DKR-KABUM-22-ZA-007: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-22-ZA-007
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=
|fulltitle=
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 22: . Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|language=Tibetan
|sourcerevealer=o rgyan gling pa; 'jam dbyangs mkhyen brtse'i dbang po
|pagestatus=Temporary stub only
|sourcerevealertib=ཨོ་རྒྱན་གླིང་པ་; འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|volumenumber=ZA
|sourceauthor=
|sourceauthortib=
|associatedpeople=gnyags dz+nyA na ku mA ra
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|dkroutline=Six
|deity=zhi khro
|cycle=dpal bka' 'dus chos kyi rgya mtsho
|cycletib=དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་
|parentcycle=
|parentcycletib=
|volumenumber=022
|volnumtib=༢༢
|volyigtib=ཟ་
|totalvolumes=25
|beginfolioline=1a
|rectonotes=
|versonotes=bka' 'dus chos kyi rgya mtsho
|textnuminvol=007
|textnuminvol=007
|pdflink=File:DKR-KABUM-22-ZA-007.pdf
|pdflink=File:DKR-KABUM-22-ZA-007.pdf

Revision as of 11:47, 13 December 2022

Wylie title ' DKR-KABUM-22-ZA-007.pdf
Location dil mgo mkhyen brtse bka' 'bum
Volume 22, Text 7, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཨོ་རྒྱན་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (o rgyan gling pa, 'jam dbyangs mkhyen brtse'i dbang po)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ (dpal bka' 'dus chos kyi rgya mtsho)
Deity zhi khro
[edit]
༼༑ྃ༽ དཔལ་བཀའ་འདུས་ཀྱི་འབར་བ་ཁྲོ་བོ་འདུས་པ་རྩ་བའི་རྒྱུད་ཁྲག་འཐུང་རོལ་པ་ཞེས་བྱ་བ་བཞུགས༔ ༼༑ྃ༽ ༔༔༔༔ བཅོམ་ལྡན་འདས་འབར་བ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ དོན་དམ་པར་རྟག་ཏུ་ཞི་བ་བདེ་ཆེན་གྱི་དབྱིངས་ལས་མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཡང༔ རྣམ་པའི་རོལ་པ་འབར་བ་ཆེན་པོ་ཀུན་ཏུ་སྣང་བའི་ཆོ་འཕྲུལ་མི་ཟད་པ་ནི་ཤིན་ཏུ་ཡ་ང་འཇིགས་ཤིང་སྐྱི་གཡའ་བའི་གནས༔ རང་སྣང་རོལ་པ་ཁྲག་འཐུང་གི་དུར་ཁྲོད༔ ཕྱི་དང་ནང་མེད་པ་མེ་འབར་ཞིང་རླུང་གཡོ་བའི་གཞལ་ཡས་ཁང༔ མི་མགོའི་རྩིགས་པ་རིམ་གསུམ༔ རྒྱུ་མའི་དྲྭ་ཕྱེད༔ རྐང་ལག་གི་ཤར་བུ༔ སྒལ་ཚིག་གི་མདའ་ཡབ༔ དོན་སྙིང་དང་མགོ་བོའི་ཆུན་འཕྱང༔ ལྷ་ཀླུའི་ཀ་གདུང༔ ལྷ་ཕྲན་གྱི་དྲལ་ཕྱམ༔ ཞིང་གི་ཐོག་ཕུབ༔ ཙིཏྟའི་ཏོག༔ རོ་སྐྲའི་རྔ་ཡབ༔ ཞིང་དང་གཅན་གཟན་གྱི་རྒྱལ་མཚན་སོགས་དྲག་ཅིང་རྔམས་པའི་རྒྱན་དུ་མས་བརྗིད་པའི་དབུས་སུ་བྱོལ་སོང་དྲེགས་པ་པད་ཉི་རྡོ་རྗེའི་བྲག་གི་རྩེར་བཞུགས་པའི་བཅོམ་ལྡན་འདས་སྲིད་ཞིའི་སྤྱི་དཔལ་དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ཁྱབ་བདག་འབར་བ་གར་དགུའི་རོལ་པས་ཁམས་གསུམ་ཟིལ་གྱིས་གནོན་པ༔ འཁོར་འདས་ཐམས་ཅད་སྐུ་ཡི་རྒྱན་དུ་རྫོགས་པ་དེ་ཉིད་ནས་ཐ་མི་དད་པའི་དཔལ་ཆེན་པོ་འབར་བ་ཧེ་རུ་ཀ་ཉི་ཤུ་རྩ་གཅིག་རང་རང་གི་ཚོམ་བུའི་འཁོར་སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ་པ་སྤྲོ་བ་དང་བསྡུ་བའི་ཆོ་འཕྲུལ་བཀོད་པའི་འཁོར་དང་བཅས༔ སྐུ་གསུང་ཐུགས་ཟག་པ་མེད་པའི་བདེ་བ་ཆེན་པོ་གར་དགུས་རོལ་པའི་ཚུལ་གྱིས་སྒྲ་ཚིག་བྱ་རྩོལ་ལས་འདས་པའི་རྡོ་རྗེའི་རྒྱུད་ཀྱི་གསང་བ་འདི་དུས་རྟག་པ་རྒྱུན་གྱི་འཁོར་ལོར་སྣང་ཞིང་སྟོན་པར་མཛད་དོ༔ ཨེ་མ་ཧོ༔ བཅོམ་ལྡན་ཞི་བ་ཆེན་པོའི་དབྱིངས༔ གཉིས་མེད་རོལ་པའི་ཧེ་རུ་ཀ༔ ཤེས་རབ་ཐབས་ཀྱིས་འདུལ་བའི་ཕྱིར༔ སྒྱུ་འཕྲུལ་རོལ་པ་ཁྲོ་བོར་སྣང༔ ཆོས་ཉིད་གཤིས་ཀྱི་དཔལ་ཆེན་པོ༔ གཟོད་ནས་སྒྲིབ་པའི་ཚོགས་བཅོམ་པས༔ མཉམ་ཉིད་དབྱིངས་ལ་སྤང་བྱ་མེད༔ ཡེ་ཤེས་ངང་གིས་ཁྲོས་པར་བསྟན༔ དེ་ཡི་རང་མདངས་འབར་བའི་གར༔ བདེ་ཆེན་ཆོ་འཕྲུལ་མི་ཟད་པ༔ ཟག་མེད་གར་གྱི་རོལ་པ་དགུས༔ ཁ་སྦྱོར་ལོངས་སྤྱོད་ཡོངས་རྫོགས་སྣང༔ རྡོ་རྗེའི་ཞེ་སྡང་རྔམས་པ་ཆེ༔ རྡོ་རྗེའི་ང་རྒྱལ་མི་ཕྱེད་དབྱིངས༔ རྡོ་རྗེ་འདུ་འཕྲོ་བཀོད་པ་ནི༔ རྡོ་རྗེ་གཏུམ་ཆེན་ཕྱག་རྒྱར་བཞེངས༔ ས་གསུམ་འཇིགས་ཆེན་འཇིགས་བྱེད་པའི༔ དེ་བཞིན་གཤེགས་པ་འབར་བའི་སྐུ༔ ཆགས་དང་གཏུམ་རྔམས་རོལ་པ་ནི༔ འབར་ཁྲོ་འཇོམས་པའི་ཕྲིན་ལས་སྟོན༔ དེ་ཉིད་གདོད་ནས་ཆོས་ཉིད་དང༔ འབྲལ་མི་ཤེས་པའི་གཉུག་མའི་ལྷ༔ སྤྲོ་བསྡུའི་བཀོད་པ་ཅི་སྟོན་ཀྱང༔ ཐིག་ལེ་གཅིག་ལས་དུ་མ་མེད༔ དེ་ཉིད་མ་རྟོགས་ཡིད་ཅན་ནི༔ བདུད་དང་རུ་ཏྲ་བརླང་པོར་སྤྱོད༔ དུག་ལྔ་རང་རྒྱུད་ཞེན་པ་རྣམས༔ ཤིན་ཏུ་མི་སྲུན་སྡུག་ལ་སྦྱོར༔ ཞི་བས་འདུལ་དུ་མི་བཏུབ་པས༔ སྙིང་རྗེའི་ཁྲོ་ལ་ཁྲོས་པའི་ཚུལ༔ མ་ལུས་འདུལ་མཛད་དཔའ་བོ་ནི༔ ཁྲག་འཐུང་རྗེ་བཙན་ཉིད་དུ་བཞེངས༔ གདུལ་ཡུལ་ཡིད་དང་ལས་མཐུན་པའི༔ གཟུགས་བཞིན་ཡེ་ཤེས་དེར་སྣང་བས༔ རྣམ་པ་ཚར་གཅོད་ངོ་བོ་ནི༔ རྗེས་འཛིན་ཕྲིན་ལས་གཞན་ཕན་སྲོག༔ གཞི་རྒྱུད་གང་དུའང་མི་གནས་ཤིང༔ ཐམས་ཅད་འཇོམས་པའི་ཧེ་རུ་ཀ༔ ལམ་ནི་སྐུ་སྔགས་ཏིང་ངེ་འཛིན༔ ལས་ཀུན་འབར་བ་མངོན་སྤྱོད་ཅན༔ འབྲས་བུ་ཡེ་ཤེས་རྗེ་བཙན་གྱི༔ ལྷ་ཚོགས་ཚོམ་བུ་ཉི་ཤུ་གཅིག༔ སྐུ་དང་ཡེ་ཤེས་ཆོ་འཕྲུལ་གྱི༔ བཀོད་པ་སངས་རྒྱས་མཆོག་ཏུ་ཤར༔ བདེ་བར་གཤེགས་པ་མ་ལུས་པའི༔ ཆོས་དབྱིངས་གསང་བ་ཀུན་འདུས་པའི༔ དཀྱིལ་འཁོར་ཆེན་པོ་ཡང་དག་པའི༔ དེ་ཉིད་ཐིག་ལེ་གཅིག་ཏུ་ཟླུམ༔ སྲིད་པ་རྡོ་རྗེ་ཁྲོ་བོའི་ཞིང༔ དག་དང་མ་དག་གཉིས་སུ་མེད༔ ཀློང་ཆེན་ཡངས་པའི་དེ་ཁོ་ན༔ འགལ་འདུ་མི་གནས་མཉམ་ཉིད་དོ༔ རྡོ་རྗེ་དོན་གྱི་ཧེ་རུ་ཀའི་གནས་ལུགས་བསྟན་པའི་ལེའུ་སྟེ་དང་པོའོ༔ དེ་ཉིད་སྒྲུབ་ལ་ལྷ་དང་སྔགས༔ ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་གྱིས༔ ངོ་བོའི་གནས་ཚུལ་སྒྲིབ་བྲལ་གཤིས༔ རྟོགས་ཤིང་མངོན་དུ་བྱེད་པའི་ལམ༔ དང་པོ་དབང་གིས་སྨིན་བྱེད་ནས༔ དག་པའི་དམ་ཚིག་གཞུང་བཞིན་སྤྱོད༔ དད་བརྩོན་བློ་གྲོས་སྣོད་ལྡན་པས༔ རུང་བའི་གནས་སུ་སྒྲུབ་པ་བརྩམས༔ རྟག་ལྟའི་མཐའ་སྒྲོལ་དེ་བཞིན་ཉིད༔ བློ་འདས་ཆེན་པོའི་ཏིང་ངེ་འཛིན༔ ཆད་པ་མ་ཡིན་རྒྱུན་དུ་སྣང༔ མཁའ་ཁྱབ་ཆེན་པོའི་དགོངས་པ་བརྡལ༔ ཟུང་འཇུག་རང་བྱུང་རྡོ་རྗེའི་སྲོག༔ དཀྱིལ་འཁོར་ཆེན་པོའི་རྒྱུ་ནི་ཧཱུྃ༔ ལྔ་ལྡན་ཡེ་ཤེས་དོན་གྱི་སྲོག༔ མཆོག་ཏུ་མི་འགྱུར་རྡོ་རྗེར་བལྟ༔ རྡོ་རྗེའི་སྲུང་འཁོར་ཡངས་པ་ཆེར༔ འབྱུང་ལྔ་འབར་བའི་རི་རབ་སྟེང༔ དུར་ཁྲོད་ཆེན་པོ་བརྒྱད་ལྡན་དབུས༔ པད་ཉི་རྒྱ་གྲམ་ལྟེ་བ་རུ༔ དྲག་པོ་ཆེན་པོའི་གཞལ་ཡས་ཁང༔ ཕྱི་ནི་རིན་ཆེན་ནང་དུར་ཁྲོད༔ འབར་བའི་ཆས་རྣམས་རྫོགས་པ་ཡི༔ དབུས་སུ་སྤྱི་དཔལ་གཞལ་ཡས་ཏེ༔ ཕྱོགས་མཚམས་སྤྲུལ་པ་ཉི་ཤུའི་གནས༔ ཀུན་ཏུ་མི་ཟད་རྔམས་པའི་རྒྱན༔ རང་བྱུང་ལྷུན་གྲུབ་རྫོགས་པ་ལ༔ གཙོ་བོ་སྤྱི་དཔལ་ཧེ་རུ་ཀ༔ འབར་བའི་རྗེ་བཙན་ནམ་མཁའི་མདོག༔ ཞལ་དང་ཕྱག་ནི་འགྱུར་བ་ཆེ༔ སུམ་བརྒྱ་སུམ་ཅུ་རྩ་བཞིའི་འཁོར༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང༔ དབུ་རྒྱན་ཕྱག་རྒྱ་མཚན་མའི་ལྷ༔ བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས༔ སུམ་བརྒྱ་སུམ་ཅུའི་དཀྱིལ་འཁོར་རྫོགས༔ ཕྱོགས་མཚམས་གནས་སུ་ཐུགས་ཡོན་ཏན༔ གསུང་མཆོག་ལས་དང་སྐུ་ཡི་རིགས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ བདེ་གཤེགས་དཀྱིལ་འཁོར་བཞི་བཞིས་བསྐོར༔ གཙོ་མཆོག་ཡབ་ཡུམ་རྗེས་ཆགས་ཀྱི༔ རོལ་པའི་བྱང་ཆུབ་སེམས་སྤྲིན་ལས༔ དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་པ༔ མངལ་འབྱིན་སྲས་ཀྱི་ཚུལ་དུ་སྤྲོ༔ གཙོ་ནས་འཁོར་དང་ཞིང་རྒྱན་ཚོགས༔ གསལ་བརྟན་ཚད་མཆོག་བརྒྱད་ལྡན་དུ༔ བརྗོད་པ་ཚིག་སྒོས་གསལ་འདེབས་ཕྱིར༔ ཕྲིན་ལས་ལུང་བརྒྱད་བཞིན་དུ་སྦྱར༔ བསྐྱེད་རྫོགས་རྒྱས་འབྲིང་བསྡུས་པ་དང༔ རྒྱུན་གྱི་ཕྲིན་ལས་ནར་མ་བཞིན༔ སྤྲོས་བཅས་སྤྲོས་མེད་ཕྱག་རྒྱ་བསྡུས༔ སྙིང་པོའི་སྒྲུབ་ཐབས་བཞི་ཡིས་བསྟན༔ རྡོ་རྗེ་རྟགས་ཀྱི་ཧེ་རུ་ཀའི་ལྷ་ཡི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་གཉིས་པའོ༔ སྐུ་ལྟར་སྣང་ཡང་སྲོག་གི་གསུང༔ གཉིས་མེད་ཡེ་ཤེས་ཉིད་ཡིན་པས༔ ལྷ་དང་སྔགས་ཀྱི་གསང་བ་ནི༔ མཁས་པས་ཕྱོགས་རིས་མི་བལྟའོ༔ ཐབས་དང་ཤེས་རབ་ཡི་གེ་ནི༔ མཉམ་པར་སྦྱོར་བའི་ཨེ་ཝཾ་ལས༔ མཚན་འཛིན་དྲི་མས་མ་གོས་པའི༔ རྡོ་རྗེ་ལྟ་བུའི་གསང་སྔགས་འབྱུང༔ ཐུགས་སྲོག་ཡི་གེ་གཅིག་གིས་ཀྱང༔ ཆོས་ཀུན་མཚོན་ཅིང་སྟོན་པས་ན༔ ཡི་གེ་རིན་ཆེན་ཀུན་རྫོགས་པས༔ དངོས་གྲུབ་མཆོག་སྟེར་སྨོས་ཅི་དགོས༔ དེ་བཞིན་གཤེགས་པའི་ཡེ་ཤེས་ཉིད༔ ཐོག་མར་སྣང་བ་རིག་པའི་སྔགས༔ བཟླས་དང་སྒོམ་དང་བཤད་པ་ཡིས༔ སྒྲིབ་པ་གཅོད་ཅིང་ཡོན་ཏན་སྟེར༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་བཛྲ་སཏྭ་ཧཱུྃ༔ བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་རིགས་འདུས་པའི་སྙིང་པོའོ༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཧཱུྃ་ཕཊ྄༔ གཙོ་བོ་སྤྱི་དཔལ་འབར་བ་ཆེན་པོ་ཧེ་རུ་ཀའི་སྙིང་པོའོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དཔལ་ཡང་དག་གི་སྙིང་པོའོ༔ ཨོཾ་བཛྲ་མཱ་ལ་དྷེ་ཝ་ག་ཎ་ཧཱུྃ་ཕཊ྄༔ རྡོ་རྗེ་ཕྲེང་བའི་སྙིང་པོའོ༔ ཨོཾ་བཛྲ་པཱ་ཎི་ནི་ལམྦྷ་ར་དྷ་ར་ཧཱུྃ་ཕཊ྄༔ ཕྱག་ན་རྡོ་རྗེའི་སྙིང་པོའོ༔ ཨོཾ་བཛྲ་དྷཱུ་ཤ་ཏེ་ཀེཾ་རཱུ་པ་ཀཱ་ཡ་ཀྲོ་དྷཱི་ཧཱུྃ་ཕཊ྄༔ རྡོ་རྗེ་རྩལ་རྫོགས་ཀྱི་སྙིང་པོ་སྟེ་ཤར་ཕྱོགས་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བཞི་ཡི་སྔགས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཕཊ྄༔ རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྙིང་པོའོ༔ ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཌཱ་ཀི་ནཱི་ཛྭ་ལ་སམྦྷ་རཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄༔ འཁོར་ལོ་བདེ་མཆོག་གི་སྙིང་པོའོ༔ ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ྄༔ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྙིང་པོའོ༔ ཨོཾ་རཏྣ་དྷཱུ་ཤ་ཏི་རཱུ་པ་ཀཱ་ཡ་ཧཱུྃ་ཕཊ྄༔ རཏྣ་རྩལ་རྫོགས་ཀྱི་སྙིང་པོ་སྟེ་ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་དཀྱིལ་འཁོར་བཞི་ཡི་སྔགས་སོ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ྄༔ དབང་ཆེན་རྟ་མགྲིན་གྱི་སྙིང་པོའོ༔ ཨོཾ་དེ་ཝ་པི་ཙུ་བཛྲ་ཌཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ༔ དགྱེས་པ་རྡོ་རྗེའི་སྙིང་པོའོ༔ ཨོཾ་ཨ་བཛྲ་དྷྲྀཀ྄་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ྄༔ གསང་བ་འདུས་པའི་སྙིང་པོའོ༔ ཨོཾ་པདྨ་དྷཱུ་ཤ་ཏི་ཨཱ་ཡུརྦྷནྡྷ་བྷྲཱུྃ་སྭཱ་ཧཱ༔ པདྨ་རྩལ་རྫོགས་ཀྱི་སྙིང་པོ་སྟེ་ནུབ་ཕྱོགས་པདྨ་རིགས་ཀྱི་དཀྱིལ་འཁོར་བཞི་ཡི་སྔགས་སོ༔ ཨོཾ་ཤྲཱི་མ་ཧཱ་ནཱ་ཡ་ཧེ་རུ་ཀ་ཧཱུྃ་ཕཊ྄༔ ཆེ་མཆོག་གི་སྙིང་པོའོ༔ ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ཧཱུྃ་ཧཱུྃ་ཕཊ྄༔ དུས་ཀྱི་འཁོར་ལོའི་སྙིང་པོའོ༔ ཨོཾ་ཀེ་གུ་པ་ཡཾ་རཏྣ་བ་སཱུ་དེ་ཤ་ཀེ་བྷྱོ་ཧཱུྃ་ཧཱུྃ་ཕཊ྄༔ མཁའ་ཀློང་འཁྱིལ་པའི་སྙིང་པོའོ༔ ཨོཾ་ཀརྨ་ཀྲོ་དྷ་དྷཱུ་ཤ་ཏི་ཏིཥྛ་སིདྡྷི་ཧཱུྃ་ཕཊ྄༔ ཀརྨ་རྩལ་རྫོགས་ཀྱི་སྙིང་པོ་སྟེ་བྱང་ཕྱོགས་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་བཞི་ཡི་སྔགས་སོ༔ ཨོཾ་གུ་ཧྱ་དྷཱ་ཏུ་ཧེ་རུ་ཀ་ཧཱུྃ་ཕཊ྄༔ མ་མོ་མངོན་རྫོགས་ཀྱི་སྙིང་པོའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ རྡོ་རྗེ་ཕུར་པའི་སྙིང་པོའོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཨེ་ཛ་བྷྱོ་ཧཱུྃ་ཕཊ྄༔ དྲེགས་པ་ཀུན་འདུལ་གྱི་སྙིང་པོའོ༔ ཨོཾ་བཛྲ་ཛྭ་ལ་མནྟྲ་སརྦ་དུཥྚཱན་བྷནྡྷ་ཧཱུྃ་ཕཊ྄༔ སྟོབས་ལྡན་ནག་པོའི་སྙིང་པོ་སྟེ༔ མཚམས་བཞིའི་དཀྱིལ་འཁོར་གྱི་སྔགས་སོ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ཅེས་ཁྲོ་བོ་ཆེན་པོ་སྤྱི་དྲིལ་གྱི་སྙིང་པོའོ༔ དེ་དག་རང་སྔགས་རྩ་བ་སྟེ༔ རྒྱས་པ་སྙིང་པོ་ཉེ་སྙིང་དང༔ སྒྲུབ་དང་ལས་ཀྱི་དྲག་སྔགས་སོགས༔ མཐའ་ཀླས་སྒོས་ཀྱི་སྒྲུབ་ཐབས་བཤད༔ རྡོ་རྗེ་བརྡ་ཡི་ཧེ་རུ་ཀའི་སྔགས་ཀྱི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ཡེ་ཤེས་རྡོ་རྗེ་ནམ་མཁའི་དཀྱིལ༔ གསང་བ་ངེས་པའི་དོན་རྟོགས་བྱེད༔ ཡང་གསང་ཐབས་ཀྱི་རྣལ་འབྱོར་ནི༔ ཤིན་ཏུ་ཟབ་པའི་གསང་བ་བསྟན༔ ལུས་གནད་ཡེ་ཤེས་ཆེན་པོའི་སྲོག༔ བདེ་སྟོང་གཉིས་སུ་མེད་པ་ཡི༔ ཨེ་ཝཾ་རྡོ་རྗེ་སྡོམ་པའི་དབྱིངས༔ རང་བཞིན་གཤིས་སུ་ལྷུན་གྱིས་གྲུབ༔ ཐབས་ཀྱི་དྭངས་མ་རི་བོང་འཛིན༔ ཤེས་རབ་སྦས་པའི་ཙཎྜ་ལི༔ ཟླ་ཉིའི་ཁམས་ཀྱི་དཀྱིལ་འཁོར་ནི༔ སྒྲ་གཅན་དུས་མེའི་ཁར་གནས་པ༔ རོ་རྐྱང་བྱེད་པའི་སྦྱོར་བ་ནི༔ སྦྱོར་བཞིའི་རླུང་གིས་བསྐུལ་བ་ལས༔ འབར་དང་ཞུ་བདེ་འཛིན་པའི་ལམ༔ འཁོར་ལོ་བཞི་ཡི་སྲོག་ཏུ་བརྒྱུད༔ དགའ་བཞི་སྟོང་པར་མཉམ་སྦྱོར་བའི༔ རྣལ་འབྱོར་ཟབ་མོའི་ངེས་པ་ཡིས༔ ལས་རླུང་ཨ་ཝ་དྷཱུ་ཏིའི་སྦུབས༔ ཞུགས་གནས་ཐིམ་པའི་ཆོ་ག་བརྩོན༔ དབུ་མའི་མདུད་པ་ཉི་ཤུ་གཉིས༔ གྲོལ་ནས་ས་བཅུ་ལམ་ལྔ་ཡི༔ ཡོན་ཏན་ཡིད་བཞིན་འཆར་བ་ན༔ དོན་གྱི་ཡེ་ཤེས་དཔལ་ཆེན་པོ༔ མངོན་སུམ་མཐོང་བ་གདོན་མི་ཟ༔ བདེ་བའི་མཆོག་ནི་དབྱིངས་ལ་གནས༔ དེ་ཡི་རང་གཟུགས་སྒྱུ་མ་ཆེའི༔ མཚན་ལྡན་གསང་བའི་རེག་པ་ནི༔ བསྟེན་པ་ཙམ་གྱིས་ངེས་པར་འགྲུབ༔ ཡིད་གཞུང་བློ་ལྡན་ཤེས་རབ་ཟབ༔ གསང་ཐུབ་བདེ་བ་རྒྱས་མ་ལ༔ རྗེས་ཆགས་སྒྱུ་རྩལ་རྨད་བྱུང་བས༔ སྦྱོར་བའི་ཆོ་ག་ལྡན་པས་འགྲུབ༔ ལམ་དང་བརྩོན་པ་རྒྱ་ཆེན་པོའི༔ རྩོལ་བ་ཉིད་ལ་མི་ལྟོས་པ༔ ཐབས་ཀྱི་བྱེད་པ་ཁོ་ན་ཡིས༔ ཡེ་ཤེས་ནམ་མཁའི་གཟུགས་མཐོང་འགྱུར༔ དེ་ཚེ་གཉིས་སྣང་རྟོག་པའི་སྤྲིན༔ མི་རྟོག་མཁའ་ལ་རང་དག་དེངས༔ ངེས་པའི་གསང་བ་རྡོ་རྗེའི་ལམ༔ ཡིད་བཞིན་འགྲུབ་པའི་གསེང་ལམ་མོ༔ རྡོ་རྗེ་ཡེ་ཤེས་ཀྱི་ཧེ་རུ་ཀའི་བདེ་བ་ཆེན་པོའི་ཐབས་ཀྱི་གསེང་ལམ་བསྟན་པའི་ལེའུ་སྟེ་བཞི་པའོ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དབྱིངས༔ རྣལ་འབྱོར་མངོན་དུ་གྱུར་པ་ཡི༔ ནུས་པའི་གདེང་མཆོག་ཐོབ་པའི་ཚེ༔ ལས་ཀུན་སྒྲུབ་པའི་ཆོ་ག་བརྩམས༔ སྲུང་བ་རིག་པ་ཆེན་པོའི་སྔགས༔ ཙཀྲའི་ཚུལ་དུ་བཀོད་དེ་སྒྲུབ༔ བཟློག་པ་འགལ་རྐྱེན་ཚར་གཅོད་པ༔ དམར་གྱི་གཏོར་མའི་ལས་ལ་བསྟེན༔ བསད་པ་ཁ་སྦྱོར་དབྱེ་བ་ནི༔ ལིངྒའི་སྲོག་དང་ལྡན་པས་བརྩམས༔ མནན་པ་བཅས་ཆོག་ནག་པོ་ནི༔ ཐོད་ངན་རཱུ་པ་བཅས་པས་བྲུབ༔ བསྲེག་པ་ལས་ཀྱི་གཟེར་ཁའི་མདེལ༔ རྫས་སྔགས་ཏིང་འཛིན་ཆོ་གས་བརྩམས༔ འཕང་བ་ཟོར་གྱི་མཚོན་ཆ་ནི༔ བརླག་བྱེད་ཐབས་ཀྱི་ནུས་པས་བརྡེག༔ མཉེས་བྱེད་བསྐང་བཤགས་ཟབ་མོའི་མཆོག༔ རུ་དང་ཟུང་བཞིའི་ཆོ་ག་བྱ༔ དགེ་ལེགས་བཀྲ་ཤིས་སྤེལ་བྱེད་པ༔ ལྷག་གནས་ལས་རིམ་གཞུང་ལྟར་སྒྲུབ༔ འཆི་མེད་རྡོ་རྗེའི་ཚེ་ཡི་ལུང༔ དུས་ཀུན་གཅེས་པའི་ལས་ལ་བརྩོན༔ ཀུན་ཀྱང་ལྷ་དང་སྙིང་པོ་སྔགས༔ ཏིང་འཛིན་རྫས་ཀྱི་ཆོ་ག་དང༔ མན་ངག་ཀུན་ཚང་ལས་བརྩམས་ན༔ དོན་གཉིས་འབད་པ་མེད་པར་འགྲུབ༔ ཀུན་འབྱུང་ནོར་བུའི་རྒྱལ་པོ་བཞིན༔ ངོ་མཚར་ནུས་པའི་མཆོག་ཐོབ་པས༔ གདུག་ཅན་རུ་ཏྲ་བསྒྲལ་བ་དང༔ བར་ཆད་གདོན་བགེགས་ཚར་ཐག་གཅོད༔ སྐལ་ལྡན་དཔལ་དང་ལེགས་པའི་ཚོགས༔ འཕེལ་རྒྱས་ཡང་དག་ལམ་ལ་སྦྱོར༔ རྣལ་འབྱོར་ཉིད་ཀྱང་ཚོགས་གཉིས་འཕེལ༔ ལམ་ཀུན་མཐར་སོན་གདེང་ཐོབ་འགྱུར༔ རྡོ་རྗེ་ལས་ཀྱི་ཧེ་རུ་ཀའི་གཟེར་ཁ་བསྟན་པའི་ལེའུ་སྟེ་ལྔ་པའི་བདག་ཉིད་ཅན་རྫོགས་སོ༔ རང་བྱུང་རྡོ་རྗེ་ཧེ་རུ་ཀའི༔ དོན་གྱི་གསང་བ་ཆེས་ཟབ་ཅིང༔ ཚིག་གི་རྒྱུད་སྡེ་མཐའ་ཀླས་པའི༔ ཀུན་གྱི་བཅུད་དྲིལ་ངེས་པའི་དོན༔ ཁྲག་འཐུང་འདུས་པའི་སྲོག་ཏིག་འདི༔ སྙིང་པོ་རང་བྱུང་རྩ་བའི་རྒྱུད༔ རྨད་དུ་བྱུང་བའི་ལམ་འདི་ཡང༔ དཀྱིལ་འཁོར་ཁྱབ་བདག་དཔལ་ཆེན་པོའི༔ རྡོ་རྗེ་གསང་བ་དོན་གྱི་ཆོས༔ རྒྱུན་མི་ཆད་དུ་སྟོན་པ་རྣམས༔ རང་སྣང་འཁོར་གྱི་ཐུགས་ཆུད་པ༔ འགག་མེད་ཐུགས་རྗེའི་རྩལ་སྣང་གི༔ སྟོན་པ་དེ་ཝ་བཟང་སྐྱོང་དང༔ མཁའ་འགྲོ་ལས་ཀྱི་དབང་མོ་སོགས༔ རྡོ་རྗེའི་འདུས་པས་གཞན་སྣང་གི༔ ཚུལ་འཛིན་རིག་འཛིན་རྣམས་ལ་གཏད༔ ཁྱད་པར་རྡོ་རྗེ་ཐོད་ཕྲེང་བདག༔ ལམ་འདིའི་རྒྱུད་ལུང་མན་ངག་གི༔ ཀུན་འདུས་གསང་བའི་བཀའ་བབས་ཤིང༔ སྨིན་གྲོལ་རིག་འཛིན་མཁའ་འགྲོས་གཏད༔ གྲུབ་རྟགས་ཀུན་གྱིས་མཐོང་བར་སྟོན༔ མདོར་ན་དཀྱིལ་འཁོར་བདག་པོ་དང༔ གཉིས་མེད་གོ་འཕང་མངོན་གྱུར་པ༔ འཛམ་གླིང་གདུལ་བྱའི་གཙོ་བོ་ཆེ༔ ཟ་ཧོར་འགྲོ་ལྡིང་བོད་ཡུལ་རྣམས༔ ཆོས་འདིའི་རྩ་བ་ཡན་ལག་གི༔ དབང་དང་གདམས་པས་འདུལ་བ་ལས༔ མཐའ་དག་གདམས་ངག་རྫོགས་པ་རུ༔ བསྟན་པའི་སྣོད་ནི་ཟ་ཧོར་དུ༔ རྒྱལ་པོ་གཙུག་ལག་འཛིན་ཡབ་སྲས༔ བོད་ཡུལ་མངའ་བདག་བཙད་པོ་དང༔ རྒྱལ་སྲས་ལྷ་རྗེ་ཡབ་ཡུམ་ཚོགས༔ རྗེ་འབངས་འདུས་པ་རྣམས་ལ་བསྟན༔ རང་གཞན་བསྟན་འགྲོའི་དོན་མང་འགྲུབ༔ མ་འོངས་གདུལ་བྱར་སྙིང་བརྩེ་བས༔ བདག་ཅག་ཡོན་མཆོད་ཐམས་ཅད་ཀྱིས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཞེས༔ པདྨ་བདག་གི་སྲོག་ཏིག་ཆེའི༔ རྒྱུད་ལུང་མན་ངག་ལས་ཚོགས་དང༔ དབང་ཆོས་གསང་བ་མཐའ་དག་ཀུན༔ དཔེ་རྒྱུད་ཤོག་སེར་གླེགས་བམ་བྲིས༔ ཤེལ་བྲག་པདྨ་བརྩེགས་པར་སྦས༔ དོན་གྱི་བརྒྱུད་པ་རྗེ་འབངས་དང༔ ཌཱ་ཀིའི་ཡེ་ཤེས་སྲོག་དང་བསྲེས༔ ད་ལྟ་མི་སྣང་གསང་རྒྱས་ཐོབ༔ ནམ་ཞིག་དུས་ལ་བབ་པའི་ཚེ༔ སྨོན་ལམ་དག་པའི་ཡེ་ཤེས་གཟུགས༔ ལྷ་རྗེའི་སྐྱེ་བ་བདུན་པ་ནི༔ ཨོ་རྒྱན་གླིང་དང་འཕྲད་ནས་ཀྱང༔ བོད་ཡུལ་ཕན་བདེའི་བཙས་སུ་བྱེད༔ སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་དུ༔ གྱུར་ནས་འགྲོ་རྣམས་སྨིན་གྲོལ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཨི་ཏི༔ ཟབ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ རྡོ་རྗེ་གསང་བའི་རྒྱུད་ཆེན་པོའི་མངའ་བདག་ཏུ་གདོད་ནས་གྲུབ་པའི་བླ་མ་སྤྱི་དཔལ་ཆེན་པོ་རིག་འཛིན་གྲུབ་བརྒྱའི་དེད་དཔོན་པདྨ་ཡེ་ཤེས་རྡོ་རྗེ་སྟངས་དཔྱལ་ལྷན་རྒྱས་པས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང༌། བྲི་གཞི་བཅས་ཆེད་དུ་བཀའ་ཡི་བསྐུལ་མ་མཛད་པ་དང༌། གཞན་ཡང་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མས་ལེགས་སོའི་དབུགས་དབྱུང་བསྩལ་བ་བཞིན། ཟབ་མོའི་གསང་བ་མཆོག་གིས་དབུགས་དབྱུང་ཅུང་ཟད་ཐོབ་པའི་སྐལ་བཟང་རིག་པ་འཛིན་པ་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་དབུ་རུ་གྲྭ་ནང་གཏེར་ཆེན་ཨོ་རྒྱན་གླིང་པ་སྐུ་འཁྲུངས་པའི་གནས་ཡར་ཆེན་དུ་གཏན་ལ་ཕབ་ནས་བྲིས་པ་འདིས་ཀྱང་བསྟན་འགྲོ་མཐའ་དག་ལ་ཕན་བདེའི་དབུགས་འབྱིན་དུས་ཀུན་ཏུ་འབྱུང་བའི་རྒྱུ་ཁོ་ནར་གྱུར་ཅིག །མངྒ་ལཾ། དགེའོ།། །།
[edit]

(|\u0f83)___dpal bka' 'dus kyi 'bar ba khro bo 'dus pa rtsa ba'i rgyud khrag 'thung rol pa zhes bya ba bzhugs:_ (|\u0f83)__::::__bcom ldan 'das 'bar ba khrag 'thung khro bo'i lha tshogs rnams la phyag 'tshal lo:_don dam par rtag tu zhi ba bde chen gyi dbyings las ma g.yos mi g.yo g.yo bar mi 'gyur yang:_rnam pa'i rol pa 'bar ba chen po kun tu snang ba'i cho 'phrul mi zad pa ni shin tu ya nga 'jigs shing skyi g.ya' ba'i gnas:_rang snang rol pa khrag 'thung gi dur khrod:_phyi dang nang med pa me 'bar zhing rlung g.yo ba'i gzhal yas khang:_mi mgo'i rtsigs pa rim gsum:_rgyu ma'i drwa phyed:_rkang lag gi shar bu:_sgal tshig gi mda' yab:_don snying dang mgo bo'i chun 'phyang:_lha klu'i ka gdung:_lha phran gyi dral phyam:_zhing gi thog phub:_tsit+ta'i tog:_ro skra'i rnga yab:_zhing dang gcan gzan gyi rgyal mtshan sogs drag cing rngams pa'i rgyan du mas brjid pa'i dbus su byol song dregs pa pad nyi rdo rje'i brag gi rtser bzhugs pa'i bcom ldan 'das srid zhi'i spyi dpal dus gsum gyi bde bar gshegs pa ma lus pa'i khyab bdag 'bar ba gar dgu'i rol pas khams gsum zil gyis gnon pa:_'khor 'das thams cad sku yi rgyan du rdzogs pa de nyid nas tha mi dad pa'i dpal chen po 'bar ba he ru ka nyi shu rtsa gcig rang rang gi tshom bu'i 'khor sprul pa yang sprul bsam mi khyab pa spro ba dang bsdu ba'i cho 'phrul bkod pa'i 'khor dang bcas:_sku gsung thugs zag pa med pa'i bde ba chen po gar dgus rol pa'i tshul gyis sgra tshig bya rtsol las 'das pa'i rdo rje'i rgyud kyi gsang ba 'di dus rtag pa rgyun gyi 'khor lor snang zhing ston par mdzad do:__e ma ho:_bcom ldan zhi ba chen po'i dbyings:_gnyis med rol pa'i he ru ka:_shes rab thabs kyis 'dul ba'i phyir:_sgyu 'phrul rol pa khro bor snang:_chos nyid gshis kyi dpal chen po:_gzod nas sgrib pa'i tshogs bcom pas:_mnyam nyid dbyings la spang bya med:_ye shes ngang gis khros par bstan:_de yi rang mdangs 'bar ba'i gar:_bde chen cho 'phrul mi zad pa:_zag med gar gyi rol pa dgus:_kha sbyor longs spyod yongs rdzogs snang:_rdo rje'i zhe sdang rngams pa che:_rdo rje'i nga rgyal mi phyed dbyings:_rdo rje 'du 'phro bkod pa ni:_rdo rje gtum chen phyag rgyar bzhengs:_sa gsum 'jigs chen 'jigs byed pa'i:_de bzhin gshegs pa 'bar ba'i sku:_chags dang gtum rngams rol pa ni:_'bar khro 'joms pa'i phrin las ston:_de nyid gdod nas chos nyid dang:_'bral mi shes pa'i gnyug ma'i lha:_spro bsdu'i bkod pa ci ston kyang:_thig le gcig las du ma med:_de nyid ma rtogs yid can ni:_bdud dang ru tra brlang por spyod:_dug lnga rang rgyud zhen pa rnams:_shin tu mi srun sdug la sbyor:_zhi bas 'dul du mi btub pas:_snying rje'i khro la khros pa'i tshul:_ma lus 'dul mdzad dpa' bo ni:_khrag 'thung rje btsan nyid du bzhengs:_gdul yul yid dang las mthun pa'i:_gzugs bzhin ye shes der snang bas:_rnam pa tshar gcod ngo bo ni:_rjes 'dzin phrin las gzhan phan srog:_gzhi rgyud gang du'ang mi gnas shing:_thams cad 'joms pa'i he ru ka:_lam ni sku sngags ting nge 'dzin:_las kun 'bar ba mngon spyod can:_'bras bu ye shes rje btsan gyi:_lha tshogs tshom bu nyi shu gcig:_sku dang ye shes cho 'phrul gyi:_bkod pa sangs rgyas mchog tu shar:_bde bar gshegs pa ma lus pa'i:_chos dbyings gsang ba kun 'dus pa'i:_dkyil 'khor chen po yang dag pa'i:_de nyid thig le gcig tu zlum:_srid pa rdo rje khro bo'i zhing:_dag dang ma dag gnyis su med:_klong chen yangs pa'i de kho na:_'gal 'du mi gnas mnyam nyid do:_rdo rje don gyi he ru ka'i gnas lugs bstan pa'i le'u ste dang po'o:__de nyid sgrub la lha dang sngags:_ye shes rdo rje'i rnal 'byor gyis:_ngo bo'i gnas tshul sgrib bral gshis:_rtogs shing mngon du byed pa'i lam:_dang po dbang gis smin byed nas:_dag pa'i dam tshig gzhung bzhin spyod:_dad brtson blo gros snod ldan pas:_rung ba'i gnas su sgrub pa brtsams:_rtag lta'i mtha' sgrol de bzhin nyid:_blo 'das chen po'i ting nge 'dzin:_chad pa ma yin rgyun du snang:_mkha' khyab chen po'i dgongs pa brdal:_zung 'jug rang byung rdo rje'i srog:_dkyil 'khor chen po'i rgyu ni hU~M:_lnga ldan ye shes don gyi srog:_mchog tu mi 'gyur rdo rjer blta:_rdo rje'i srung 'khor yangs pa cher:_'byung lnga 'bar ba'i ri rab steng:_dur khrod chen po brgyad ldan dbus:_pad nyi rgya gram lte ba ru:_drag po chen po'i gzhal yas khang:_phyi ni rin chen nang dur khrod:_'bar ba'i chas rnams rdzogs pa yi:_dbus su spyi dpal gzhal yas te:_phyogs mtshams sprul pa nyi shu'i gnas:_kun tu mi zad rngams pa'i rgyan:_rang byung lhun grub rdzogs pa la:_gtso bo spyi dpal he ru ka:_'bar ba'i rje btsan nam mkha'i mdog:_zhal dang phyag ni 'gyur ba che:_sum brgya sum cu rtsa bzhi'i 'khor:_thugs ka'i ye shes sems dpa' dang:_dbu rgyan phyag rgya mtshan ma'i lha:_bde gshegs zhi ba rdo rje dbyings:_sum brgya sum cu'i dkyil 'khor rdzogs:_phyogs mtshams gnas su thugs yon tan:_gsung mchog las dang sku yi rigs:_rdo rje rin chen pad+ma las:_bde gshegs dkyil 'khor bzhi bzhis bskor:_gtso mchog yab yum rjes chags kyi:_rol pa'i byang chub sems sprin las:_dkyil 'khor bsam yas lhun grub pa:_mngal 'byin sras kyi tshul du spro:_gtso nas 'khor dang zhing rgyan tshogs:_gsal brtan tshad mchog brgyad ldan du:_brjod pa tshig sgos gsal 'debs phyir:_phrin las lung brgyad bzhin du sbyar:_bskyed rdzogs rgyas 'bring bsdus pa dang:_rgyun gyi phrin las nar ma bzhin:_spros bcas spros med phyag rgya bsdus:_snying po'i sgrub thabs bzhi yis bstan:_rdo rje rtags kyi he ru ka'i lha yi sgrub thabs bstan pa'i le'u ste gnyis pa'o:__sku ltar snang yang srog gi gsung:_gnyis med ye shes nyid yin pas:_lha dang sngags kyi gsang ba ni:_mkhas pas phyogs ris mi blta'o:_thabs dang shes rab yi ge ni:_mnyam par sbyor ba'i e waM las:_mtshan 'dzin dri mas ma gos pa'i:_rdo rje lta bu'i gsang sngags 'byung:_thugs srog yi ge gcig gis kyang:_chos kun mtshon cing ston pas na:_yi ge rin chen kun rdzogs pas:_dngos grub mchog ster smos ci dgos:_de bzhin gshegs pa'i ye shes nyid:_thog mar snang ba rig pa'i sngags:_bzlas dang sgom dang bshad pa yis:_sgrib pa gcod cing yon tan ster:_oM AHhU~M bo d+hi tsit+ta ma hA su kha badz+ra satwa hU~M:_bde gshegs zhi ba rdo rje dbyings rigs 'dus pa'i snying po'o:_oM ma hA shrI he ru ka sarba kro d+ha hU~M phaTa?:_gtso bo spyi dpal 'bar ba chen po he ru ka'i snying po'o:_oM ru lu ru lu hU~M b+h+yo hU~M:_dpal yang dag gi snying po'o:_oM badz+ra mA la d+he wa ga Na hU~M phaTa?:_rdo rje phreng ba'i snying po'o:_oM badz+ra pA Ni ni lam+b+ha ra d+ha ra hU~M phaTa?:_phyag na rdo rje'i snying po'o:_oM badz+ra d+hU sha te keM rU pa kA ya kro d+hI hU~M phaTa?:_rdo rje rtsal rdzogs kyi snying po ste shar phyogs rdo rje'i rigs kyi dkyil 'khor bzhi yi sngags so:_oM AHhU~M badz+ra gu ru d+he wa d+hA ki nI sarba sid+d+hi hU~M phaTa?:_rdo rje thod phreng rtsal gyi snying po'o:_oM shrI badz+ra he he ru ru kaM DA ki nI dz+wa la sam+b+ha raM hrIHha ha hU~M hU~M phaTa?:_'khor lo bde mchog gi snying po'o:_oM A kro te ka ya mAn+ta ka ha na ma tha b+hany+dza hU~M phaTa?:_'jam dpal gshin rje gshed kyi snying po'o:_oM rat+na d+hU sha ti rU pa kA ya hU~M phaTa?:_rat+na rtsal rdzogs kyi snying po ste lho phyogs rin chen rigs kyi dkyil 'khor bzhi yi sngags so:_oM hrIHpad+mAn+ta kr-ita ma hA kro d+ha h+ya gr-I wa hU~M phaTa?:_dbang chen rta mgrin gyi snying po'o:_oM de wa pi tsu badz+ra DA ki nI hU~M hU~M phaTa? swA hA:_dgyes pa rdo rje'i snying po'o:_oM a badz+ra d+hr-ika? ma hA kro d+ha rA dza hU~M hU~M phaTa?:_gsang ba 'dus pa'i snying po'o:_oM pad+ma d+hU sha ti A yur+b+han+d+ha b+h+rU~M swA hA:_pad+ma rtsal rdzogs kyi snying po ste nub phyogs pad+ma rigs kyi dkyil 'khor bzhi yi sngags so:_oM shrI ma hA nA ya he ru ka hU~M phaTa?:_che mchog gi snying po'o:_oM shrI kA la tsakra hU~M hU~M phaTa?:_dus kyi 'khor lo'i snying po'o:_oM ke gu pa yaM rat+na ba sU de sha ke b+h+yo hU~M hU~M phaTa?:_mkha' klong 'khyil pa'i snying po'o:_oM karma kro d+ha d+hU sha ti tiSh+Tha sid+d+hi hU~M phaTa?:_karma rtsal rdzogs kyi snying po ste byang phyogs las kyi rigs kyi dkyil 'khor bzhi yi sngags so:_oM gu h+ya d+hA tu he ru ka hU~M phaTa?:_ma mo mngon rdzogs kyi snying po'o:_oM badz+ra kI li kI la ya sarba big+h+nAn ba~M hU~M phaTa?:_rdo rje phur pa'i snying po'o:_oM badz+ra tsaN+Da sarba duSh+TAn e dza b+h+yo hU~M phaTa?:_dregs pa kun 'dul gyi snying po'o:_oM badz+ra dz+wa la man+t+ra sarba duSh+TAn b+han+d+ha hU~M phaTa?:_stobs ldan nag po'i snying po ste:_mtshams bzhi'i dkyil 'khor gyi sngags so:_oM badz+ra tsaN+Da ma hA shrI he ru ka sarba kro d+ha sarba duSh+TAn ta ka ha na da ha pa tsa hU~M b+h+yo hU~M phaTa?:_ces khro bo chen po spyi dril gyi snying po'o:_de dag rang sngags rtsa ba ste:_rgyas pa snying po nye snying dang:_sgrub dang las kyi drag sngags sogs:_mtha' klas sgos kyi sgrub thabs bshad:_rdo rje brda yi he ru ka'i sngags kyi sgrub thabs bstan pa'i le'u ste gsum pa'o:__ye shes rdo rje nam mkha'i dkyil:_gsang ba nges pa'i don rtogs byed:_yang gsang thabs kyi rnal 'byor ni:_shin tu zab pa'i gsang ba bstan:_lus gnad ye shes chen po'i srog:_bde stong gnyis su med pa yi:_e waM rdo rje sdom pa'i dbyings:_rang bzhin gshis su lhun gyis grub:_thabs kyi dwangs ma ri bong 'dzin:_shes rab sbas pa'i tsaN+Da li:_zla nyi'i khams kyi dkyil 'khor ni:_sgra gcan dus me'i khar gnas pa:_ro rkyang byed pa'i sbyor ba ni:_sbyor bzhi'i rlung gis bskul ba las:_'bar dang zhu bde 'dzin pa'i lam:_'khor lo bzhi yi srog tu brgyud:_dga' bzhi stong par mnyam sbyor ba'i:_rnal 'byor zab mo'i nges pa yis:_las rlung a wa d+hU ti'i sbubs:_zhugs gnas thim pa'i cho ga brtson:_dbu ma'i mdud pa nyi shu gnyis:_grol nas sa bcu lam lnga yi:_yon tan yid bzhin 'char ba na:_don gyi ye shes dpal chen po:_mngon sum mthong ba gdon mi za:_bde ba'i mchog ni dbyings la gnas:_de yi rang gzugs sgyu ma che'i:_mtshan ldan gsang ba'i reg pa ni:_bsten pa tsam gyis nges par 'grub:_yid gzhung blo ldan shes rab zab:_gsang thub bde ba rgyas ma la:_rjes chags sgyu rtsal rmad byung bas:_sbyor ba'i cho ga ldan pas 'grub:_lam dang brtson pa rgya chen po'i:_rtsol ba nyid la mi ltos pa:_thabs kyi byed pa kho na yis:_ye shes nam mkha'i gzugs mthong 'gyur:_de tshe gnyis snang rtog pa'i sprin:_mi rtog mkha' la rang dag dengs:_nges pa'i gsang ba rdo rje'i lam:_yid bzhin 'grub pa'i gseng lam mo:_rdo rje ye shes kyi he ru ka'i bde ba chen po'i thabs kyi gseng lam bstan pa'i le'u ste bzhi pa'o:__sku gsung thugs kyi rdo rje'i dbyings:_rnal 'byor mngon du gyur pa yi:_nus pa'i gdeng mchog thob pa'i tshe:_las kun sgrub pa'i cho ga brtsams:_srung ba rig pa chen po'i sngags:_tsakra'i tshul du bkod de sgrub:_bzlog pa 'gal rkyen tshar gcod pa:_dmar gyi gtor ma'i las la bsten:_bsad pa kha sbyor dbye ba ni:_ling+ga'i srog dang ldan pas brtsams:_mnan pa bcas chog nag po ni:_thod ngan rU pa bcas pas brub:_bsreg pa las kyi gzer kha'i mdel:_rdzas sngags ting 'dzin cho gas brtsams:_'phang ba zor gyi mtshon cha ni:_brlag byed thabs kyi nus pas brdeg:_mnyes byed bskang bshags zab mo'i mchog:_ru dang zung bzhi'i cho ga bya:_dge legs bkra shis spel byed pa:_lhag gnas las rim gzhung ltar sgrub:_'chi med rdo rje'i tshe yi lung:_dus kun gces pa'i las la brtson:_kun kyang lha dang snying po sngags:_ting 'dzin rdzas kyi cho ga dang:_man ngag kun tshang las brtsams na:_don gnyis 'bad pa med par 'grub:_kun 'byung nor bu'i rgyal po bzhin:_ngo mtshar nus pa'i mchog thob pas:_gdug can ru tra bsgral ba dang:_bar chad gdon bgegs tshar thag gcod:_skal ldan dpal dang legs pa'i tshogs:_'phel rgyas yang dag lam la sbyor:_rnal 'byor nyid kyang tshogs gnyis 'phel:_lam kun mthar son gdeng thob 'gyur:_rdo rje las kyi he ru ka'i gzer kha bstan pa'i le'u ste lnga pa'i bdag nyid can rdzogs so:__rang byung rdo rje he ru ka'i:_don gyi gsang ba ches zab cing:_tshig gi rgyud sde mtha' klas pa'i:_kun gyi bcud dril nges pa'i don:_khrag 'thung 'dus pa'i srog tig 'di:_snying po rang byung rtsa ba'i rgyud:_rmad du byung ba'i lam 'di yang:_dkyil 'khor khyab bdag dpal chen po'i:_rdo rje gsang ba don gyi chos:_rgyun mi chad du ston pa rnams:_rang snang 'khor gyi thugs chud pa:_'gag med thugs rje'i rtsal snang gi:_ston pa de wa bzang skyong dang:_mkha' 'gro las kyi dbang mo sogs:_rdo rje'i 'dus pas gzhan snang gi:_tshul 'dzin rig 'dzin rnams la gtad:_khyad par rdo rje thod phreng bdag:_lam 'di'i rgyud lung man ngag gi:_kun 'dus gsang ba'i bka' babs shing:_smin grol rig 'dzin mkha' 'gros gtad:_grub rtags kun gyis mthong bar ston:_mdor na dkyil 'khor bdag po dang:_gnyis med go 'phang mngon gyur pa:_'dzam gling gdul bya'i gtso bo che:_za hor 'gro lding bod yul rnams:_chos 'di'i rtsa ba yan lag gi:_dbang dang gdams pas 'dul ba las:_mtha' dag gdams ngag rdzogs pa ru:_bstan pa'i snod ni za hor du:_rgyal po gtsug lag 'dzin yab sras:_bod yul mnga' bdag btsad po dang:_rgyal sras lha rje yab yum tshogs:_rje 'bangs 'dus pa rnams la bstan:_rang gzhan bstan 'gro'i don mang 'grub:_ma 'ongs gdul byar snying brtse bas:_bdag cag yon mchod thams cad kyis:_bka' 'dus chos kyi rgya mtsho zhes:_pad+ma bdag gi srog tig che'i:_rgyud lung man ngag las tshogs dang:_dbang chos gsang ba mtha' dag kun:_dpe rgyud shog ser glegs bam bris:_shel brag pad+ma brtsegs par sbas:_don gyi brgyud pa rje 'bangs dang:_DA ki'i ye shes srog dang bsres:_da lta mi snang gsang rgyas thob:_nam zhig dus la bab pa'i tshe:_smon lam dag pa'i ye shes gzugs:_lha rje'i skye ba bdun pa ni:_o rgyan gling dang 'phrad nas kyang:_bod yul phan bde'i btsas su byed:_skal ldan rnams kyi spyod yul du:_gyur nas 'gro rnams smin grol shog:_sa ma ya:_rgya rgya rgya:_gu h+ya:_i ti:_zab rgya:_gsang rgya:_sbas rgya:_rdo rje gsang ba'i rgyud chen po'i mnga' bdag tu gdod nas grub pa'i bla ma spyi dpal chen po rig 'dzin grub brgya'i ded dpon pad+ma ye shes rdo rje stangs dpyal lhan rgyas pas lha rdzas rin po che'i skyes dang*/_bri gzhi bcas ched du bka' yi bskul ma mdzad pa dang*/_gzhan yang mkhas grub kyi skyes chen du mas legs so'i dbugs dbyung bstsal ba bzhin/_zab mo'i gsang ba mchog gis dbugs dbyung cung zad thob pa'i skal bzang rig pa 'dzin pa pad+ma gar dbang bde chen 'od gsal mdo sngags gling pas dbu ru grwa nang gter chen o rgyan gling pa sku 'khrungs pa'i gnas yar chen du gtan la phab nas bris pa 'dis kyang bstan 'gro mtha' dag la phan bde'i dbugs 'byin dus kun tu 'byung ba'i rgyu kho nar gyur cig__/mang+ga laM/_dge'o//__//

Footnotes

Other Information