དཔལ་བཀའ་འདུས་གསང་བ་སྙིང་ཏིག་སྙིང་པོ་དོན་གྱི་མན་ངག་ཟབ་མོ་ཧཱུྃ་གི་སྒྲུབ་ཐབས༔

From Khyentse Lineage - A Tsadra Foundation Project
DKR-KABUM-22-ZA-008
Wylie title dpal bka' 'dus gsang ba snying tig snying po don gyi man ngag zab mo hUM gi sgrub thabs DKR-KABUM-22-ZA-008.pdf
Location dil mgo mkhyen brtse bka' 'bum
Volume 22, Text 8, Pages 103-109 (Folios 1a to 7b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཨོ་རྒྱན་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (o rgyan gling pa, 'jam dbyangs mkhyen brtse'i dbang po, Khyentse, Dilgo)
Citation Khyentse, Dilgo. Dpal bka' 'dus gsang ba snying tig snying po don gyi man ngag zab mo hUM gi sgrub thabs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 103-109. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ (dpal bka' 'dus chos kyi rgya mtsho)
Deity zhi khro
[edit]
༼༑ྃ༽ དཔལ་བཀའ་འདུས་གསང་བ་སྙིང་ཏིག་སྙིང་པོ་དོན་གྱི་མན་ངག་ཟབ་མོ་ཧཱུྃ་གི་སྒྲུབ་ཐབས་བཞུགས༔

༼༑ྃ༽ ༔བརྡ་ཡིག༔༔ དཔལ་ཧེ་རུ་ཀ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཧཱུྃ་ཆེན་ཐུགས་ཀྱི་ཡེ་ཤེས་ནི༔ འཇོམས་དང་གཅོད་དང་འབར་བ་ཆེ༔ ཐོགས་མེད་མི་འགྱུར་སྲོག་གི་ཏིག༔ ཡི་གེ་ཆེན་པོ་སྒྲ་ཆེན་ལྡན༔ དཀྱིལ་འཁོར་ལས་རྣམས་མ་ལུས་འབྱུང༔ དེ་ཕྱིར་ནང་གི་རྣལ་འབྱོར་པས༔ མཉམ་བཞག་ཏིང་འཛིན་གཙོར་བཏོན་ཏེ༔ དབང་དང་བསྐྱེད་རྫོགས་རྣལ་འབྱོར་ལས༔ ཀུན་ཀྱང་ཧཱུྃ་ལ་བསྟེན་ནས་སྒྲུབ༔ ས་མ་ཡ༔ ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནི༔ རྡོ་རྗེ་གསང་བ་ཧཱུྃ་དུ་གནས༔ བརྡ་ཡི་དཀྱིལ་འཁོར་ལ་བསྟེན་ནས༔ རྫས་རྣམས་གཞུང་ལྟར་ཚོགས་པར་བཤམས༔ ཡང་དག་སྒྲུབ་པའི་གཞུང་བསྲངས་ཏེ༔ སྣོད་ལྡན་སློབ་མ་སྨིན་པར་བྱ༔ བསྟན་པའི་བབ་དང་ལོ་རྒྱུས་བཤད༔ མཎྜལ་ཕུལ་ལ་གསོལ་གསུམ་གདབ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ གསོལ་བཏབ་ཐུགས་རྗེས་འཛིན་པའི་བརྡར༔ ཧོ༔ ལས་དང་སྙིང་པོའི་སྐལ་པ་ལྡན༔ དད་བརྩོན་བློ་གྲོས་རྨད་དུ་བྱུང༔ ཡང་དག་ངེས་པའི་ལམ་འདོད་ན༔ དཀྱིལ་འཁོར་བཞི་རུ་སྨིན་པར་བྱ༔ གནང་སྦྱིན་བཀའ་ནན་རྣམ་པ་བཅུའི༔ བསགས་སྦྱང་རྒྱུད་ནི་དག་པར་བྱ༔ ཕྱི་རུ་དབང་གི་རྟེན་འབྲེལ་བསྒྲིགས༔ ངེས་པར་དཀྱིལ་འཁོར་དུ་གཞུག་ཕྱིར༔ རྡོ་རྗེ་སེམས་དཔའི་ཆུ་ནན་སྦྱིན༔ སྲོག་གི་ཏི་ལ་ཀ་བསྟིམ་བསྲེ༔ སློབ་མའི་ལུས་སྦྱངས་འོད་ཀྱི་ཐིག༔ ཧེ་རུ་ཀ་ཡི་ཞལ་ཞུགས་བཞུ༔ མཁའ་གསང་ནས་སྤྲོས་ལྷག་པའི་སེམས༔ དངུལ་ཆུའི་གོང་བུ་ལྟ་བུ་ཡང༔ དཀྱིལ་འཁོར་ཤར་སྒོར་དབང་སྟེགས་བཞག༔ དཀྱིལ་འཁོར་གཙོ་བོའི་སྐུར་བསྐྱེད་ལ༔ གནས་གསུམ་བྱིན་རླབས་གདུང་ཤུགས་བསྐྱེད༔ སྤོས་རོལ་དང་བཅས་དབྱངས་ཀྱིས་བསྐུལ༔ ཕྱོགས་དུས་བླ་མ་རྒྱལ་བ་སྲས༔ དཔའ་བོ་རྣལ་འབྱོར་མའི་ཚོགས་བཅས༔ སྟེང་འོག་བར་གསུམ་ཁྱབ་པར་བྱོན༔ སློབ་མའི་ལུས་ཞུགས་ནང་ཀུན་ཁེངས༔ མངོན་སུམ་བྱིན་རླབས་གཟི་འབར་ཞིང༔ བདེ་གསལ་མི་རྟོག་ཡེ་ཤེས་སྐྱེས༔ བྱུང་རྒྱལ་ཉམས་བསྐྱངས་བརྟན་པར་བཞུགས༔ ཕྱི་ནང་འཇུག་པའི་ཆོས་སྔོན་འགྲོའི་ཡི༔ ཐོག་མར་བུམ་པའི་དབང་སྐུར་སྦྱིན༔ ཨོཾ༔ སྣང་སྟོང་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཡི༔ སྐུ་ཡི་བུམ་པར་ཡེ་ཤེས་བདུད་རྩིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་སྐུར་བས༔ ཕུང་ཁམས་སྐྱེ་མཆེད་གཉུག་མའི་ལྷར་སྨིན་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ༔ བདུད་རྩིའི་ལུས་གང་སྒྲིབ་ཚོགས་བཀྲུས༔ ཡེ་ཤེས་ནུས་པ་མངོན་སུམ་སྨིན༔ ལྷ་དང་སྐལ་མཉམ་བྱས་པ་ཡིན༔ མ་ཧཱའི་སྤྲོས་བཅས་སྒྲུབ་དབང་རྫོགས༔ སློབ་དཔོན་བདེ་ཆེན་ཧེ་རུ་ཀ༔ སྟངས་དཔྱལ་སྦྱོར་བའི་འོད་དང་སྒྲས༔ རྒྱལ་ཀུན་ཆགས་པ་ཆེ་བསྐུལ་ཏེ༔ དབང་ཕྱུག་ཞལ་ཞུགས་རྗེས་ཆགས་ཀྱིས༔ བཞུས་པའི་སེམས་སྤྲིན་མཁའ་རུ་བསྐྱིལ༔ རྡོ་རྗེའི་ལྕེ་ལ་དངོས་སུ་བཞག༔ ཨཱཿ གསལ་སྟོང་གཉིས་མེད་ལྷག་པའི་སེམས་ཀྱི་སྤྲིན༔ མཆོག་ཏུ་མི་འགྱུར་རྡོ་རྗེ་སེམས་དཔའི་བཅུད༔ སྐལ་ལྡན་བུ་ཡི་ལྕེར་བཞག་མྱང་བའི་མཐུས༔ རྟོག་བྲལ་བདེ་བའི་དེ་ཉིད་མངོན་གྱུར་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ༔ བདུད་རྩི་ཞུ་བས་དཀར་དམར་ཁམས༔ གཡོས་པའི་བདེ་བས་རྟོག་པ་འགགས༔ ལྷན་སྐྱེས་དོན་གྱི་དགོངས་པའི་མཐུ༔ མངོན་བྱེད་བདེ་བ་སྐྱེས་པར་བསམ༔ གཙོ་བོའི་ཡུམ་ལས་ཕྱག་རྒྱ་མ༔ མཚན་རྫོགས་རིག་དང་ལྡན་པ་ནི༔ ཡིད་འོང་བཅུ་དྲུག་ལང་ཚོ་ཅན༔ སྤྲོས་སྟེ་ཐར་པ་བསྟེན་པར་མོས༔ ཧཱུྃ༔ བདེ་སྟོང་གཉིས་མེད་ཡེ་ཤེས་དཔལ་སྟེར་མ༔ བཅུ་དྲུག་དགའ་བཞིའི་ཕོ་ཉའི་མཆོག་གྱུར་པས༔ སྐལ་ལྡན་ཐར་པ་བསྟེན་པའི་ཐབས་བྱིན་པས༔ ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་དབང་སྦྱིན་ཤོག༔ ཨོཾ་མ་ཧཱ་སུ་ཁཔྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ ཕོ་ཉའི་ཆུ་སྐྱེས་གསང་བའི་རྩ༔ རྡོ་རྗེའི་བུ་གར་བཅུག་ཅིང་སྤྱོད༔ རྒྱུ་འབྲས་དགའ་བའི་ཡེ་ཤེས་དཀྱིལ༔ དཔེ་བྱས་དོན་ལ་སྦྱོར་བར་བསམ༔ དེས་ནི་བདེ་ཆེན་ཐབས་ཀྱི་མཆོག༔ ཨ་ནུ་ཡོ་གའི་དབང་རྫོགས་པའོ༔ བརྡ་ནི་རང་བྱུང་མན་ཤེལ་ཏེ༔ དོན་གྱི་དགོངས་པ་གཏད་པས་འཕོ༔ ཡེ་ཤེས་དྲི་མེད་དཀྱིལ་འཁོར་དུ༔ མངོན་སུམ་གཞུག་པས་དབང་འདིར་སྦྱིན༔ ཧོ༔ མཐའ་དབུས་ཀུན་བྲལ་ཡེ་ཤེས་རྡོ་རྗེའི་དབྱིངས༔ ཡིད་བྱེད་ཚིག་གིས་མི་མཚོན་རྫོགས་པ་ཆེའི༔ གནས་ལུགས་མངོན་སུམ་རྟོགས་པའི་དབང་སྦྱིན་པས༔ མཐར་ཐུག་དབྱིངས་རིག་གཉིས་མེད་སངས་རྒྱས་ཤོག༔ ཨོཾ་ཛྙཱ་ན་དྷཱ་ཏུ་ཧེ་རུ་ཀ་ཨཏྨ་ཀོ྅་ཧྃ༔ བླ་མ་ལྷ་ཡི་བྱིན་རླབས་དང༔ ཐབས་དང་མོས་པའི་རྟེན་འབྲེལ་གྱིས༔ དོན་གྱི་ཡེ་ཤེས་རྗེན་པ་རུ༔ མངོན་སུམ་མཐོང་བ་གདོན་མི་ཟ༔ ཡེ་ཤེས་དཀྱིལ་འཁོར་སྨིན་བྱས་པས༔ ཨ་ཏིའི་དབང་སྐུར་རྫོགས་པར་ཐོབ༔ དབང་ཀུན་ཆིག་དྲིལ་གཏོར་མའི་དབང༔ མཐའ་རྟེན་ཚུལ་དུ་སྦྱིན་པ་ནི༔ ཧཱུྃ་ཧྲཱིཿ གཏོར་སྣོད་རིན་ཆེན་དུར་ཁྲོད་གཞལ་ཡས་ཁང༔ གཏོར་མ་རྒྱན་ལྡན་བཀའ་འདུས་དཀྱིལ་འཁོར་ལྷ༔ སྣོད་བཅུད་ཡོངས་རྫོགས་དམ་རྫས་བ་ལིཾ་ཏ༔ རབ་འབྱམས་དབང་དང་དངོས་གྲུབ་ཀུན་གྱི་གཞི༔ ཐོག་མར་ལྷ་དང་གཉིས་མེད་སྒྲུབ་པའི་རྟེན༔ བར་དུ་འདོད་ཡོན་ཀུན་འབྱུང་མཆོད་པའི་མཆོག༔ ཐ་མ་དབང་དང་དངོས་གྲུབ་དབྱིག་གི་རྫས༔ ཀུན་འབྱུང་སྒྱུ་འཕྲུལ་དྲྭ་བའི་རྒྱན་རྫོགས་པའི༔ སྣང་སྟོང་བརྡ་ཡི་བུམ་པའི་དབང་བསྐུར་རྫོགས༔ བདུད་རྩིར་ཞུ་བ་མྱོང་བས་གསང་བའི་དབང༔ ཟག་མེད་བདེ་བའི་དཔལ་འདྲེན་གསུམ་པ་སྟེ༔ དོན་ལ་དབྱིངས་རིག་གཉིས་མེད་བཞི་པའི་དངོས༔ ལྷ་ཚོགས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཤར༔ སྨིན་གྲོལ་གདམས་པ་རྫོགས་པའི་བྱིན་རླབས་མཐུས༔ རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སྨིན༔ མ་ལུས་སྒྲིབ་བྱང་ནད་གདོན་སྡིག་སྒྲིབ་དག༔ དབྱེར་མེད་ཡེ་ཤེས་མཆོག་ཏུ་སྨིན་གྲོལ་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱཀྩིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ གཏོར་མ་གནས་བཞིར་བཞག་ཅིང་མྱོང༔ རྩ་བ་ཡན་ལག་དབང་རྫོགས་ཐོབ༔ ས་མ་ཡ༔ ཧཱུྃ་སྔོན་ཡེ་ཤེས་མཚོན་ཆེན་པོ༔ མ་ལུས་དཀྱིལ་འཁོར་མཐའ་ཡས་འབྱུང༔ ཐུགས་ཀྱི་སྙིང་པོ་ས་བོན་ཆེ༔ རྒྱུ་འབྲས་རྟེན་དང་བརྟེན་པ་རྫོགས༔ ཧཱུྃ༔ ཆོས་སྐུ་ཡང་དག་དེ་བཞིན་ཉིད༔ འཁོར་འདས་དངོས་འཛིན་ཀ་ནས་དག༔ དངོས་པོ་མཚན་མ་མེད་པའི་དབྱིངས༔ ཡིད་བྱེད་བློ་དང་བྲལ་བའོ༔ ཧཱུྃ༔ ལོངས་སྐུ་པདྨ་ཀུན་ཏུ་སྣང༔ རྗེས་ཆགས་སྙིང་རྗེ་མཁའ་མཉམ་བརྡལ༔ མ་རྟོགས་འགྲོ་རྣམས་བསྒྲལ་བའི་ཕྱིར༔ རང་བྱུང་བརྩེ་བའི་ཡེ་ཤེས་ཤར༔ ཧཱུྃ༔ སྤྲུལ་སྐུ་རྒྱུ་ཡི་ས་བོན་ཧཱུྃ༔ གཟུགས་ཀྱི་རྡོ་རྗེ་རྟག་པའི་དབྱིངས༔ སྐུ་དང་ཞིང་ཁམས་རྣམ་སྣང་བའི༔ ས་བོན་ཧཱུྃ་ཡིག་ཉི་ལྟར་འབར༔ འོད་ཀྱིས་སྣོད་བཅུད་དབྱིངས་སུ་སྦྱངས༔ ཡེ་ཤེས་རྡོ་རྗེའི་སྲུང་བའི་གུར༔ ཡངས་ཤིང་རྒྱ་ཆེ་མི་ཤིགས་མཁྲེགས༔ འབར་བའི་མེ་མཚོན་ཕྲེང་བ་འཁྲུགས༔ ནང་དུ་འབྱུང་བ་རིམ་བརྩེགས་སྟེང༔ རྡོ་རྗེའི་རི་རབ་བང་རིམ་ལྡན༔ སྟེང་དུ་རྡོ་རྗེའི་རྭ་བ་མེ༔ དུར་ཁྲོད་འཇིགས་པའི་བཀོད་པ་རྫོགས༔ དབུས་སུ་པདྨ་ཉི་མའི་སྟེང༔ རྒྱ་གྲམ་ལྟེ་བར་ཧཱུྃ་ལྔ་ལྡན༔ ཡེ་ཤེས་གཞལ་ཡས་ས་བོན་ལས༔ ཡོངས་གྱུར་གྲུ་བཞི་སྒོ་རྟ་བབ༔ རིན་ཆེན་ཐོད་མཁར་འབར་བ་ཡི༔ ཕོ་བྲང་རྒྱན་བཀོད་བརྡ་རྟགས་རྫོགས༔ དབུས་སུ་རྡོ་རྗེའི་བྲག་ཆེན་དང༔ པད་ཉི་དྲེགས་པ་ཁྱོ་ཤུག་སྟེང༔ ཐུགས་སྲོག་ཧཱུྃ་བབ་ཡོངས་གྱུར་ལས༔ འབར་བའི་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧཱུྃ་མཚན་སྤྲོ་བསྡུ་ཡིས༔ དོན་གཉིས་བྱས་པ་ཡོངས་གྱུར་པ༔ འཁོར་འདས་རྫོགས་པའི་སྤྱི་དཔལ་ཆེ༔ ཧེ་རུ་ཀ་དཔལ་ནམ་མཁའི་སྐུ༔ མཐིང་ག་ཁྱབ་པ་ཆེན་པོའི་ཚུལ༔ སྒེག་དཔའ་འཇིགས་རུང་གཟི་བྱིན་འབར༔ ཡེ་ཤེས་སྤྱན་གསུམ་བགྲད་ཅིང་གཟིར༔ ཞལ་གདང་ལྗགས་འདྲིལ་མཆེ་བ་གཙིགས༔ རྒོད་གཤེ་དྲག་ཤུལ་ཧཱུྃ་སྒྲ་འབྱིན༔ ལྗགས་བསྒྲིལ་སྨ་ར་སྨིན་མ་འབར༔ ཐོད་སྐམ་དབུ་རྒྱན་རལ་པ་མཛེས༔ དབང་རྟགས་རྡོ་རྗེ་རྩེ་ལྔ་གདེང༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ དུར་ཁྲོད་གནས་པའི་མཁའ་འགྲོ་མ༔ དབང་བྱེད་ཆས་བརྒྱད་བདུད་རུ་ཏྲ༔ བསྒྲལ་བའི་དཔལ་གྱི་ཆེ་རྟགས་བརྒྱན༔ ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས༔ དྲེགས་པ་ལྷ་ཆེན་ཁྱོ་ཤུག་མནན༔ འབར་བ་འོད་དང་མེ་ལྕེའི་ཕྲེང༔ འཁྲུགས་ཤིང་འཁྱིལ་པའི་ཀློང་ན་འགྱིངས༔ སྦྱོར་བའི་ཡུམ་ཆེན་དམར་ལ་སྒེག༔ གཅེར་བུ་གཟིག་ཤམ་རུས་རྒྱན་ཅན༔ ཕྱག་རྒྱ་ལྔས་མཛེས་གྲི་ཐོད་ཅན༔ གཉིས་མེད་བདེ་སྟོང་ཆེན་པོར་སྦྱོར༔ སྣང་སྟོང་ཆུ་ཟླ་འཇའ་ཚོན་ལྟར༔ གསལ་ལ་མ་འདྲེས་ཡེ་ཤེས་སྐུ༔ ཀུན་ཁྱབ་ཀུན་གྱི་བདག་ཉིད་ཅན༔ སྲིད་ཞིའི་དབང་ཕྱུག་ལྷུན་གྱིས་གྲུབ༔ དངོས་པོ་ལས་འདས་སྒྱུ་མའི་སྐུའི༔ དབྱིངས་སུ་མི་ཕྱེད་དབུ་མའི་རྩ༔ འཁོར་ལོ་བཞི་བཅས་ལྷུན་གྲུབ་པ༔ དྭངས་མ་འོད་ཀྱི་ནང་ཉིད་དུ༔ སྤྱི་བོར་བུདྡྷ་ཧེ་རུ་ཀ༔ ཟིལ་གནོན་འཇམ་དཔལ་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་འཁོར་ལོ་འཛིན༔ བཻ་ཏ་ཟ་བྱེད་ནག་མོ་ཡུམ༔ འཁོར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ བཅོམ་ལྡན་འཁོར་ལོ་བདེ་བའི་མཆོག༔ བླ་མེད་མངོན་རྫོགས་ཧེ་རུ་ཀ༔ རཏྣ་རྩལ་རྫོགས་ཡུམ་བཅས་གསལ༔ མགྲིན་པར་པདྨ་ཧེ་རུ་ཀ༔ དབང་ཆེན་རྟ་མཆོག་རོལ་པ་རྩལ༔ དམར་ནག་བཻ་ཅོན་དུང་ཁྲག་འཛིན༔ ཡུམ་ཆེན་པདྨ་གཟི་ལྡན་འཁོར༔ དགྱེས་པ་རྡོ་རྗེ་ཧེ་རུ་ཀ༔ བཅོམ་ལྡན་མི་བསྐྱོད་གསང་བ་འདུས༔ དྲེགས་པ་ཀུན་འདུས་དཔལ་ཆེན་པོ༔ པདྨ་རྩལ་རྫོགས་ཡུམ་བཅས་གསལ༔ ཐུགས་ཀར་བཛྲ་ཧེ་རུ་ཀ༔ ཡང་དག་རྡོ་རྗེ་མཉམ་སྦྱོར་ལྷ༔ མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན༔ ཀྲོ་དྷཱི་ཤྭ་རི་དབྱིངས་ཕྱུག་ཡུམ༔ འཁོར་དུ་རྡོ་རྗེ་ཕྲེང་བ་ཆེ༔ བདུད་འདུལ་གསང་བའི་བདག་པོ་མཆོག༔ སྟོབས་ལྡན་དྲག་པོ་དྲག་སྔགས་བདག༔ རྡོ་རྗེ་རྩལ་རྫོགས་ཆེན་པོས་བསྐོར༔ ལྟེ་བར་ཀརྨ་ཧེ་རུ་ཀ༔ ཕྲིན་ལས་རྡོ་རྗེ་གཞོན་ནུ་ཡབ༔ ཕྱག་གཉིས་རྡོ་རྗེ་ཕུར་པ་འདྲིལ༔ འཁོར་ལོ་རྒྱས་འདེབས་རོལ་པའི་ཡུམ༔ འཁོར་དུ་ཡོན་ཏན་ཆེ་བའི་མཆོག༔ དཔལ་ལྡན་དུས་ཀྱི་འཁོར་ལོ་དང༔ འདོད་འབྱུང་མཁའ་ཀློང་འཁྱིལ་བའི་ལྷ༔ ཀརྨ་རྩལ་རྫོགས་བཅས་པས་བསྐོར༔ ཀུན་ཀྱང་དྭངས་མ་ཐིག་ལེའི་སྐུ༔ འོད་ཕུང་འཇའ་ཚོན་ལྟར་བཀྲ་ཞིང༔ བདེ་དྲོད་གཟི་བྱིན་ལམ་མེ་བ༔ ཕྲ་ལ་སྐྱེ་མཆེད་རྫོགས་པར་གསལ༔ ཕུང་ཁམས་སྐྱེ་མཆེད་ཡན་ལག་བཅས༔ བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས༔ གདན་གསུམ་དཀྱིལ་འཁོར་ཡེ་རྫོགས་པས༔ རབ་འབྱམས་ཞི་ཁྲོའི་ཁྱབ་བདག་གི༔ བ་སྤུའི་ཁུང་བུ་ཡན་ཆོད་ཀྱང༔ སངས་རྒྱས་སྟོང་རྩ་འདོད་ཡོན་གྱི༔ ལྷ་མོ་མཁའ་འགྲོ་གིང་ལང་སོགས༔ མ་བསྐྱེད་རང་བྱུང་ཚུལ་དུ་གསལ༔ ལུས་ངག་ཡིད་གསུམ་ཕྱིའི་སྲིད་པ༔ ཁམས་གསུམ་དག་པ་སྐུ་གསུང་ཐུགས༔ གཉུག་མའི་རྡོ་རྗེ་གསུམ་གྱི་དབྱིངས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ གསང་བ་གསུམ་གྱི་ངོ་བོར་རྫོགས༔ ཡེ་ཤེས་ལྔ་ལྡན་རིགས་མཆོག་གི༔ ཕྱག་རྒྱས་ཡུལ་དབང་ཤེས་པའི་ཆོས༔ ཕུང་ཁམས་ཀུན་ལ་རྒྱས་བཏབ་པས༔ རིགས་ལྔའི་དབང་བསྐུར་རྒྱན་དུ་འཆང༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨ༔ རང་བཞིན་གནས་པའི་ཡེ་ཤེས་ལྷ༔ མཚན་མའི་དངོས་པོར་མ་གྲུབ་ཀྱང༔ རང་བཞིན་རྟགས་ཀྱི་རོལ་པ་ནི༔ བཀོད་པ་ཚད་མེད་ཅིར་ཡང་སྣང༔ བ་སྤུའི་བུ་ག་ཚུན་ཆད་ཀྱང༔ ཡེ་ཤེས་ཀློང་ལས་མ་འདས་པས༔ ཟག་མེད་ཡོན་ཏན་རྗེས་མཚོན་པའི༔ བརྡ་རྟགས་རོལ་པ་བསམ་ལས་འདས༔ གནས་ལུགས་དོན་གྱི་བཞུགས་ཚུལ་ལ༔ སངས་རྒྱས་སེམས་ཅན་གཉིས་མེད་པའི༔ དག་པ་སྐུ་དང་ཡེ་ཤེས་སུ༔ བཞུགས་པས་བཟང་ངན་རྣམ་བཞག་བྲལ༔ དཔལ་གྱི་ང་རྒྱལ་བརྟན་པོའི་ངང༔ དག་པའི་གསལ་སྣང་རྩེ་གཅིག་སྒྲུབ༔ དག་པ་དྲན་པས་བོགས་དབྱུང་སྟེ༔ རང་རྒྱུད་ཞེན་པའི་གོལ་ས་གཅོད༔ གཞིར་རྫོགས་ཆེན་པོའི་ཏིང་འཛིན་ནི༔ གོང་མའི་ལམ་གྱི་སྨིན་བྱེད་དོ༔ ས་མ་ཡ༔ འཁོར་འདས་ཆོ་འཕྲུལ་བཀོད་པ་ནི༔ མ་ངེས་བསམ་ཡས་ཀུན་སྣང་ཀྱང༔ གནས་ལུགས་དོན་གྱི་ཡེ་ཤེས་ལ༔ ཆོས་ཉིད་གཅིག་ལས་འདུ་འབྲལ་མེད༔ ཉི་མ་ལས་བྱུང་འོད་ཟེར་ནི༔ མུན་པ་ནམ་ཡང་མི་སྲིད་བཞིན༔ དེ་ཉིད་ལས་བྱུང་ཆོས་ཅན་དངོས༔ ཅི་སྣང་སྐུ་དང་ཡེ་ཤེས་དག༔ དེ་གཉིས་དབྱེར་མེད་མཉམ་པ་ལ༔ རྣམ་ཀུན་མཆོག་ལྡན་སྟོང་ཉིད་ལས༔ མ་འདས་གཟོད་ནས་དེའི་ཀློང་དུ༔ རང་ཤར་དཔལ་གྱི་སྲོག་གི་ཏིག༔ དག་མཉམ་བདེན་པ་དབྱེར་མེད་པའི༔ དོན་དང་མཐུན་པའི་བསྐྱེད་རིམ་ནི༔ སྐུ་དང་ཡེ་ཤེས་གཉིས་མེད་པའི༔ སངས་རྒྱས་ཀུན་གྱི་གསང་བ་འདུས༔ སེམས་ཅན་ཀུན་གྱི་སྙིང་པོའི་ཁམས༔ རྣམ་དབྱེར་མེད་པའི་ཆོས་ཉིད་ཀྱི༔ རྩལ་སྣང་མཚན་བཅས་ཏིང་འཛིན་བཏགས༔ ཡང་དག་ལྟ་སྒོམ་སྤྱོད་པ་ཡིས༔ དོན་ལ་ངེས་པར་གཏན་དབབ་ན༔ སྐུ་གསུང་ཐུགས་གསུམ་མི་ཕྱེད་པའི༔ རང་བྱུང་སྤྱི་དཔལ་རིགས་ཀུན་བདག༔ སྣང་བཅས་སྐུ་དང་སྟོང་ཉིད་གསུང༔ གཉིས་མེད་ཐུགས་དང་ཡེ་ཤེས་ལས༔ སྤྲོ་བསྡུའི་ཆོ་འཕྲུལ་རྨད་བྱུང་བས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཆེའི༔ དཀྱིལ་འཁོར་ལྷ་སྔགས་ཏིང་ངེ་འཛིན༔ བསྙེན་སྒྲུབ་ལས་གསུམ་དབང་བསྐྱེད་རྫོགས༔ ཟབ་རྒྱས་རིམ་པ་ཇི་སྙེད་ཀུན༔ བཤད་ཅིང་འབྱུང་བའི་གནས་སུ་ཤར༔ དེས་ན་ལྷ་སྔགས་ཏིང་འཛིན་སྒོ༔ ཆིག་དྲིལ་གདམས་པ་རྒྱ་མཚོའི་སྲོག༔ ཡང་དག་ངེས་པ་རྡོ་རྗེའི་ཚིག༔ ཉམས་ལེན་སྙིང་གི་ཏི་ཀའོ༔ ས་མ་ཡ༔ དབྱིངས་དང་རིག་པ་ཐུགས་རྗེའི་རྩལ༔ སྣང་ཞིང་འབྱུང་བར་བྱེད་པ་རླུང༔ ཀུན་ཁྱབ་གཡོ་དང་སྡུད་པ་ཡི༔ བྱེད་ལས་ཅན་དུ་ལྷུན་གྱིས་གྲུབ༔ ལྔ་ཡི་བདག་ཉིད་བཅུ་མིང་ཅན༔ ཐབས་ཀྱིས་མ་ཟིན་སྲིད་པའི་རྒྱུ༔ ཐབས་དང་བྱེད་པས་གཅུན་པ་ལས༔ དག་པའི་ཡེ་ཤེས་སྣང་བ་འཆར༔ ཏིང་འཛིན་མངོན་ཤེས་རྫུ་འཕྲུལ་སྒོ༔ སྒྲུབ་པའི་ཉེ་རྒྱུ་བླ་ན་མེད༔ ཡང་དག་ལམ་ལ་སྦྱར་འདོད་ན༔ ངག་ཡིད་རྡོ་རྗེའི་བཟླས་པས་སྒྲུབ༔ རང་ཉིད་དཔལ་ཆེན་ཐུགས་ཀྱི་ཀློང༔ ཡེ་ཤེས་སེམས་དཔའ་ཕབ་འཕྲོ།

Footnotes

Other Information