང་རག་གི་མཆོད་བསྟོད་བྱས་ལ་དངོས་གྲུབ་ཀྱི་རྫས་ལ་རོལ། སྤྲོ་ན་དེའི་མལ་དུ་བདག་འཇུག་ལེན་ཆོག་གོང་སྨོས་ལྟར་དངོས་གྲུབ་བླང་ངོ༌། །གཞན་དོན་དུ་དབང་བསྐུར་བྱེད་ནའང་སྐབས་འདིར་བྱའོ། །དབང་མ་བསྐུར་ན་འདུས་པ་རྣམས་ཀྱིས་བསྙེན་སྒྲུབ་ཛཔ་དབྱངས་བྱས་ལ། སློབ་དཔོན་དང་རྒྱལ་ཚབ་པས་རྟེན་རྣམས་དང་ཚེ་བུམ་གྱིས་དབང་བསྐུར། ལས་རྡོར་སོགས་ཀྱིས་རྫས་དང་ཚེ་རིལ་སོགས་བཀྱེ། རྫས་རྣམས་དངོས་གྲུབ་ཏུ་རོལ་པས་ལྷ་དང་བདག་གཉིས་སུ་མེད་པ་བདེ་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པར་མོས་ལ། བདེ་གཤེགས་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་དངོས་གྲུབ་ཐམས་ཅད་བདག་ཅག་རྣམས་ཀྱིས་ཐོབ་ནས་སྐུ་ལྔ་ཡེ་ཤེས་ལྔའི་ཡོན་ཏན་མ་ལུས་པ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཧོཿ བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་རྡོ་རྗེའི་ཚེ་གསོལ་བས་ཚེའི་དངོས་གྲུབ་དབང་དུ་གྱུར་ཅིག༔ ཐབས་ཀྱི་མཱཾ་ས་གསོལ་བས་འཁོར་འདས་ཀྱི་ནུས་སྟོབས་དབང་དུ་གྱུར་ཅིག༔ ཤེས་རབ་ཛ་གད་གསོལ་བས་བདེ་བ་ཆེན་པོའི་ཡེ་ཤེས་དབང་དུ་གྱུར་ཅིག༔ ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོ་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་དབང་དུ་གྱུར་ཅིག༔ འདོད་ཡོན་གྱི་རྣམ་པ་ཐམས་ཅད་ལོངས་སྤྱོད་པས་འཁོར་འདས་ལེགས་ཚོགས་ཐམས་ཅད་དབང་དུ་གྱུར་ཅིག༔ སརྦ་ཀརྨ་ཝཱ་ཤ་མ་ནོ་ཧ་ར་སིདྡྷི་སིདྡྷི་ཧཱུྃ༔ ཞེས་དང་འདི་ནས་བསྙེན་རྒྱུན་གྲོལ། དེ་ནས་བསྒྲུབས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སྦྱིན་སྲེག་གི་ཞལ་བསྲོ་བ་ནི། སྒྲུབ་ཁང་གི་ཕྱི་རོལ་ལྷོ་ཕྱོགས་སམ། དཀྱིལ་འཁོར་གྱི་མདུན་ངོས་སུ་ཞི་བ་དང༌། རྒྱས་པའི་སྲེག་བླུགས་ཀྱི་ཐབ་ཏུ་དཀྱིལ་འཁོར་གྱི་ལྷ་རྣམས་མཚོན་པ་མེ་ཏོག་གི་ཚོམ་བུའམ་དབུ་རྒྱན་གྱི་རྣམ་པས་སྤྱན་དྲངས་པ་དཀྱིལ་འཁོར་གྱི་བདག་པོ་ལ་གཡས་སུ་བསྐོར་བ་དེ་ཉིད་ཀྱིས་བླངས་ཏེ་ཐབ་ཏུ་མེ་ཏོག་ཅུང་ཟད་དོར་ལ་གཞུང་བཞིན་ལྷ་རྣམས་གསལ་བཏབ་སྟེ་སྦྱིན་སྲེག་གི་མཆོད་འབུལ་དང་དངོས་གྲུབ་བླང་བའི་རྫས་དང་གཏོར་མ་ནས་ཀྱང་ཅུང་ཟད་འབུལ། སླར་ཡང་དཀྱིལ་འཁོར་གྱི་ལྷ་རྣམས་མཚོན་བྱེད་ཀྱི་སྤྱན་དྲངས་པས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བསྟིམ་སྟེ་ཇི་སྲིད་མ་བསྡུས་ཀྱི་བར་དུ་མཆོད་པས་སྲི་ཞུར་བྱའོ། །སྤྲོས་པ་བསྡུ་ན་སྐབས་འདིར་ཞི་བ་ཁོ་ན་ལས་སྦྱིན་སྲེག་གཞན་མ་གྲུབ་ཀྱང་ཆད་སྐྱོན་དུ་མི་འགྱུར་རོ། །རྩ་བའི་གསུམ་པ་དཀྱིལ་འཁོར་དང་འབྲེལ་བའི་རྗེས་ཆོག །ཕྱི་མཚམས་དགྲོལ་བ། སློབ་དཔོན་ལ་སྐུ་དྲིན་གསོལ་ཞིང་སྨོན་ལམ་དང༌། ཤིས་བརྗོད་བྱ་བའོ། །དང་པོ་ནི། དེ་ནས་ཚོགས་བྱིན་རླབས་ནས་སྟོབ་པའི་མཇུག་ཏུ་ཉུལ་ལེའི་ལིང་ག་མེར་སྲེག །ཐལ་བ་ཆོས་སྐྱོང་གི་གཏོར་མར་བསྟབ། ལྷག་མ་བསྡུས་ནས་སྔར་བཙོན་འཛིན་བྱས་པའི་ཚོགས་ལྷག་མཆོད་པའི་རས་མ་དང་བཅས་ཕྱི་རོལ་དུ་བཏང༌། བསྐུལ་བ་ནས་བཟུང༌། ནོངས་བཤགས་བཟོད་གསོལ་བར་བྱའོ། །དཀྱིལ་འཁོར་གྱི་ཡེ་ཤེས་པ་རས་བྲིས་དང་རྟེན་ལ་བརྟན་བཞུགས་སྤྱི་ལྟར་བྱ། དམ་ཚིག་པ་རང་ལ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་གོ་བགོ་བའི་བར་བྱས་ཏེ། གཉིས་པ་ཕྱི་མཚམས་དགྲོལ་བ་ནི། ཕྱི་རོལ་གྱི་ཤར་ལ་སོགས་པའི་རྒྱལ་ཆེན་བཞི་དང་སྒོ་བྱང་གི་ལྷ་བཅས་སོ་སོའི་མདུན་དུ་མཆོད་པ་བཤམས། བསང་སྦྱང་བྱིན་བརླབ་དྲང་བསྟིམ་མཆོད་པ་རྣམས་སྔར་ལྟར་ལས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་ཕྲིན་ལས་བཅོལ། སྐུ་རྟེན་ཡོད་ན། ཏིཥྛ་བཛྲ་ཀྱིས་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། ཕུར་བུ་རྣམས། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷཱ་རོ་ད་ཨཱཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཕཊ྄་སྭཱ་ཧཱ༔ ཞེས་ལག་གཉིས་སྐམ་པའི་རྒྱ་དང་བཅས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ན་སྭཱ་ཧཱས་ཕུར་རྩེ་འོ་མས་བཀྲུ་ཞིང་ཤུལ་དུ་རིན་པོ་ཆེའི་གཏེར་གཞུག །རྡུལ་ཚོན་ཡོད་ན་ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང༌། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་འཇམ་རོལ་དང་བཅས་གཡས་པའི་རྡོ་རྗེས་བྱང་ཤར་གྱི་རྩིག་པ་ནས་བརྩམས་ཏེ་ལྟེ་བའི་བར་བསྐོར་བའི་རེ་ཁཱ་གསུམ་འཐེན་ཅིང༌། ལྷ་མཚན་ཅུང་ཟད་བླངས་པ་མགོ་བོར་བཀོད་ཅིང༌། ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་ཕྱགས་ལ་བུམ་པར་བླུགས་ནས་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གིས་དབྱི། གསུམ་པ་མཆེད་ལྕམ་ནོངས་བཤགས། སློབ་དཔོན་ལ་སྐུ་དྲིན་གསོ་བར་འདོད་ན་འདིར་དགོས་ཀྱང་སྒྲུབ་ཁོག་ཕལ་ཆེར་ལས་མི་འབྱུང་བས་མ་བྲིས་སོ། །བསྡུ་ན་ཡེ་ཤེས་སྐུ་མཆོག་གི་བཤགས་པ་ཙམ་བྱས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །དེ་ནས་མར་མེའི་སྨོན་ལམ་གྱིས་དགེ་བའི་རྩ་བ་བླ་ན་མེད་པའི་རྒྱུར་བསྔོ་བ་ནི། དཔོན་སློབ་ཐམས་ཅད་ལག་བསྣོལ་བས་སྲིན་ལག་སྦྲེལ་བའམ་དར་དཀར་གྱིས་ལུ་གུ་རྒྱུད་དུ་སྦྲེལ། རྡོ་རྗེ་རྒྱལ་ཐེབ་ཀྱིས་སྣམ་སྦྱར་དང་བཅས་བཞེངས་ཏེ་མར་མེའི་སྨོན་ལམ་གྱི་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྷུང་ཞིང༌། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང༌། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་འཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང༌། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང༌། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང༌། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང༌། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་རྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོལ་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡིས་ས་ལ་གནས་ནས་ཀྱང༌། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང༌། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་ཐམས་ཅད་ཀྱིས་རྗེས་ཟློས་དང་བཅས་སྨོན་ལམ་གདབ་རྗེས། ཞི་རོལ་ལྡིར། ལས་རྡོར་གྱིས་སྤོས་དང་མར་མེ་བསྡུ། སྤྲོ་ན་རྡོ་རྗེ་སློབ་དཔོན་གྱིས་བསྔོ་བ་དང་འདུས་པས་མཐུན་འགྱུར་མཛད། ཧཱུྃ། མི་གནས་ཡེ་ཤེས་སོགས་སྨོན་ལམ་དང་ཤིས་བརྗོད་ལས་བྱང་ལྟར་བྱའོ། །བཞི་པ་ནི། རྡུལ་ཚོན་རྣམས་ལས་ཅུང་ཟད་ཕྲིན་ལས་ཀྱི་དོན་དུའང་བཟུང་ཤིང་བྱིངས་རྣམས་རིན་པོ་ཆེའམ་རྫའི་བུམ་པར་བླུགས་ལ་གཏོར་མ་དང་ལྷན་ཅིག་གཏེར་དུ་སྦ་བའམ་ཡང་ན་དབུ་རྒྱན་བསྐོན་ཏེ་མཆོད་རྫས་ཀྱིས་སྣ་དྲངས་ལ་ཆུ་ཀླུང་ཆེན་པོར་དོར་ལ། ཀླུ་མཆོད་པའི་ཆོ་ག་སོགས་གཞན་དུ་ཤེས་པར་བྱ། ཚོན་སྣོད་ཀྱི་བུམ་པ་ཆུ་གཙང་གིས་བཀང༌། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཞེས་སྤྱན་མའི་སྔགས་བཟླ་བཞིན་དཀྱིལ་འཁོར་ཁང་པ་སོགས་ལ་བཀྲ་ཤིས་པའི་ཕྱིར་བསང་གཏོར་བྱ་ཞིང༌། སླར་ཡང་རྡོ་རྗེའི་གླུ་གར་དང༌། དཀྱིལ་འཁོར་ལྷ་ཚོགས་ཚོགས་ཀྱི་མཆོད་པས་མཉེས་པར་བྱ་བ་དང༌། ཆོས་འཆད་ཉན་ཞག་དུ་མར་དགའ་སྟོན་མཐའ་རྒྱས་སུ་བྱས་པས་ཕྱོགས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །འབྱོར་མཁོས་ཀྱིས་ལྕོགས་ན་རྩ་བའི་སྒྲུབ་པ་འདིས་ཡན་ལག་ཏུ་ཉམས་ཆགས་སྐོང་བའི་ཕྱིར་རྡོར་སེམས་བླ་མཆོད་དང༌། ཞི་ཁྲོ་ངན་སོང་སྦྱོང་བ་གང་འོས། འཆི་མེད་ཀྱི་དངོས་གྲུབ་སྤེལ་ཕྱིར་རིགས་འདུས་དང་ཡུམ་བཀའི་ཚེ་སྒྲུབ། བར་ཆད་བསལ་ཕྱིར་རྒྱུད་ལུགས་ཕུར་པའམ་སྒོས་བཀའ་བདུད་དཔུང་ཟིལ་གནོན་གྱི་སྒྲུབ་པ་ལོགས་སུ་ཚུགས་ཀྱང་ལེགས་པའི་ཡན་ལག་ཏུ་ངེས་པར་དགོས་སོ། །སྤྱིར་སྒྲུབ་ཆེན་ལ་ས་སློང་ཐོ་འཛུགས་སོགས་ཉིན་གཅིག །རྒྱན་བཀོད་མངའ་གསོལ་སོགས་ཉིན་གཅིག་སྟེ་སྟ་གོན་ཉིན་གཉིས་དང༌། དངོས་གཞི་ཉིན་བདུན། རྗེས་ཆོག་ཉིན་གཅིག་སྟེ་བཅུས་རྒྱས་པར་འགྲུབ་ལ། ཉིན་བདུན་ལས་མི་བྱེད་ན་དངོས་གཞི་ཉིན་བཞི་བྱ་ཞིང་རྒྱན་བཀོད་གྲུབ་པའི་ནུབ་མོ་ནས་དངོས་གཞིའི་དབུ་ཚུགས་ཏེ་ཐུན་བཟུང་དགོས་སོ། །དེ་ལྟར་དཔལ་ཆེན་འདུས་པ་རྩ་བའི་སྒྲུབ་ཁོག་འདི་ཉིད་ལ་བརྟེན་ནས་རྩ་གསུམ་གཞན་ལའང་སྦྱར་དགོས་ན་རིག་འཛིན་འདུས་པ་དང༌། རྡོར་སེམས་མངོན་དགའི་ཞིང་སྦྱོང༌། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལྟ་བུ་ལ་སྔ་མ་ལས་ཟོར་ཡངས་ཙམ་བྱུང་ན་ལེགས་པས་ཐོག་མར་དེའི་ཆིངས་ནི་བདག་བསྐྱེད་བསྡུས་ཙམ་སྔོན་འགྲོའི་ས་ལྷ་ལས། གཉུག་མར་གནས་པ་ལ་གཏོར་མ་མེད་ཀྱང་རུང༌། སོ་སོའི་གཞུང་ལྟར་བགེགས་གཏོར་བཏང་བ་ལས་ཕུར་གདབ་སོགས་སྐབས་འདིར་མི་དགོས། རྒྱལ་ཆེན་བཞི་དང༌། དམ་སྲི་མནན་པ་ལས། སྒོ་བྱང་ནང་མ་དང༌། མ་ཏྲཾ་བསྒྲལ་བ་མི་དགོས། ཁྲོ་བཅུའི་ཕུར་གདབ། ཆག་ཆག་གདབ་པ། ལྷ་སྟ་གོན་རྣམས་བྱ་ཞིང་བུམ་པ་སྟ་གོན་མ་བྱས་ཀྱང་རུང༌། རྒྱན་བཀོད་སྐབས་དཔལ་ཆེན་སྒོས་ཀྱི་དབང་རྫས་དང་སྒྲུབ་རྫས་རྣམས་མི་དགོས། རིགས་འདུས་ལ་གུ་རུའི་སྐུ་ཚབ། རིག་འཛིན་སྲོག་འཁོར་དཔལ་གྱི་གདུ་བུ་དང༌། རྩ་རྒྱུད་ཐོད་པའི་དུམ་བུའི་གླེགས་བུ། རྡོ་རྗེ། ཐོད་པ་མཚན་ལྡན་སྨན་འབྲུ་བདུད་རྩི་སེལ་མེད་ཀྱིས་བཀང་བ། ཁ་ཊྭཱཾ་ག་མེ་ལོང༌། ཤེལ་རྡོ་རྣམས་དང༌། རྡོར་སེམས་ལ་གཞུང་མཐུན་གཙོ་བོ་དང༌། ཞི་ཁྲོའི་སྐུ། སྒྱུ་འཕྲུལ་རྩ་རྒྱུད་གླེགས་བམ། རྡོར་དྲིལ་དང་ཤེལ་རྡོ། རིལ་སྒྲུབ་དང་འབྲེལ་ན་རིལ་བུམ་བཅས་ཐུགས་རྗེ་ཆེན་པོ་ལ། སྒྲུབ་པའི་པྲ་ཁྲིད་ལས་འབྱུང་བ་ལྟར་གཙོ་བོ་དང༌། རིགས་བཞིའི་སེམས་མའི་སྒྲུབ་རྫས་རིལ་བུ། སྒྲོལ་མ་མཐོང་གྲོལ་འཁོར་ལོ་དང༌། སེམས་མ་བཞིའི་འཁོར་ལོ་སོགས་སྒྲུབ་རྫས་རིགས་དང༌། རལ་གྲི་བཞི། མདའ་བཞི། མེ་ལོང་བཞི། ཕུར་པ་བཞི་སོགས་སྤྱི་ལྟར་དང༌། ཐུན་མོང་རིགས་ལྔའི་དབང་རྫས་སོགས་འབྱོར་ན་ལེགས། མངའ་གསོལ་དང༌། རྟགས་གདབ། མཆེད་བསྲེ་བསྣན་ཀྱང་མི་དགོས། སྒྲུབ་པའི་དངོས་གཞིའི་ལས་བྱང་གཞུང་བསྲང་སྟེ། ཛཔ་ཁང་དབྱེ་བ་ལ། རིག་འཛིན་འདུས་པའི་སྐབས། [WP:6,168][WP:6,212][WP:12,241]་བི་ཤྭ་བི་ཤུདྡྷེ་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ྄་ཛཿ བདག་གི་ཐུགས་ཀ་ནས་ཡེ་ཤེས་པ་ལོགས་སུ་ཕྱེ་སྟེ་མདུན་གྱི་རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར། སྒྲུབ་ཆེན་གྱི་སྐབས་འདིར་སྒྲུབ་པའི་ཛཔ་དམིགས་གཙོ་བོར་བཏོན་དགོས་ཕྱིར། ལྷ་སྔགས་ཏིང་འཛིན་མན་ངག་གི་གནས་བཞིའི་ཟབ་གནད་གབ་བྱང་གནད་ཀྱི་མིག་ཚག་ལྟར་སྦྱོར་དགོས་པས་ལྷ་ཡེ་ཤེས་སེམས་དཔའ་གསལ་གདབ་པ་ནི། སྣང་སྲིད་ཟིལ་གནོན་ཐུགས་ཀ་རུ༔ རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོས༔ སྐུ་མདོག་བྱེ་རུ་སྣུམ་བསྐུས་ལྟར༔ གསལ་འཚེར་བཀྲག་དང་ལྡན་པ་ལ༔ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ༔ གཅེར་བུ་རུས་རྒྱན་ཐོར་ཚུགས་ཅན༔ རྡོ་རྗེ་དྲིལ་བུ་བསྣོལ་བའི་པང༔ རྣལ་འབྱོར་སྔོན་མོ་གྲི་ཐོད་ཅན༔ ཆ་ལུགས་ཡབ་འདྲ་གཉིས་ཀ་ཡང༔ ཤིན་ཏུ་ཆགས་པའི་ཉམས་འགྱུར་ཅན༔ ཟག་མེད་བདེ་བ་ཆེན་པོར་སྦྱོར༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ སོགས་བཟླས་དམིགས་མཐར། ཛཔ་བསྐུལ་ནི། ཧཱུྃ༔ བླ་མ་རྩ་གསུམ་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་ལུ་གུ་རྒྱུད༔ ཨཱཿལས་འཕྲོས་པས་སྟོང་གསུམ་འོད་ཀྱིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཞེས་རོལ་མོ་དང་བཅས་ཏེ་བསྙེན་པ་བཛྲ་གུ་རུ་བཟླས་ལ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་སོགས་ཀྱིས་སྟོང་ཚིག་ཕུལ། ཏིང་འཛིན་གབ་པ་སྒྲུབ་པ་དངོས་ཀྱི་དོ་ལིའི་བཟླས་དམིགས་ནི། ཐུགས་ཀའི་སྔགས་ཕྲེང་གཡས་བསྐོར་ལས༔ སྔགས་ཕྲེང་ལུ་གུ་རྒྱུད་དུ་འཕྲོས༔ ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན༔ ཡུམ་གྱི་ཞལ་ཞུགས་སྐུའི་དབྱིབས་བརྒྱུད༔ ཐུགས་ཀའི་བྃ་ལས་གཡོན་དུ་འཁོར༔ མཁའ་གསང་ནོར་བུའི་ལམ་བརྒྱུད་དེ༔ འགལ་མེ་ལྟ་བུར་འཁོར་བ་ཡིས༔ ཡབ་ཡུམ་བདེ་བ་ཆེན་པོའི་ཉམས༔ བཟོད་དུ་མེད་པར་འབར་བ་ལས༔ ཐུགས་ཀའི་འོད་ཟེར་ཀུན་ཏུ་འཕྲོས༔ གཙོ་དང་འཁོར་བཅས་ཐམས་ཅད་ཀྱང༔ བདེ་སྟོང་ཡེ་ཤེས་ཉམས་འུར་ནས༔ ཅང་ཏེའུ་དྲིལ་བུ་ཁྲོ་ལོ་ལོ༔ ཞལ་ནས་ཧཱུྃ་གླུ་ཀྱུ་རུ་རུ༔ དབྱིངས་རིག་དབྱེར་མེད་བྱང་ཆུབ་སེམས༔ རྩལ་སྣང་དག་པ་རབ་འབྱམས་ཀྱི༔ དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ལ༔ རིག་པ་གཡོ་མེད་གཏད་ལ་བཞག༔ སྔགས་གབ་པ་རིག་འཛིན་སྲོག་སྒྲུབ་ཀྱི་སྙིང་པོ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་པ་ལ་བཟླས་པའི་དངོས་གཞི་བྱས་ལ། སྟོང་ཚིག་ཕུལ། ཐུན་གཤམ་དུ། ཧྲཱིཿ ཚེ་དབང་རིག་འཛིན་པདྨ་འབྱུང༔ སོགས་ཚེ་ཛཔ་དང༌། ཚེ་འགུགས་བཅས་སྦྱར་བ་དང༌། བདག་འཇུག་ནི་ཟུར་དུ་ཤེས། འབྲས་བུ་རིག་འཛིན་བཞི་དང་ས་བཅུའི་བགྲོད་ཚུལ་གབ་པ་གཞན་དུ་འཆད་པར་འདོད་དོ། ༈ རྡོར་སེམས་ལ་ཛཔ་དབྱེ་བ་དང་ཛཔ་བསྐུལ་མི་དགོས། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལ། རྩ་སྔགས་ཡི་གེ་དྲུག་པ་ལ་ཛཔ་ཁང་དབྱེ་བའི་སྔགས་སྦྱོར་བས་བདག་མདུན་མེ་རི་འདབས་འབྱོར་དུ་བསྒོམས་པ་ལ་བཟླས་དམིགས་ལས་བྱང་ལྟར་དང༌། ཧཱུྃ༔ འགྲོ་འདུལ་འཕགས་མཆོག་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་ལུ་གུ་རྒྱུད༔ ཨཱཿལས་འཕྲོས་པས་སྟོང་གསུམ་འོད་ཀྱིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཞེས་ཁ་བསྒྱུར་བཅས་ཛཔ་བསྐུལ་ཀྱང་བྱ། ཁྱད་པར་སྒྲུབ་པའི་དམིགས་པ་ནི། བདག་བསྐྱེད་ཐུགས་ལས་འོད་ཟེར་དཀར༔ བ་ཐག་འཛིངས་པ་ལྟ་བུ་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་ཀར་ཕོག༔ བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་བསྐུལ༔ ཀུན་ཀྱང་ཡི་གེ་དྲུག་མའི་སྒྲ༔ བུང་བའི་ཚང་ལྟར་སྒྲོགས་པ་ལ༔ འོད་ཟེར་དྲྭ་བས་སྟོང་གསུམ་ཁེངས༔ སྲིད་རྩེ་མནར་མེད་ཡན་ཆད་ཀྱི༔ རང་རང་ལས་དང་སྡུག་བསྔལ་ཀུན༔ ཉི་མས་བ་མོ་ཞུ་བཞིན་སྦྱངས༔ སྣོད་བཅུད་འབྱུང་ལྔའི་དུག་གཞིལ་ཏེ༔ སྣོད་ཀྱི་འཇིག་རྟེན་གཞལ་མེད་ཁང༔ བཅུད་ཀྱི་སེམས་ཅན་སྲིན་བུ་ཡན༔ འཕགས་པའི་སྐུ་རུ་ཀྲོང་གིས་གྱུར༔ སྒྲར་གྲགས་ཡི་གེ་དྲུག་མའི་གདངས༔ དྲན་རྟོག་འོད་གསལ་བྱང་ཆུབ་སེམས༔ འཁོར་འདས་མཉམ་ཉིད་ཀློང་ནས་བཟླ༔ ཞེས་དམིགས་ལ་ཡིག་དྲུག་དབྱངས་དང་བཅས་ཏེ་བཟླ། ༈ ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་མྱོང་གྲོལ་རིལ་བུ་སྒྲུབ་པའི་སྐབས་རྩ་བའི་དམིགས་བཟླས་ནི། [WP:6,168][WP:6,212][WP:12,241]་བི་ཤྭ་བི་ཤུདྡྷེ་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ྄་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་བྱེ༔ མདུན་གྱི་རྟེན་དང་དབྱེར་མེད་ངང༔ བུམ་པ་ལྷ་ཡི་གཞལ་ཡས་ཁང༔ རིལ་བུ་ལྷ་ཡི་ཕྱག་རྒྱ་གསལ༔ འགྲོ་ཀུན་འཕགས་པའི་གོ་འཕང་ལ༔ འགོད་འདོད་བཅོས་མིན་བྱང་ཆུབ་སེམས༔ དཔའ་བར་འགྲོ་བའི་ཏིང་འཛིན་གྱིས༔ བདག་བསྐྱེད་ཐུགས་ལས་འོད་ཟེར་དཀར༔ བ་ཐག་འཛིངས་པ་ལྟ་བུར་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་ཀར་ཕོག༔ བྱང་ཆུབ་སེམས་ཀྱི་ཐུགས་རྒྱུས་བསྐུལ༔ ཀུན་ཀྱང་ཡི་གེ་དྲུག་མའི་སྒྲ༔ བུང་བའི་ཚང་ལྟར་སྒྲོགས་པ་ལས༔ འོད་ཟེར་དྲྭབས་སྟོང་གསུམ་ཁེངས༔ སྲིད་རྩེ་མནར་མེད་ཡན་ཆད་ཀྱིས༔ རང་རང་ལས་དང་སྡུག་བསྔལ་ཀུན༔ ཉི་མས་བ་མོ་བཞུ་བཞིན་སྦྱངས༔ སྣོད་བཅུད་འབྱུང་ལྔའི་དུག་གཞིལ་ཏེ༔ སྣོད་ཀྱིས་འཇིག་རྟེན་གཞལ་མེད་ཁང༔ བཅུད་ཀྱི་སེམས་ཅན་སྲིན་བུ་ཡན༔ འཕགས་པའི་སྐུ་རུ་ཀྲོང་གིས་གྱུར༔ སྒྲར་གྲགས་ཡི་གེ་དྲུག་མའི་གདང༔ དྲན་རྟོག་འོད་གསལ་བྱང་ཆུབ་སེམས༔ འཁོར་འདས་མཉམ་པ་ཉིད་ཀྱི་ཀློང༔ གསལ་སྒྲིབ་མེད་པའི་ངང་ནས་བཟླ༔ ཞེས་གསལ་བཏབ་ལ། གཟུངས་ཐག་ནས་བཟུང་སྟེ་ཡི་གེ་བདུན་པ་ཁོ་ན་ཇི་ལྟར་ནུས་པ་དང༌། ཐུན་གྱི་མཇུག་ཏུ་སེམས་མ་བཞིའི་སྔགས་ཀྱང་ཅུང་ཟད་རེ་བཟླའོ། །སྐབས་འདིར་རིགས་བཞིའི་སེམས་མ་སོ་སོའི་ཛཔ་བསྐུལ་སྦྱར་བར་སྤྲོ་ན། ཚེ་སྦྱིན་འཕགས་མ་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་ལུ་གུ་རྒྱུད༔ ཨཱཿལས་འཕྲོས་པས་སྟོང་གསུམ་འོད་ཀྱིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཞེས་དང༌། སྒྲོལ་དཀར་ཚེ་ཛབ། སྟོང་ཚིག །འོད་ཟེར་ཅན་མ་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་ལུ་གུ་རྒྱུད༔ ཨཱཿལས་འཕྲོས་པས་སྟོང་གསུམ་འོད་ཀྱིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཞེས་དང་འོད་ཟེར་ཅན་མའི་རྒྱས་ཛབ། སྟོང་ཚིག །དབང་མཛད་རིགས་བྱེད་ལོངས་སྤྱོད་རྫོགས་པའི་སྐུ༔ སོགས་དང༌། ཀུ་རུ་ཀུལླེའི་དབང་ཛབ། སྟོང་ཚིག །ནོར་རྒྱུན་ལྷ་མོ་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་ལུ་གུ་རྒྱུད༔ ཨཱཿལས་འཕྲོས་པས་སྟོང་གསུམ་འོད་ཀྱིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཞེས་སོགས་དང༌། ནོར་རྒྱུན་མའི་འདོད་འབྱུང་གི་ཛཔ་བཅས་བཟླ་ཞིང་སོ་སོར་སྟོང་ཚིག་ཕུལ། སེམས་མ་སོ་སོའི་རིལ་སྒྲུབ་མེད་ན་དང༌། ཕྱི་ཐུན་ལྟ་བུར། རིགས་བཞིའི་སེམས་མ་ལོངས་སྤྱོད་རྫོགས་པའི་སྐུ༔ སོགས་སྤྱི་དྲིལ་དུ་བྱས་ཀྱང་རུང་ཞིང༌། གང་ལྟར་ཡང་བདག་འཇུག་ནི་ཀུན་མཁྱེན་ཉིད་ཀྱི་གསུང་ལྟར་དང༌། ཕྱག་ལེན་ཞིབ་པ་སྒྲུབ་པའི་པྲ་ཁྲིད་དམར་བྱང་གནད་ཡིག་དང༌། ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་ཟིན་བྲིས་ལྟར་ཤེས་པར་བྱ་དགོས་སོ། །རྗེས་ཀྱི་ལས་རིམ་དང༌། ཐུན་བཟུང་ཚུལ་སོགས་སྒྲུབ་ཁོག་དཀྱུས་ལྟར་རོ། །ཁྲག་འཐུང་རིགས་བཞི་དང༌། ཞི་ཁྲོ་ངན་སོང་སྦྱོངས་པ་སོགས་ལ་སྒྲུབ་ཆེན་གྱི་ཁོག་ཕུབ་དཔལ་ཆེན་ལྟར་བྱ་དགོས་ཤིང༌། སྒྲུབ་རྫས་གཤིན་རྗེ་ལ་བེ་ཅོན་དང་འཁོར་ལོ་བམ། རྟ་མགྲིན་ལ་ཕུར་པ། ཡང་དག་ལ་ཐོད་པ་དགུར་ཞུན་ཆེན་གྱི་མར་མེ། ཕུར་པ་ལ་ཕུར་བུ་ལྷ་གྲངས་དང༌། བསྡུ་ན་གཙོ་ཕུར་ཙམ་དམིགས་བསལ་རང་གཞུང་དུ་གསུངས་པ་ལྟར་ལ། གཞན་རྣམས་ལ་སྤྱི་ཙམ་དུ་ཡང་དག་ལ། གཙོ་འཁོར་དགུ་གའམ། གཙོ་རྐྱང་ཐོད་སྐུའི་མཚོན་གཞུང་མཐུན་གྱི་སྐུ་བྲིས་འབུར། རྒྱུད་དམ་སྒྲུབ་གཞུང་གི་པུསྟིའམ། སྔགས་བྱང༌། རྡོ་རྗེ་སོགས་སོ་སོའི་ཕྱག་མཚན། ཤེལ་རྡོ་རྣམས་ལ་བསྟེན་དགོས་སོ། །གཤིན་རྗེའི་བཟླས་པ་ལ་བསྙེན་སྒྲུབ་གཉིས་ལས། དང་པོ་ནི། ཡ་མའི་ཐུགས་ཀའི་ཉི་སྟེང་ཧཱུྃ༔ སྐྱེ་བ་མེད་པའི་ཡེ་ཤེས་ཀྱི༔ རྣམ་པའི་གཟུགས་བརྙན་ཡི་གེས་བསྐོར༔ ངོ་བོ་ལྷ་ཡི་སྐུ་རུ་བཤད༔ ཨེ་ཀ་ཡ་མ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ྄༔ ཨེ་ནི་ཕྱག་རྒྱ་ཟིལ་གནོན་སྟེ༔ ཀ་ནི་ཚེ་བདག་ནག་པོར་རྫོགས༔ ཡ་ནི་ཡ་མ་རཱ་ཛ་སྟེ༔ མ་ནི་རྡོ་རྗེ་ཁྲོས་མའོ༔ ཧེ་ནི་བྱ་ཁྱུང་རྒྱལ་པོ་སྟེ༔ དུན་ནི་ལས་ཀྱི་འཆི་བདག་གོ༔ སྙིང་ནི་ཁྱུང་མོ་རྣམ་གཉིས་ཏེ༔ ཁྲག་ནི་དྲེགས་པ་འཇོམས་བྱེད་དོ༔ ར་ནི་ཞེ་སྡང་སྦྲུལ་ནག་སྟེ༔ མ་ནི་བདུད་མོ་ཁྲག་རལ་ཅན༔ ཙ་ནི་སྲོག་བདག་རུས་སྦལ་རྔམས༔ ཡ་ནི་སྲོག་བདག་ལས་གཤིན་ཚོགས༔ མི་འགྱུར་རྩ་བའི་སྙིང་པོར་བཤད༔ ཅེས་ལྷ་སྔགས་དབྱེར་མེད་ཀྱི་དོན་ལ་གསལ་སྣང་བསྒྲུབས་ཏེ་ཛཔ་བསྐུལ་ནི། ཧཱུྃ༔ མཐིང་ནག་ཨེ་དབྱིངས་འབར་བའི་དཀྱིལ་འཁོར་ན༔ ཆུ་གླང་མ་ཧེ་བསྣོལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ སྦྱོར་ཡུམ་བཻ་ཏ་སྒྲོལ་ཡུམ་རལ་གཅིག་མ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛབ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ྄་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་སྒོམ༔ མ་གྲུབ་བར་དུ་མི་བཏང་ངོ༔ ཨེ་ཀ་ཡ་མ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ྄༔ ཅེས་བཟླ། གཉིས་པ་སྒྲུབ་པ་ནི། རང་རང་སྔགས་ཀྱི་ཡིག་འབྲུ་ལས༔ སྔགས་ཕྲེང་ལུ་གུ་རྒྱུད་དུ་ཐོན༔ ཡབ་ཡུམ་ཞལ་ནས་ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་ནས༔ རྡོ་རྗེ་ནོར་བུའི་ལམ་ཞུགས་ཏེ༔ ཐུགས་སྲོག་ཧཱུྃ་ལ་ཐིམ་ཞིང་འཁོར༔ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་ཐུགས་དམ་བསྐུལ༔ དངོས་གྲུབ་གྲུབ་པས་བདག་བྱིན་བརླབས༔ ཡང་འཕྲོས་བརྟན་གཡོ་ཐ་མལ་པའི༔ སྣང་ཞེན་དག་པའི་སྣོད་དང་བཅུད༔ ལྷ་དང་གཞལ་ཡས་རོལ་པར་ཤར༔ ཞེས་དམིགས་ལ་སྔགས་སྔ་མ་བཟླ། སྒྲུབ་ཆེན་གྱི་སྐབས་དམིགས་པ་ཕྱི་མ་གཙོ་བོར་བྱེད་དགོས་པར་གསུངས་སོ། །རྟ་མགྲིན་གྱི་ཛཔ་དགོངས་ནི། ཐུགས་ཀར་རྒྱལ་བ་ཀུན་གྱི་ཡུམ༔ པདྨ་གཟི་ལྡན་ཞི་མ་ཁྲོ༔ ཕྱག་མཚན་ཕྱག་གཡས་པ་སྟེང་དང་གཡོན་པ་འོག་ཏུ་བྱས་པའི་སྡིག་མཛུབ་སྙིང་གར་སྤྲད་པ། མཆན། མེད་དེ་འཛིན་འཛིན་འདྲའི༔ སྙིང་ག་རིན་ཆེན་ཟུར་བརྒྱད་སྟེང༔ ཉི་མའི་གདན་ལ་ཧྲཱིཿཡིག་མཐར༔ ཨོཾ་ནི་པདྨ་ཧེ་རུ་ཀ༔ ཧུ་ལུ་ཧུ་ལུ་ཡུམ་ཆེན་བཞི༔ ཕཊ྄་ནི་ཁམ་རྒྱ་མ་དྲུག་གོ༔ ཨེ་དང་ཨ་ནི་ལོང་བ་སྟེ༔ ར་དང་ལི་ནི་དམུས་ལོང་སྟེ༔ ཧཱུྃ་ནི་ཁྲོ་བོ་མགོ་བརྩེགས་བཞི༔ ཧྲཱིཿནི་ཟ་བྱེད་སྤྱང་ཀི་བརྒྱད༔ ཛཿནི་ཁྱི་བརྒྱད་རྔམས་པའི་ཚོགས༔ ངོ་བོ་ལྷ་ཡི་སྐུ་རུ་བཤད༔ ཡབ་ཡུམ་ཞལ་དང་མཁའ་གསང་བརྒྱུད༔ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་ཐུགས་དམ་བསྐུལ༔ མ་མོ་མཁའ་འགྲོ་ལས་ལ་འགྱེད༔ དངོས་གྲུབ་ནུས་པས་བདག་བྱིན་རླབས༔ ཡང་འཕྲོས་བརྟན་གཡོ་ཐ་མལ་པའི༔ སྣང་ཞེན་དག་པའི་སྣོད་དང་བཅུད༔ ལྷ་དང་གཞལ་ཡས་རོལ་པར་ཤར༔ ཞེས་བསྙེན་སྒྲུབ་དབྱེར་མེད་ཀྱི་བཟླས་པ་དང༌། ཛཔ་བསྐུལ་ནི། ཧཱུྃཿ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ན༔ གདུག་པ་ཀླུ་རྒྱལ་ཕོ་མོའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླའི་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་རྒྱལ་པོ་དང༔ ཡུམ་ཆེན་ཁྲོ་མོ་པདྨ་གཟི་ལྡན་མ༔ བཀའ་ཉན་ཕོ་ཉ་སྤྲུལ་པའི་ཚོགས་དང་བཅས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ྄་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་སྒོམ༔ མ་གྲུབ་བར་དུ་མི་བཏང་ངོ༔ ཨོཾ་ཧུ་ལུ་ཧུ་ལུ་ཕཊ྄་ཨེ་ཨ་ར་ལི་ཧཱུྃ་ཧྲཱིཿཛཿ ཞེས་བཟླའོ། །ཡང་དག་གི་ཛཔ་དགོངས་ནི། ཧཱུྃ༔ དཔལ་ཆེན་བཛྲ་ཧེ་རུ་ཀ༔ ཀླད་པ། དུང་ཁང་དཀར་པོའི་གཞལ་ཡས་ཁང༔ ཟླ་གདན་ཨོཾ་དཀར་པོ་ལ་རུ་ལུ་གསེར་ཕྲེང་ལྟ་བུ། མགྲིན་པར་པདྨའི་གསང་ཆེན་ལ༔ སྟེང་ཨཱཿདམར་པོ་ལ་རུ་ལུ་དམར་གསལ། ཐུགས་ཀར་གསང་བའི་དཀྱིལ་འཁོར་དུ༔ ཉི་གདན་ཧཱུྃ་སྔོན་ལ་རུ་ལུ་སྔོ་ནག་ལྕགས་ཞུན་འཐོར་བ་ལྟ་བུ། རང་སེམས་བྱང་ཆུབ་འབྲུ་བརྒྱད་ཉིད༔ རུ་ལུ་གསེར་ཕྲེང་རིན་པོ་ཆེ༔ གསེར་གྱི་བ་ཐག་འཛིང་བ་དང༔ འགལ་མེ་ཀླད་ལ་བསྐོར་བ་དང༔ ལྕགས་ཀྱི་ཚྭ་ཚྭ་གཏམས་པ་ལྟར༔ ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ༔ ཡེ་ཤེས་ལྷ་ལ་བསྙེན་པ་ཕུལ༔ སླར་འདུས་ཐུགས་ཀའི་དཔལ་བེར་ཐིམ༔ གཽ་རི་ལ་སོགས་བརྒྱད་རྣམས་ལ༔ དཔལ་བེའུ་རིན་ཆེན་ཟུར་བརྒྱད་སྟེང༔ རུ་ལུ་ལྷ་མོ་བརྒྱད་ཀྱི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་ལ་རུ་ལུའི་ཡི་གེ་མདུན་ནས་བརྩམས་ཏེ་འབྲུ་རེ་དང༌། དབུས་ན་སོ་སོའི་མིང་ཡིག་ཐིག་ལེའི་མཚན་པ་ལ་སེམས་འཛིན་གསུངས། འབྲུ་བརྒྱད་འཕྲོ་ཞིང་འདུ༔ དངོས་གྲུབ་མཆོག་གི་གཏེར་དུ་བསམ༔ ཛབ྄་བསྐུལ་ནི། ཧཱུྃ༔ ཟླ་གམ་སྒོ་གཅིག་དབང་གི་དཀྱིལ་འཁོར་ནས༔ དྲེགས་པ་རུ་ཏྲ་བསྣོལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ གཉིས་མེད་ཡུམ་མཆོག་ཀྲོ་དྷཱི་ཤྭ་རི་མ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ྄་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་སྒོམ༔ མ་གྲུབ་བར་མི་བཏང་ངོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླའོ། །ཕུར་པ་ལ། ཛཔ་དགོངས་ནི། ཧཱུྃ༔ ཐུགས་ཀ་དཔལ་གྱི་བེའུའི་དཀྱིལ་འཁོར་ནས༔ སྒོ་གཅིག་རིན་ཆེན་གཞལ་ཡས་ཁང༔ བདེ་སྟོང་དབྱེར་མེད་ངང་ཉིད་ལས༔ ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར༔ པདྨ་ཟླ་བའི་གདན་ལ་བཞུགས༔ སྐྱོན་གྱིས་མ་གོས་གཏི་མུག་སེལ༔ ཡབ་ཡུམ་གཉིས་མེད་ཟག་མེད་སྐུ༔ སྐུ་མདོག་དཀར་གསལ་རྣམ་དག་དབྱིངས༔ རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས༔ ཤེས་རབ་བྱང་ཆུབ་སེམས་དང་ལྡན༔ རྟོག་མེད་མི་འགྱུར་སྐྱིལ་ཀྲུང་བཞུགས༔ མཁའ་དབྱིངས་བདེ་ཆེན་སྐུ་ལ་བསྟོད༔ ཡབ་ཡུམ་ཞལ་དང་མཁའ་གསང་བརྒྱུད༔ དོ་ལིའི་ཁྱད་པར་སྔགས་ཕྲེང་དབུས་རྭ་ནས་ཐོན། དམ་ཚིག་སེམས་དཔའི་ཤངས་བུག་གཡས་པ་བརྒྱུད། མདུན་བསྐྱེད་ཀྱི་ཤངས་བུག་གཡོན་པ་ནས་རིམ་པར་ཤངས་གཡས། དེ་ནས་རང་གི་སྣ་བུག་གཡོན་ནས་འཇུག་པའི་ཁྱད་པར་རོ། མཆན། བདེ་བ་ཆེན་པོའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་ཐུགས་དམ་བསྐུལ༔ དངོས་གྲུབ་སྒྲུབ་པས་བདག་བྱིན་རླབས༔ ཡང་འཕྲོས་བརྟན་གཡོ་ཐ་མལ་པའི༔ སྣང་ཞེན་དག་པའི་སྣོད་དང་བཅུད༔ ལྷ་དང་གཞལ་ཡས་རོལ་པར་ཤར༔ ཛཔ་བསྐུལ་ནི། ཧཱུྃ༔ ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ མ་ཧཱ་དེ་ཝ་ལྷ་ཆེན་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ཨེ་ཀ་ཙ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ྄་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་སྒོམ༔ མ་གྲུབ་བར་དུ་མི་བཏང་ངོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་བིགྣཱན་བྃ་ཧཱུྃ་ཕཊ྄༔ ཞེས་བཟླ། སྒྲུབ་པའི་སྐབས་དོ་ལིའི་དམིགས་པ་གཙོ་བོར་བྱ་གསུངས། རྡོ་རྗེ་ཕུར་པ་ལ་སྨད་ལས་དང་སྦྱར་བའི་སྒྲུབ་ཆེན་ནི་ཡི་གེ་ཉུང་ངུས་མཚོན་མི་ནུས་པས་ཕུར་པ་རྒྱུད་ལུགས་སོགས་ལས་ཤེས་དགོས་སོ། །ཁྲག་འཐུང་རིགས་བཞིའི་ལས་བྱང་གི་བཟླས་དམིགས་གཏེར་གཞུང་ཞལ་གསལ་མེད་པ་བསྙེན་ཡིག་ཀུན་མཁྱེན་གསུང་གོ་བསྡུར་གྱིས་ཁྲིགས་བསྡེབས་བྱས་ཏེ་བཀོད་པའོ། །ཞི་ཁྲོ་ངན་སོང་སྦྱོང་བ་ལ། ཛཔ་བསྐུལ་སྦྱར་བ་སྤྲོ་ན། ཞི་བ་ལ་ཛཔ་དམིགས་རྗེས། ཧཱུྃ༔ འོག་མིན་ཡེ་ཤེས་རང་སྣང་དཀྱིལ་འཁོར་གཙོ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ ཀུན་བཟང་བདེ་གཤེགས་ཞི་བ་བཞི་བཅུ་གཉིས༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར༔ ཞི་ཞིང་ཕྲ་ལ་བརྟག་དཀའ་བ༔ སྐུ་ལ་ཞི་བའི་ཆས་དགུ་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་མི་འགྱུར་ཡེ་ཤེས་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཨ་ལས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏོང་ངོ༔ ཞེས་བསྐུལ་ཏེ་བོ་དྷི་ཙིཏྟ་བཟླ། སྟོང་ཚིག་ཕུལ། ཁྲོ་བོ་ལ་ཛཔ་དམིགས་སྔོན་དུ་འགྲོ་བས། ཧཱུྃ༔ བདེ་གཤེགས་ཞི་བའི་སྟེང་ཕྱོགས་དཀྱིལ་འཁོར་ན༔ ལྷ་ཀླུ་ལ་སོགས་སོ་སོའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ ཁྲག་འཐུང་ལྔ་བཅུའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ྄་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏོང་ངོ༔ ཞེས་དང་རུ་ལུ་བཟླ་ཞིང་ལས་སྦྱོར་ནི་དཀྱུས་ལྟར་རོ། །འདིར་ལམ་ངེས་རྫོགས་ཀྱི་དབང་དུ་ཟག་བཅས་ལམ་གྱི་རྣལ་འབྱོར་ལྔས་ཞི་བའི་ཚོགས་སྒྲུབ་ཀྱིས་རབ་ཟླ་བ་དྲུག་དང༌། ཐ་མས་ལོ་གཅིག་ཟླ་བ་བཞི་དང༌། ཁྲོ་བོས་རབ་ཟླ་བ་གཉིས། ཐ་མས་དྲུག་སོགས་དུས་ངེས་པ་ཅན་ན་ཕྲ་ཡང་སོགས་ཀྱི་ཡོན་ཏན་དང་ལྡན་པའི་རིག་འཛིན་གྱི་ལུས་འདོད་གཟུགས་གང་རུང་གི་ལྷ་དང་རྗེས་སུ་མཐུན་པ་ཐོབ་སྟེ་མཁའ་འགྲོའི་ཞིང་སོགས་ཉུལ་ཏེ་དཔའ་བོ་ཊཱ་ཀིའི་འདུ་བ་ལྷན་ཅིག་རྫོགས་རིམ་ལ་བསྟེན་ནས་ལམ་ལྔ་མཐར་དབྱུང་བའི་མྱུར་ལམ་རྨད་དུ་བྱུང་བ་ནི་ཚོགས་སྒྲུབ་མཚན་ཉིད་པ་སྟེ། དེང་སང་དུས་ཀྱིས་དབང་གིས་དེ་ཙམ་མ་བྱུང་ཏང་བསྐྱེད་རྫོགས་ཀྱི་དྲོད་ཅི་རིགས་ཐོབ་པའི་རྣལ་འབྱོར་དམ་གཙང་སེལ་མེད་ཀྱི་འདུ་པས་ཚོགས་སྒྲུབ་རྗེས་མཐུན་ལའང་དགོས་གནད་ཕན་ཡོན་རྒྱ་ཆེར་གསུངས་ཏེ་དཔལ་ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུངས་ལས། གཞན་ཡང་འདི་ཡི་སྒྲུབ་མཆོད་ཙམ༔ གང་དུ་བགྱིས་པའི་ས་ཕྱོགས་དེར༔ རྡོ་རྗེའི་ཡེ་ཤེས་ཕབ་པའི་མཐུས༔ པདྨ་འོད་ཀྱི་ཞིང་དང་མཚུངས༔ ནད་མུག་འཁྲུགས་རྩོད་ཀུན་ཞི་ཞིང༔ ཆར་ཆུ་དུས་བབ་ལོ་ཕྱུགས་ལེགས༔ ཀུན་ཀྱང་བདེ་སྐྱིད་ལྡན་པར་འགྱུར༔ བསླུ་མེད་ཡིན་ནོ་ཐེ་ཚོམ་སྤོངས༔ ངེས་པར་བསམ་པ་ལྷུན་གྱིས་འགྲུབ༔ ཅེས་དང༌། འདི་ཉིད་སྒྲུབ་པའི་རྣལ་འབྱོར་ལ༔ རིག་འཛིན་རྒྱལ་བས་བྱིན་གྱིས་རློབ༔ མ་དང་ཌཱ་ཀིའི་ལུང་ཡང་སྟོན༔ ཕྱི་མ་རྔ་ཡབ་དཔལ་གྱི་རིར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ ཞེས་དང༌། ཡིད་གཉིས་ཐེ་ཚོམ་མེད་པར་མོས་བྱེད་ཅིང༔ སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང༔ ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན༔ ཨོ་རྒྱན་ང་ཡིས་ཕྱི་རབས་འགྲོ་བ་བསླུས༔ ཞེས་སོགས་ཡང་ཡང་གསུངས་ཤིང༌། གང་ཟག་གཅིག་གིས་ལོ་བཅུ་གཉིས་སུ་བསྒྲུབས་པ་བས་རྣལ་འབྱོར་པའི་ཚོགས་སྒྲུབ་ལན་གཅིག་གི་ཕན་ཡོན་ཆེ་བར་གསུངས་པས་མཐོང་ཐོས་དྲན་རེག་ཙམ་གྱི་སྐལ་པ་དང་འཚམས་པའི་རིག་འཛིན་བཞིའི་ས་ལ་དབྱུགས་དབྱུང༌། རྩེ་གཅིག་མོས་ཤིང་བརྩོན་པས་ཕྲིན་ལས་བཞི་དང༌།མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་གསེང་ལམ་རྨད་དུ་བྱུང་བ་ཡིན་པས་ན་སྐལ་བཟང་དག་གིས་ཅི་ནུས་སུ་བརྩོན་པས་ཉམས་སུ་ལེན་པར་བྱ་དགོས་སོ། །འཕགས་བོད་ལྗོངས་སུ་རྡོ་རྗེའི་རིག་འཛིན་གྱིས། །སྣོད་བཅུད་བདེ་བ་ཆེན་པོའི་ཡེ་ཤེས་སུ། །ཤར་བས་འབྲེལ་ཚད་ཧེ་རུ་ཀ་ཆེན་པོའི། །གོ་འཕང་སྦྱོར་བའི་ཕྲིན་ལས་འདི་རྨད་བྱུང༌། །དེ་ཚུལ་ཡིད་རབ་དྭངས་པའི་ཉེར་ལེན་གྱིས། །བཀའ་གཏེར་བརྒྱུད་པའི་ཕྱག་བཞེས་མན་ངག་ལྟར། །འཇུག་བདེའི་ཚུལ་དུ་དད་དང་ལྷག་བསམ་གྱིས། །སྦྱར་བས་སྐལ་མཉམ་ཀུན་དགའི་བཙས་གྱུར་ཅིག །དབྱིངས་སྣང་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་གར། །སྣོད་བཅུད་འོག་མིན་རྡོ་རྗེའི་ཞིང་ཆེན་པོར༔ ཚོམ་བུ་དང་བཅས་མངོན་པར་སངས་རྒྱས་པའི། །དགེ་མཚན་སྣང་བ་འཕེལ་རྒྱས་གསལ་གྱུར་ཅིག །ཅེས་ཀློང་ཆེན་སྙིང་གི་ཐིག་ལེའི་ཐུགས་སྒྲུབ་དཔལ་ཆེན་འདུས་པ་གཙོ་བོར་གྱུར་པའི་རྩ་གསུམ་སྤྱི་བྱེ་བྲག་གང་ལའང་སྦྱར་དུ་རུང་བའི་སྒྲུབ་ཁོག་འཇུག་བདེ་ཁྲིགས་སུ་བསྡེབས་པ་འདིའང༌། ཀུན་མཁྱེན་མཆོག་གི་རྡོ་རྗེའི་གསུང་སྒྲུབ་ཁོག་རིན་པོ་ཆེའི་ཟ་མ་ཏོག་སྐུ་ན་སྨིན་པའི་སྐབས་སུ་མཛད་པས་ལས་འགྲིགས་ཀྱི་ཟིན་ཐོ་ཙམ་ལས་མི་བཞུགས་པས་རང་གཞན་ལམ་འདིར་འཇུག་འདོད་ཀུན་ལ་ཕན་པའི་ལྷག་བསམ་གྱིས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ཆོས་རྒྱལ་སྡེ་དགེའི་རྒྱལ་ཁབ་ཀྱི་དབང་ཕྱོགས་ལྡན་ལྗོངས་གཡུ་ལོ་བཀོད་པའི་དགའ་ཚལ་གྱི་བྱེ་བྲག །གསེར་ཆུ་འབྲི་ཀླུང་གི་དལ་འབབ་ཀྱི་གཡས་ཟུར་གོ་ཐི་བཀྲ་ཤིས་དཔལ་འབར་གླིང་གི་དབེན་པའི་གནས་ཀུན་མཁྱེན་བླ་མ་འཇམ་པའི་རྡོ་རྗེ་མི་ཕམ་རིན་པོ་ཆེ་འོད་གསལ་གདོད་མའི་ནང་དབྱིངས་སུ་བྱང་ཆུབ་པའི་མཛད་པ་བསྟན་པའི་གནས་མཆོག་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་བསྙེན་མཚམས་ལ་གནས་པའི་སྐབས་བྲིས་པ་ལ་ཡི་གེ་བ་ནི་མདོ་སྨད་རིག་པའི་འབྱུང་གནས་ཀྱི་སྔགས་བན་འཇིགས་མེད་སྐལ་བཟང་རྡོ་རྗེ་དབང་དྲག་ནུས་ལྡན་རྩལ་གྱིས་བགྱིས་པ་འདིས་ཀྱང་འགྲོ་ཀུན་དངོས་གྲུབ་མཆོག་གི་སྣང་བ་ལ་དགའ་མགུར་རྩེན་པས་རིག་འཛིན་རྣམ་པ་བཞིའི་གསེང་ལམ་ཉི་ཟླའི་བགྲོད་པ་ལས་མྱུར་བས་སྐུ་བཞིའི་གྲོང་ཁྱེར་མཆོག་ཏུ་རྟེན་འདིར་སྤྱོད་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་དཱ་ཤྲཱི་ཡེ་བྷ་ཝཱ་ཏུ།}} | ལས་སྦྱོར་ནི། སྐད་ཅིག་གནམ་ལྕགས་རྡོ་རྗེ་སོགས། ལས་སྦྱོར་གྱི་སྔགས་བཟླ། དྲག་སྔགས་མེ་ཕུང་ཅུང་ཟད་བཟླས་ལ། ཐུན་རྫས་ལ་ཡང་ཕུ་གདབ། ཐུན་མཐར་དྲང་སྲོང་དམོད་བཟློག་ནི། བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོང་ཞིག༔ སྲིད་པ་སྤྱི་ནས་ཤིག་ཅིག༔ སྲིད་གསུམ་རྨང་ནས་སྒྱེལ་ཅིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེས་སྲེགས་ཤིག༔ དམ་ཚིག་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པ་ཆོད་ཅིག༔ གནམ་ལྕགས་ཀྱི་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག༔ སུམྦྷ་ནིས་ནོན་ཅིག༔ སྲིད་གསུམ་གར་སྐྱེས་གར་གནས་ཀྱང་གནོད་བྱེད་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག༔ གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ྄༔ སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག༔ ཅེས་ཐལ་མོ་ལན་གསུམ་རྡེབ། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཞེས་ཚེ་ཛཔ་ཀྱང་བརྒྱ་ཙམ་བཟླས་ན་ལེགས། བསྙེན་སྒྲུབ་ལས་གསུམ་སྐབས་ཛཔ་བཟླས་མགོ་ཟིན་ནས་གཟུངས་ཐག་བླང་ནས་ཛཔ་དབྱངས་ལན་གསུམ་བཅས་གསུང་མི་འཆད་དུ་བྱ་དགོས་པས་ཛཔ་དབྱངས་ལན་གསུམ་སྐབས་ལས་རྡོར་གྱིས་དཀྱིལ་འཁོར་ལ་མེ་ཏོག་ཕུལ་ཞིང་པད་ཀོར་བཅས་གཟུངས་ཐག་བླངས་བ་སློབ་དཔོན་དང་རྒྱལ་ཚབ་ལ་ཕུལ། གཙོ་བསྙེན་གྲུབ་པ་དང་རྒྱལ་ཚབ་པའི་གཟུངས་ཐག་ཐུན་དཔོན་ལ་སྤྲད་དེ་ཐུན་པ་རྣམས་ཀྱིས་དཔལ་ཆེན་ཕྲིན་ལས་འབྲིང་པོ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྟ་བུ་བཏང་སྟེ་སྔགས་རྒྱུན་བླང༌། དེ་ནས་བཟུང་གྲོལ་ཉིན་ཐུན་ཐ་མའི་བར་སྔགས་སྒྲ་སྐད་ཅིག་ཀྱང་མ་ཆད་པ་དང༌། གཟུངས་ཐག་སྟོང་པ་མ་བོར་བར་བྱ་དགོས་སོ། །དངོས་གཞི་སྒྲུབ་པ་པོ་རྣམས་ནས་གཅིག་ཏུ་བསྒྲུབ་པའི་ཚུལ་ནི། ཐུན་བཞིའི་དང་པོར་བསྙེན་སྒྲུབ་གཉིས་ཕྱེད་ཕྱེད། གཉིས་པར་སྒྲུབ་སྔགས། གསུམ་པ་དང་བཞི་བར་ཁྲོ་བོ་སྤྱི་སྔགས། མཐར་ལས་སྦྱོར་དམིགས་གནད་དང་ལྡན་པས་གང་འཚམས་བཟླའོ། །ཞེས་གསུངས་པས་བཟླས་པའི་དངོས་གཞི་གུ་རུ་ཤྲཱི་དང་ཁྲོ་བོ་སྤྱི་སྔགས་གཉིས་སྟོང་ཕྲག་རེ་བྱས་ན། ཞི་བ་སུམ་བརྒྱ། གཞན་རྣམས་བརྒྱ་རྩ་རེ་དང༌། ལས་སྦྱོར་ལྔའམ་ཉེར་གཅིག་བཟླས་པས་ཐུན་དང་པོ་གྲུབ། ཐུན་བཞི་མ་ལྕོགས་ན་ཐུན་དང་པོར་ཞི་ཁྲོའི་བསྙེན་སྒྲུབ་གཉིས། གཉིས་པ་དང་གསུམ་པར་ཁྲོ་བོ་སྤྱི་སྔགས་གཙོ་བོར་བཟླ། ཐུན་མཐར་ལས་སྦྱོར་ཁྱུག་ཙམ་སྦྱོར་བར་གསུངས། ཐུན་རྗེས་མ་རྣམས་མཆོད་པ་ཁ་གསོས་ལ། མཆོད་པ་བྱིན་རླབས་དང༌། ལྷ་བསྐྱེད་ནས་བཟླས་པའི་བར་བསྐྱར་བ་ཡིན་ལ། བཟླས་པ་བསྐུལ་ཚིག །སྟོང་ཚིག་སོགས་སྔར་ལྟར་བྱ། ཉིན་ཐུན་བཞིར་བྱས་ན་མཚན་ཐུན་གཉིས་བཏང༌། ཉིན་ཐུན་རྗེས་མར་ཐུན་མཐར་རྡོ་རྗེའི་ལྷ་མོ་བཅུ་དྲུག་མཆོད་ཕྲེང་རྒྱས་བསྡུས་སྐབས་བསྟུན་དང་བསྟོད་པ་མདོར་བསྡུས་དང་ཡི་གེ་བརྒྱ་བས་ཉེས་བྱས་བཤགས། བཀའ་སྲུང་གཏོར་བསྔོས་མ་མགོན་ལྕམ་དྲལ། གཟའ། ཚེ་རིང་མ་སོགས་གཏང་དགོས་གང་ཡོད་དང༌། དམ་ཚིག་ཉམས་པས་ཚོགས་མཆོད་ཕུལ་ན་ལྷས་མི་བཞེས་པར་གསུངས་བའི་ཕྱིར་དེའི་ཉེས་པ་འགོག་ཆེད་ན་རཀ་སྐང་བཤགས་སམ། བསྡུ་ན་བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བས་ཐབས་ཤེས་ཀྱི་འདུས་པ་ཆེ་འབྲིང་ཆུང་གསུམ་ཚོགས་པས་དཔའ་མོའི་ལོངས་སྤྱོད་མ་དཱ་ན། དཔའ་བོའི་བཱ་ལ། གཉིས་ཀས་མཉམ་སྦྱོར་གསུམ་ཚང་ནས་ཚོགས་མཆོད། སྐོང་བཤགས་རྡོ་རྗེའི་ཐོལ་གླུ་རྣམས་ཐུན་རེ་རེ་བཞིན་བཏང་ན་ཤིན་ཏུ་ལེགས། མ་བྱུང་ཡང་དགོང་ཐུན་ལ་མ་ཆད་པ་དང༌། ཕྱི་རོལ་དུ་ཆ་གསུམ་གཏོར་མ་དང༌། ཚོགས་ལ་རོལ། ལྷག་གཏོར་བསྔོས་ལ་བྱང་ཤར་དུ་བཙོན་འཛིན་བྱ། ཚིམས་པ་དྲུག་ལྡན་གྱི་སྨོན་ལམ་གདབ། ལས་བྱང་གི་བསྐུལ་དང༌། ཆོས་སྐྱོང་གཏོར་འབུལ། ཆད་བརྟན། རྟ་བྲོ། གཏང་རག་མཆོད་བསྟོད། བཟོད་གསོལ། བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང༌། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །གུང་ཐུན་ལྟ་བུར་ཉིན་རེ་བཞིན་བདག་འཇུག་ལེན་པར་སྤྲོ་ན་བདག་འཇུག་དབང་དོན་རྒྱ་མཚོ་ནི་བདག་འཇུག་དང་དབང་ཆོག་གཉིས་ཀ་གཅིག་གིས་འཐུས་པར་མཛད་པས་ཧ་ཅང་རྒྱས་དྲགས་ཕྱིར་འདིར་གསང་བ་གཞན་དང་སྒོ་བསྟུན་གྱིས་ཟོར་ཡངས་སུ་བཀོད་ན། ཐུན་དང་པོའི་བཟླས་པའི་མཇུག་ཏུ་བུམ་བཟླས་ནི། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་ཚོགས་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས་གཟུངས་ཐག་ལ་འཇུས་ཏེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞི་བ་དང་ཁྲོ་བོ། སྤྱི་དྲིལ་སྔགས་སོ་སོའི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨ་བེ་ཤ་ཡ་ཨཿ ཞེས་བཏགས་པ་བརྒྱ་རྩ་རེ་བཟླས་མཐར། ལས་བུམ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཇི་ལྟར་རིགས་པ་བཟླ་ཞིང་མཐར་ལྷ་འོད་ཞུ་བྱའོ། །ཐུན་གཞན་དག་ལ་བུམ་བཟླས་མི་དགོས། བདག་འཇུག་དངོས་ལ་འཇུག་པ་ནི། ཇི་ལྟར་བལྟམས་པ་སོགས་ཁྲུས་དང་མཎྜལ་ཕུལ། གདོང་གཡོག་གཏད་ལ། ཙཀྵ⁽11e2⁾་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། མེ་ཏོག་གཏད་ལ་ཨཱ་ཝཾ་ཝི་ར་ཧཱུྃ། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས༔ གློ་བུར་འཁྲུལ་པས་བཅིངས་པ་བདག༔ ཚོགས་བརྒྱད་སྲིད་མཚོ་ལས་བསྒྲལ་ཕྱིར༔ རང་བྱུང་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། རྒྱུན་བཤགས་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ ཞེས་པ་ནས་བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་པའི་བར་ལས་བྱང་ལྟར་བརྗོད། སླར་ཡང་ཐལ་མོ་སྦྱར་ཏེ་སྡོམ་པ་གཟུང་བ་ནི། དུས་གསུམ་དུས་མེད་སྟོན་པ་ཀུན༔ རྡོ་རྗེའི་ཆོ་ག་འདི་མཁྱེན་ནས༔ གོ་འཕང་མཆོག་ལ་གཞུག་པའི་ཕྱིར༔ སྐྱབས་ཀྱི་མཆོག་ཏུ་དཀོན་མཆོག་འཛིན༔ རང་གིས་ཉེས་སྤྱོད་སྡོམ་བྱེད་ཅིང་༔ གཞན་གནོད་གཞི་དང་བཅས་པ་སྤོང༔ སྨོན་དང་འཇུག་པའི་སེམས་གཉིས་བསྐྱེད༔ ཕྱིན་དྲུག་ལ་སྤྱོད་དགེ་ཆོས་སྡུད༔ རྟག་ཏུ་གཞན་ལ་ཕན་པ་སྒྲུབ༔ མ་བསྒྲལ་བསྒྲལ་ཞིང་མ་གྲོལ་དགྲོལ༔ དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༔ སེམས་ཅན་བྱང་གྲོལ་གནས་ལ་འགོད༔ ལྷ་ཡི་ཕྱག་རྒྱ་འགོང་པ་དང༔ བླ་མའི་བཞོན་པ་བརྙས་སོགས་སྤོང༔ ལྷ་དང་ལྷ་མིན་གསང་བ་པ༔ བསྟན་པ་སྐྱོང་ལ་མཆོད་བྱེད་ཅིང༔ བྱང་ཆུབ་རྡོ་རྗེ་འབྲལ་མི་བྱ༔ མདོར་ན་དེ་ཡིས་གང་བསྒྲགས་པ༔ བྱང་ཆུབ་བར་དུ་གཅེས་པར་གཟུང༔ ལན་གསུམ་དམ་ལ་བཞག་པ་ནི། འདི་ནི་རྡོ་རྗེའི་དམ་ཚིག་ཆུ༔ ཉམས་ན་སྙིང་ཁྲག་སྡིག་པས་འཐུང༔ བདེ་ལེགས་ཡོན་ཏན་ཐམས་ཅད་འགྲིབ༔ བསྲུངས་ན་ཡེ་ཤེས་སེམས་དཔར་གྱུར༔ ཚེ་འདིར་མཆོག་གི་དངོས་གྲུབ་སྟེར༔ ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་ནང་མཆོད་ཀྱི་བདུད་རྩི་ཐམས་ཅད་ཀྱིས་མྱང༌། ཡེ་ཤེས་པ་དབབ་པ་ནི།རང་ཉིད་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་གྱུར་པའི་སྙིང་གར་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོར་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་བ་སྤུའི་ཁུང་བུ་ནས་ཞུགས་ལུས་ཐམས་ཅད་མེར་ཁྲིག་གང་བས་བདེ་བ་བཟོད་མེད་དུ་འབར་བར་བསམ་ཞིང༌། ཨོཾ་བཛྲ་གུ་རུ་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཿ ཞེས་དྲག་ཏུ་བརྗོད་ཅིང༌། ལས་རྡོར་གྱིས་གུ་གུལ་དང་ཚིལ་ཆེན་གྱིས་བདུག །དར་ཚོན་ལྔའི་གཡབ་དར་དང་བཅས་དཀྱིལ་འཁོར་དང་སྒྲུབ་པ་པོ་རྣམས་ལ་བསྐོར་ཞིང༌། ཌཱ་དྲིལ་གྱིས་དྲངས་པའི་རོལ་མོའི་སྒྲ་མྱུར་དལ་སྤེལ་མའི་སྦྱོར་བ་དང་བཅས་པས་བྱིན་དབབ་པ་ཏིཥྛ་བཛྲ་གྱིས་གཡས་པའི་རྡོ་རྗེས་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ་བརྟན་པར་བྱ། པྲ་ཏི་བཛྲ་ཧོཿས་མེ་ཏོག་འཐོར། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཞེས་མེ་ཏོག་མགོ་བོར་འཇོག །གཡས་པའི་རྡོ་རྗེས་མིག་དབྱེ་རྒྱ་དང་བཅས། ཨེ་མ་ཧོ་བདེ་གཤེགས་སྙིང་པོའི་ཁམས༔ སྒྲིབ་བྱེད་གློ་བུར་ལིང་ཏོག་ནི༔ ཡེ་ཤེས་ཐུར་མས་དབྱེ་བགྱིད་ན༔ དཀྱིལ་འཁོར་འདིར་ལྟོས་དད་པ་བསྐྱེད༔ ཛྙཱ་ན་ཙཀྵ⁽11e2⁾་པྲ་བེ་ཤ་ཡ་ཕཊ྄༔ ཅེས་མིག་དར་ཡོད་ན་འགྲོལ། དཀྱིལ་འཁོར་བསྟན་པ་ནི། ཐམས་ཅད་ཀྱིས་གཡས་པའི་རྡོ་རྗེས་དཀྱིལ་འཁོར་བསྟན་ཞིང༌། ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ༔ ད་ནི་དད་པ་རབ་ཏུ་སྐྱེད༔ བདེ་གཤེགས་ཀུན་འདུས་རིག་འཛིན་པའི༔ དངོས་གྲུབ་ཀུན་བདག་ཁྱོད་འགྱུར་རོ༔ ཞེས་མཐོང་བ་བསྟན་པས། བདེ་གཤེགས་ཀུན་འདུས་དཔལ་ཆེན་ཚོམ་བུ་དགུའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་བསམ་མོ། །གཉིས་པ་ལ་ཕྱི་ནང་གསང་བ་ཕྲིན་ལས་དང་བཞི་ལས། དང་པོ་ཕྱི་དབང་ནི། ས་གཞི་སྤོས་ཆུ་སོགས་མཎྜལ་ཕུལ་ནས། ཐལ་མོ་སྦྱར་ཏེ། ནམ་མཁའི་རྡོ་རྗེས་རྒྱལ་བ་ལྔར༔ དགོངས་ཤིང་ཇི་ལྟར་བསྩལ་བ་ལྟར༔ མཆོད་པ་ཆེན་པོ་བརྡ་ཡི་དབང༔ རིག་པ་འཛིན་པ་བདག་ལ་སྩོལ༔ ལན་གསུམ། ཞེས་གསོལ་བ་བཏབ་ལ། སློབ་དཔོན་གྱིས་ལག་གཡས་རྡོ་རྗེ་དང་བཅས་པས་བུམ་པ་ཐོགས་ལ། ཧཱུྃ། བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས༔ ལྷ་དང་གཉིས་མེད་བདུད་རྩིའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང༔ ཀུན་ཏུ་འོད་ཀྱི་ས་ནོན་ཤོག༔ རྩ་སྔགས་གང་ཡིན་མཐར། བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དྲིལ་བསིལ་དང་བཅས་དབང་བསྐུར་ཞིང་བུམ་ཆུ་མྱང༌། ལས་རྡོར་གྱིས་ཚོགས་པ་རྣམས་ལ་དུང་ཞལ་གྱིས་བུམ་ཆུ་འགྱེད། དབུ་རྒྱན་དེ་བཞིན་གཤེགས་པ་རིགས་ལྔ་དྭངས་གསལ་སྒྲིབ་མེད་དུ་བཞུགས་པ་འདི་ཉིད་སྤྱི་བོར་བཞག་པས་རིགས་ལྔའི་དངོས་གྲུབ་ཐོབ་པར་མོས་ཤིག །དབུ་རྒྱན་ལག་གཉིས་མཐེབ་མཛུབ་སྤྲད་པས་འཛིན་ཅིང༌། ཧཱུྃ། ཚོར་བའི་ཕུང་པོ་མཉེན་པའི་ཁམས༔ ང་རྒྱལ་འཇོམས་མཛད་བཅོམ་ལྡན་འདས༔ མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང༔ དབུ་རྒྱན་རིགས་ལྔས་དབང་བསྐུར་རོ༔ སྭཱ་རཏྣ་དྷྲྀཀ་མཱཾ་མོ་ཧ་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགོ་བོར་བསྐོན། རྡོ་རྗེ་རྩེ་ལྔ་རིགས་ལྔ་ཡེ་ཤེས་ལྔ་རང་གསལ་དུ་འཆར་བས་བདག་དོན་ལྷུན་གྱིས་གྲུབ་པར་མོས་ཤིག །རྡོ་རྗེ་ལག་གཡས་སུ་གསོར་ཏེ། ཧཱུྃ། འདུ་ཤེས་ཕུང་པོ་དྲོ་བའི་ཁམས༔ འདོད་ཆགས་འཇོམས་མཛད་བཅོམ་ལྡན་འདས༔ སོར་རྟོག་ཡེ་ཤེས་སྣང་མཐའ་ཡས༔ ཐབས་ཀྱི་རྡོ་རྗེས་དབང་བསྐུར་རོ༔ ཨཱཾ་ཨ་རོ་ལྀཀ་པཱཾ་རཱ་ག་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ གྲགས་སྟོང་གི་སྒྲ་ཐབས་ཤེས་ཟུང་འཇུག་ཏུ་མཚོན་པའི་དྲིལ་བུས་གསང་མཆོག་བདེ་ཆེན་ཟུང་འཇུག་གི་ལམ་གྱིས་འགྲོ་བའི་དོན་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །དྲིལ་བུ་ལག་གཡོན་དུ་གཏད་ཞིང་དཀུར་བརྟེན་ནས། ཧཱུྃ༔ འདུ་བྱེད་ཕུང་པོ་སྐྱོད་པའི་ཁམས༔ ཕྲག་དོག་འཇོམས་མཛད་བཅོམ་ལྡན་འདས༔ བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ༔ ཤེས་རབ་དབྱངས་ཀྱིས་དབང་བསྐུར་རོ༔ ཧཱ་པྲཛྙཱ་དྷྲྀཀ་ཏཱཾ་བཛྲ་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེ་མིང་གིས་དབང་བསྐུར་བར་མོས་ཤིག ཧཱུྃ༔ མིང་གཟུགས་ཕུང་པོ་སྲ་བའི་ཁམས༔ གཏི་མུག་འཇོམས་མཛད་བཅོམ་ལྡན་འདས༔ མེ་ལོང་ཡེ་ཤེས་དེ་བཞིན་གཤེགས༔ རྡོ་རྗེ་མིང་གིས་དབང་བསྐུར་རོ༔ ཨོཾ་ཛཱི་ན་ཛིཀ་ལཱྃ་དེ་ཥ་ར་ཏི་བཛྲ་མ་ཧཱ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རིག་པའི་དབང་ལྔ་བསྐུར་བས་ཕུང་པོ་ལྔ་དང་འབྱུང་བ་ལྔ་རིགས་ལྔ་ཡབ་ཡུམ་དུ་སངས་རྒྱས། དུག་ལྔ་ཡེ་ཤེས་སུ་གྲོལ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་འགྲོ་བའི་དོན་བྱེད་ནུས་པ་གྱུར་ཅིག །གཉིས་པ་ནང་ལྷའི་དབང་ནི། དཀྱིལ་འཁོར་དགུའི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་རེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་བ་སྤྱི་བོ་ལ་སོགས་པའི་ལུས་ཀྱི་གནས་སོ་སོར་གྱེས་པ་ལ་ཐིམ་པར་མོས་ལ་དཔལ་དགུའི་སྐུ་ཙཀ་རིམ་བཞིན་ཐོགས་ཏེ། སྤྱི་བོར། ཆེ་མཆོག་ལྷ་ཚོགས་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དཔྲལ་བར། འཇམ་དཔལ་སྐུ་ཡིས་དབང་བསྐུར་བས། །མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག །ཨོཾ་ཧྲཱིཿཥྚི་ཝི་ཀྲི་ཏཱ་ན་ན་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར། པདྨ་གསུང་གིས་དབང་བསྐུར་བས། །སོར་རྟོག་ཡེ་ཤེས་རྟོགས་པར་ཤོག །ཨོཾ་པདྨཱནྟཀྲྀ་ཏ་ཧྱ་གྷྲྀ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར། ཡང་དག་ཐུགས་ཀྱིས་དབང་བསྐུར་བས། །མེ་ལོང་ཡེ་ཤེས་རྟོགས་པར་ཤོག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར། ཕུར་པ་ཕྲིན་ལས་དབང་བསྐུར་བས། །བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི[WP:5,80][WP:5,205]ན་བཾ་ཧཱུྃ་ཕཊ྄་ཨ་བྷི་ཥིཉྩ་ཧཱུྃ༔ གསང་གནས། མ་མོ་རྦོད་གཏོང་དབང་བསྐུར་བས། །དབྱིངས་གྲོལ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བརླ་གཡས། འཇིག་རྟེན་མཆོད་བསྟོད་དབང་བསྐུར་བས། །ཀློང་གྱུར་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཨ་བྷི་ཥིཉྩ་ཧཱུྃ༔ བརླ་གཡོན། དམོད་པ་དྲག་སྔགས་དབང་བསྐུར་བས། །ལྷུན་གྲུབ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་སརྦ་དུཥྚཾ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར། རིག་འཛིན་སློབ་དཔོན་དབང་བསྐུར་བས། །འདའ་ཀ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ དཔུང་པ་གཉིས། ཚོགས་བརྒྱད་གདུག་པ་ཀླུ་ཡི་གདོན། །ཟ་བྱེད་ཁྱུང་གིས་དབང་བསྐུར་རོ། །ཁྲོཾ་ག་རུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་གསང་བ་ཟབ་མོའི་དབང་ལས་གསང་དབང་ནི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པར་བསམ་ལ། ཧཱུྃ། ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ དཀར་དམར་བྷནྡྷའི་ནང་དུ་བསྐྱིལ༔ སྐལ་ལྡན་བུ་ལ་བྱིན་པ་ཡིས༔ རྩ་ཁམས་ཡི་གེའི་རྣམ་པར་སྨིན༔ ཚེ་ལ་དབང་བའི་རིག་འཛིན་ཐོབ༔ པདྨ་ཅན་གྱི་ས་ནོན་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཝཱཀ་ཨ་བྷི་ཥིཉྩ་ཨཿ རྗེས་འབྲེལ་བཟླས་ལུང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ལུ་གུ་རྒྱུད་དུ་བྱུང༔ མགྲིན་པ་ནས་བརྒྱུད་སྙིང་ཁར་འཁོར་བར་བསམ་ལ། འབྲུ་གསུམ། གུ་རུ་ཤྲཱི། བཛྲ་ཙཎྜ་རྣམས་ལན་བདུན་རེ་ཙམ་བཟླ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང༌། །འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད། ཤེར་དབང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་བྱོན་ནས་རང་ལ་འཁྱུད་པར་བསམ་ནས་ལག་གཡོན་དྲིལ་བུ་བཟུང་ལ། ཧོཿ ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ༔ བདེ་བ་ཆེན་པོ་གསང་བའི་ཡུམ༔ རིགས་ཀྱི་བུ་ལ་བྱིན་པ་ཡིས༔ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ འཁོར་ལོ་ཚོགས་ཆེན་ས་ནོན་ཤོག༔ པྲཛྙཱ་ཛྙཱ་ན་དྷརྨ་དྷཱ་ཏུ་ཧོཿ འཁྱུད་རྒྱ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ དེ་དང་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད། ཚིག་དབང་ནི། མེ་ལོང་ཤེལ་རྡོ་བསྟན་ལ། ཧཱུྃ། ཀ་དག་མེ་ལོང་གཙང་མའི་ངོགས༔ ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ༔ བརྡ་རྟགས་རྫོགས་པའི་དབང་བསྐུར་བས༔ དྲི་མེད་རིག་པའི་གནས་ལུགས་རྟོགས༔ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས༔ བདེ་བ་ཆེན་པོའི་ས་ནོན་ཤོག༔ ཨ་ཨ་ཨཿ ཞེས་རང་བྱུང་ཡེ་ཤེས་ཀྱི་ངང་ལ་བློ་བཞག་སྟེ་མེ་ལོང་ཤེལ་དང་བཅས་པས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད། རྗེས་དམ་ཚིག་བསྒྲག་བཟུང་ནི། རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་དང་གཅིག་པུ་ཕྱལ་བ་ཆེ༔ ལྷུན་གྲུབ་བཞིན་དུ་བསྲུང་བར་བགྱི༔ བདག་ལུས་ལོངས་སྤྱོད་ཁྱེད་ལ་འབུལ༔ ཇི་ལྟར་བཀའ་སྩལ་བཞིན་དུ་བགྱིད༔ སྲོག་ལ་བབས་ཀྱང་དེ་བསྒྲུབ་ན༔ དངོས་གྲུབ་མཐོང་བའི་ཆོས་ལ་སྩོལ༔ བླ་མ་མཆོག་དང་ལྷག་པའི་ལྷ༔ བྱང་ཆུབ་བར་དུ་མི་འབྲལ་ན༔ ཆ་ཤིས་ཀྱང་ནི་སྤྱད་དུ་གསོལ༔ གཏང་རག་མཎྜལ། ས་གཞི་སྤོས་ཆུ་སོགས་བྱའོ། །གཉིས་པ་དེའི་འགལ་རྐྱེན་བསྲུང་ཕྱིར་ཉུལ་ལེ་འདུལ་ཞིང་བསྐྲད་པ་ནི། སྲོད་དུས་དྲག་པོའི་དུས་སྐབས་སོགས་སུ་ཚོགས་པ་ཐམས་ཅད་ཞྭ་དང་བཅས་བཞེངས། སློབ་དཔོན་དང་རྒྱལ་ཚབ་ཞྭ་ཆོས། རྒྱལ་ཐེབས་བཞི་སྔགས་ཆས། མཚམས་པ་སོགས་ཆས་ཞུགས་པ་རྣམས་དཀྱིལ་འཁོར་གྱི་མདུན་དུའམ་ཕྱི་ཁྱམས་སུ་འཁོད་པའི་དྲུང་དུ་ཉུལ་ལེའི་ལིང་ག་བཅས་ལ། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམས་ཐག་པའི་ལུས་ཅན་དུ་གྱུར། ཞེས་བྲུབ་ཁུང་བསྐྱེད། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་བླ་མ་དྲག་པོ་དཔལ་ཆེན་འདུས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱས་ནས་ཀྱིང་བ་ལས་ཀྱི་ཆེ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་ཕོ་ཉ་མཚོན་ཆའི་ཆར་འབེབས་པས་རྡུལ་དུ་བརླག་པར་བསམ་ཞིང༌། རོལ་མོ་དབྱངས་དང་ཌཱ་ཀིའི་འཆམས་སྟབས་དང་བཅས་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཅེས་དང༌། ཧཱུྃ། ང་ནི་ཆེ་མཆོག་ཧེ་རུ་ཀ༔ ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ ང་ནི་དབང་ཆེན་པདྨའི་སྐུ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ང་ནི་བླ་མེད་ཧེ་རུ་ཀ༔ ང་ནི་རིག་འཛིན་ཐོད་ཕྲེང་རྩལ༔ ང་ནི་དྲེགས་པ་ཀུན་འདུལ་རྗེ༔ ང་ནི་སྟོབས་ལྡན་ནག་པོ་སྟེ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ བཀའ་བརྒྱད་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཅེས་ཕུར་ཐུན་ཚོམ་བུར་བསྐུལ་མཐར་སློབ་དཔོན་གྱིས་དྲག་སྔགས་ཕུར་སྐོར་དང་བཅས་པས་གདབ་ཅིང༌། ཌཱ་ཀི་རྣམས་ཀྱིས་ཐུན་གྱིས་བྲབ་པ་དང༌། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ། ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས། །ཁྲག་མདོག་དམར་པོ་བསེ་ཡི་ལན་ཕྲན་ཅན། །སྤྱན་རྩ་དམར་པོ་ཉི་ཟླ་ལྟར་དུ་འཕྲོ། །སྨིན་མ་གློག་འགྱུ་བར་སྣང་གོ་སྐབས་འབྱེད། །བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས། །བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས། །རྔམས་པའི་ལྗགས་འགྲིལ་བསྐལ་པའི་མེ་ཆེན་འབར། །ཨག་ཚོམས་མེ་འབར་རབ་འབྱམས་སྲིད་པ་བསྲེགས། །བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོགས། །ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས། །སེན་མོ་ལྕགས་ཀྱུའི་རྩེ་ལས་བསྐལ་པའི་མེ་ཆེན་འབར། །བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས། །སྨིན་མ་ལྕགས་ཀྱི་ཁྲོ་ཆུའི་ཆར་འབེབས་ཤིང༌། །ཞལ་གྱི་ཕུར་པས་སྲིན་པོ་ལྔ་བརྒྱ་གཟེར། །རལ་པའི་གསེབ་ནས་ཁྲག་གི་ཆར་ཆེན་འབེབས། །ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ། །སྲིན་པོའི་སྙིང་འབྱིན་ཆང་བར་བཅུག་ནས་གསོལ། །ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ། །དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ། །ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ། །ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གྱོན། །ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན། །བདུད་ལ་བབས་ན་སྙིང་ཁྲག་དྲོན་མོ་འཐུང༌། །སྲི་ལ་བབས་ན་སྲོག་རྩ་དམར་པོ་གཅོད། །དགྲ་ལ་བབས་ན་དུག་གི་ཁ་ཆུ་འབེབས། །བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག །དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་བྱུང༌། །དམ་ཉམས་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས། །ཕུང་པོ་དུམ་བུར་གཏུབ་ཅིང་དོན་སྙིང་མ་ལུས་བསྲེགས། །གྲུམ་བུ་ཙེ། རཱུ་པ་ཙེ། ཙ་མེ་ཐུན་ན་ཤ་སྟྭམ་བྷ་ཡཀྵ། བི་ན་ཡ་ག་ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན། ཙིཏྟ་རྦད། ཅེས་བསྐུལ་ཞིང་ཐུན་གྱིས་བྲབས་ལ་གཟིར་བར་བྱ་ཞིང་སྲུང་འཁོར་གྱི་ར་བས་བཅིངས་ནས། དེ་ནས་བྱིན་དབབ་པ་ནི། སྦྱར་བའི་སྤོས་བཏུལ་ཧསྟ་དང་དར་སྣ་གཡབ། དབྱངས་རོལ་གདུང་ཤུགས་དང་བཅས་ཏེ་རྡོ་རྗེ་སློབ་དཔོན་རྒྱལ་ཚབ་སོགས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཞིང་རིག་འཛིན་བརྒྱད་ཀྱི་བྱིན་དབབ་པ་ནི། ཧཱུྃ། བསྐལ་པ་སྲིད་པའི་དང་པོ་ལ། །བདག་མེད་རྡོ་རྗེ་ཧེ་རུ་ཀས། །གཟུང་འཛིན་རུ་ཏྲ་བསྒྲལ་བའི་ཚེ། །ཚོགས་བརྒྱད་དག་པའི་དུར་ཁྲོད་བྱུང༌། །ཁོག་པ་གྲུ་བཞི་སྒོ་བཞི་པ། །བདེ་གཤེགས་བཞུགས་པའི་གཞལ་མེད་ཁང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གདན་གསུམ་ངོ་བོར་བྱིན་ཕོབ་ཅིག །ཡུལ་གྱི་མིང་ནི་འཛམ་བུའི་གླིང༌། །ཤར་ཕྱོགས་དུར་ཁྲོད་བསིལ་བའི་ཚལ། །རུ་ཏྲའི་སྙིང་དང་ཞིང་སྐྱོང་ནི། །གླང་མགོ་དཀར་པོ་གྲི་ཐོད་འཛིན། །ཕྱོགས་སྐྱོང་དབང་པོ་རྡོ་རྗེ་ཅན། །ཀླུ་དབང་མཐའ་ཡས་སྦྲུལ་མགོ་གདེངས། །ཆུ་སྤྲིན་དཀར་ལ་ལྗོན་ཤིང་སེར། །གནས་མ་ཆེན་མོ་ཀེའུ་རི་མ། །མཆོད་རྟེན་བདེ་བྱེད་བརྩེགས་པ་ནས། །ཡང་དག་གྲུབ་པའི་རིག་འཛིན་ནི། །ཧཱུྃ་ཆེན་ཀཱ་རས་བྱིན་ཕོབ་ཅིག ཧཱུྃ། ལྷོ་ཕྱོགས་དུར་ཁྲོད་ཁུ་བྱུག་ཚལ། །རུ་ཏྲའི་ལག་གཡས་ཞིང་སྐྱོང་ནི། །མ་ཧེའི་གདོང་ཅན་སྦྲུལ་ཞགས་བསྣམས། །ཕྱོགས་སྐྱོང་གཤིན་རྗེ་བེ་ཅོན་ཅན། །ཀླུ་དབང་འཇོག་པོ་སྤྲིན་སྔོ་སྐྱ། །ཆུ་ཀླུང་རླབས་ཅན་ལྗོན་ཤིང་ལྗང༌། །གནས་མ་ཆེན་མོ་ཙཽ་རི་མ། །མཆོད་རྟེན་རིན་ཆེན་འོད་འཕྲོ་ནས། །འཇམ་དཔལ་གྲུབ་པའི་རིག་འཛིན་ནི། །མཉྫུ་མི་ཏྲས་བྱིན་ཕོབ་ཅིག ཧཱུྃ། ནུབ་ཕྱོགས་དུར་ཁྲོད་པདྨ་བརྩེགས། །རུ་ཏྲའི་མཚན་མ་ཞིང་སྐྱོང་ནི། །ཆུ་སྲིན་གདོང་ཅན་ལ་ལི་ཏ། །ཕྱོགས་སྐྱོང་ཆུ་ལྷ་ཀླུ་དུང་སྐྱོང༌། །སྤྲིན་ཆེན་སྒྲ་སྒྲོགས་ཆུ་ཤིང་དམར། །གནས་མ་ཆེན་མོ་པྲ་མོ་ཧ། །མཆོད་རྟེན་གཟི་འོད་འབར་བ་ནས། །རྟ་མགྲིན་གྲུབ་པའི་རིག་འཛིན་ནི། །ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག ཧཱུྃ། བྱང་ཕྱོགས་དུར་ཁྲོད་ལང་ཀ་བརྩེགས། །རུ་ཏྲའི་རྐང་གཡོན་ཞིང་སྐྱོང་ནི། །རྟ་གདོང་དུད་ཁ་ཆུང་མར་བཅས། །ཕྱོགས་སྐྱོང་གནོད་སྦྱིན་ཀླུ་སྟོབས་རྒྱུ། །ཆུ་ཀླུང་མྱོས་དང་སྤྲིན་ལྗང་འཁྲུགས། །ལྗོན་ཤིང་ཨ་སུ་ཏ་ན་མཛེས། །གནས་མ་ཆེན་མོ་བེ་ཏ་ལཱི། །མཆོད་རྟེན་རང་བྱུང་བདེ་ཆེན་ནས། །ཕུར་པ་གྲུབ་པའི་རིག་འཛིན་ནི། །པྲ་བྷ་ཧསྟི་བྱིན་ཕོབ་ཅིག ཧཱུྃ། ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་བརྩེགས། །རུ་ཏྲའི་ནང་ཁྲོལ་ཞིང་སྐྱོང་ནི། །ར་གདོང་ཕྱོགས་སྐྱོང་མེ་ལྷ་སེར། །ཀླུ་ཆེན་པདྨ་ནོར་བུ་འཛིན། །ཆུ་ཀླུང་དུར་བྱེད་སྤྲིན་དམར་སེར། །ལྗོན་ཤིང་ཁྲོ་བོ་གེལ་པའི་སྟབས། །གནས་མ་ཆེན་མོ་པུཀྐ་སཱི། །མཆོད་རྟེན་ཀེའུ་ཏི་ཤན་ནས། །མ་མོ་གྲུབ་པའི་རིག་འཛིན་ནི། །དྷ་ན་སཾ་སྐྲྀས་བྱིན་ཕོབ་ཅིག ཧཱུྃ། ལྷོ་ནུབ་དུར་ཁྲོད་མ་ཧཱ་གུ་ཧྱ། །རུ་ཏྲའི་མགོ་བོ་ཞིང་སྐྱོང་ནི། །ཁ་དོག་སྔོན་པོ་མི་ལ་ཞོན། །ཕྱོགས་སྐྱོང་འབོད་སྒྲོགས་ཀླུ་པད་ཆེན། །སྤྲིན་སེར་ག་ན་ཆུ་ཀླུང་དམར། །ལྗོན་ཤིང་ཤཱིནྟཾ་ཨུ་པ་ལ། །གནས་མ་ཆེན་མོ་གསྨ་རཱི། །མཆོད་རྟེན་ཆེན་པོ་ཀ་ནི་ནས། །ཡོན་ཏན་གྲུབ་པའི་རིག་འཛིན་ནི། །བི་མ་མི་ཏྲས་བྱིན་ཕོབ་ཅིག ཧཱུྃ། ནུབ་བྱང་དུར་ཁྲོད་ཧེ་ཆེན་པོ། །རུ་ཏྲའི་ལག་གཡོན་ཞིང་སྐྱོང་ནི། །ཤ་བའི་གདོང་ཅན་འཕྱེ་བོའི་ཚུལ། །ཕྱོགས་སྐྱོང་རླུང་ལྷ་ཀླུ་ནོར་རྒྱས། །སྤྲིན་ཆེན་ཆར་འབེབས་ཆུ་ཀླུང་ནག །ལྗོན་ཤིང་ཛ་ལ་ནག་པོ་ལ། །གནས་མ་དུར་ཁྲོད་བདག་མོ་གནས། །མཆོད་རྟེན་རང་བྱུང་ཀུ་མ་ནས། །མཆོད་བསྟོད་གྲུབ་པའི་རིག་འཛིན་ནི། །གུ་ཧྱ་ཙནྡྲས་བྱིན་ཕོབ་ཅིག ཧཱུྃ། བྱང་ཤར་དུར་ཁྲོད་ལོ་ཀ་ན། །རུ་ཏྲའི་རྐང་གཡས་ཞིང་སྐྱོང་ནི། །ཅེ་སྤྱང་གདོང་ཅན་རྩེ་གསུམ་འཆང༌། །ཕྱོགས་སྐྱོང་དབང་ལྡན་ཀླུ་རིགས་ལྡན། །ཆུ་ཀླུང་ནག་པོ་སྤྲིན་ཉ་ཅན། །ལྗོན་ཤིང་ཧ་ལ་ཀཱ་ལ་ལ། །གནས་མ་ཆེན་མོ་ཙཎྜ་ལཱི། །མཆོད་རྟེན་གོ་མ་ས་ལ་ནས། །དྲག་སྔགས་གྲུབ་པའི་རིག་འཛིན་ནི། །ཤཱིནྟཾ་གར་བྷས་བྱིན་ཕོབ་ཅིག །ཅེས་བྱིན་དབབ་རྗེས། འབྲུ་གསུམ། གུ་རུ་ཤྲཱི་དང༌། བཛྲ་ཙཎྜ་རྣམས་སྦྲེལ་བས་ཛཔ་དབྱངས་བྱ། སྔོན་དུ་བསྙེན་པས་ལྷའི་ཐུགས་ཉེ་བར་བྱས་པའི་འོག་ཏུ་སྒྲུབ་པས་དངོས་གྲུབ་མངོན་དུ་བྱེད་པའི་སྐབས་དངོས་གྲུབ་སྟེར་བའི་ཕོ་ཉས་དུས་མཚམས་བཅུར་ཉིན་བཞིན་དངོས་གྲུབ་སྐྱེལ་བ་དང༌། ཉུལ་ལེ་རྣམས་བར་ཆད་བྱ་བའི་ཕྱིར་དེ་བཞིན་རྒྱུ་བའི་གཉེན་པོར་ཉུལ་ལེ་བསྒྲལ་ཞིང་བྱིན་འབེབས་དུས་དྲུག་ཏུ་བྱ་བར་གསུངས་པ་དང༌། སྔ་ཐུན་སོགས་ལ་ཉུལ་ལེ་བསྐྲད་གཟིར་རྒྱས་པ་མ་གྲུབ་ན་ཤར་ཕྱོགས་དཀར་མོའི་བསྐུལ་མཐར་དྲག་སྔགས་སོ་ལྔ་པ་དང་རྡོ་རྗེ་སྡེར་མོའི་སྔགས་ཀྱིས་གཟིར་བས་ཀྱང་རུང་བར་གསུངས། བསྙེན་རྒྱུན་བརྗེ་ལེན་སྐབས་རྗེས་མས་ཛཔ་བསྙེན་ཚུགས་པའི་ཚེ་སྔ་མས་སྟོང་ཚིག་ཕུལ་ལ་གྲོལ། མཚན་ཐུན་ལ་དཔལ་ཆེན་ལས་བྱང་འབྲིང་པོ་མཁྱེན་བརྩེ་རིན་པོ་ཆེའི་གསུང་ལྟར་བཏང་ཡང་རུང༌། བགེགས་ཀྱང་དག་པ་རབ་འབྱམས་སུ་འཆར་བའི་ལྟ་དགོངས་ཀྱི་གདིང་བརྟན་ན་ཉུལ་ལེ་འདུལ་བ་སོགས་མི་དགོས་གསུང༌། གདོན་གྱི་གནོད་ཚབས་ཆེ་ན་སྲུང་བཟློག་བསད་མནན་སྦྱིན་སྲེག་སྟེ་གཟེར་ཁ་ལྔའི་ལས་སྦྱོར་ལས་ཀྱི་རྒྱལ་ཐེབས་ལྟ་བུས་བྱ་གསུངས། དེ་ལྟ་བུའི་ཚུལ་གྱིས་ཞག་བདུན་ལ་སོགས་པར་གྱེར་བསྒོམ་བཟླས་པ་མ་ཆད་པར་བྱ་སྟེ་སྒྲུབ་པའི་རིམ་པའོ། །སྒྲུབ་ཆེན་གྱི་སྐབས་འདིར་རྡོ་རྗེ་སློབ་དཔོན་གྱིས་སྒྲུབ་མཆེད་རྣམས་ལ་སྐབས་སུ་བབ་པའི་བླང་དོར་གྱི་བསླབ་བྱ། དམ་ཚིག་གི་རྣམ་བཞག །བསྐྱེད་བཟླས་ཀྱི་དམིགས་པ་སོགས་གོ་སླ་དོན་འདུས་ཡང་ཡང་བཤད་ན་གལ་ཆེ་བར་རྒྱུད་ལས་གསུངས་སོ། །གསུམ་པ་དུས་གྲངས་རྟགས་ཚད་ཀྱི་རིམ་པ་ནི། སྨིན་སློབ་ཀྱི་དུས་ཚད་ཟླ་བ་དྲུག་སོགས་གསུངས་ཀྱང་དེང་སང་མོས་སློབ་ཀྱི་སྐབས་སུ་རྒྱས་པ་ཟླ་བ་གཅིག་དང༌། བསྡུ་ན་ཡང་ཞག་བཅུ་སོགས་སུ་སྒྲུབ་དགོས་ཚུལ་བཀའ་དགོངས་ཀྱི་གཞུང་རྣམས་སུ་གསུངས། རྟགས་ཚད་ཀྱི་རིམ་པ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། དེ་ལྟར་འབད་པས་བརྩོན་འགྲུས་དང༔ ཏིང་འཛིན་སྐལ་པའི་ཁྱད་པར་བཞིན༔ རབ་ཀྱི་རིག་འཛིན་མཆོག་དངོས་འགྲུབ༔ འབྲིང་གིས་སྔགས་ཀྱི་དྲོད་ཚད་འཐོབ༔ གཞན་དུ་ཕྲིན་ལས་ཅི་རིགས་འགྲུབ༔ མདོར་ན་འབྲེལ་ཚད་དོན་ལྡན་པ༔ སྒྲུབ་པ་ཆེན་པོའི་ཕྲིན་ལས་སོ༔ ཞེས་སོགས་འབྱུང་བ་ལྟར་རོ། །གྲོལ་བའི་སྔ་ཉིན་དགོང་མོ་པདྨ་རྒྱལ་ཐེབས་ཀྱིས་དབང་གི་སྦྱིན་སྲེག་གྲུབ་ན་ལེགས། གསུམ་པ་རྗེས་དངོས་གྲུབ་བླང་བ་ལ། གྲུབ་པའི་རྟགས་རབ་ལོ་སྒྲུབ་རྟགས་དང་སྦྱར་བ་འབྲིང་ཟླ་སྒྲུབ་གྲངས་དང་སྦྱར་བ་ཐ་མའི་ཉིན་ཞག་བདུན་ནམ་ལྔ་ལ་དངོས་ཉམས་རྨི་ལམ་དུ་རྟགས་མཚན་གྱི་ཚུལ་དུ་བྱུང་བའམ་སྒྲུབ་པའི་ཞག་གྲངས་ཐེམས་པའི་ཚེ་སྒྲུབ་པ་ཆེན་པོའི་ལས་རིམ་དངོས་སྦྱོར་སྒྲོལ་ལ་བརྟེན་ནས་དངོས་གྲུབ་བླང་བར་གསུངས་ཀྱང་ཡོངས་གྲགས་རྫས་ལ་བསྟེན་པ་ཉིད་ཡིན་པས་རྫས་བཤམ་པ་ནི། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་ལྡན་དཀར་པོའི་སྟེང་དུ་འབྲུ་དཀར་པོས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་མཉྫིའི་སྟེང་དུ་དཀྱིལ་འཁོར་གྱི་རྣམ་བུམ་བླངས་ལ་བཞག །གཡས་སུ་རིན་པོ་ཆེའི་སྣོད་དུ་གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་དང་དཀར་མངར་གྱིས་སྦྲུས་པའི་ལས་བཞིའི་འབྲང་རྒྱས་རིལ་བུས་བསྐོར་བ། མཱཾ་ས། མར། ཐུད། འབྲས་ཆན། ཁུར་བ། ཞོ་དང་ལ་དུ། ཤིང་ཐོག་སྣ་ཚོགས། སུ་ར་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས་པས་བསྐོར་བ། གཡོན་དུ་ཆང་བཟང་པོར་མངར་གསུམ་དང༌། ཨ་མྲྀ་ཏས་སྦགས་པས་བྷཉྫ་བཀང་བ་བཤམས་ལ་དར་གྱིས་གུར་དབུབ་པའི་ཚུལ་དུ་བཀབ། ནངས་མོ་ཅུང་ཟད་སྔ་བར་འཚོགས་ལ་ཕྲིན་ལས་ཀྱི་གཞུང་སྔར་ལྟར་བསྲངས་ལ། རྩ་བའི་བཟླས་པ་ཟིན་པ་དང་ཐུན་དཔོན་གྱི་གཟུངས་ཐག་རྒྱལ་ཚབ་ལ་ཕུལ། བཟླས་པ་ཅི་རིགས་པ་ཐོན་རྗེས་ཐུན་པ་རྣམས་ཀྱིས་དངོས་གྲུབ་བླང་བའི་སྔགས་ཤམ་ཅན་བཟླ། ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར་ཞིང་དངོས་གྲུབ་བསྐུལ་བའི་དོན་དུ་ཐུགས་དམ་བསྐུལ་ཞིང་རྩ་སྔགས་མཐར། དྷརྨ་ཀཱ་ཡ། སཾ་བྷོ་ཀཱ་ཡ། ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྒྱའམ་ཉེར་གཅིག་བཟླས་ལ། སྲུང་མ་རྣམས་ཀྱི་གཏོར་ཆོག་གྲུབ་ནས། ལས་བྱང་ལྟར་བགེགས་བསྐྲད། རྒྱལ་ཚབ་པས་དཀྱིལ་འཁོར་བསྐོར་ཞིང་ཐུན་བྲབ། མཚམས་གཅོད། ལས་རྡོར་དང་རྒྱལ་ཚབ་པས་སྤོས་གཡབ་དྲིལ་བཅས་ཚོགས་པ་དང་དཀྱིལ་འཁོར་བསྐོར་ཞིང་རིག་འཛིན་བརྒྱད་དང་ལས་བྱང་ལྟར་བྱིན་འབེབས་གྱེར། ཡེ་ཤེས་སྐུ་མཆོག་སོགས་བརྗོད་ལ་ནོངས་པ་བཤགས། བདུད་རྩིའི་སྔགས་ལན་གསུམ་བརྗོད་ལ་རྫས་རྣམས་བྱིན་བརླབ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག་དགྱེས་པ་བསྐྱེད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས་བདག་ལ་ཐིམ་གསལ་ཞིང་བརྟན་པར་བྱས། རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། ཞེས་དམིགས་ལ། བསྙེན་སྒྲུབ་སྔགས་ལ་གོང་གི་སྔགས་ཤམ་བཏགས་ལ་བརྒྱའམ་ཉེར་གཅིག་བཟླས་ལ། ཧཱུྃ༔ མི་གནས་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནས༔ སོགས་ཀྱིས་དངོས་གྲུབ་སྤྱིར་བསྐུལ། བྱེ་བྲག་ཏུ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གནས་ལྔ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཡིག་འབྲུ་དང་འོད་ཟེར་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ཏེ་རང་གི་གནས་ལྔར་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ལ། སློབ་དཔོན་གྱིས་གནས་ལྔར་རིམ་པར་གཏུགས་ལ། ཧཱུྃ། བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི༔ སོགས་ལས་གཞུང་གི་དངོས་གྲུབ་བླང་བའི་ཚིག་གིས་སྒྲུབ་རྫས་གནས་གསུམ་དུ་གཏུགས་ཤིང་མྱོང༌། གཏང་རག་གི་མཆོད་བསྟོད་བྱས་ལ་དངོས་གྲུབ་ཀྱི་རྫས་ལ་རོལ། སྤྲོ་ན་དེའི་མལ་དུ་བདག་འཇུག་ལེན་ཆོག་གོང་སྨོས་ལྟར་དངོས་གྲུབ་བླང་ངོ༌། །གཞན་དོན་དུ་དབང་བསྐུར་བྱེད་ནའང་སྐབས་འདིར་བྱའོ། །དབང་མ་བསྐུར་ན་འདུས་པ་རྣམས་ཀྱིས་བསྙེན་སྒྲུབ་ཛཔ་དབྱངས་བྱས་ལ། སློབ་དཔོན་དང་རྒྱལ་ཚབ་པས་རྟེན་རྣམས་དང་ཚེ་བུམ་གྱིས་དབང་བསྐུར། ལས་རྡོར་སོགས་ཀྱིས་རྫས་དང་ཚེ་རིལ་སོགས་བཀྱེ། རྫས་རྣམས་དངོས་གྲུབ་ཏུ་རོལ་པས་ལྷ་དང་བདག་གཉིས་སུ་མེད་པ་བདེ་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པར་མོས་ལ། བདེ་གཤེགས་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་དངོས་གྲུབ་ཐམས་ཅད་བདག་ཅག་རྣམས་ཀྱིས་ཐོབ་ནས་སྐུ་ལྔ་ཡེ་ཤེས་ལྔའི་ཡོན་ཏན་མ་ལུས་པ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཧོཿ བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་རྡོ་རྗེའི་ཚེ་གསོལ་བས་ཚེའི་དངོས་གྲུབ་དབང་དུ་གྱུར་ཅིག༔ ཐབས་ཀྱི་མཱཾ་ས་གསོལ་བས་འཁོར་འདས་ཀྱི་ནུས་སྟོབས་དབང་དུ་གྱུར་ཅིག༔ ཤེས་རབ་ཛ་གད་གསོལ་བས་བདེ་བ་ཆེན་པོའི་ཡེ་ཤེས་དབང་དུ་གྱུར་ཅིག༔ ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོ་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་དབང་དུ་གྱུར་ཅིག༔ འདོད་ཡོན་གྱི་རྣམ་པ་ཐམས་ཅད་ལོངས་སྤྱོད་པས་འཁོར་འདས་ལེགས་ཚོགས་ཐམས་ཅད་དབང་དུ་གྱུར་ཅིག༔ སརྦ་ཀརྨ་ཝཱ་ཤ་མ་ནོ་ཧ་ར་སིདྡྷི་སིདྡྷི་ཧཱུྃ༔ ཞེས་དང་འདི་ནས་བསྙེན་རྒྱུན་གྲོལ། དེ་ནས་བསྒྲུབས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སྦྱིན་སྲེག་གི་ཞལ་བསྲོ་བ་ནི། སྒྲུབ་ཁང་གི་ཕྱི་རོལ་ལྷོ་ཕྱོགས་སམ། དཀྱིལ་འཁོར་གྱི་མདུན་ངོས་སུ་ཞི་བ་དང༌། རྒྱས་པའི་སྲེག་བླུགས་ཀྱི་ཐབ་ཏུ་དཀྱིལ་འཁོར་གྱི་ལྷ་རྣམས་མཚོན་པ་མེ་ཏོག་གི་ཚོམ་བུའམ་དབུ་རྒྱན་གྱི་རྣམ་པས་སྤྱན་དྲངས་པ་དཀྱིལ་འཁོར་གྱི་བདག་པོ་ལ་གཡས་སུ་བསྐོར་བ་དེ་ཉིད་ཀྱིས་བླངས་ཏེ་ཐབ་ཏུ་མེ་ཏོག་ཅུང་ཟད་དོར་ལ་གཞུང་བཞིན་ལྷ་རྣམས་གསལ་བཏབ་སྟེ་སྦྱིན་སྲེག་གི་མཆོད་འབུལ་དང་དངོས་གྲུབ་བླང་བའི་རྫས་དང་གཏོར་མ་ནས་ཀྱང་ཅུང་ཟད་འབུལ། སླར་ཡང་དཀྱིལ་འཁོར་གྱི་ལྷ་རྣམས་མཚོན་བྱེད་ཀྱི་སྤྱན་དྲངས་པས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བསྟིམ་སྟེ་ཇི་སྲིད་མ་བསྡུས་ཀྱི་བར་དུ་མཆོད་པས་སྲི་ཞུར་བྱའོ། །སྤྲོས་པ་བསྡུ་ན་སྐབས་འདིར་ཞི་བ་ཁོ་ན་ལས་སྦྱིན་སྲེག་གཞན་མ་གྲུབ་ཀྱང་ཆད་སྐྱོན་དུ་མི་འགྱུར་རོ། །རྩ་བའི་གསུམ་པ་དཀྱིལ་འཁོར་དང་འབྲེལ་བའི་རྗེས་ཆོག །ཕྱི་མཚམས་དགྲོལ་བ། སློབ་དཔོན་ལ་སྐུ་དྲིན་གསོལ་ཞིང་སྨོན་ལམ་དང༌། ཤིས་བརྗོད་བྱ་བའོ། །དང་པོ་ནི། དེ་ནས་ཚོགས་བྱིན་རླབས་ནས་སྟོབ་པའི་མཇུག་ཏུ་ཉུལ་ལེའི་ལིང་ག་མེར་སྲེག །ཐལ་བ་ཆོས་སྐྱོང་གི་གཏོར་མར་བསྟབ། ལྷག་མ་བསྡུས་ནས་སྔར་བཙོན་འཛིན་བྱས་པའི་ཚོགས་ལྷག་མཆོད་པའི་རས་མ་དང་བཅས་ཕྱི་རོལ་དུ་བཏང༌། བསྐུལ་བ་ནས་བཟུང༌། ནོངས་བཤགས་བཟོད་གསོལ་བར་བྱའོ། །དཀྱིལ་འཁོར་གྱི་ཡེ་ཤེས་པ་རས་བྲིས་དང་རྟེན་ལ་བརྟན་བཞུགས་སྤྱི་ལྟར་བྱ། དམ་ཚིག་པ་རང་ལ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་གོ་བགོ་བའི་བར་བྱས་ཏེ། གཉིས་པ་ཕྱི་མཚམས་དགྲོལ་བ་ནི། ཕྱི་རོལ་གྱི་ཤར་ལ་སོགས་པའི་རྒྱལ་ཆེན་བཞི་དང་སྒོ་བྱང་གི་ལྷ་བཅས་སོ་སོའི་མདུན་དུ་མཆོད་པ་བཤམས། བསང་སྦྱང་བྱིན་བརླབ་དྲང་བསྟིམ་མཆོད་པ་རྣམས་སྔར་ལྟར་ལས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་ཕྲིན་ལས་བཅོལ། སྐུ་རྟེན་ཡོད་ན། ཏིཥྛ་བཛྲ་ཀྱིས་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། ཕུར་བུ་རྣམས། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷཱ་རོ་ད་ཨཱཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཕཊ྄་སྭཱ་ཧཱ༔ ཞེས་ལག་གཉིས་སྐམ་པའི་རྒྱ་དང་བཅས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ན་སྭཱ་ཧཱས་ཕུར་རྩེ་འོ་མས་བཀྲུ་ཞིང་ཤུལ་དུ་རིན་པོ་ཆེའི་གཏེར་གཞུག །རྡུལ་ཚོན་ཡོད་ན་ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང༌། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་འཇམ་རོལ་དང་བཅས་གཡས་པའི་རྡོ་རྗེས་བྱང་ཤར་གྱི་རྩིག་པ་ནས་བརྩམས་ཏེ་ལྟེ་བའི་བར་བསྐོར་བའི་རེ་ཁཱ་གསུམ་འཐེན་ཅིང༌། ལྷ་མཚན་ཅུང་ཟད་བླངས་པ་མགོ་བོར་བཀོད་ཅིང༌། ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་ཕྱགས་ལ་བུམ་པར་བླུགས་ནས་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གིས་དབྱི། གསུམ་པ་མཆེད་ལྕམ་ནོངས་བཤགས། སློབ་དཔོན་ལ་སྐུ་དྲིན་གསོ་བར་འདོད་ན་འདིར་དགོས་ཀྱང་སྒྲུབ་ཁོག་ཕལ་ཆེར་ལས་མི་འབྱུང་བས་མ་བྲིས་སོ། །བསྡུ་ན་ཡེ་ཤེས་སྐུ་མཆོག་གི་བཤགས་པ་ཙམ་བྱས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །དེ་ནས་མར་མེའི་སྨོན་ལམ་གྱིས་དགེ་བའི་རྩ་བ་བླ་ན་མེད་པའི་རྒྱུར་བསྔོ་བ་ནི། དཔོན་སློབ་ཐམས་ཅད་ལག་བསྣོལ་བས་སྲིན་ལག་སྦྲེལ་བའམ་དར་དཀར་གྱིས་ལུ་གུ་རྒྱུད་དུ་སྦྲེལ། རྡོ་རྗེ་རྒྱལ་ཐེབ་ཀྱིས་སྣམ་སྦྱར་དང་བཅས་བཞེངས་ཏེ་མར་མེའི་སྨོན་ལམ་གྱི་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྷུང་ཞིང༌། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང༌། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་འཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང༌། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང༌། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང༌། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང༌། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་རྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོལ་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡིས་ས་ལ་གནས་ནས་ཀྱང༌། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང༌། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་ཐམས་ཅད་ཀྱིས་རྗེས་ཟློས་དང་བཅས་སྨོན་ལམ་གདབ་རྗེས། ཞི་རོལ་ལྡིར། ལས་རྡོར་གྱིས་སྤོས་དང་མར་མེ་བསྡུ། སྤྲོ་ན་རྡོ་རྗེ་སློབ་དཔོན་གྱིས་བསྔོ་བ་དང་འདུས་པས་མཐུན་འགྱུར་མཛད། ཧཱུྃ། མི་གནས་ཡེ་ཤེས་སོགས་སྨོན་ལམ་དང་ཤིས་བརྗོད་ལས་བྱང་ལྟར་བྱའོ། །བཞི་པ་ནི། རྡུལ་ཚོན་རྣམས་ལས་ཅུང་ཟད་ཕྲིན་ལས་ཀྱི་དོན་དུའང་བཟུང་ཤིང་བྱིངས་རྣམས་རིན་པོ་ཆེའམ་རྫའི་བུམ་པར་བླུགས་ལ་གཏོར་མ་དང་ལྷན་ཅིག་གཏེར་དུ་སྦ་བའམ་ཡང་ན་དབུ་རྒྱན་བསྐོན་ཏེ་མཆོད་རྫས་ཀྱིས་སྣ་དྲངས་ལ་ཆུ་ཀླུང་ཆེན་པོར་དོར་ལ། ཀླུ་མཆོད་པའི་ཆོ་ག་སོགས་གཞན་དུ་ཤེས་པར་བྱ། ཚོན་སྣོད་ཀྱི་བུམ་པ་ཆུ་གཙང་གིས་བཀང༌། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཞེས་སྤྱན་མའི་སྔགས་བཟླ་བཞིན་དཀྱིལ་འཁོར་ཁང་པ་སོགས་ལ་བཀྲ་ཤིས་པའི་ཕྱིར་བསང་གཏོར་བྱ་ཞིང༌། སླར་ཡང་རྡོ་རྗེའི་གླུ་གར་དང༌། དཀྱིལ་འཁོར་ལྷ་ཚོགས་ཚོགས་ཀྱི་མཆོད་པས་མཉེས་པར་བྱ་བ་དང༌། ཆོས་འཆད་ཉན་ཞག་དུ་མར་དགའ་སྟོན་མཐའ་རྒྱས་སུ་བྱས་པས་ཕྱོགས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །འབྱོར་མཁོས་ཀྱིས་ལྕོགས་ན་རྩ་བའི་སྒྲུབ་པ་འདིས་ཡན་ལག་ཏུ་ཉམས་ཆགས་སྐོང་བའི་ཕྱིར་རྡོར་སེམས་བླ་མཆོད་དང༌། ཞི་ཁྲོ་ངན་སོང་སྦྱོང་བ་གང་འོས། འཆི་མེད་ཀྱི་དངོས་གྲུབ་སྤེལ་ཕྱིར་རིགས་འདུས་དང་ཡུམ་བཀའི་ཚེ་སྒྲུབ། བར་ཆད་བསལ་ཕྱིར་རྒྱུད་ལུགས་ཕུར་པའམ་སྒོས་བཀའ་བདུད་དཔུང་ཟིལ་གནོན་གྱི་སྒྲུབ་པ་ལོགས་སུ་ཚུགས་ཀྱང་ལེགས་པའི་ཡན་ལག་ཏུ་ངེས་པར་དགོས་སོ། །སྤྱིར་སྒྲུབ་ཆེན་ལ་ས་སློང་ཐོ་འཛུགས་སོགས་ཉིན་གཅིག །རྒྱན་བཀོད་མངའ་གསོལ་སོགས་ཉིན་གཅིག་སྟེ་སྟ་གོན་ཉིན་གཉིས་དང༌། དངོས་གཞི་ཉིན་བདུན། རྗེས་ཆོག་ཉིན་གཅིག་སྟེ་བཅུས་རྒྱས་པར་འགྲུབ་ལ། ཉིན་བདུན་ལས་མི་བྱེད་ན་དངོས་གཞི་ཉིན་བཞི་བྱ་ཞིང་རྒྱན་བཀོད་གྲུབ་པའི་ནུབ་མོ་ནས་དངོས་གཞིའི་དབུ་ཚུགས་ཏེ་ཐུན་བཟུང་དགོས་སོ། །དེ་ལྟར་དཔལ་ཆེན་འདུས་པ་རྩ་བའི་སྒྲུབ་ཁོག་འདི་ཉིད་ལ་བརྟེན་ནས་རྩ་གསུམ་གཞན་ལའང་སྦྱར་དགོས་ན་རིག་འཛིན་འདུས་པ་དང༌། རྡོར་སེམས་མངོན་དགའི་ཞིང་སྦྱོང༌། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལྟ་བུ་ལ་སྔ་མ་ལས་ཟོར་ཡངས་ཙམ་བྱུང་ན་ལེགས་པས་ཐོག་མར་དེའི་ཆིངས་ནི་བདག་བསྐྱེད་བསྡུས་ཙམ་སྔོན་འགྲོའི་ས་ལྷ་ལས། གཉུག་མར་གནས་པ་ལ་གཏོར་མ་མེད་ཀྱང་རུང༌། སོ་སོའི་གཞུང་ལྟར་བགེགས་གཏོར་བཏང་བ་ལས་ཕུར་གདབ་སོགས་སྐབས་འདིར་མི་དགོས། རྒྱལ་ཆེན་བཞི་དང༌། དམ་སྲི་མནན་པ་ལས། སྒོ་བྱང་ནང་མ་དང༌། མ་ཏྲཾ་བསྒྲལ་བ་མི་དགོས། ཁྲོ་བཅུའི་ཕུར་གདབ། ཆག་ཆག་གདབ་པ། ལྷ་སྟ་གོན་རྣམས་བྱ་ཞིང་བུམ་པ་སྟ་གོན་མ་བྱས་ཀྱང་རུང༌། རྒྱན་བཀོད་སྐབས་དཔལ་ཆེན་སྒོས་ཀྱི་དབང་རྫས་དང་སྒྲུབ་རྫས་རྣམས་མི་དགོས། རིགས་འདུས་ལ་གུ་རུའི་སྐུ་ཚབ། རིག་འཛིན་སྲོག་འཁོར་དཔལ་གྱི་གདུ་བུ་དང༌། རྩ་རྒྱུད་ཐོད་པའི་དུམ་བུའི་གླེགས་བུ། རྡོ་རྗེ། ཐོད་པ་མཚན་ལྡན་སྨན་འབྲུ་བདུད་རྩི་སེལ་མེད་ཀྱིས་བཀང་བ། ཁ་ཊྭཱཾ་ག་མེ་ལོང༌། ཤེལ་རྡོ་རྣམས་དང༌། རྡོར་སེམས་ལ་གཞུང་མཐུན་གཙོ་བོ་དང༌། ཞི་ཁྲོའི་སྐུ། སྒྱུ་འཕྲུལ་རྩ་རྒྱུད་གླེགས་བམ། རྡོར་དྲིལ་དང་ཤེལ་རྡོ། རིལ་སྒྲུབ་དང་འབྲེལ་ན་རིལ་བུམ་བཅས་ཐུགས་རྗེ་ཆེན་པོ་ལ། སྒྲུབ་པའི་པྲ་ཁྲིད་ལས་འབྱུང་བ་ལྟར་གཙོ་བོ་དང༌། རིགས་བཞིའི་སེམས་མའི་སྒྲུབ་རྫས་རིལ་བུ། སྒྲོལ་མ་མཐོང་གྲོལ་འཁོར་ལོ་དང༌། སེམས་མ་བཞིའི་འཁོར་ལོ་སོགས་སྒྲུབ་རྫས་རིགས་དང༌། རལ་གྲི་བཞི། མདའ་བཞི། མེ་ལོང་བཞི། ཕུར་པ་བཞི་སོགས་སྤྱི་ལྟར་དང༌། ཐུན་མོང་རིགས་ལྔའི་དབང་རྫས་སོགས་འབྱོར་ན་ལེགས། མངའ་གསོལ་དང༌། རྟགས་གདབ། མཆེད་བསྲེ་བསྣན་ཀྱང་མི་དགོས། སྒྲུབ་པའི་དངོས་གཞིའི་ལས་བྱང་གཞུང་བསྲང་སྟེ། ཛཔ་ཁང་དབྱེ་བ་ལ། རིག་འཛིན་འདུས་པའི་སྐབས། [WP:6,168][WP:6,212][WP:12,241]་བི་ཤྭ་བི་ཤུདྡྷེ་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ྄་ཛཿ བདག་གི་ཐུགས་ཀ་ནས་ཡེ་ཤེས་པ་ལོགས་སུ་ཕྱེ་སྟེ་མདུན་གྱི་རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར། སྒྲུབ་ཆེན་གྱི་སྐབས་འདིར་སྒྲུབ་པའི་ཛཔ་དམིགས་གཙོ་བོར་བཏོན་དགོས་ཕྱིར། ལྷ་སྔགས་ཏིང་འཛིན་མན་ངག་གི་གནས་བཞིའི་ཟབ་གནད་གབ་བྱང་གནད་ཀྱི་མིག་ཚག་ལྟར་སྦྱོར་དགོས་པས་ལྷ་ཡེ་ཤེས་སེམས་དཔའ་གསལ་གདབ་པ་ནི། སྣང་སྲིད་ཟིལ་གནོན་ཐུགས་ཀ་རུ༔ རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོས༔ སྐུ་མདོག་བྱེ་རུ་སྣུམ་བསྐུས་ལྟར༔ གསལ་འཚེར་བཀྲག་དང་ལྡན་པ་ལ༔ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ༔ གཅེར་བུ་རུས་རྒྱན་ཐོར་ཚུགས་ཅན༔ རྡོ་རྗེ་དྲིལ་བུ་བསྣོལ་བའི་པང༔ རྣལ་འབྱོར་སྔོན་མོ་གྲི་ཐོད་ཅན༔ ཆ་ལུགས་ཡབ་འདྲ་གཉིས་ཀ་ཡང༔ ཤིན་ཏུ་ཆགས་པའི་ཉམས་འགྱུར་ཅན༔ ཟག་མེད་བདེ་བ་ཆེན་པོར་སྦྱོར༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ སོགས་བཟླས་དམིགས་མཐར། ཛཔ་བསྐུལ་ནི། ཧཱུྃ༔ བླ་མ་རྩ་གསུམ་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་ལུ་གུ་རྒྱུད༔ ཨཱཿལས་འཕྲོས་པས་སྟོང་གསུམ་འོད་ཀྱིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཞེས་རོལ་མོ་དང་བཅས་ཏེ་བསྙེན་པ་བཛྲ་གུ་རུ་བཟླས་ལ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་སོགས་ཀྱིས་སྟོང་ཚིག་ཕུལ། ཏིང་འཛིན་གབ་པ་སྒྲུབ་པ་དངོས་ཀྱི་དོ་ལིའི་བཟླས་དམིགས་ནི། ཐུགས་ཀའི་སྔགས་ཕྲེང་གཡས་བསྐོར་ལས༔ སྔགས་ཕྲེང་ལུ་གུ་རྒྱུད་དུ་འཕྲོས༔ ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན༔ ཡུམ་གྱི་ཞལ་ཞུགས་སྐུའི་དབྱིབས་བརྒྱུད༔ ཐུགས་ཀའི་བྃ་ལས་གཡོན་དུ་འཁོར༔ མཁའ་གསང་ནོར་བུའི་ལམ་བརྒྱུད་དེ༔ འགལ་མེ་ལྟ་བུར་འཁོར་བ་ཡིས༔ ཡབ་ཡུམ་བདེ་བ་ཆེན་པོའི་ཉམས༔ བཟོད་དུ་མེད་པར་འབར་བ་ལས༔ ཐུགས་ཀའི་འོད་ཟེར་ཀུན་ཏུ་འཕྲོས༔ གཙོ་དང་འཁོར་བཅས་ཐམས་ཅད་ཀྱང༔ བདེ་སྟོང་ཡེ་ཤེས་ཉམས་འུར་ནས༔ ཅང་ཏེའུ་དྲིལ་བུ་ཁྲོ་ལོ་ལོ༔ ཞལ་ནས་ཧཱུྃ་གླུ་ཀྱུ་རུ་རུ༔ དབྱིངས་རིག་དབྱེར་མེད་བྱང་ཆུབ་སེམས༔ རྩལ་སྣང་དག་པ་རབ་འབྱམས་ཀྱི༔ དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ལ༔ རིག་པ་གཡོ་མེད་གཏད་ལ་བཞག༔ སྔགས་གབ་པ་རིག་འཛིན་སྲོག་སྒྲུབ་ཀྱི་སྙིང་པོ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་པ་ལ་བཟླས་པའི་དངོས་གཞི་བྱས་ལ། སྟོང་ཚིག་ཕུལ། ཐུན་གཤམ་དུ། ཧྲཱིཿ ཚེ་དབང་རིག་འཛིན་པདྨ་འབྱུང༔ སོགས་ཚེ་ཛཔ་དང༌། ཚེ་འགུགས་བཅས་སྦྱར་བ་དང༌། བདག་འཇུག་ནི་ཟུར་དུ་ཤེས། འབྲས་བུ་རིག་འཛིན་བཞི་དང་ས་བཅུའི་བགྲོད་ཚུལ་གབ་པ་གཞན་དུ་འཆད་པར་འདོད་དོ། ༈ རྡོར་སེམས་ལ་ཛཔ་དབྱེ་བ་དང་ཛཔ་བསྐུལ་མི་དགོས། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལ། རྩ་སྔགས་ཡི་གེ་དྲུག་པ་ལ་ཛཔ་ཁང་དབྱེ་བའི་སྔགས་སྦྱོར་བས་བདག་མདུན་མེ་རི་འདབས་འབྱོར་དུ་བསྒོམས་པ་ལ་བཟླས་དམིགས་ལས་བྱང་ལྟར་དང༌། ཧཱུྃ༔ འགྲོ་འདུལ་འཕགས་མཆོག་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་ལུ་གུ་རྒྱུད༔ ཨཱཿལས་འཕྲོས་པས་སྟོང་གསུམ་འོད་ཀྱིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཞེས་ཁ་བསྒྱུར་བཅས་ཛཔ་བསྐུལ་ཀྱང་བྱ། ཁྱད་པར་སྒྲུབ་པའི་དམིགས་པ་ནི། བདག་བསྐྱེད་ཐུགས་ལས་འོད་ཟེར་དཀར༔ བ་ཐག་འཛིངས་པ་ལྟ་བུ་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་ཀར་ཕོག༔ བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་བསྐུལ༔ ཀུན་ཀྱང་ཡི་གེ་དྲུག་མའི་སྒྲ༔ བུང་བའི་ཚང་ལྟར་སྒྲོགས་པ་ལ༔ འོད་ཟེར་དྲྭ་བས་སྟོང་གསུམ་ཁེངས༔ སྲིད་རྩེ་མནར་མེད་ཡན་ཆད་ཀྱི༔ རང་རང་ལས་དང་སྡུག་བསྔལ་ཀུན༔ ཉི་མས་བ་མོ་ཞུ་བཞིན་སྦྱངས༔ སྣོད་བཅུད་འབྱུང་ལྔའི་དུག་གཞིལ་ཏེ༔ སྣོད་ཀྱི་འཇིག་རྟེན་གཞལ་མེད་ཁང༔ བཅུད་ཀྱི་སེམས་ཅན་སྲིན་བུ་ཡན༔ འཕགས་པའི་སྐུ་རུ་ཀྲོང་གིས་གྱུར༔ སྒྲར་གྲགས་ཡི་གེ་དྲུག་མའི་གདངས༔ དྲན་རྟོག་འོད་གསལ་བྱང་ཆུབ་སེམས༔ འཁོར་འདས་མཉམ་ཉིད་ཀློང་ནས་བཟླ༔ ཞེས་དམིགས་ལ་ཡིག་དྲུག་དབྱངས་དང་བཅས་ཏེ་བཟླ། ༈ ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་མྱོང་གྲོལ་རིལ་བུ་སྒྲུབ་པའི་སྐབས་རྩ་བའི་དམིགས་བཟླས་ནི། [WP:6,168][WP:6,212][WP:12,241]་བི་ཤྭ་བི་ཤུདྡྷེ་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ྄་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་བྱེ༔ མདུན་གྱི་རྟེན་དང་དབྱེར་མེད་ངང༔ བུམ་པ་ལྷ་ཡི་གཞལ་ཡས་ཁང༔ རིལ་བུ་ལྷ་ཡི་ཕྱག་རྒྱ་གསལ༔ འགྲོ་ཀུན་འཕགས་པའི་གོ་འཕང་ལ༔ འགོད་འདོད་བཅོས་མིན་བྱང་ཆུབ་སེམས༔ དཔའ་བར་འགྲོ་བའི་ཏིང་འཛིན་གྱིས༔ བདག་བསྐྱེད་ཐུགས་ལས་འོད་ཟེར་དཀར༔ བ་ཐག་འཛིངས་པ་ལྟ་བུར་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་ཀར་ཕོག༔ བྱང་ཆུབ་སེམས་ཀྱི་ཐུགས་རྒྱུས་བསྐུལ༔ ཀུན་ཀྱང་ཡི་གེ་དྲུག་མའི་སྒྲ༔ བུང་བའི་ཚང་ལྟར་སྒྲོགས་པ་ལས༔ འོད་ཟེར་དྲྭབས་སྟོང་གསུམ་ཁེངས༔ སྲིད་རྩེ་མནར་མེད་ཡན་ཆད་ཀྱིས༔ རང་རང་ལས་དང་སྡུག་བསྔལ་ཀུན༔ ཉི་མས་བ་མོ་བཞུ་བཞིན་སྦྱངས༔ སྣོད་བཅུད་འབྱུང་ལྔའི་དུག་གཞིལ་ཏེ༔ སྣོད་ཀྱིས་འཇིག་རྟེན་གཞལ་མེད་ཁང༔ བཅུད་ཀྱི་སེམས་ཅན་སྲིན་བུ་ཡན༔ འཕགས་པའི་སྐུ་རུ་ཀྲོང་གིས་གྱུར༔ སྒྲར་གྲགས་ཡི་གེ་དྲུག་མའི་གདང༔ དྲན་རྟོག་འོད་གསལ་བྱང་ཆུབ་སེམས༔ འཁོར་འདས་མཉམ་པ་ཉིད་ཀྱི་ཀློང༔ གསལ་སྒྲིབ་མེད་པའི་ངང་ནས་བཟླ༔ ཞེས་གསལ་བཏབ་ལ། གཟུངས་ཐག་ནས་བཟུང་སྟེ་ཡི་གེ་བདུན་པ་ཁོ་ན་ཇི་ལྟར་ནུས་པ་དང༌། ཐུན་གྱི་མཇུག་ཏུ་སེམས་མ་བཞིའི་སྔགས་ཀྱང་ཅུང་ཟད་རེ་བཟླའོ། །སྐབས་འདིར་རིགས་བཞིའི་སེམས་མ་སོ་སོའི་ཛཔ་བསྐུལ་སྦྱར་བར་སྤྲོ་ན། ཚེ་སྦྱིན་འཕགས་མ་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་ལུ་གུ་རྒྱུད༔ ཨཱཿལས་འཕྲོས་པས་སྟོང་གསུམ་འོད་ཀྱིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཞེས་དང༌། སྒྲོལ་དཀར་ཚེ་ཛབ། སྟོང་ཚིག །འོད་ཟེར་ཅན་མ་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་ལུ་གུ་རྒྱུད༔ ཨཱཿལས་འཕྲོས་པས་སྟོང་གསུམ་འོད་ཀྱིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཞེས་དང་འོད་ཟེར་ཅན་མའི་རྒྱས་ཛབ། སྟོང་ཚིག །དབང་མཛད་རིགས་བྱེད་ལོངས་སྤྱོད་རྫོགས་པའི་སྐུ༔ སོགས་དང༌། ཀུ་རུ་ཀུལླེའི་དབང་ཛབ། སྟོང་ཚིག །ནོར་རྒྱུན་ལྷ་མོ་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་ལུ་གུ་རྒྱུད༔ ཨཱཿལས་འཕྲོས་པས་སྟོང་གསུམ་འོད་ཀྱིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཞེས་སོགས་དང༌། ནོར་རྒྱུན་མའི་འདོད་འབྱུང་གི་ཛཔ་བཅས་བཟླ་ཞིང་སོ་སོར་སྟོང་ཚིག་ཕུལ། སེམས་མ་སོ་སོའི་རིལ་སྒྲུབ་མེད་ན་དང༌། ཕྱི་ཐུན་ལྟ་བུར། རིགས་བཞིའི་སེམས་མ་ལོངས་སྤྱོད་རྫོགས་པའི་སྐུ༔ སོགས་སྤྱི་དྲིལ་དུ་བྱས་ཀྱང་རུང་ཞིང༌། གང་ལྟར་ཡང་བདག་འཇུག་ནི་ཀུན་མཁྱེན་ཉིད་ཀྱི་གསུང་ལྟར་དང༌། ཕྱག་ལེན་ཞིབ་པ་སྒྲུབ་པའི་པྲ་ཁྲིད་དམར་བྱང་གནད་ཡིག་དང༌། ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་ཟིན་བྲིས་ལྟར་ཤེས་པར་བྱ་དགོས་སོ། །རྗེས་ཀྱི་ལས་རིམ་དང༌། ཐུན་བཟུང་ཚུལ་སོགས་སྒྲུབ་ཁོག་དཀྱུས་ལྟར་རོ། །ཁྲག་འཐུང་རིགས་བཞི་དང༌། ཞི་ཁྲོ་ངན་སོང་སྦྱོངས་པ་སོགས་ལ་སྒྲུབ་ཆེན་གྱི་ཁོག་ཕུབ་དཔལ་ཆེན་ལྟར་བྱ་དགོས་ཤིང༌། སྒྲུབ་རྫས་གཤིན་རྗེ་ལ་བེ་ཅོན་དང་འཁོར་ལོ་བམ། རྟ་མགྲིན་ལ་ཕུར་པ། ཡང་དག་ལ་ཐོད་པ་དགུར་ཞུན་ཆེན་གྱི་མར་མེ། ཕུར་པ་ལ་ཕུར་བུ་ལྷ་གྲངས་དང༌། བསྡུ་ན་གཙོ་ཕུར་ཙམ་དམིགས་བསལ་རང་གཞུང་དུ་གསུངས་པ་ལྟར་ལ། གཞན་རྣམས་ལ་སྤྱི་ཙམ་དུ་ཡང་དག་ལ། གཙོ་འཁོར་དགུ་གའམ། གཙོ་རྐྱང་ཐོད་སྐུའི་མཚོན་གཞུང་མཐུན་གྱི་སྐུ་བྲིས་འབུར། རྒྱུད་དམ་སྒྲུབ་གཞུང་གི་པུསྟིའམ། སྔགས་བྱང༌། རྡོ་རྗེ་སོགས་སོ་སོའི་ཕྱག་མཚན། ཤེལ་རྡོ་རྣམས་ལ་བསྟེན་དགོས་སོ། །གཤིན་རྗེའི་བཟླས་པ་ལ་བསྙེན་སྒྲུབ་གཉིས་ལས། དང་པོ་ནི། ཡ་མའི་ཐུགས་ཀའི་ཉི་སྟེང་ཧཱུྃ༔ སྐྱེ་བ་མེད་པའི་ཡེ་ཤེས་ཀྱི༔ རྣམ་པའི་གཟུགས་བརྙན་ཡི་གེས་བསྐོར༔ ངོ་བོ་ལྷ་ཡི་སྐུ་རུ་བཤད༔ ཨེ་ཀ་ཡ་མ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ྄༔ ཨེ་ནི་ཕྱག་རྒྱ་ཟིལ་གནོན་སྟེ༔ ཀ་ནི་ཚེ་བདག་ནག་པོར་རྫོགས༔ ཡ་ནི་ཡ་མ་རཱ་ཛ་སྟེ༔ མ་ནི་རྡོ་རྗེ་ཁྲོས་མའོ༔ ཧེ་ནི་བྱ་ཁྱུང་རྒྱལ་པོ་སྟེ༔ དུན་ནི་ལས་ཀྱི་འཆི་བདག་གོ༔ སྙིང་ནི་ཁྱུང་མོ་རྣམ་གཉིས་ཏེ༔ ཁྲག་ནི་དྲེགས་པ་འཇོམས་བྱེད་དོ༔ ར་ནི་ཞེ་སྡང་སྦྲུལ་ནག་སྟེ༔ མ་ནི་བདུད་མོ་ཁྲག་རལ་ཅན༔ ཙ་ནི་སྲོག་བདག་རུས་སྦལ་རྔམས༔ ཡ་ནི་སྲོག་བདག་ལས་གཤིན་ཚོགས༔ མི་འགྱུར་རྩ་བའི་སྙིང་པོར་བཤད༔ ཅེས་ལྷ་སྔགས་དབྱེར་མེད་ཀྱི་དོན་ལ་གསལ་སྣང་བསྒྲུབས་ཏེ་ཛཔ་བསྐུལ་ནི། ཧཱུྃ༔ མཐིང་ནག་ཨེ་དབྱིངས་འབར་བའི་དཀྱིལ་འཁོར་ན༔ ཆུ་གླང་མ་ཧེ་བསྣོལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ སྦྱོར་ཡུམ་བཻ་ཏ་སྒྲོལ་ཡུམ་རལ་གཅིག་མ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛབ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ྄་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་སྒོམ༔ མ་གྲུབ་བར་དུ་མི་བཏང་ངོ༔ ཨེ་ཀ་ཡ་མ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ྄༔ ཅེས་བཟླ། གཉིས་པ་སྒྲུབ་པ་ནི། རང་རང་སྔགས་ཀྱི་ཡིག་འབྲུ་ལས༔ སྔགས་ཕྲེང་ལུ་གུ་རྒྱུད་དུ་ཐོན༔ ཡབ་ཡུམ་ཞལ་ནས་ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་ནས༔ རྡོ་རྗེ་ནོར་བུའི་ལམ་ཞུགས་ཏེ༔ ཐུགས་སྲོག་ཧཱུྃ་ལ་ཐིམ་ཞིང་འཁོར༔ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་ཐུགས་དམ་བསྐུལ༔ དངོས་གྲུབ་གྲུབ་པས་བདག་བྱིན་བརླབས༔ ཡང་འཕྲོས་བརྟན་གཡོ་ཐ་མལ་པའི༔ སྣང་ཞེན་དག་པའི་སྣོད་དང་བཅུད༔ ལྷ་དང་གཞལ་ཡས་རོལ་པར་ཤར༔ ཞེས་དམིགས་ལ་སྔགས་སྔ་མ་བཟླ། སྒྲུབ་ཆེན་གྱི་སྐབས་དམིགས་པ་ཕྱི་མ་གཙོ་བོར་བྱེད་དགོས་པར་གསུངས་སོ། །རྟ་མགྲིན་གྱི་ཛཔ་དགོངས་ནི། ཐུགས་ཀར་རྒྱལ་བ་ཀུན་གྱི་ཡུམ༔ པདྨ་གཟི་ལྡན་ཞི་མ་ཁྲོ༔ ཕྱག་མཚན་ཕྱག་གཡས་པ་སྟེང་དང་གཡོན་པ་འོག་ཏུ་བྱས་པའི་སྡིག་མཛུབ་སྙིང་གར་སྤྲད་པ། མཆན། མེད་དེ་འཛིན་འཛིན་འདྲའི༔ སྙིང་ག་རིན་ཆེན་ཟུར་བརྒྱད་སྟེང༔ ཉི་མའི་གདན་ལ་ཧྲཱིཿཡིག་མཐར༔ ཨོཾ་ནི་པདྨ་ཧེ་རུ་ཀ༔ ཧུ་ལུ་ཧུ་ལུ་ཡུམ་ཆེན་བཞི༔ ཕཊ྄་ནི་ཁམ་རྒྱ་མ་དྲུག་གོ༔ ཨེ་དང་ཨ་ནི་ལོང་བ་སྟེ༔ ར་དང་ལི་ནི་དམུས་ལོང་སྟེ༔ ཧཱུྃ་ནི་ཁྲོ་བོ་མགོ་བརྩེགས་བཞི༔ ཧྲཱིཿནི་ཟ་བྱེད་སྤྱང་ཀི་བརྒྱད༔ ཛཿནི་ཁྱི་བརྒྱད་རྔམས་པའི་ཚོགས༔ ངོ་བོ་ལྷ་ཡི་སྐུ་རུ་བཤད༔ ཡབ་ཡུམ་ཞལ་དང་མཁའ་གསང་བརྒྱུད༔ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་ཐུགས་དམ་བསྐུལ༔ མ་མོ་མཁའ་འགྲོ་ལས་ལ་འགྱེད༔ དངོས་གྲུབ་ནུས་པས་བདག་བྱིན་རླབས༔ ཡང་འཕྲོས་བརྟན་གཡོ་ཐ་མལ་པའི༔ སྣང་ཞེན་དག་པའི་སྣོད་དང་བཅུད༔ ལྷ་དང་གཞལ་ཡས་རོལ་པར་ཤར༔ ཞེས་བསྙེན་སྒྲུབ་དབྱེར་མེད་ཀྱི་བཟླས་པ་དང༌། ཛཔ་བསྐུལ་ནི། ཧཱུྃཿ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ན༔ གདུག་པ་ཀླུ་རྒྱལ་ཕོ་མོའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླའི་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་རྒྱལ་པོ་དང༔ ཡུམ་ཆེན་ཁྲོ་མོ་པདྨ་གཟི་ལྡན་མ༔ བཀའ་ཉན་ཕོ་ཉ་སྤྲུལ་པའི་ཚོགས་དང་བཅས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ྄་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་སྒོམ༔ མ་གྲུབ་བར་དུ་མི་བཏང་ངོ༔ ཨོཾ་ཧུ་ལུ་ཧུ་ལུ་ཕཊ྄་ཨེ་ཨ་ར་ལི་ཧཱུྃ་ཧྲཱིཿཛཿ ཞེས་བཟླའོ། །ཡང་དག་གི་ཛཔ་དགོངས་ནི། ཧཱུྃ༔ དཔལ་ཆེན་བཛྲ་ཧེ་རུ་ཀ༔ ཀླད་པ། དུང་ཁང་དཀར་པོའི་གཞལ་ཡས་ཁང༔ ཟླ་གདན་ཨོཾ་དཀར་པོ་ལ་རུ་ལུ་གསེར་ཕྲེང་ལྟ་བུ། མགྲིན་པར་པདྨའི་གསང་ཆེན་ལ༔ སྟེང་ཨཱཿདམར་པོ་ལ་རུ་ལུ་དམར་གསལ། ཐུགས་ཀར་གསང་བའི་དཀྱིལ་འཁོར་དུ༔ ཉི་གདན་ཧཱུྃ་སྔོན་ལ་རུ་ལུ་སྔོ་ནག་ལྕགས་ཞུན་འཐོར་བ་ལྟ་བུ། རང་སེམས་བྱང་ཆུབ་འབྲུ་བརྒྱད་ཉིད༔ རུ་ལུ་གསེར་ཕྲེང་རིན་པོ་ཆེ༔ གསེར་གྱི་བ་ཐག་འཛིང་བ་དང༔ འགལ་མེ་ཀླད་ལ་བསྐོར་བ་དང༔ ལྕགས་ཀྱི་ཚྭ་ཚྭ་གཏམས་པ་ལྟར༔ ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ༔ ཡེ་ཤེས་ལྷ་ལ་བསྙེན་པ་ཕུལ༔ སླར་འདུས་ཐུགས་ཀའི་དཔལ་བེར་ཐིམ༔ གཽ་རི་ལ་སོགས་བརྒྱད་རྣམས་ལ༔ དཔལ་བེའུ་རིན་ཆེན་ཟུར་བརྒྱད་སྟེང༔ རུ་ལུ་ལྷ་མོ་བརྒྱད་ཀྱི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་ལ་རུ་ལུའི་ཡི་གེ་མདུན་ནས་བརྩམས་ཏེ་འབྲུ་རེ་དང༌། དབུས་ན་སོ་སོའི་མིང་ཡིག་ཐིག་ལེའི་མཚན་པ་ལ་སེམས་འཛིན་གསུངས། འབྲུ་བརྒྱད་འཕྲོ་ཞིང་འདུ༔ དངོས་གྲུབ་མཆོག་གི་གཏེར་དུ་བསམ༔ ཛབ྄་བསྐུལ་ནི། ཧཱུྃ༔ ཟླ་གམ་སྒོ་གཅིག་དབང་གི་དཀྱིལ་འཁོར་ནས༔ དྲེགས་པ་རུ་ཏྲ་བསྣོལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ གཉིས་མེད་ཡུམ་མཆོག་ཀྲོ་དྷཱི་ཤྭ་རི་མ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ྄་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་སྒོམ༔ མ་གྲུབ་བར་མི་བཏང་ངོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླའོ། །ཕུར་པ་ལ། ཛཔ་དགོངས་ནི། ཧཱུྃ༔ ཐུགས་ཀ་དཔལ་གྱི་བེའུའི་དཀྱིལ་འཁོར་ནས༔ སྒོ་གཅིག་རིན་ཆེན་གཞལ་ཡས་ཁང༔ བདེ་སྟོང་དབྱེར་མེད་ངང་ཉིད་ལས༔ ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར༔ པདྨ་ཟླ་བའི་གདན་ལ་བཞུགས༔ སྐྱོན་གྱིས་མ་གོས་གཏི་མུག་སེལ༔ ཡབ་ཡུམ་གཉིས་མེད་ཟག་མེད་སྐུ༔ སྐུ་མདོག་དཀར་གསལ་རྣམ་དག་དབྱིངས༔ རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས༔ ཤེས་རབ་བྱང་ཆུབ་སེམས་དང་ལྡན༔ རྟོག་མེད་མི་འགྱུར་སྐྱིལ་ཀྲུང་བཞུགས༔ མཁའ་དབྱིངས་བདེ་ཆེན་སྐུ་ལ་བསྟོད༔ ཡབ་ཡུམ་ཞལ་དང་མཁའ་གསང་བརྒྱུད༔ དོ་ལིའི་ཁྱད་པར་སྔགས་ཕྲེང་དབུས་རྭ་ནས་ཐོན། དམ་ཚིག་སེམས་དཔའི་ཤངས་བུག་གཡས་པ་བརྒྱུད། མདུན་བསྐྱེད་ཀྱི་ཤངས་བུག་གཡོན་པ་ནས་རིམ་པར་ཤངས་གཡས། དེ་ནས་རང་གི་སྣ་བུག་གཡོན་ནས་འཇུག་པའི་ཁྱད་པར་རོ། མཆན། བདེ་བ་ཆེན་པོའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་ཐུགས་དམ་བསྐུལ༔ དངོས་གྲུབ་སྒྲུབ་པས་བདག་བྱིན་རླབས༔ ཡང་འཕྲོས་བརྟན་གཡོ་ཐ་མལ་པའི༔ སྣང་ཞེན་དག་པའི་སྣོད་དང་བཅུད༔ ལྷ་དང་གཞལ་ཡས་རོལ་པར་ཤར༔ ཛཔ་བསྐུལ་ནི། ཧཱུྃ༔ ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ མ་ཧཱ་དེ་ཝ་ལྷ་ཆེན་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ཨེ་ཀ་ཙ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ྄་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་སྒོམ༔ མ་གྲུབ་བར་དུ་མི་བཏང་ངོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་བིགྣཱན་བྃ་ཧཱུྃ་ཕཊ྄༔ ཞེས་བཟླ། སྒྲུབ་པའི་སྐབས་དོ་ལིའི་དམིགས་པ་གཙོ་བོར་བྱ་གསུངས། རྡོ་རྗེ་ཕུར་པ་ལ་སྨད་ལས་དང་སྦྱར་བའི་སྒྲུབ་ཆེན་ནི་ཡི་གེ་ཉུང་ངུས་མཚོན་མི་ནུས་པས་ཕུར་པ་རྒྱུད་ལུགས་སོགས་ལས་ཤེས་དགོས་སོ། །ཁྲག་འཐུང་རིགས་བཞིའི་ལས་བྱང་གི་བཟླས་དམིགས་གཏེར་གཞུང་ཞལ་གསལ་མེད་པ་བསྙེན་ཡིག་ཀུན་མཁྱེན་གསུང་གོ་བསྡུར་གྱིས་ཁྲིགས་བསྡེབས་བྱས་ཏེ་བཀོད་པའོ། །ཞི་ཁྲོ་ངན་སོང་སྦྱོང་བ་ལ། ཛཔ་བསྐུལ་སྦྱར་བ་སྤྲོ་ན། ཞི་བ་ལ་ཛཔ་དམིགས་རྗེས། ཧཱུྃ༔ འོག་མིན་ཡེ་ཤེས་རང་སྣང་དཀྱིལ་འཁོར་གཙོ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ ཀུན་བཟང་བདེ་གཤེགས་ཞི་བ་བཞི་བཅུ་གཉིས༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར༔ ཞི་ཞིང་ཕྲ་ལ་བརྟག་དཀའ་བ༔ སྐུ་ལ་ཞི་བའི་ཆས་དགུ་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་མི་འགྱུར་ཡེ་ཤེས་སེམས༔ ཛཔ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཨ་ལས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏོང་ངོ༔ ཞེས་བསྐུལ་ཏེ་བོ་དྷི་ཙིཏྟ་བཟླ། སྟོང་ཚིག་ཕུལ། ཁྲོ་བོ་ལ་ཛཔ་དམིགས་སྔོན་དུ་འགྲོ་བས། ཧཱུྃ༔ བདེ་གཤེགས་ཞི་བའི་སྟེང་ཕྱོགས་དཀྱིལ་འཁོར་ན༔ ལྷ་ཀླུ་ལ་སོགས་སོ་སོའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ ཁྲག་འཐུང་ལྔ་བཅུའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ྄་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏོང་ངོ༔ ཞེས་དང་རུ་ལུ་བཟླ་ཞིང་ལས་སྦྱོར་ནི་དཀྱུས་ལྟར་རོ། །འདིར་ལམ་ངེས་རྫོགས་ཀྱི་དབང་དུ་ཟག་བཅས་ལམ་གྱི་རྣལ་འབྱོར་ལྔས་ཞི་བའི་ཚོགས་སྒྲུབ་ཀྱིས་རབ་ཟླ་བ་དྲུག་དང༌། ཐ་མས་ལོ་གཅིག་ཟླ་བ་བཞི་དང༌། ཁྲོ་བོས་རབ་ཟླ་བ་གཉིས། ཐ་མས་དྲུག་སོགས་དུས་ངེས་པ་ཅན་ན་ཕྲ་ཡང་སོགས་ཀྱི་ཡོན་ཏན་དང་ལྡན་པའི་རིག་འཛིན་གྱི་ལུས་འདོད་གཟུགས་གང་རུང་གི་ལྷ་དང་རྗེས་སུ་མཐུན་པ་ཐོབ་སྟེ་མཁའ་འགྲོའི་ཞིང་སོགས་ཉུལ་ཏེ་དཔའ་བོ་ཊཱ་ཀིའི་འདུ་བ་ལྷན་ཅིག་རྫོགས་རིམ་ལ་བསྟེན་ནས་ལམ་ལྔ་མཐར་དབྱུང་བའི་མྱུར་ལམ་རྨད་དུ་བྱུང་བ་ནི་ཚོགས་སྒྲུབ་མཚན་ཉིད་པ་སྟེ། དེང་སང་དུས་ཀྱིས་དབང་གིས་དེ་ཙམ་མ་བྱུང་ཏང་བསྐྱེད་རྫོགས་ཀྱི་དྲོད་ཅི་རིགས་ཐོབ་པའི་རྣལ་འབྱོར་དམ་གཙང་སེལ་མེད་ཀྱི་འདུ་པས་ཚོགས་སྒྲུབ་རྗེས་མཐུན་ལའང་དགོས་གནད་ཕན་ཡོན་རྒྱ་ཆེར་གསུངས་ཏེ་དཔལ་ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུངས་ལས། གཞན་ཡང་འདི་ཡི་སྒྲུབ་མཆོད་ཙམ༔ གང་དུ་བགྱིས་པའི་ས་ཕྱོགས་དེར༔ རྡོ་རྗེའི་ཡེ་ཤེས་ཕབ་པའི་མཐུས༔ པདྨ་འོད་ཀྱི་ཞིང་དང་མཚུངས༔ ནད་མུག་འཁྲུགས་རྩོད་ཀུན་ཞི་ཞིང༔ ཆར་ཆུ་དུས་བབ་ལོ་ཕྱུགས་ལེགས༔ ཀུན་ཀྱང་བདེ་སྐྱིད་ལྡན་པར་འགྱུར༔ བསླུ་མེད་ཡིན་ནོ་ཐེ་ཚོམ་སྤོངས༔ ངེས་པར་བསམ་པ་ལྷུན་གྱིས་འགྲུབ༔ ཅེས་དང༌། འདི་ཉིད་སྒྲུབ་པའི་རྣལ་འབྱོར་ལ༔ རིག་འཛིན་རྒྱལ་བས་བྱིན་གྱིས་རློབ༔ མ་དང་ཌཱ་ཀིའི་ལུང་ཡང་སྟོན༔ ཕྱི་མ་རྔ་ཡབ་དཔལ་གྱི་རིར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ ཞེས་དང༌། ཡིད་གཉིས་ཐེ་ཚོམ་མེད་པར་མོས་བྱེད་ཅིང༔ སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང༔ ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན༔ ཨོ་རྒྱན་ང་ཡིས་ཕྱི་རབས་འགྲོ་བ་བསླུས༔ ཞེས་སོགས་ཡང་ཡང་གསུངས་ཤིང༌། གང་ཟག་གཅིག་གིས་ལོ་བཅུ་གཉིས་སུ་བསྒྲུབས་པ་བས་རྣལ་འབྱོར་པའི་ཚོགས་སྒྲུབ་ལན་གཅིག་གི་ཕན་ཡོན་ཆེ་བར་གསུངས་པས་མཐོང་ཐོས་དྲན་རེག་ཙམ་གྱི་སྐལ་པ་དང་འཚམས་པའི་རིག་འཛིན་བཞིའི་ས་ལ་དབྱུགས་དབྱུང༌། རྩེ་གཅིག་མོས་ཤིང་བརྩོན་པས་ཕྲིན་ལས་བཞི་དང༌།མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་གསེང་ལམ་རྨད་དུ་བྱུང་བ་ཡིན་པས་ན་སྐལ་བཟང་དག་གིས་ཅི་ནུས་སུ་བརྩོན་པས་ཉམས་སུ་ལེན་པར་བྱ་དགོས་སོ། །འཕགས་བོད་ལྗོངས་སུ་རྡོ་རྗེའི་རིག་འཛིན་གྱིས། །སྣོད་བཅུད་བདེ་བ་ཆེན་པོའི་ཡེ་ཤེས་སུ། །ཤར་བས་འབྲེལ་ཚད་ཧེ་རུ་ཀ་ཆེན་པོའི། །གོ་འཕང་སྦྱོར་བའི་ཕྲིན་ལས་འདི་རྨད་བྱུང༌། །དེ་ཚུལ་ཡིད་རབ་དྭངས་པའི་ཉེར་ལེན་གྱིས། །བཀའ་གཏེར་བརྒྱུད་པའི་ཕྱག་བཞེས་མན་ངག་ལྟར། །འཇུག་བདེའི་ཚུལ་དུ་དད་དང་ལྷག་བསམ་གྱིས། །སྦྱར་བས་སྐལ་མཉམ་ཀུན་དགའི་བཙས་གྱུར་ཅིག །དབྱིངས་སྣང་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་གར། །སྣོད་བཅུད་འོག་མིན་རྡོ་རྗེའི་ཞིང་ཆེན་པོར༔ ཚོམ་བུ་དང་བཅས་མངོན་པར་སངས་རྒྱས་པའི། །དགེ་མཚན་སྣང་བ་འཕེལ་རྒྱས་གསལ་གྱུར་ཅིག །ཅེས་ཀློང་ཆེན་སྙིང་གི་ཐིག་ལེའི་ཐུགས་སྒྲུབ་དཔལ་ཆེན་འདུས་པ་གཙོ་བོར་གྱུར་པའི་རྩ་གསུམ་སྤྱི་བྱེ་བྲག་གང་ལའང་སྦྱར་དུ་རུང་བའི་སྒྲུབ་ཁོག་འཇུག་བདེ་ཁྲིགས་སུ་བསྡེབས་པ་འདིའང༌། ཀུན་མཁྱེན་མཆོག་གི་རྡོ་རྗེའི་གསུང་སྒྲུབ་ཁོག་རིན་པོ་ཆེའི་ཟ་མ་ཏོག་སྐུ་ན་སྨིན་པའི་སྐབས་སུ་མཛད་པས་ལས་འགྲིགས་ཀྱི་ཟིན་ཐོ་ཙམ་ལས་མི་བཞུགས་པས་རང་གཞན་ལམ་འདིར་འཇུག་འདོད་ཀུན་ལ་ཕན་པའི་ལྷག་བསམ་གྱིས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ཆོས་རྒྱལ་སྡེ་དགེའི་རྒྱལ་ཁབ་ཀྱི་དབང་ཕྱོགས་ལྡན་ལྗོངས་གཡུ་ལོ་བཀོད་པའི་དགའ་ཚལ་གྱི་བྱེ་བྲག །གསེར་ཆུ་འབྲི་ཀླུང་གི་དལ་འབབ་ཀྱི་གཡས་ཟུར་གོ་ཐི་བཀྲ་ཤིས་དཔལ་འབར་གླིང་གི་དབེན་པའི་གནས་ཀུན་མཁྱེན་བླ་མ་འཇམ་པའི་རྡོ་རྗེ་མི་ཕམ་རིན་པོ་ཆེ་འོད་གསལ་གདོད་མའི་ནང་དབྱིངས་སུ་བྱང་ཆུབ་པའི་མཛད་པ་བསྟན་པའི་གནས་མཆོག་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་བསྙེན་མཚམས་ལ་གནས་པའི་སྐབས་བྲིས་པ་ལ་ཡི་གེ་བ་ནི་མདོ་སྨད་རིག་པའི་འབྱུང་གནས་ཀྱི་སྔགས་བན་འཇིགས་མེད་སྐལ་བཟང་རྡོ་རྗེ་དབང་དྲག་ནུས་ལྡན་རྩལ་གྱིས་བགྱིས་པ་འདིས་ཀྱང་འགྲོ་ཀུན་དངོས་གྲུབ་མཆོག་གི་སྣང་བ་ལ་དགའ་མགུར་རྩེན་པས་རིག་འཛིན་རྣམ་པ་བཞིའི་གསེང་ལམ་ཉི་ཟླའི་བགྲོད་པ་ལས་མྱུར་བས་སྐུ་བཞིའི་གྲོང་ཁྱེར་མཆོག་ཏུ་རྟེན་འདིར་སྤྱོད་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་དཱ་ཤྲཱི་ཡེ་བྷ་ཝཱ་ཏུ།}} | ||
</onlyinclude> | </onlyinclude> |
Latest revision as of 08:03, 1 June 2024
Wylie title | klong chen snying gi thig le'i rtsa ba gsum gyi spros bcas sgrub mchod rgyas pa'i khog phub grub gnyis 'dod dgu'i rol mtsho | |
---|---|---|
Location | dil mgo mkhyen brtse bka' 'bum Volume 6, Text 13, Pages 60-110 (Folios 1a to 51a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇིགས་མེད་གླིང་པ་ ('jigs med gling pa) | |
Citation | Khyentse, Dilgo. Klong chen snying gi thig le'i rtsa ba gsum gyi spros bcas sgrub mchod rgyas pa'i khog phub grub gnyis 'dod dgu'i rol mtsho. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 6: 60-110. Delhi: Shechen Publications, 1994. | |
Genre | Offering Rituals - mchod sbyin · Structural Arrangement for Ritual Practice - sgrub khog | |
Cycle | ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le) | |
Colophon |
།ཅེས་ཀློང་ཆེན་སྙིང་གི་ཐིག་ལེའི་ཐུགས་སྒྲུབ་དཔལ་ཆེན་འདུས་པ་གཙོ་བོར་གྱུར་པའི་རྩ་གསུམ་སྤྱི་བྱེ་བྲག་གང་ལའང་སྦྱར་དུ་རུང་བའི་སྒྲུབ་ཁོག་འཇུག་བདེ་ཁྲིགས་སུ་བསྡེབས་པ་འདིའང༌། ཀུན་མཁྱེན་མཆོག་གི་རྡོ་རྗེའི་གསུང་སྒྲུབ་ཁོག་རིན་པོ་ཆེའི་ཟ་མ་ཏོག་སྐུ་ན་སྨིན་པའི་སྐབས་སུ་མཛད་པས་ལས་འགྲིགས་ཀྱི་ཟིན་ཐོ་ཙམ་ལས་མི་བཞུགས་པས་རང་གཞན་ལམ་འདིར་འཇུག་འདོད་ཀུན་ལ་ཕན་པའི་ལྷག་བསམ་གྱིས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ཆོས་རྒྱལ་སྡེ་དགེའི་རྒྱལ་ཁབ་ཀྱི་དབང་ཕྱོགས་ལྡན་ལྗོངས་གཡུ་ལོ་བཀོད་པའི་དགའ་ཚལ་གྱི་བྱེ་བྲག །གསེར་ཆུ་འབྲི་ཀླུང་གི་དལ་འབབ་ཀྱི་གཡས་ཟུར་གོ་ཐི་བཀྲ་ཤིས་དཔལ་འབར་གླིང་གི་དབེན་པའི་གནས་ཀུན་མཁྱེན་བླ་མ་འཇམ་པའི་རྡོ་རྗེ་མི་ཕམ་རིན་པོ་ཆེ་འོད་གསལ་གདོད་མའི་ནང་དབྱིངས་སུ་བྱང་ཆུབ་པའི་མཛད་པ་བསྟན་པའི་གནས་མཆོག་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་བསྙེན་མཚམས་ལ་གནས་པའི་སྐབས་བྲིས་པ་ལ་ཡི་གེ་བ་ནི་མདོ་སྨད་རིག་པའི་འབྱུང་གནས་ཀྱི་སྔགས་བན་འཇིགས་མེད་སྐལ་བཟང་རྡོ་རྗེ་དབང་དྲག་ནུས་ལྡན་རྩལ་གྱིས་བགྱིས་པ་འདིས་ཀྱང་འགྲོ་ཀུན་དངོས་གྲུབ་མཆོག་གི་སྣང་བ་ལ་དགའ་མགུར་རྩེན་པས་རིག་འཛིན་རྣམ་པ་བཞིའི་གསེང་ལམ་ཉི་ཟླའི་བགྲོད་པ་ལས་མྱུར་བས་སྐུ་བཞིའི་གྲོང་ཁྱེར་མཆོག་ཏུ་རྟེན་འདིར་སྤྱོད་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་དཱ་ཤྲཱི་ཡེ་བྷ་ཝཱ་ཏུ། | |
/ces klong chen snying gi thig le'i thugs sgrub dpal chen 'dus pa gtso bor gyur pa'i rtsa gsum spyi bye brag gang la'ang sbyar du rung ba'i sgrub khog 'jug bde khrigs su bsdebs pa 'di'ang*/_kun mkhyen mchog gi rdo rje'i gsung sgrub khog rin po che'i za ma tog sku na smin pa'i skabs su mdzad pas las 'grigs kyi zin tho tsam las mi bzhugs pas rang gzhan lam 'dir 'jug 'dod kun la phan pa'i lhag bsam gyis 'jigs med mkhyen brtse'i 'od zer rang byung 'od gsal rdo rje thugs mchog rtsal gyis chos rgyal sde dge'i rgyal khab kyi dbang phyogs ldan ljongs g.yu lo bkod pa'i dga' tshal gyi bye brag_/gser chu 'bri klung gi dal 'bab kyi g.yas zur go thi bkra shis dpal 'bar gling gi dben pa'i gnas kun mkhyen bla ma 'jam pa'i rdo rje mi pham rin po che 'od gsal gdod ma'i nang dbyings su byang chub pa'i mdzad pa bstan pa'i gnas mchog dpal 'khor lo sdom pa'i pho brang du bsnyen mtshams la gnas pa'i skabs bris pa la yi ge ba ni mdo smad rig pa'i 'byung gnas kyi sngags ban 'jigs med skal bzang rdo rje dbang drag nus ldan rtsal gyis bgyis pa 'dis kyang 'gro kun dngos grub mchog gi snang ba la dga' mgur rtsen pas rig 'dzin rnam pa bzhi'i gseng lam nyi zla'i bgrod pa las myur bas sku bzhi'i grong khyer mchog tu rten 'dir spyod pa'i rgyu kho nar gyur cig_/sarba dA shrI ye b+ha wA tu/ |