DKR-KABUM-21-ZHA-021: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=སྙན་བརྒྱུད་སྙིང་གི་གསང་མཛོད་ལས། །ཡུམ་ཀ་མཁའ་འགྲོ་གདུགས་སེང་སྦྲགས་མའི་སྒྲུབ་ཐབས་བྱད་གདོན་དཔུང་འཇོམས་རྡོ་རྗེའི་མཁར་རྫོང་། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: . Delhi: Shechen Publications, 1994. | |fulltitle=snyan brgyud snying gi gsang mdzod las/ /yum ka mkha' 'gro gdugs seng sbrags ma'i sgrub thabs byad gdon dpung 'joms rdo rje'i mkhar rdzong | ||
|citation=[[Khyentse, Dilgo]]. ''Snyan brgyud snying gi gsang mdzod las yum ka mkha' 'gro gdugs seng sbrags ma'i sgrub thabs byad gdon dpung 'joms rdo rje'i mkhar rdzong''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: 190-200. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=gnyags dz+nyA na ku mA ra | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | ||
Line 18: | Line 17: | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|deity= | |deity=seng gdong ma | ||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=021 | |volumenumber=021 | ||
|volnumtib=༢༡ | |volnumtib=༢༡ | ||
|volyigtib=ཞ་ | |volyigtib=ཞ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=021 | |||
|pagenumbers=190-200 | |||
|totalpages=22 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=11b6 | ||
|totalfolios=11 | |||
|multivolumework=No | |||
|rectonotes=sgrub thabs | |||
|versonotes=gnyags lugs phur pa | |versonotes=gnyags lugs phur pa | ||
| | |colophontib=།ཅེས་པའང་ལས་དང་སྐལ་པ་བཟང་པོའི་བཙས་སུ་རྙེད་པའི་དབྱིག་མཆོག་འདོད་དགུའི་དཔྱིད་དུ་ཐོབ་པ་རང་གིར་བགྱི་བའི་སླད་རིག་སྔགས་འཆང་བ་ཀློང་ཆེན་ནམ་མཁའ་འོད་གསལ་རང་བྱུང་སྤྲུལ་པའི་རྡོ་རྗེ་པདྨ་མདོ་སྔགས་གླིང་པས་རྒྱལ་བ་ཤིང་རྟ་ལོའི་སྨིན་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ཡོན་ཏན་གསུང་གི་གནས་མཆོག །བདེ་ཆེན་པདྨ་ཤེལ་ཕུག་གི་ཀེའུ་ཚང་དུ་གཏེར་གཞུང་ཁྲིགས་སུ་བསྡེབས་པའི་ཡི་གེ་པ་ནི་རང་གི་ཚ་བོ་བཙུན་པ་བཀྲ་ཤིས་རྣམ་རྒྱལ་གྱིས་བགྱིས་པ་འདིས་ཀྱང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་དཔལ་ཧེ་རུ་ཀའི་གོ་འཕང་དཀའ་བ་མེད་པ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །། | ||
|colophonwylie=/ces pa'ang las dang skal pa bzang po'i btsas su rnyed pa'i dbyig mchog 'dod dgu'i dpyid du thob pa rang gir bgyi ba'i slad rig sngags 'chang ba klong chen nam mkha' 'od gsal rang byung sprul pa'i rdo rje pad+ma mdo sngags gling pas rgyal ba shing rta lo'i smin zla'i dmar phyogs kyi rgyal ba gsum par yon tan gsung gi gnas mchog_/bde chen pad+ma shel phug gi ke'u tshang du gter gzhung khrigs su bsdebs pa'i yi ge pa ni rang gi tsha bo btsun pa bkra shis rnam rgyal gyis bgyis pa 'dis kyang mi mthun pa'i phyogs thams cad las rnam par rgyal nas dpal he ru ka'i go 'phang dka' ba med pa mngon du byed pa'i rgyur gyur cig__/mang+ga laM//_// | |||
|pdflink=File:DKR-KABUM-21-ZHA-021.pdf | |pdflink=File:DKR-KABUM-21-ZHA-021.pdf | ||
}} | }} | ||
Line 36: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། །ཡུམ་ཀ་མཁའ་འགྲོ་གདུགས་སེང་སྦྲགས་མའི་སྒྲུབ་ཐབས་བྱད་གདོན་དཔུང་འཇོམས་རྡོ་རྗེའི་མཁར་རྫོང་ཞེས་བྱ་བ་བཞུགས་སོ། །གཉགས་ལུགས་རྡོ་རྗེ་ཕུར་པའི་ཆ་ལག་གོ། །། | {{TibP|༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། །ཡུམ་ཀ་མཁའ་འགྲོ་གདུགས་སེང་སྦྲགས་མའི་སྒྲུབ་ཐབས་བྱད་གདོན་དཔུང་འཇོམས་རྡོ་རྗེའི་མཁར་རྫོང་ཞེས་བྱ་བ་བཞུགས་སོ། །གཉགས་ལུགས་རྡོ་རྗེ་ཕུར་པའི་ཆ་ལག་གོ། །།<br><br> | ||
༄༅། །ན་མོ་གུ་རུ་ཛྙཱ་ན་ཀྲོ་དྷཱི་ཡེ། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་ཀུན་གསལ་ངོགས། །སྙིང་རྗེ་འཇིགས་དུས་སྤྲིན་གྱི་ལང་ཚོ་ནི། །ཡིད་སྲུབ་དཔུང་འཇོམས་དྲག་ཤུལ་གནམ་ལྕགས་ཆར། །ཐོགས་མེད་འབེབས་མཛད་འཕྲོག་བྱེད་ཞལ་ལ་འདུད། །བདེ་ཆེན་ཡེ་ཤེས་ཕྱག་རྒྱ་ཡི། །སྙིང་པོར་འཇུག་པའི་སྒྲུབ་ཐབས་ཀྱི། །ལས་རིམ་ཁྲིགས་བསྡེབས་རྡོ་རྗེའི་མཁར། །བར་ཆད་སྲུང་བའི་རྫོང་དུ་བསྟན། །འདི་ཉམས་སུ་ལེན་པའི་ཚུལ་ལ་སྔོན་དངོས་རྗེས་གསུམ་གྱི། དང་པོ་ལའང༌། སྦྱོར་བ་སྐྱབས་སེམས་ཚོགས་བསགས་སྦྱངས། །བགེགས་བསྐྲད་སྲུང་འཁོར་བྱིན་འབེབས་བརླབ། །ཅེས་པ་ལྟར་བརྒྱད་ལས། དང་པོ་ནི། གནས་ཁང་རྒྱན་དང་བྱི་དོར་བྱས་པའི་གུང་དུ་གཞུང་མཐུན་གྱི་སྐུ་བཀྲམ་པའི་སྤྱན་སྔར་གཏོར་མ་ཆོས་འབྱུང་བསྣོལ་མའི་སྟེང་མཁའ་འགྲོའི་གསང་གཏོར་རྒྱན་སྤྲོས་ཅན། བཀའ་སྲུང་གཏོར་མ། ཆད་བརྟན། སྨན་རཀ །ཚོགས་མཆོད། མདུན་དུ་མཆོད་པ་རྣམ་བདུན་ཕྲེང་ཚར། དཀར་བགེགས་སོགས་འོག་ཏུ་དགོས་པའི་རིགས་འདུ་བྱ། གཉིས་པ་ནི། སྒྲུབ་པ་པོ་རྣམས་སྟན་ལ་འཁོད་དེ་ཚིག་བདུན་གསོལ་འདེབས་སྔོན་འགྲོས་བརྒྱུད་འདེབས་བཏང༌། རང་གི་སྙིང་ག་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་སད་པར་བྱས་ཏེ། ན་མོ༔ བདག་སོགས་འགྲོ་ཀུན་དེང་ནས་བཟུང༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ ལན་གསུམ། གསུམ་པ་ནི། མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན༔ སྲིད་པའི་རྩ་བ་བདུད་བཞི་བཅོམ༔ བར་ཆད་གདོན་བགེགས་བསྒྲལ་བའི་ཕྱིར༔ ཡེ་ཤེས་མཁའ་འགྲོ་སྒྲུབ་པར་བགྱི༔ ལན་གསུམ། བཞི་པ་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ལ་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་བྱང་ཆུབ་སེམས་དཔལ་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲང་བའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ་མཐར། བཛྲ་མུཿས་ཚོགས་ཞིང་རྣམས་འོད་གསལ་གྱི་དབྱིངས་སུ་ཐིམ། ལྔ་པ་ནི། རང་ཉིད་སྐད་ཅིག་གིས་ལས་ཀྱི་དྷཱ་ཀི་ནི་ལྗང་ནག་གྲི་ཐོད་འཛིན་པའི་སྐུར་གྱུར། བགེགས་གཏོར་དངོས་སུ་བཤམས་པ་ལ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱི་གཏོར་མ་བསྔོས་ཏེ། ཧཱུྃ༔ གསང་བ་བླ་མེད་ལམ་སྒྲུབ་པའི༔ རྡོ་རྗེའི་དཀྱིལ་འཁོར་གཉན་པོ་འདིར༔ ༔འདུ་བའི་ལྷ་ནི་མ་གཏོགས་པ༔ དམ་མེད་བདུད་རིགས་ནག་པོའི་ཕྱོགས༔ ལྟ་ཞིང་ཉན་པའི་དབང་མེད་པས༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ནི་འཇིགས་བྱེད་རྡོ་རྗེ་ཅན༔ བཀའ་ལས་འདའ་བའི་སྡིག་ཅན་རྣམས༔ རྡོ་རྗེ་ཡེ་ཤེས་མཚོན་ཆེན་པོས༔ ཕྱེ་མར་འཐག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་དང་བཅས་པས་བསྐྲད། དྲུག་པ་ནི། ཧྲཱིཿ སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ སྣང་གྲགས་རིག་པ་སྐུ་གསུང་ཐུགས༔ གཉིས་སུ་མེད་པའི་དཀྱིལ་འཁོར་ཏེ༔ ཀུན་ཀྱང་འབར་བའི་ཕྱག་རྒྱར་ཤར༔ བགེགས་དང་བར་ཆད་མིང་ཡང་མེད༔ མི་ཤིགས་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་རྒྱ་གྲམ་གྱི༔ གུར་ཁང་འབར་བས་ཕྱོགས་མཚམས་གཏམས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཛྙཱ་ན་བཛྲ་ཙཀྲ་རཏྣ་པདྨ་ཁངྒ་རཀྵ་རཀྵ་བྷྲཱུཾ་བྷྲཱུཾ་བྷྲཱུཾ༔ བདུན་པ་ནི། ཧཱུྃ་ཧཱུྃ༔ བརྡལ་བ་ཆེན་པོ་ཆོས་སྐུ་ཡུམ་གྱི་མཁར༔ འགག་མེད་འོད་གསལ་ལོངས་སྐུའི་གཟི་བྱིན་འབར༔ སྤྲུལ་པའི་རྣམ་རོལ་རྩ་གསུམ་རབ་འབྱམས་ལྷ༔ འདིར་དགོངས་འདིར་གཤེགས་བྱིན་གྱིས་བརླབ་ཏུ་གསོལ༔ བདེ་ཆེན་སྐུ་ཡི་གར་སྟབས་ཁྱུགས་སེ་ཁྱུག༔ རྡོ་རྗེའི་གླུ་དབྱངས་སྔགས་སྒྲ་འུ་རུ་རུ༔ མཁྱེན་བརྩེ་དགོངས་པའི་ཡེ་ཤེས་ལམས་སེ་ལམ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ དུར་ཁྲོད་གནས་མཆོག་འོག་མིན་གསང་ཆེན་ཞིང༔ རྣལ་འབྱོར་ཕོ་མོ་ཧེ་རུ་ཀ་ཡི་གདུང༔ ཕྱི་ནང་གསང་བའི་མཆོད་ཚོགས་མ་ལུས་ཀུན༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནི་བྃ་ཧ་རི་ནི་ས་སརྦ་ས་མ་ཡ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བྃ་ཧོཿ བརྒྱད་པ་ནི། ཧཱུྃ༔ གནས་ཁང་དུར་ཁྲོད་ཆེན་པོའི་གཞལ་མེད་ཁང༔ ཡེ་ཤེས་བཀོད་པ་འབྱམས་ཀླས་འོད་འབར་དབུས༔ ཉེར་སྤྱོད་འདོད་ཡོན་དྲག་པོའི་ལོངས་སྤྱོད་ཀུན༔ བདེ་སྟོང་མཆོད་པའི་ཕྱག་རྒྱ་ཆེན་པོར་ཤར༔ ཨོཾ་བཛྲ་ཨརྒྷཾ་པདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜ་ལ་ཧཱུྃ་ཕཊ྄༔ ཅེས་སྔགས་རྣམས་སོ་སོར་ལན་གསུམ་རེས་ནང་མཆོད་ཀྱི་དམ་རྫས་རྣམས་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་དངོས་གཞིའི་ཕྲིན་ལས་ལ། ལྷ་བསྐྱེད་སྤྱན་དྲངས་བསྟིམ་ཕྱག་བྱ། །མཆོད་བསྟོད་བཟླས་པའི་ལས་རིམ་དྲུག །ཅེས་པ་ལྟར་ལས་དང་པོ་ནི། ཨཿ བདག་མེད་རྡོ་རྗེ་བཙུན་མོའི་མཁའ་ཀློང་ལས༔ རང་བྱུང་སྙིང་རྗེའི་ཆོ་འཕྲུལ་ཉི་ལྟར་ཤར༔ ཟུང་འཇུག་དྭངས་མའི་ཐིག་ལེ་ཡི་གེ་ཨེ༔ ནམ་མཁའི་མདོག་གིས་འཁོར་འདས་དངོས་འཛིན་སྦྱངས༔ འོད་ཀྱི་ཆོ་འཕྲུལ་ཁྲག་འཐུང་རོལ་པའི་ཞིང༔ དུར་ཁྲོད་ཆེན་པོ་འཇིགས་ཤིང་སྐྱི་གཡའི་དབུས༔ རྡོ་རྗེའི་སྲུང་འཁོར་ཟླུམ་མཐིང་གཅིག་ཏུ་འདྲིལ༔ འབར་བའི་རྩིབས་བཅུ་རལ་གྲིའི་རྩེ་ལྟར་གཟིང༔ ཡེ་ཤེས་རླུང་གིས་བར་མེད་འཁོར་བ་ལས༔ རྡོ་རྗེའི་མཚོན་ཆའི་ཆར་པ་ཐོར་ཐོར་འཕྲོ༔ བསྐལ་པའི་མེ་དང་དུས་ཀྱི་རླུང་འཐབ་ཅིང༔ ཆོས་ཉིད་རྒྱ་མཚོ་རྡོ་རྗེའི་མདའ་ཡི་དྲྭ༔ གོ་མཚམས་མེད་པས་བར་ཆད་བྱད་མ་འཇོམས༔ དེ་ཡི་ལྟེ་བར་དྲག་པོའི་གཞལ་མེད་ཁང༔ མི་མགོའི་རྩིགས་པ་ཤར་བུ་མདའ་ཡབ་ཅན༔ སྒོ་དང་རྟ་བབ་བང་རིམ་བཞིས་མཛེས་ཤིང༔ ཞིང་གི་རྒྱལ་མཚན་ལ་སོགས་རྔམ་བརྗིད་སྤྲས༔ དབུས་སུ་ལྕགས་ཀྱི་ཆོས་འབྱུང་བསྣོལ་མའི་ནང༔ འདབ་བརྒྱད་པདྨའི་ལྟེ་བར་བྱད་མ་བསྣོལ༔ དེ་སྟེང་ས་བོན་བབ་པ་ཡོངས་གྱུར་ལས༔ གནས་གསུམ་མཁའ་འགྲོའི་རྗེ་མོ་སིཾ་ཧའི་ཞལ༔ དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན་པ་ནི༔ དུས་ཀྱི་མུན་པ་འཁྲིགས་པའི་ཁ་དོག་ཅན༔ འབར་བའི་ཞལ་གསུམ་སེང་གེ་དཀར་དམར་ནག༔ དེ་སྟེང་ཞལ་གསུམ་སྟག་གཟིག་དོམ་གྱི་གདོང༔ དེ་སྟེང་ཞལ་ནི་ཕག་ཞལ་ངུར་སྒྲ་སྒྲོགས༔ ཀུན་ཀྱང་མཆེ་གཙིགས་ལྗགས་སྐྱོད་ཕེཾ་སྒྲ་སྒྲོགས༔ གནས་གསུམ་མ་མོ་མཁའ་འགྲོ་ལས་ལ་བསྐུལ༔ ཐོད་སྐམ་དབུ་རྒྱན་རལ་པ་གཟེངས་ཞིང་བརྫེས༔ རྩ་བའི་ཕྱག་གཉིས་གྲི་ཐོད་ཐུགས་ཀར་འཛིན༔ གཡས་བརྒྱད་རྡོ་རྗེ་ཙིཏྟ་མདུང་ཐུང་གྲི༔ གསལ་ཤིང་མདའ་དང་བེ་ཅོན་དབྱུག་ཐོ་གདེང༔ གཡོན་བརྒྱད་དྲིལ་བུ་བྱད་མའི་མགོ་ཞགས་པ༔ མེ་ཧོམ་ལྕགས་སྒྲོག་གཞུ་དང་འཁོར་ལོ་སྟེ༔ སྲིད་པ་སྤྱི་འདེགས་ཞབས་བཞི་གར་སྟབས་ཅན༔ སྐུ་ལ་དུར་ཁྲོད་དཔལ་གྱི་ཆས་རྫོགས་པའི༔ པང་དུ་ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་ཆེ༔ དབུ་དགུ་མཐིང་དཀར་དམར་དང་ལྗང་དམར་སེར༔ ནག་མཐིང་སྨུག་པོ་ཕྱག་བརྒྱད་དང་པོ་གཉིས༔ རྡོ་རྗེ་དུང་ཁྲག་ཡུམ་དང་གཉིས་མེད་སྦྱོར༔ ལྷག་མ་གཡས་གཡོན་འབར་བའི་རལ་གྲི་གདེང༔ འཇིགས་རྔམ་མི་བཟད་ཞབས་ཀྱིས་འཁྲིལ་ཏེ་སྦྱོར༔ བདེ་བའི་སེམས་སྤྲིན་ལས་བྱུང་ཕྱོགས་མཚམས་སུ༔ རིགས་བཞིའི་སེང་གདོང་གཙུག་ཏོར་གདུགས་འཛིན་པ༔ དཀར་སེར་དམར་ལྗང་ཤིན་ཏུ་ཁྲོས་པའི་སྐུ༔ སེང་གདོང་རིགས་བཞིས་རང་རྟགས་གྲི་ཐོད་དང༔ ཕྱིར་བཟློག་ཆེན་མོ་གདུགས་དང་རལ་གྲི་ཅན༔ འབར་བའི་ཆས་ཅན་རང་རིག་ཡབ་དང་སྦྱོར༔ འཇིགས་པའི་སྐུ་ཡིས་སྲིད་གསུམ་ཟིལ་གྱིས་གནོན༔ བཞད་པའི་ང་རོས་ཁམས་གསུམ་བྱད་མ་འཇོམས༔ རྔམས་པའི་ཡེ་ཤེས་གདུག་ཅན་དགྲ་ལ་བརྣག༔ ཡོན་ཏན་མི་ཟད་བཅོམ་ལྡན་འདས་མ་སྟེ༔ ཕྲིན་ལས་ཕྲ་མེན་རོལ་པའི་ཚོགས་སུ་བསྟན༔ གསེར་ཁྱམས་གནས་ཡུལ་མ་མོ་མཁའ་འགྲོ་དང༔ ཁྲག་ཁྱམས་སྒོ་བཞིར་དབང་ཕྱུག་ཉི་ཤུ་བརྒྱད༔ ཕྱི་རོལ་པདྨར་མཁའ་འགྲོ་སོ་གཉིས་དང༔ དུར་ཁྲོད་བརྒྱད་དང་གིང་དང་ལངྐའི་ཚོགས༔ མ་འདྲེས་གསལ་རྫོགས་སྣང་སྟོང་སྒྱུ་མའི་སྐུ༔ མཁའ་ཁྱབ་ནམ་མཁའི་སྐུ་ཅན་འཇའ་ལྟར་ཤར༔ མི་ཤིགས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ལ༔ བདེ་གཤེགས་ཀུན་གྱི་གསང་གསུམ་ཕྱག་རྒྱས་གདབ༔ དུག་ལྔ་གནས་དག་རིགས་ཀྱི་ཡུམ་ཆེན་ལྔས༔ དབང་བསྐུར་རིགས་ཀྱི་བདག་པོས་མཚན་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཿ གཉིས་པ་ནི། ཧཱུྃ་ཧྲཱིཿ དབྱིངས་ལས་རང་བྱུང་ཡེ་ཤེས་མཁའ་འགྲོའི་སྤྲིན༔ འགག་མེད་རོལ་པ་ཕྲ་མེན་ཁྲག་འཐུང་གཟུགས༔ འབུམ་ཕྲག་ཡངས་པ་ཆེན་པོའི་འཁོར་ལོའི་བདག༔ ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ནས་གཤེགས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ ལོག་འདྲེན་བདུད་དང་བར་ཆད་དབྱིངས་སུ་སྒྲོལ༔ མཆོག་ཐུན་དངོས་གྲུབ་ཐོགས་མེད་འགྲུབ་པ་ཡི༔ ཧེ་རུ་ཀ་དཔལ་གོ་འཕང་མཆོག་སྩོལ་ཅིག༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་སརྦ་ས་མ་ཡ་ཛཿཛཿ གསུམ་པ་ནི། ཧཱུྃ་ཧྲཱིཿ གདོད་ནས་གྲུབ་པའི་དམ་ཚིག་འཁོར་ལོ་ལ༔ ལྷུན་གྱིས་རྫོགས་པའི་ཡེ་ཤེས་བརྟན་པར་བཞུགས༔ རང་སྣང་བདེ་བ་ཆེན་པོའི་ལྷ་ཚོགས་ལ༔ གཉིས་མེད་མཉམ་པའི་བརྡ་ཡིས་ཕྱག་བགྱིའོ༔ ཏིཥྛ་ལྷན༔ ན་མོ་ན་མ་མི༔ བཞི་པ་ནི། ཧཱུྃ་ཧྲཱིཿ སྣང་ཞིང་སྲིད་པ་ཀུན་ཏུ་བཟང་པོའི་ཞིང༔ ཚོགས་དྲུག་ཡུལ་དབང་གཉིས་མེད་རྡོ་རྗེའི་རྒྱན༔ རོལ་པ་ཆེན་པོའི་དམ་ཚིག་བླང་དོར་བྲལ༔ རྟག་ཏུ་བདེ་ཆེན་དགྱེས་པས་བཞེས་སུ་གསོལ༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཨ་ཏི་པཱུ་ཛ་ས་མ་ཡ་ཁཱ་ཧི༔ ལྔ་པ་ནི། ཧཱུྃ་ཧྲཱིཿ དོན་གྱི་མཁའ་འགྲོ་ཆོས་ཉིད་བཟང་མོའི་ཞལ༔ ཀུན་ཁྱབ་ཐིག་ལེའི་ཆོས་ཀུན་དྲྭ་བ་སྡོམ༔ སྨྲ་བསམ་བརྗོད་མེད་ཆོས་སྐུ་དེ་བཞིན་ཉིད༔ རྟག་ཏུ་འདུ་འབྲལ་མེད་ལ་ཕྱག་འཚལ་བསྟོད༔ རྟགས་ཀྱི་མཁའ་འགྲོ་བདེ་ཆེན་དགྱེས་པ་ཆེ༔ ཟག་པ་ཟད་པ་འཕོ་མེད་རྡོ་རྗེའི་རིགས༔ བཅུ་དྲུག་དགའ་བས་གང་བའི་རོ་ལ་རོལ༔ ཁ་སྦྱོར་བདེ་བ་ཆེན་པོའི་གསུང་ལ་བསྟོད༔ བརྡ་ཡི་མཁའ་འགྲོ་ཕྲ་མེན་མཐུ་མོ་ཆེ༔ གཞན་གྱིས་མི་ཐུབ་རིགས་སྔགས་ལྷ་མོའི་གཟུགས༔ འབུམ་ཕྲག་ཡངས་པ་ཆེན་པོའི་སྤྲིན་འཕྲོ་བ༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དྲུག་པ་ནི། བསྙེན་སྒྲུབ་ལས་སྦྱོར་བཟླས་པ་གསུམ། ཞེས་པའི་དང་པོ་ལ་བསྙེན་པ་ནི། གཙོ་མོའི་ཐུགས་ཀར་གནམ་ལྕགས་རྡོ་རྗེའི་ལྟེར༔ ཉི་མ་ལ་གནས་ཨེ་མཐར་སྔགས་ཀྱིས་བསྐོར༔ འོད་ཟེར་སྤྲོ་བསྡུས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ གཉུག་མའི་སྒོ་གསུམ་རྡོ་རྗེའི་ཕྱག་རྒྱར་ཤར༔ ལྷ་བདག་མི་ཕྱེད་དགོངས་པ་གཅིག་ཏུ་འདྲེས༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧཱུྃ་ཧ་ཧེ་ཕཊ྄༔ ཞེས་པ་འབྲུ་འབུམ་བཟླ། གཉིས་པ་ཉེ་བསྙེན་ནི། གཙོ་མོའི་ཐུགས་ཀའི་ས་བོན་ལས་བྱུང་སྔགས༔ ཞལ་དང་སྦྱོར་མཚམས་ནས་བྱུང་རིགས་བཞི་ཡི༔ སིཾ་ཧ་མུ་ཁའི་ཐུགས་དམ་རྒྱུད་བསྐུལ་བས༔ རང་འོད་སྤྲོ་བསྡུས་སྣང་སྲིད་དངོས་འཛིན་སྦྱངས༔ ཀུན་ཀྱང་ལྷ་སྔགས་ཡེ་ཤེས་རོལ་མོར་སད༔ ཆོས་ཉིད་ལྷ་དང་སྒྲ་སྔགས་འོད་ཟེར་ནི༔ ཉི་མ་འབུམ་གྱི་གཟི་བརྗིད་ལྟར་འབར་བས༔ བྱད་ཕུར་བར་ཆད་དགྲ་འདྲེ་དབྱིངས་སུ་བསྒྲལ༔ བདེ་ཆེན་ཕྱོགས་ལས་རྣམ་རྒྱལ་དཔལ་ཐོབ་ཤོག༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄༔ །ཅེས་འབུམ་ཕྲག་བཞི་བཟླ། གཉིས་པ་ལ་སྒྲུབ་པ་དང་སྒྲུབ་ཆེན་གཉིས་ལས། དང་པོ་ནི། སེང་གདོང་རིགས་ལྔ་སྦྱོར་བའི་འོད་ཟེར་གྱིས༔ རིགས་བཞིའི་ཕྱིར་བཟློག་ཡབ་ཡུམ་བསྐུལ་བ་ཡི༔ བདེ་བའི་འོད་ཟེར་སྲིད་ཞི་ཀུན་ལ་ཁྱབ༔ རང་དབང་མེད་པར་དཔལ་ཆེན་རོལ་པ་ཆེ༔ ཁྲག་འཐུང་དགྱེས་པའི་ཞིང་གི་མཆོག་ཏུ་ཤར༔ འབར་བའི་སྐུ་དང་དྲག་པོའི་སྔགས་ཀྱི་སྒྲ༔ ཡེ་ཤེས་མཚོན་ཆ་འོད་ཟེར་མེ་རིའི་ཚོགས༔ འབར་ཞིང་འཕྲོ་བས་གཉིས་འཛིན་བྱད་གདོན་ཞི༔ ཡེ་ཤེས་ནུས་སྟོབས་རབ་རྒྱས་རླུང་དང་སེམས༔ དབང་བསྡུས་ཕྱི་ནང་བདུད་བཞི་བསྒྲལ་བ་ཡི༔ མཆོག་གི་ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་སི་ཏ་ཏ་པ་ཏྲེ༔ ཨ་ན་ལེ༔ ཨ་ན་ལེ༔ བི་ཥ་དེ་བི་ཥ་དེ༔ བཻ་ར་བཻ་ར༔ བཛྲ་དྷཱ་ར་ནི༔ བཛྲ་པཱ་ནི་བྷནྡྷ་བྷནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ༔ ཞེས་འབུམ་ཕྲག་གཅིག་བཟླ། གཉིས་པ་སྒྲུབ་ཆེན་ནི། བདེ་སྟོང་རོལ་པའི་འོད་ཀྱིས་གནས་ཡུལ་མ༔ དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་གིང་ལང་སོགས༔ འབུམ་ཕྲག་ཡངས་པའི་རྒྱུད་བསྐུལ་འོད་ཟེར་གྱིས༔ རབ་འབྱམས་ཕྲིན་ལས་ཐོགས་མེད་སྒྲུབ་པར་གྱུར༔ ཨོཾ་ཨེ་ཨ་རལླི་ཕེཾ༔ ཌཱ་ཀི་ནི་ས་མ་ཡ་བྷྱོ༔ མ་མ་རུ་ལུ་སརྦ་ཀརྨ་ཀུ་རུ་ཧོཿ ཁྲི་གཅིག་བཟླ། གསུམ་པ་ལས་སྦྱོར་ནི། གཙོ་འཁོར་ཀུན་གྱིས་རིགས་བཞིའི་སྒོ་མ་རྣམས༔ བསྐུལ་བས་སྐུ་ཡི་སྤྲོ་བསྡུས་འཁོར་འདས་ཁྱབ༔ ནད་གདོན་ཀུན་ཞི་ཚེ་བསོད་དཔལ་འབྱོར་རྒྱས༔ ཁམས་གསུམ་དབང་བསྡུས་དགྲ་བགེགས་ཚར་གཅོད་གྱུར༔ ཨོཾ་བྷི་ཏི་ལོ་ཀ་ཌཱ་ཀི་ནི་ས་མ་ཡ་བྷྱོ༔ ཤནྟིཾ་ཀུ་རུ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཨོཾ༔ ཝཱ་ཤཾ་ཀུ་རུ་ཧྲཱིཿཛཿ མཱ་ར་ཡ་ཕཊ྄༔ ཅེས་ལས་བཞིའི་སྤེལ་ཚིག་སོ་སོར་སྦྱར་བ་སྟོང་ཙམ་བཟླ་བ་ནི་གྲངས་བསྙེན་གྱི་དབང་དུ་བྱས་ཏེ། དུས་དང་མཚན་མའི་བསྙེན་ཚད་ནི་སྤྱི་ལྟར་རོ། །ཐུན་མཐར་དབྱངས་གསལ་རྟེན་སྙིང་རྣམས་བཟླས་པས་ལྷག་ཆད་སྐོང་ཞིང་བྱིན་རླབས་བརྟན་པར་བྱ། གཏང་རག་གི་མཆོད་བསྟོད་མདོར་བསྡུས་དང༌། ཡི་བརྒྱ་བཟླ། གསུམ་པ་རྗེས་ལ། ཚོགས་མཆོད་བསྐུལ་དང་ཆད་བརྟན་འབུལ། །རྟ་བྲོ་དབང་ལེན་བཤགས་བསྡུ་ལྡང༌། །དགེ་བསྔོ་ཤིས་བརྗོད་བཅས་ཏེ་བཅུ། །ཞེས་པའི་དང་པོ་ལའང༌། བྱིན་བརླབ་སྤྱན་འདྲེན་མཆོད་བསྐང་བཤགས། །བསྒྲལ་བསྟབ་རོལ་དང་ལྷག་མ་བདུན། །ཞེས་པ་ལྟར་ལས་དང་པོ་ནི། བཀའ་གཏེར་སྲུང་མའི་གསོལ་ཕྲིན་བཏང་དགོས་གང་ཡོད་སྤྱི་ལྟར་སྦྱར། སྤྲོ་ན་བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བ་དང་བཅས་ཏེ། ཐབས་ཤེས་ཚོགས་ཀྱི་ཡོ་བྱད་ལ་བསང་ཆུ་དང་བདུད་རྩིས་བྲན། རྃ་ཡྃ་ཁྃ༔ རང་བྱུང་བདེ་ཆེན་ཀ་པཱ་ལར༔ དམ་རྫས་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་ལྔ་ལྡན་བཅུད་དུ་འཁྱིལ༔ འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གཉིས་པ་སྤྱན་འདྲེན་ནི། ཧཱུྃ༔ འོག་མིན་ཞིང་དང་ཉེར་བཞིའི་ཡུལ༔ དུར་ཁྲོད་བརྒྱད་སོགས་གནས་མཆོག་ནས༔ རབ་འབྱམས་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས༔ སརྦ་དྷ་ཀ་དྷཱ་ཀི་ནཱི་ས་པ་རི་ཝ་ར་བཛྲ་ས་མ་ཡ་ཛཿ ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ གསུམ་པ་ཚོགས་ཕུད་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ དགྱེས་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བཞི་པ་ནི། ཧཱུྃ་ཧྲཱིཿ མཆོག་ཏུ་མི་འགྱུར་བདེ་ཆེན་ཡེ་ཤེས་མདངས། །ཟག་མེད་རྒྱལ་བའི་འབྱོར་པ་རྒྱ་མཚོའི་སྤྲིན། །ཅིར་ཡང་འཆར་བས་རྡོ་རྗེའི་སྐུ་གསུང་ཐུགས། །རྟག་ཏུ་དགྱེས་པའི་དམ་རྫས་གདོད་ནས་ཤར། །ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་ཏེ། བཛྲ་སྥ་ར་ཎ་ཁཾ། ཧཱུྃ་ཧྲཱིཿ འཁོར་འདས་ཆོས་ཀུན་ཨ་ཝ་དྷཱུ་ཏིའི་ཀློང༌། །རྣམ་ཐར་གསུམ་གྱི་དབྱིངས་སུ་དག་པའི་གདངས། །གནམ་ཞལ་ཁྲོས་པ་སིཾ་ཧ་ཙཎྜ་ལིས། །གཟུང་འཛིན་དངོས་ཀུན་ཟོས་པས་སྒེག་པའི་གཟུགས། །བདེ་ཆེན་གཟི་འོད་འཁྲུགས་པའི་ཟེར་ཐིག་གི །བཅུ་དྲུག་དགའ་བ་ཆེན་པོའི་མཆོད་པའི་རྫས། །ཞུ་བདེའི་ཉམས་བརྒྱ་འདྲེན་པའི་འདོད་ཡོན་སྤྲིན། །ཡེ་ཤེས་རླུང་གི་བྱེད་པས་འཕྲོ་བ་ཡི། འཁྲུལ་སྣང་རྟོག་པ་ཟིལ་གྱིས་གནོན་པའི་མཐུ། །རྡོ་རྗེ་ཉི་མའི་འོད་སྣང་འབུམ་འཕྲོ་བ། །ཕྱི་ལྟར་དབང་ཤེས་དག་པའི་འདོད་ཡོན་ལྔ། །ནང་དུ་རྩ་རླུང་ཐིག་ལེའི་སྨན་རཀ་གཏོར། །གསང་བ་ལྷན་སྐྱེས་ཡེ་ཤེས་སྦྱོར་སྒྲོལ་གྱི། །རོལ་མོར་འཆར་བས་གསང་མཆོག་དགྱེས་པ་ཆེ། །དབྱིངས་ཀྱི་རང་མདངས་རིག་པ་སྐུ་རུ་སྨིན། །བྱིན་རླབས་ཚད་མེད་བརྒྱུད་གསུམ་བླ་མའི་ཚོགས། །ཡོངས་གྲུབ་མཉམ་པའི་ལྟ་བས་ཐུགས་དམ་བསྐང༌། །དགོངས་རྒྱུད་རྟོགས་པའི་ཡེ་ཤེས་བཙན་ཐབས་སྤོར། །འོད་གསལ་ཕྱག་རྒྱ་ཞི་ཁྲོ་སྒྱུ་འཕྲུལ་དྲྭ། །མ་འགག་འཆར་བས་དངོས་གྲུབ་ཆར་དུ་འབེབས། །ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ཐུགས་དམ་བསྐང༌། །མཆོག་དང་ཐུན་མོང་ལས་བཞི་འགྲུབ་པར་མཛོད། །ཁྱད་པར་རྣམ་ཀུན་མཆོག་ལྡན་དབྱིངས་ཀྱི་ཡུམ། །འཁོར་འདས་སྐྱེད་དང་སྡུད་པའི་བདག་ཉིད་ཆེ། །དབྱིངས་ཕྱུག་སིཾ་ཧ་མུ་ཁའི་ཐུགས་དམ་བསྐང༌། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་འབར་བའི་གར། །རིགས་ཀྱི་འཁོར་བསྒྱུར་བཅོམ་ལྡན་འདས་མ་ལྔ། །ཕྱིར་ཟློག་ཕོ་ཉ་བཞི་ཡི་ཐུགས་དམ་བསྐང༌། །བྱད་གདོན་བར་ཆད་གདུག་པའི་ཚོགས་ཆོམས་ཤིག །བདེ་བའི་བདག་ཉིད་སྣ་ཚོགས་གཟུགས་ཅན་མ། །རབ་འབྱམས་ལས་ཀྱི་ཚོགས་དང་བཀའ་ཡི་འབངས། །དབང་ཕྱུག་གིང་དང་ལངྐའི་ཐུགས་དམ་བསྐང༌། །ཚར་གཅོད་རྗེས་འཛིན་ལས་ཀུན་གྲུབ་པར་མཛོད། །འབར་བའི་ཕྲིན་ལས་གང་འདུལ་དེར་སྣང་སྟོན། །དམ་ཚིག་དབང་གིས་སྒྲུབ་ལ་བུ་ལྟར་བརྩེ། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༌། །འདོད་དགུའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །གཟོད་ནས་འགྱུར་མེད་མཆོག་ཏུ་བདེ་བ་ཆེའི། །དགྱེས་པའི་དབྱིངས་ལས་གཞར་ཡང་མི་འདའ་བའི། །ཡུལ་ཤེས་རོ་མཉམ་ཆེན་པོའི་དམ་ཚིག་གིས། །དཀྱིལ་འཁོར་འཁོར་ལོ་དགྱེས་པ་བསྐྱེད་གྱུར་ཅིག །ཐ་མལ་ཞེན་པའི་བདག་རྟོག་ལོག་པའི་དྲིས། །ཡང་དག་དོན་ལ་སྒྲིབ་པའི་ནོངས་པ་ཀུན། །གཉིས་མེད་ཀློང་ཡངས་ཆེན་པོར་བཟོད་བཞེས་ལ། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །འགལ་རྐྱེན་བར་ཆད་སྐྱེ་མེད་དབྱིངས་སུ་ཞི། །མཆོག་ཐུན་དངོས་གྲུབ་འགག་མེད་རོལ་པར་ཤར། །ཚར་གཅོད་རྗེས་འཛིན་ཕྲིན་ལས་རྨད་པོ་ཆེས། །བྱང་ཆུབ་སྒྲུབ་ལ་དཀའ་བ་མེད་པར་མཛོད། །གློ་བུར་རྦོད་གཏོང་བྱད་ཕུར་རང་སར་དག །འཁྲུལ་སྣང་སྡུག་བསྔལ་རྒྱུ་འབྲས་མཁའ་རུ་སྡུད། །ཡེ་ཤེས་འབར་བའི་ཕྱག་རྒྱས་བྱིན་བརླབས་ཏེ། །ཕྱོགས་ལས་རྣམ་རྒྱལ་ཧེ་རུ་ཀ་འགྲུབ་མཛོད། །ཅེས་དང༌། ཧོཿ བདག་གིས་ཚེ་རབས་ཐོགས་མེད་ནས༔ བསགས་པའི་སྡིག་ལྟུང་ཉམས་ཆག་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་དུ་གསོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཡིག་བརྒྱ་བཟླ། ལྔ་པ་ནི། ཨེ་ཡཾ་ཛྭ་ལ་རཾ། སརྦ་ཤ་ཏྲཱུཾ་བིགྷྣཱན་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཕྱི་ནང་བར་ཆད་དགྲ་དང་བགེགས༔ མཚན་མ་ཚོགས་ཀྱི་རྫས་ལ་བསྟིམ༔ རྣམ་ཤེས་འོད་གསལ་དབྱིངས་སུ་སྤོར༔ ཤ་ཁྲག་ཚོགས་ཀྱི་འཁོར་ལོར་བཞེས༔ སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་ནི། དེ་ལྟར་མཆོད་པའི་རྗེས་རྣལ་འབྱོར་པ་རྣམས་ལ་ཐབས་ཤེས་ཀྱི་རྫས་བསྣོལ་མར་སྟོབ་སྟེ་ནང་གི་ཚོགས་ལ་རོལ། བདུན་པ་ལྷག་མ་རྣམས་བསྡུས་ཏེ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་པས་བྱིན་གྱིས་བརླབས། ཕེཾ་ཕེཾ༔ ལྷག་ལ་དབང་བའི་མཁའ་འགྲོ་གིང༔ ཕོ་ཉ་མགྱོགས་མ་གནས་ཉུལ་ཚོགས༔ དཔལ་གྱི་ཕམ་ཕབས་འདི་ལོངས་ལ༔ མི་མཐུན་ཀུན་སོལ་ཕྲིན་ལས་སྒྲུབས༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་དང་བཤལ་ཆུས་མཆོད། སྨོན་ལམ་གདབ་པ་ནི། ཧོཿ བདག་ཅག་རྡོ་རྗེའི་རྣལ་འབྱོར་མཆེད་ལྕམ་གྱིས༔ གསང་མཆོག་མཁའ་འགྲོ་འདུ་བའི་གྲོང་ཁྱེར་དུ༔ ལོངས་སྤྱོད་ཆེན་པོས་མཆོད་ཅིང་བསྐངས་པའི་མཐུས༔ བདག་གཞན་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ གཉིས་པ་ནི། ཧཱུྃ༔ དབྱིངས་ལ་རྟོག་པ་མི་མངའ་ཡང༔ རང་བྱུང་ཐུགས་རྗེའི་རྩལ་ཤུགས་བསྐྱེད༔ མཁྱེན་བརྩེ་ནུས་སྟོབས་རྨད་བྱུང་བའི༔ རྡོ་རྗེའི་ཐུགས་དམ་དུས་ལ་བབ༔ འཁྲུལ་སྣང་ཡེ་ཤེས་དབྱིངས་སུ་སྦྱོར༔ མཆོག་གི་ཕྲིན་ལས་འགྲུབ་པར་མཛོད༔ གསུམ་པ་ནི། ཧཱུྃ༔ དཔལ་ཆེན་འབར་བའི་སྟོན་འཁོར་གྱིས༔ རྡོ་རྗེའི་རྒྱུད་ཀྱི་རང་སྒྲ་ནི༔ སྲིད་ཞི་ཁྱབ་པར་བསྒྲགས་པའི་ཚེ༔ ཞལ་བཞེས་དམ་ཅན་སྲུང་མ་ཀུན༔ སྔོན་གྱི་གཡར་དམ་མ་བསྙེལ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཀརྨ་ཀུ་རུ་ཧོཿ བཞི་པ་ནི། ཧཱུྃ༔ ལུགས་ལྡོག་བརྟན་མ་མཁའ་འགྲོ་རྣམས༔ བདེན་དོན་དགའ་བཞིའི་བཤལ་ཆུ་བཞེས༔ ལུགས་འབྱུང་ཡིད་བྱེད་ཀླ་ཀློ་སྒྲོལ༔ རྡོ་རྗེའི་གནས་ཡུལ་བདེ་བར་མཛོད༔ མ་མ་པཱུ་ཛ་ཧོཿ ལྔ་པ་ནི། ཧཱུྃ༔ གློ་བུར་ལྟར་སྣང་དམ་སྲིའི་ཚོགས༔ ཨེ་དབྱིངས་རྣམ་ཐར་གསུམ་ཀློང་མནན༔ རིག་པ་རྡོ་རྗེས་རྒྱས་བཏབ་པས༔ འཁྲུལ་པ་གཞིར་དག་ཕྲིན་ལས་མཛོད༔ ས་མ་ཡ་སྟྭཾ་བྷ་ཡ་ནན༔ དྲུག་པ་ནི། ཧཱུྃ༔ བདེ་ཆེན་དབྱིངས་ཀྱི་ཕོ་བྲང་ནས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ཀྱིས༔ མཐུ་རྩལ་ནུས་པའི་རྟགས་ཕྱུངས་ལ༔ མཆོག་ཐུན་ཕྲིན་ལས་དངོས་གྲུབ་སྩོལ༔ ཨོཾ་སིཾ་ཧ་མུ་ཁ་ཛྙཱ་ན་ཌཱ་ཀི་ནི་ས་པ་རི་ཝ་ར་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ བདུན་པ་ནི། མ་རྙེད་ཡོངས་སུ་སོགས་དང༌། ཡིག་བརྒྱ་མང་དུ་བཟླ། བརྒྱད་པ་ནི། མདུན་བསྐྱེད་ཚོགས་མཆོད་སྐབས་བརྟན་བཞུགས་སྤྱི་ལྟར་དང༌། བདག་ཉིད་ལྷའི་འཁོར་ལོའི་གསལ་སྣང༌། ཨཿ སྣོད་བཅུད་ལྷར་སྣང་རང་ལ་ཐིམ༔ རང་སྣང་འོད་གསལ་དབྱིངས་ཀྱི་ངང༔ རིག་པ་ཛྙཱ་ན་དྷཱ་ཀི་ནིའི༔ གསང་བ་གསུམ་གྱི་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ དགུ་པ་ནི། བརྟན་གཡོའི་དངོས་ཀུན་བདེ་ཆེན་ལྷ་སྐུར་དག༔ ལྡང་འཇུག་རླུང་རྣམས་སྐྱེ་མེད་སྔགས་སུ་རྫོགས༔ དྲན་རྟོག་འོད་གསལ་ཐིག་ལེ་ཆེན་པོར་སྨིན༔ རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་ཐོབ་ཤོག༔ བཅུ་པ་ནི། ཧྲཱིཿ གདོད་ནས་རྣམ་དག་རང་བཞིན་གཅིག་པ་ལ༔ ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་མངོན་དུ་གསལ༔ མ་བསྐྱེད་ལྷུན་གྱིས་གྲུབ་པའི་མཁའ་འགྲོ་མ༔ ཆོས་སྐུ་རྡོ་རྗེ་ཕག་མོའི་བཀྲ་ཤིས་ཤོག༔ རང་བྱུང་མ་འགག་ཅིར་ཡང་སྣང་བ་ལ༔ སྣ་ཚོགས་རོལ་པའི་མཁའ་འགྲོ་འདུ་ཞིང་འཕྲོ༔ གར་གྱི་དབང་ཕྱུག་མཚན་དང་དཔེ་བྱད་འབར༔ ལོངས་སྐུ་དབྱིངས་ཕྱུག་སྡེ་ལྔའི་བཀྲ་ཤིས་ཤོག༔ ཞི་རྒྱས་དབང་དང་དྲག་ཤུལ་ཕོ་བྲང་ནས༔ ལས་རྣམས་མ་ལུས་སྒྲུབ་བྱེད་མྱུར་མགྱོགས་ཅན༔ དཀར་སེར་དམར་ལྗང་རབ་ཏུ་འཁྲུགས་བྱེད་མ༔ སྤྲུལ་སྐུ་མཁའ་འགྲོ་སྡེ་ལྔའི་བཀྲ་ཤིས་ཤོག༔ ཁྱབ་བརྡལ་ཉག་གཅིག་དོན་གྱི་ཕོ་བྲང་ནས༔ ཐུགས་རྗེའི་རྩལ་འཕྲོ་འཁོར་བའི་སེམས་ཅན་རྣམས༔ ཐབས་ཀྱི་ཆོ་འཕྲུལ་འགྱེད་ཅིང་སྒྲོལ་བྱེད་མ༔ ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཀུན་རྫོབ་སྒྱུ་མ་སྣང་སྲིད་ཕོ་བྲང་ནས༔ ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་བ༔ ཤན་འབྱེད་ལས་ཀྱི་དྲོད་འཛིན་གཉེར་མོ་ཆེ༔ ལས་བྱེད་འཇིག་རྟེན་མཁའ་འགྲོའི་བཀྲ་ཤིས་ཤོག༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ ཕོ་ཉ་ལས་མཁན་རྣམས་ཀྱི་བཀྲ་ཤིས་ཤོག༔ དྲེགས་པ་སྡེ་བརྒྱད་རྣམས་ཀྱི་བཀྲ་ཤིས་ཤོག༔ སྣང་སྲིད་ལྷ་འདྲེ་རྣམས་ཀྱི་བཀྲ་ཤིས་ཤོག༔ ནད་གདོན་སྡིག་སྒྲིབ་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་སྲིད་དབང་དུ་འདུ་བའི་བཀྲ་ཤིས་ཤོག༔ བར་ཆད་དགྲ་བགེགས་འདུལ་བའི་བཀྲ་ཤིས་ཤོག༔ ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་པས་དགེ་ལེགས་སུ་བྱའོ། །ཕྱོགས་དུས་འདྲེན་པའི་མཁྱེན་བརྩེའི་ཆུ་གཏེར་ལས། །རིགས་སྔགས་ལྷ་མོའི་བདུད་རྩིའི་མེ་ཏོག་གིས། །དངོས་གྲུབ་སྙེ་མ་གཡུར་དུ་ཟ་བའི་དཔལ། །བྱིན་བཞིན་ཕན་བདེའི་བཙས་སུ་ལེགས་པར་བསྡེབས། །རབ་དགེ་དྲི་མེད་དྲང་སྲོང་དམོད་པ་ཡིས། །མཐུ་སྟོབས་ཚངས་པའི་རལ་ཀླུང་འདིར་དྲངས་པས། །ཕལ་རྒོལ་གཡུལ་རྒྱལ་གྲགས་སྙན་རླབས་ཕྲེང་གིས། །ཐུབ་བསྟན་ཡངས་པའི་འཛིན་མ་མཛེས་བྱེད་ཤོག །ཅེས་པའང་ལས་དང་སྐལ་པ་བཟང་པོའི་བཙས་སུ་རྙེད་པའི་དབྱིག་མཆོག་འདོད་དགུའི་དཔྱིད་དུ་ཐོབ་པ་རང་གིར་བགྱི་བའི་སླད་རིག་སྔགས་འཆང་བ་ཀློང་ཆེན་ནམ་མཁའ་འོད་གསལ་རང་བྱུང་སྤྲུལ་པའི་རྡོ་རྗེ་པདྨ་མདོ་སྔགས་གླིང་པས་རྒྱལ་བ་ཤིང་རྟ་ལོའི་སྨིན་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ཡོན་ཏན་གསུང་གི་གནས་མཆོག །བདེ་ཆེན་པདྨ་ཤེལ་ཕུག་གི་ཀེའུ་ཚང་དུ་གཏེར་གཞུང་ཁྲིགས་སུ་བསྡེབས་པའི་ཡི་གེ་པ་ནི་རང་གི་ཚ་བོ་བཙུན་པ་བཀྲ་ཤིས་རྣམ་རྒྱལ་གྱིས་བགྱིས་པ་འདིས་ཀྱང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་དཔལ་ཧེ་རུ་ཀའི་གོ་འཕང་དཀའ་བ་མེད་པ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།}} | ༄༅། །ན་མོ་གུ་རུ་ཛྙཱ་ན་ཀྲོ་དྷཱི་ཡེ། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་ཀུན་གསལ་ངོགས། །སྙིང་རྗེ་འཇིགས་དུས་སྤྲིན་གྱི་ལང་ཚོ་ནི། །ཡིད་སྲུབ་དཔུང་འཇོམས་དྲག་ཤུལ་གནམ་ལྕགས་ཆར། །ཐོགས་མེད་འབེབས་མཛད་འཕྲོག་བྱེད་ཞལ་ལ་འདུད། །བདེ་ཆེན་ཡེ་ཤེས་ཕྱག་རྒྱ་ཡི། །སྙིང་པོར་འཇུག་པའི་སྒྲུབ་ཐབས་ཀྱི། །ལས་རིམ་ཁྲིགས་བསྡེབས་རྡོ་རྗེའི་མཁར། །བར་ཆད་སྲུང་བའི་རྫོང་དུ་བསྟན། །འདི་ཉམས་སུ་ལེན་པའི་ཚུལ་ལ་སྔོན་དངོས་རྗེས་གསུམ་གྱི། དང་པོ་ལའང༌། སྦྱོར་བ་སྐྱབས་སེམས་ཚོགས་བསགས་སྦྱངས། །བགེགས་བསྐྲད་སྲུང་འཁོར་བྱིན་འབེབས་བརླབ། །ཅེས་པ་ལྟར་བརྒྱད་ལས། དང་པོ་ནི། གནས་ཁང་རྒྱན་དང་བྱི་དོར་བྱས་པའི་གུང་དུ་གཞུང་མཐུན་གྱི་སྐུ་བཀྲམ་པའི་སྤྱན་སྔར་གཏོར་མ་ཆོས་འབྱུང་བསྣོལ་མའི་སྟེང་མཁའ་འགྲོའི་གསང་གཏོར་རྒྱན་སྤྲོས་ཅན། བཀའ་སྲུང་གཏོར་མ། ཆད་བརྟན། སྨན་རཀ །ཚོགས་མཆོད། མདུན་དུ་མཆོད་པ་རྣམ་བདུན་ཕྲེང་ཚར། དཀར་བགེགས་སོགས་འོག་ཏུ་དགོས་པའི་རིགས་འདུ་བྱ། གཉིས་པ་ནི། སྒྲུབ་པ་པོ་རྣམས་སྟན་ལ་འཁོད་དེ་ཚིག་བདུན་གསོལ་འདེབས་སྔོན་འགྲོས་བརྒྱུད་འདེབས་བཏང༌། རང་གི་སྙིང་ག་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་སད་པར་བྱས་ཏེ། ན་མོ༔ བདག་སོགས་འགྲོ་ཀུན་དེང་ནས་བཟུང༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ ལན་གསུམ། གསུམ་པ་ནི། མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན༔ སྲིད་པའི་རྩ་བ་བདུད་བཞི་བཅོམ༔ བར་ཆད་གདོན་བགེགས་བསྒྲལ་བའི་ཕྱིར༔ ཡེ་ཤེས་མཁའ་འགྲོ་སྒྲུབ་པར་བགྱི༔ ལན་གསུམ། བཞི་པ་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ལ་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་བྱང་ཆུབ་སེམས་དཔལ་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲང་བའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ་མཐར། བཛྲ་མུཿས་ཚོགས་ཞིང་རྣམས་འོད་གསལ་གྱི་དབྱིངས་སུ་ཐིམ། ལྔ་པ་ནི། རང་ཉིད་སྐད་ཅིག་གིས་ལས་ཀྱི་དྷཱ་ཀི་ནི་ལྗང་ནག་གྲི་ཐོད་འཛིན་པའི་སྐུར་གྱུར། བགེགས་གཏོར་དངོས་སུ་བཤམས་པ་ལ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱི་གཏོར་མ་བསྔོས་ཏེ། ཧཱུྃ༔ གསང་བ་བླ་མེད་ལམ་སྒྲུབ་པའི༔ རྡོ་རྗེའི་དཀྱིལ་འཁོར་གཉན་པོ་འདིར༔ ༔འདུ་བའི་ལྷ་ནི་མ་གཏོགས་པ༔ དམ་མེད་བདུད་རིགས་ནག་པོའི་ཕྱོགས༔ ལྟ་ཞིང་ཉན་པའི་དབང་མེད་པས༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ནི་འཇིགས་བྱེད་རྡོ་རྗེ་ཅན༔ བཀའ་ལས་འདའ་བའི་སྡིག་ཅན་རྣམས༔ རྡོ་རྗེ་ཡེ་ཤེས་མཚོན་ཆེན་པོས༔ ཕྱེ་མར་འཐག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་དང་བཅས་པས་བསྐྲད། དྲུག་པ་ནི། ཧྲཱིཿ སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ སྣང་གྲགས་རིག་པ་སྐུ་གསུང་ཐུགས༔ གཉིས་སུ་མེད་པའི་དཀྱིལ་འཁོར་ཏེ༔ ཀུན་ཀྱང་འབར་བའི་ཕྱག་རྒྱར་ཤར༔ བགེགས་དང་བར་ཆད་མིང་ཡང་མེད༔ མི་ཤིགས་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་རྒྱ་གྲམ་གྱི༔ གུར་ཁང་འབར་བས་ཕྱོགས་མཚམས་གཏམས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཛྙཱ་ན་བཛྲ་ཙཀྲ་རཏྣ་པདྨ་ཁངྒ་རཀྵ་རཀྵ་བྷྲཱུཾ་བྷྲཱུཾ་བྷྲཱུཾ༔ བདུན་པ་ནི། ཧཱུྃ་ཧཱུྃ༔ བརྡལ་བ་ཆེན་པོ་ཆོས་སྐུ་ཡུམ་གྱི་མཁར༔ འགག་མེད་འོད་གསལ་ལོངས་སྐུའི་གཟི་བྱིན་འབར༔ སྤྲུལ་པའི་རྣམ་རོལ་རྩ་གསུམ་རབ་འབྱམས་ལྷ༔ འདིར་དགོངས་འདིར་གཤེགས་བྱིན་གྱིས་བརླབ་ཏུ་གསོལ༔ བདེ་ཆེན་སྐུ་ཡི་གར་སྟབས་ཁྱུགས་སེ་ཁྱུག༔ རྡོ་རྗེའི་གླུ་དབྱངས་སྔགས་སྒྲ་འུ་རུ་རུ༔ མཁྱེན་བརྩེ་དགོངས་པའི་ཡེ་ཤེས་ལམས་སེ་ལམ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ དུར་ཁྲོད་གནས་མཆོག་འོག་མིན་གསང་ཆེན་ཞིང༔ རྣལ་འབྱོར་ཕོ་མོ་ཧེ་རུ་ཀ་ཡི་གདུང༔ ཕྱི་ནང་གསང་བའི་མཆོད་ཚོགས་མ་ལུས་ཀུན༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནི་བྃ་ཧ་རི་ནི་ས་སརྦ་ས་མ་ཡ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བྃ་ཧོཿ བརྒྱད་པ་ནི། ཧཱུྃ༔ གནས་ཁང་དུར་ཁྲོད་ཆེན་པོའི་གཞལ་མེད་ཁང༔ ཡེ་ཤེས་བཀོད་པ་འབྱམས་ཀླས་འོད་འབར་དབུས༔ ཉེར་སྤྱོད་འདོད་ཡོན་དྲག་པོའི་ལོངས་སྤྱོད་ཀུན༔ བདེ་སྟོང་མཆོད་པའི་ཕྱག་རྒྱ་ཆེན་པོར་ཤར༔ ཨོཾ་བཛྲ་ཨརྒྷཾ་པདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜ་ལ་ཧཱུྃ་ཕཊ྄༔ ཅེས་སྔགས་རྣམས་སོ་སོར་ལན་གསུམ་རེས་ནང་མཆོད་ཀྱི་དམ་རྫས་རྣམས་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་དངོས་གཞིའི་ཕྲིན་ལས་ལ། ལྷ་བསྐྱེད་སྤྱན་དྲངས་བསྟིམ་ཕྱག་བྱ། །མཆོད་བསྟོད་བཟླས་པའི་ལས་རིམ་དྲུག །ཅེས་པ་ལྟར་ལས་དང་པོ་ནི། ཨཿ བདག་མེད་རྡོ་རྗེ་བཙུན་མོའི་མཁའ་ཀློང་ལས༔ རང་བྱུང་སྙིང་རྗེའི་ཆོ་འཕྲུལ་ཉི་ལྟར་ཤར༔ ཟུང་འཇུག་དྭངས་མའི་ཐིག་ལེ་ཡི་གེ་ཨེ༔ ནམ་མཁའི་མདོག་གིས་འཁོར་འདས་དངོས་འཛིན་སྦྱངས༔ འོད་ཀྱི་ཆོ་འཕྲུལ་ཁྲག་འཐུང་རོལ་པའི་ཞིང༔ དུར་ཁྲོད་ཆེན་པོ་འཇིགས་ཤིང་སྐྱི་གཡའི་དབུས༔ རྡོ་རྗེའི་སྲུང་འཁོར་ཟླུམ་མཐིང་གཅིག་ཏུ་འདྲིལ༔ འབར་བའི་རྩིབས་བཅུ་རལ་གྲིའི་རྩེ་ལྟར་གཟིང༔ ཡེ་ཤེས་རླུང་གིས་བར་མེད་འཁོར་བ་ལས༔ རྡོ་རྗེའི་མཚོན་ཆའི་ཆར་པ་ཐོར་ཐོར་འཕྲོ༔ བསྐལ་པའི་མེ་དང་དུས་ཀྱི་རླུང་འཐབ་ཅིང༔ ཆོས་ཉིད་རྒྱ་མཚོ་རྡོ་རྗེའི་མདའ་ཡི་དྲྭ༔ གོ་མཚམས་མེད་པས་བར་ཆད་བྱད་མ་འཇོམས༔ དེ་ཡི་ལྟེ་བར་དྲག་པོའི་གཞལ་མེད་ཁང༔ མི་མགོའི་རྩིགས་པ་ཤར་བུ་མདའ་ཡབ་ཅན༔ སྒོ་དང་རྟ་བབ་བང་རིམ་བཞིས་མཛེས་ཤིང༔ ཞིང་གི་རྒྱལ་མཚན་ལ་སོགས་རྔམ་བརྗིད་སྤྲས༔ དབུས་སུ་ལྕགས་ཀྱི་ཆོས་འབྱུང་བསྣོལ་མའི་ནང༔ འདབ་བརྒྱད་པདྨའི་ལྟེ་བར་བྱད་མ་བསྣོལ༔ དེ་སྟེང་ས་བོན་བབ་པ་ཡོངས་གྱུར་ལས༔ གནས་གསུམ་མཁའ་འགྲོའི་རྗེ་མོ་སིཾ་ཧའི་ཞལ༔ དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན་པ་ནི༔ དུས་ཀྱི་མུན་པ་འཁྲིགས་པའི་ཁ་དོག་ཅན༔ འབར་བའི་ཞལ་གསུམ་སེང་གེ་དཀར་དམར་ནག༔ དེ་སྟེང་ཞལ་གསུམ་སྟག་གཟིག་དོམ་གྱི་གདོང༔ དེ་སྟེང་ཞལ་ནི་ཕག་ཞལ་ངུར་སྒྲ་སྒྲོགས༔ ཀུན་ཀྱང་མཆེ་གཙིགས་ལྗགས་སྐྱོད་ཕེཾ་སྒྲ་སྒྲོགས༔ གནས་གསུམ་མ་མོ་མཁའ་འགྲོ་ལས་ལ་བསྐུལ༔ ཐོད་སྐམ་དབུ་རྒྱན་རལ་པ་གཟེངས་ཞིང་བརྫེས༔ རྩ་བའི་ཕྱག་གཉིས་གྲི་ཐོད་ཐུགས་ཀར་འཛིན༔ གཡས་བརྒྱད་རྡོ་རྗེ་ཙིཏྟ་མདུང་ཐུང་གྲི༔ གསལ་ཤིང་མདའ་དང་བེ་ཅོན་དབྱུག་ཐོ་གདེང༔ གཡོན་བརྒྱད་དྲིལ་བུ་བྱད་མའི་མགོ་ཞགས་པ༔ མེ་ཧོམ་ལྕགས་སྒྲོག་གཞུ་དང་འཁོར་ལོ་སྟེ༔ སྲིད་པ་སྤྱི་འདེགས་ཞབས་བཞི་གར་སྟབས་ཅན༔ སྐུ་ལ་དུར་ཁྲོད་དཔལ་གྱི་ཆས་རྫོགས་པའི༔ པང་དུ་ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་ཆེ༔ དབུ་དགུ་མཐིང་དཀར་དམར་དང་ལྗང་དམར་སེར༔ ནག་མཐིང་སྨུག་པོ་ཕྱག་བརྒྱད་དང་པོ་གཉིས༔ རྡོ་རྗེ་དུང་ཁྲག་ཡུམ་དང་གཉིས་མེད་སྦྱོར༔ ལྷག་མ་གཡས་གཡོན་འབར་བའི་རལ་གྲི་གདེང༔ འཇིགས་རྔམ་མི་བཟད་ཞབས་ཀྱིས་འཁྲིལ་ཏེ་སྦྱོར༔ བདེ་བའི་སེམས་སྤྲིན་ལས་བྱུང་ཕྱོགས་མཚམས་སུ༔ རིགས་བཞིའི་སེང་གདོང་གཙུག་ཏོར་གདུགས་འཛིན་པ༔ དཀར་སེར་དམར་ལྗང་ཤིན་ཏུ་ཁྲོས་པའི་སྐུ༔ སེང་གདོང་རིགས་བཞིས་རང་རྟགས་གྲི་ཐོད་དང༔ ཕྱིར་བཟློག་ཆེན་མོ་གདུགས་དང་རལ་གྲི་ཅན༔ འབར་བའི་ཆས་ཅན་རང་རིག་ཡབ་དང་སྦྱོར༔ འཇིགས་པའི་སྐུ་ཡིས་སྲིད་གསུམ་ཟིལ་གྱིས་གནོན༔ བཞད་པའི་ང་རོས་ཁམས་གསུམ་བྱད་མ་འཇོམས༔ རྔམས་པའི་ཡེ་ཤེས་གདུག་ཅན་དགྲ་ལ་བརྣག༔ ཡོན་ཏན་མི་ཟད་བཅོམ་ལྡན་འདས་མ་སྟེ༔ ཕྲིན་ལས་ཕྲ་མེན་རོལ་པའི་ཚོགས་སུ་བསྟན༔ གསེར་ཁྱམས་གནས་ཡུལ་མ་མོ་མཁའ་འགྲོ་དང༔ ཁྲག་ཁྱམས་སྒོ་བཞིར་དབང་ཕྱུག་ཉི་ཤུ་བརྒྱད༔ ཕྱི་རོལ་པདྨར་མཁའ་འགྲོ་སོ་གཉིས་དང༔ དུར་ཁྲོད་བརྒྱད་དང་གིང་དང་ལངྐའི་ཚོགས༔ མ་འདྲེས་གསལ་རྫོགས་སྣང་སྟོང་སྒྱུ་མའི་སྐུ༔ མཁའ་ཁྱབ་ནམ་མཁའི་སྐུ་ཅན་འཇའ་ལྟར་ཤར༔ མི་ཤིགས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ལ༔ བདེ་གཤེགས་ཀུན་གྱི་གསང་གསུམ་ཕྱག་རྒྱས་གདབ༔ དུག་ལྔ་གནས་དག་རིགས་ཀྱི་ཡུམ་ཆེན་ལྔས༔ དབང་བསྐུར་རིགས་ཀྱི་བདག་པོས་མཚན་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཿ གཉིས་པ་ནི། ཧཱུྃ་ཧྲཱིཿ དབྱིངས་ལས་རང་བྱུང་ཡེ་ཤེས་མཁའ་འགྲོའི་སྤྲིན༔ འགག་མེད་རོལ་པ་ཕྲ་མེན་ཁྲག་འཐུང་གཟུགས༔ འབུམ་ཕྲག་ཡངས་པ་ཆེན་པོའི་འཁོར་ལོའི་བདག༔ ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ནས་གཤེགས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ ལོག་འདྲེན་བདུད་དང་བར་ཆད་དབྱིངས་སུ་སྒྲོལ༔ མཆོག་ཐུན་དངོས་གྲུབ་ཐོགས་མེད་འགྲུབ་པ་ཡི༔ ཧེ་རུ་ཀ་དཔལ་གོ་འཕང་མཆོག་སྩོལ་ཅིག༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་སརྦ་ས་མ་ཡ་ཛཿཛཿ གསུམ་པ་ནི། ཧཱུྃ་ཧྲཱིཿ གདོད་ནས་གྲུབ་པའི་དམ་ཚིག་འཁོར་ལོ་ལ༔ ལྷུན་གྱིས་རྫོགས་པའི་ཡེ་ཤེས་བརྟན་པར་བཞུགས༔ རང་སྣང་བདེ་བ་ཆེན་པོའི་ལྷ་ཚོགས་ལ༔ གཉིས་མེད་མཉམ་པའི་བརྡ་ཡིས་ཕྱག་བགྱིའོ༔ ཏིཥྛ་ལྷན༔ ན་མོ་ན་མ་མི༔ བཞི་པ་ནི། ཧཱུྃ་ཧྲཱིཿ སྣང་ཞིང་སྲིད་པ་ཀུན་ཏུ་བཟང་པོའི་ཞིང༔ ཚོགས་དྲུག་ཡུལ་དབང་གཉིས་མེད་རྡོ་རྗེའི་རྒྱན༔ རོལ་པ་ཆེན་པོའི་དམ་ཚིག་བླང་དོར་བྲལ༔ རྟག་ཏུ་བདེ་ཆེན་དགྱེས་པས་བཞེས་སུ་གསོལ༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཨ་ཏི་པཱུ་ཛ་ས་མ་ཡ་ཁཱ་ཧི༔ ལྔ་པ་ནི། ཧཱུྃ་ཧྲཱིཿ དོན་གྱི་མཁའ་འགྲོ་ཆོས་ཉིད་བཟང་མོའི་ཞལ༔ ཀུན་ཁྱབ་ཐིག་ལེའི་ཆོས་ཀུན་དྲྭ་བ་སྡོམ༔ སྨྲ་བསམ་བརྗོད་མེད་ཆོས་སྐུ་དེ་བཞིན་ཉིད༔ རྟག་ཏུ་འདུ་འབྲལ་མེད་ལ་ཕྱག་འཚལ་བསྟོད༔ རྟགས་ཀྱི་མཁའ་འགྲོ་བདེ་ཆེན་དགྱེས་པ་ཆེ༔ ཟག་པ་ཟད་པ་འཕོ་མེད་རྡོ་རྗེའི་རིགས༔ བཅུ་དྲུག་དགའ་བས་གང་བའི་རོ་ལ་རོལ༔ ཁ་སྦྱོར་བདེ་བ་ཆེན་པོའི་གསུང་ལ་བསྟོད༔ བརྡ་ཡི་མཁའ་འགྲོ་ཕྲ་མེན་མཐུ་མོ་ཆེ༔ གཞན་གྱིས་མི་ཐུབ་རིགས་སྔགས་ལྷ་མོའི་གཟུགས༔ འབུམ་ཕྲག་ཡངས་པ་ཆེན་པོའི་སྤྲིན་འཕྲོ་བ༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དྲུག་པ་ནི། བསྙེན་སྒྲུབ་ལས་སྦྱོར་བཟླས་པ་གསུམ། ཞེས་པའི་དང་པོ་ལ་བསྙེན་པ་ནི། གཙོ་མོའི་ཐུགས་ཀར་གནམ་ལྕགས་རྡོ་རྗེའི་ལྟེར༔ ཉི་མ་ལ་གནས་ཨེ་མཐར་སྔགས་ཀྱིས་བསྐོར༔ འོད་ཟེར་སྤྲོ་བསྡུས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ གཉུག་མའི་སྒོ་གསུམ་རྡོ་རྗེའི་ཕྱག་རྒྱར་ཤར༔ ལྷ་བདག་མི་ཕྱེད་དགོངས་པ་གཅིག་ཏུ་འདྲེས༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧཱུྃ་ཧ་ཧེ་ཕཊ྄༔ ཞེས་པ་འབྲུ་འབུམ་བཟླ། གཉིས་པ་ཉེ་བསྙེན་ནི། གཙོ་མོའི་ཐུགས་ཀའི་ས་བོན་ལས་བྱུང་སྔགས༔ ཞལ་དང་སྦྱོར་མཚམས་ནས་བྱུང་རིགས་བཞི་ཡི༔ སིཾ་ཧ་མུ་ཁའི་ཐུགས་དམ་རྒྱུད་བསྐུལ་བས༔ རང་འོད་སྤྲོ་བསྡུས་སྣང་སྲིད་དངོས་འཛིན་སྦྱངས༔ ཀུན་ཀྱང་ལྷ་སྔགས་ཡེ་ཤེས་རོལ་མོར་སད༔ ཆོས་ཉིད་ལྷ་དང་སྒྲ་སྔགས་འོད་ཟེར་ནི༔ ཉི་མ་འབུམ་གྱི་གཟི་བརྗིད་ལྟར་འབར་བས༔ བྱད་ཕུར་བར་ཆད་དགྲ་འདྲེ་དབྱིངས་སུ་བསྒྲལ༔ བདེ་ཆེན་ཕྱོགས་ལས་རྣམ་རྒྱལ་དཔལ་ཐོབ་ཤོག༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄༔ །ཅེས་འབུམ་ཕྲག་བཞི་བཟླ། གཉིས་པ་ལ་སྒྲུབ་པ་དང་སྒྲུབ་ཆེན་གཉིས་ལས། དང་པོ་ནི། སེང་གདོང་རིགས་ལྔ་སྦྱོར་བའི་འོད་ཟེར་གྱིས༔ རིགས་བཞིའི་ཕྱིར་བཟློག་ཡབ་ཡུམ་བསྐུལ་བ་ཡི༔ བདེ་བའི་འོད་ཟེར་སྲིད་ཞི་ཀུན་ལ་ཁྱབ༔ རང་དབང་མེད་པར་དཔལ་ཆེན་རོལ་པ་ཆེ༔ ཁྲག་འཐུང་དགྱེས་པའི་ཞིང་གི་མཆོག་ཏུ་ཤར༔ འབར་བའི་སྐུ་དང་དྲག་པོའི་སྔགས་ཀྱི་སྒྲ༔ ཡེ་ཤེས་མཚོན་ཆ་འོད་ཟེར་མེ་རིའི་ཚོགས༔ འབར་ཞིང་འཕྲོ་བས་གཉིས་འཛིན་བྱད་གདོན་ཞི༔ ཡེ་ཤེས་ནུས་སྟོབས་རབ་རྒྱས་རླུང་དང་སེམས༔ དབང་བསྡུས་ཕྱི་ནང་བདུད་བཞི་བསྒྲལ་བ་ཡི༔ མཆོག་གི་ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་སི་ཏ་ཏ་པ་ཏྲེ༔ ཨ་ན་ལེ༔ ཨ་ན་ལེ༔ བི་ཥ་དེ་བི་ཥ་དེ༔ བཻ་ར་བཻ་ར༔ བཛྲ་དྷཱ་ར་ནི༔ བཛྲ་པཱ་ནི་བྷནྡྷ་བྷནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ༔ ཞེས་འབུམ་ཕྲག་གཅིག་བཟླ། གཉིས་པ་སྒྲུབ་ཆེན་ནི། བདེ་སྟོང་རོལ་པའི་འོད་ཀྱིས་གནས་ཡུལ་མ༔ དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་གིང་ལང་སོགས༔ འབུམ་ཕྲག་ཡངས་པའི་རྒྱུད་བསྐུལ་འོད་ཟེར་གྱིས༔ རབ་འབྱམས་ཕྲིན་ལས་ཐོགས་མེད་སྒྲུབ་པར་གྱུར༔ ཨོཾ་ཨེ་ཨ་རལླི་ཕེཾ༔ ཌཱ་ཀི་ནི་ས་མ་ཡ་བྷྱོ༔ མ་མ་རུ་ལུ་སརྦ་ཀརྨ་ཀུ་རུ་ཧོཿ ཁྲི་གཅིག་བཟླ། གསུམ་པ་ལས་སྦྱོར་ནི། གཙོ་འཁོར་ཀུན་གྱིས་རིགས་བཞིའི་སྒོ་མ་རྣམས༔ བསྐུལ་བས་སྐུ་ཡི་སྤྲོ་བསྡུས་འཁོར་འདས་ཁྱབ༔ ནད་གདོན་ཀུན་ཞི་ཚེ་བསོད་དཔལ་འབྱོར་རྒྱས༔ ཁམས་གསུམ་དབང་བསྡུས་དགྲ་བགེགས་ཚར་གཅོད་གྱུར༔ ཨོཾ་བྷི་ཏི་ལོ་ཀ་ཌཱ་ཀི་ནི་ས་མ་ཡ་བྷྱོ༔ ཤནྟིཾ་ཀུ་རུ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཨོཾ༔ ཝཱ་ཤཾ་ཀུ་རུ་ཧྲཱིཿཛཿ མཱ་ར་ཡ་ཕཊ྄༔ ཅེས་ལས་བཞིའི་སྤེལ་ཚིག་སོ་སོར་སྦྱར་བ་སྟོང་ཙམ་བཟླ་བ་ནི་གྲངས་བསྙེན་གྱི་དབང་དུ་བྱས་ཏེ། དུས་དང་མཚན་མའི་བསྙེན་ཚད་ནི་སྤྱི་ལྟར་རོ། །ཐུན་མཐར་དབྱངས་གསལ་རྟེན་སྙིང་རྣམས་བཟླས་པས་ལྷག་ཆད་སྐོང་ཞིང་བྱིན་རླབས་བརྟན་པར་བྱ། གཏང་རག་གི་མཆོད་བསྟོད་མདོར་བསྡུས་དང༌། ཡི་བརྒྱ་བཟླ། གསུམ་པ་རྗེས་ལ། ཚོགས་མཆོད་བསྐུལ་དང་ཆད་བརྟན་འབུལ། །རྟ་བྲོ་དབང་ལེན་བཤགས་བསྡུ་ལྡང༌། །དགེ་བསྔོ་ཤིས་བརྗོད་བཅས་ཏེ་བཅུ། །ཞེས་པའི་དང་པོ་ལའང༌། བྱིན་བརླབ་སྤྱན་འདྲེན་མཆོད་བསྐང་བཤགས། །བསྒྲལ་བསྟབ་རོལ་དང་ལྷག་མ་བདུན། །ཞེས་པ་ལྟར་ལས་དང་པོ་ནི། བཀའ་གཏེར་སྲུང་མའི་གསོལ་ཕྲིན་བཏང་དགོས་གང་ཡོད་སྤྱི་ལྟར་སྦྱར། སྤྲོ་ན་བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བ་དང་བཅས་ཏེ། ཐབས་ཤེས་ཚོགས་ཀྱི་ཡོ་བྱད་ལ་བསང་ཆུ་དང་བདུད་རྩིས་བྲན། རྃ་ཡྃ་ཁྃ༔ རང་བྱུང་བདེ་ཆེན་ཀ་པཱ་ལར༔ དམ་རྫས་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་ལྔ་ལྡན་བཅུད་དུ་འཁྱིལ༔ འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གཉིས་པ་སྤྱན་འདྲེན་ནི། ཧཱུྃ༔ འོག་མིན་ཞིང་དང་ཉེར་བཞིའི་ཡུལ༔ དུར་ཁྲོད་བརྒྱད་སོགས་གནས་མཆོག་ནས༔ རབ་འབྱམས་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས༔ སརྦ་དྷ་ཀ་དྷཱ་ཀི་ནཱི་ས་པ་རི་ཝ་ར་བཛྲ་ས་མ་ཡ་ཛཿ ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ གསུམ་པ་ཚོགས་ཕུད་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ དགྱེས་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བཞི་པ་ནི། ཧཱུྃ་ཧྲཱིཿ མཆོག་ཏུ་མི་འགྱུར་བདེ་ཆེན་ཡེ་ཤེས་མདངས། །ཟག་མེད་རྒྱལ་བའི་འབྱོར་པ་རྒྱ་མཚོའི་སྤྲིན། །ཅིར་ཡང་འཆར་བས་རྡོ་རྗེའི་སྐུ་གསུང་ཐུགས། །རྟག་ཏུ་དགྱེས་པའི་དམ་རྫས་གདོད་ནས་ཤར། །ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་ཏེ། བཛྲ་སྥ་ར་ཎ་ཁཾ། ཧཱུྃ་ཧྲཱིཿ འཁོར་འདས་ཆོས་ཀུན་ཨ་ཝ་དྷཱུ་ཏིའི་ཀློང༌། །རྣམ་ཐར་གསུམ་གྱི་དབྱིངས་སུ་དག་པའི་གདངས། །གནམ་ཞལ་ཁྲོས་པ་སིཾ་ཧ་ཙཎྜ་ལིས། །གཟུང་འཛིན་དངོས་ཀུན་ཟོས་པས་སྒེག་པའི་གཟུགས། །བདེ་ཆེན་གཟི་འོད་འཁྲུགས་པའི་ཟེར་ཐིག་གི །བཅུ་དྲུག་དགའ་བ་ཆེན་པོའི་མཆོད་པའི་རྫས། །ཞུ་བདེའི་ཉམས་བརྒྱ་འདྲེན་པའི་འདོད་ཡོན་སྤྲིན། །ཡེ་ཤེས་རླུང་གི་བྱེད་པས་འཕྲོ་བ་ཡི། འཁྲུལ་སྣང་རྟོག་པ་ཟིལ་གྱིས་གནོན་པའི་མཐུ། །རྡོ་རྗེ་ཉི་མའི་འོད་སྣང་འབུམ་འཕྲོ་བ། །ཕྱི་ལྟར་དབང་ཤེས་དག་པའི་འདོད་ཡོན་ལྔ། །ནང་དུ་རྩ་རླུང་ཐིག་ལེའི་སྨན་རཀ་གཏོར། །གསང་བ་ལྷན་སྐྱེས་ཡེ་ཤེས་སྦྱོར་སྒྲོལ་གྱི། །རོལ་མོར་འཆར་བས་གསང་མཆོག་དགྱེས་པ་ཆེ། །དབྱིངས་ཀྱི་རང་མདངས་རིག་པ་སྐུ་རུ་སྨིན། །བྱིན་རླབས་ཚད་མེད་བརྒྱུད་གསུམ་བླ་མའི་ཚོགས། །ཡོངས་གྲུབ་མཉམ་པའི་ལྟ་བས་ཐུགས་དམ་བསྐང༌། །དགོངས་རྒྱུད་རྟོགས་པའི་ཡེ་ཤེས་བཙན་ཐབས་སྤོར། །འོད་གསལ་ཕྱག་རྒྱ་ཞི་ཁྲོ་སྒྱུ་འཕྲུལ་དྲྭ། །མ་འགག་འཆར་བས་དངོས་གྲུབ་ཆར་དུ་འབེབས། །ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ཐུགས་དམ་བསྐང༌། །མཆོག་དང་ཐུན་མོང་ལས་བཞི་འགྲུབ་པར་མཛོད། །ཁྱད་པར་རྣམ་ཀུན་མཆོག་ལྡན་དབྱིངས་ཀྱི་ཡུམ། །འཁོར་འདས་སྐྱེད་དང་སྡུད་པའི་བདག་ཉིད་ཆེ། །དབྱིངས་ཕྱུག་སིཾ་ཧ་མུ་ཁའི་ཐུགས་དམ་བསྐང༌། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་འབར་བའི་གར། །རིགས་ཀྱི་འཁོར་བསྒྱུར་བཅོམ་ལྡན་འདས་མ་ལྔ། །ཕྱིར་ཟློག་ཕོ་ཉ་བཞི་ཡི་ཐུགས་དམ་བསྐང༌། །བྱད་གདོན་བར་ཆད་གདུག་པའི་ཚོགས་ཆོམས་ཤིག །བདེ་བའི་བདག་ཉིད་སྣ་ཚོགས་གཟུགས་ཅན་མ། །རབ་འབྱམས་ལས་ཀྱི་ཚོགས་དང་བཀའ་ཡི་འབངས། །དབང་ཕྱུག་གིང་དང་ལངྐའི་ཐུགས་དམ་བསྐང༌། །ཚར་གཅོད་རྗེས་འཛིན་ལས་ཀུན་གྲུབ་པར་མཛོད། །འབར་བའི་ཕྲིན་ལས་གང་འདུལ་དེར་སྣང་སྟོན། །དམ་ཚིག་དབང་གིས་སྒྲུབ་ལ་བུ་ལྟར་བརྩེ། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༌། །འདོད་དགུའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །གཟོད་ནས་འགྱུར་མེད་མཆོག་ཏུ་བདེ་བ་ཆེའི། །དགྱེས་པའི་དབྱིངས་ལས་གཞར་ཡང་མི་འདའ་བའི། །ཡུལ་ཤེས་རོ་མཉམ་ཆེན་པོའི་དམ་ཚིག་གིས། །དཀྱིལ་འཁོར་འཁོར་ལོ་དགྱེས་པ་བསྐྱེད་གྱུར་ཅིག །ཐ་མལ་ཞེན་པའི་བདག་རྟོག་ལོག་པའི་དྲིས། །ཡང་དག་དོན་ལ་སྒྲིབ་པའི་ནོངས་པ་ཀུན། །གཉིས་མེད་ཀློང་ཡངས་ཆེན་པོར་བཟོད་བཞེས་ལ། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །འགལ་རྐྱེན་བར་ཆད་སྐྱེ་མེད་དབྱིངས་སུ་ཞི། །མཆོག་ཐུན་དངོས་གྲུབ་འགག་མེད་རོལ་པར་ཤར། །ཚར་གཅོད་རྗེས་འཛིན་ཕྲིན་ལས་རྨད་པོ་ཆེས། །བྱང་ཆུབ་སྒྲུབ་ལ་དཀའ་བ་མེད་པར་མཛོད། །གློ་བུར་རྦོད་གཏོང་བྱད་ཕུར་རང་སར་དག །འཁྲུལ་སྣང་སྡུག་བསྔལ་རྒྱུ་འབྲས་མཁའ་རུ་སྡུད། །ཡེ་ཤེས་འབར་བའི་ཕྱག་རྒྱས་བྱིན་བརླབས་ཏེ། །ཕྱོགས་ལས་རྣམ་རྒྱལ་ཧེ་རུ་ཀ་འགྲུབ་མཛོད། །ཅེས་དང༌། ཧོཿ བདག་གིས་ཚེ་རབས་ཐོགས་མེད་ནས༔ བསགས་པའི་སྡིག་ལྟུང་ཉམས་ཆག་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་དུ་གསོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཡིག་བརྒྱ་བཟླ། ལྔ་པ་ནི། ཨེ་ཡཾ་ཛྭ་ལ་རཾ། སརྦ་ཤ་ཏྲཱུཾ་བིགྷྣཱན་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཕྱི་ནང་བར་ཆད་དགྲ་དང་བགེགས༔ མཚན་མ་ཚོགས་ཀྱི་རྫས་ལ་བསྟིམ༔ རྣམ་ཤེས་འོད་གསལ་དབྱིངས་སུ་སྤོར༔ ཤ་ཁྲག་ཚོགས་ཀྱི་འཁོར་ལོར་བཞེས༔ སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་ནི། དེ་ལྟར་མཆོད་པའི་རྗེས་རྣལ་འབྱོར་པ་རྣམས་ལ་ཐབས་ཤེས་ཀྱི་རྫས་བསྣོལ་མར་སྟོབ་སྟེ་ནང་གི་ཚོགས་ལ་རོལ། བདུན་པ་ལྷག་མ་རྣམས་བསྡུས་ཏེ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་པས་བྱིན་གྱིས་བརླབས། ཕེཾ་ཕེཾ༔ ལྷག་ལ་དབང་བའི་མཁའ་འགྲོ་གིང༔ ཕོ་ཉ་མགྱོགས་མ་གནས་ཉུལ་ཚོགས༔ དཔལ་གྱི་ཕམ་ཕབས་འདི་ལོངས་ལ༔ མི་མཐུན་ཀུན་སོལ་ཕྲིན་ལས་སྒྲུབས༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་དང་བཤལ་ཆུས་མཆོད། སྨོན་ལམ་གདབ་པ་ནི། ཧོཿ བདག་ཅག་རྡོ་རྗེའི་རྣལ་འབྱོར་མཆེད་ལྕམ་གྱིས༔ གསང་མཆོག་མཁའ་འགྲོ་འདུ་བའི་གྲོང་ཁྱེར་དུ༔ ལོངས་སྤྱོད་ཆེན་པོས་མཆོད་ཅིང་བསྐངས་པའི་མཐུས༔ བདག་གཞན་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ གཉིས་པ་ནི། ཧཱུྃ༔ དབྱིངས་ལ་རྟོག་པ་མི་མངའ་ཡང༔ རང་བྱུང་ཐུགས་རྗེའི་རྩལ་ཤུགས་བསྐྱེད༔ མཁྱེན་བརྩེ་ནུས་སྟོབས་རྨད་བྱུང་བའི༔ རྡོ་རྗེའི་ཐུགས་དམ་དུས་ལ་བབ༔ འཁྲུལ་སྣང་ཡེ་ཤེས་དབྱིངས་སུ་སྦྱོར༔ མཆོག་གི་ཕྲིན་ལས་འགྲུབ་པར་མཛོད༔ གསུམ་པ་ནི། ཧཱུྃ༔ དཔལ་ཆེན་འབར་བའི་སྟོན་འཁོར་གྱིས༔ རྡོ་རྗེའི་རྒྱུད་ཀྱི་རང་སྒྲ་ནི༔ སྲིད་ཞི་ཁྱབ་པར་བསྒྲགས་པའི་ཚེ༔ ཞལ་བཞེས་དམ་ཅན་སྲུང་མ་ཀུན༔ སྔོན་གྱི་གཡར་དམ་མ་བསྙེལ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཀརྨ་ཀུ་རུ་ཧོཿ བཞི་པ་ནི། ཧཱུྃ༔ ལུགས་ལྡོག་བརྟན་མ་མཁའ་འགྲོ་རྣམས༔ བདེན་དོན་དགའ་བཞིའི་བཤལ་ཆུ་བཞེས༔ ལུགས་འབྱུང་ཡིད་བྱེད་ཀླ་ཀློ་སྒྲོལ༔ རྡོ་རྗེའི་གནས་ཡུལ་བདེ་བར་མཛོད༔ མ་མ་པཱུ་ཛ་ཧོཿ ལྔ་པ་ནི། ཧཱུྃ༔ གློ་བུར་ལྟར་སྣང་དམ་སྲིའི་ཚོགས༔ ཨེ་དབྱིངས་རྣམ་ཐར་གསུམ་ཀློང་མནན༔ རིག་པ་རྡོ་རྗེས་རྒྱས་བཏབ་པས༔ འཁྲུལ་པ་གཞིར་དག་ཕྲིན་ལས་མཛོད༔ ས་མ་ཡ་སྟྭཾ་བྷ་ཡ་ནན༔ དྲུག་པ་ནི། ཧཱུྃ༔ བདེ་ཆེན་དབྱིངས་ཀྱི་ཕོ་བྲང་ནས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ཀྱིས༔ མཐུ་རྩལ་ནུས་པའི་རྟགས་ཕྱུངས་ལ༔ མཆོག་ཐུན་ཕྲིན་ལས་དངོས་གྲུབ་སྩོལ༔ ཨོཾ་སིཾ་ཧ་མུ་ཁ་ཛྙཱ་ན་ཌཱ་ཀི་ནི་ས་པ་རི་ཝ་ར་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ བདུན་པ་ནི། མ་རྙེད་ཡོངས་སུ་སོགས་དང༌། ཡིག་བརྒྱ་མང་དུ་བཟླ། བརྒྱད་པ་ནི། མདུན་བསྐྱེད་ཚོགས་མཆོད་སྐབས་བརྟན་བཞུགས་སྤྱི་ལྟར་དང༌། བདག་ཉིད་ལྷའི་འཁོར་ལོའི་གསལ་སྣང༌། ཨཿ སྣོད་བཅུད་ལྷར་སྣང་རང་ལ་ཐིམ༔ རང་སྣང་འོད་གསལ་དབྱིངས་ཀྱི་ངང༔ རིག་པ་ཛྙཱ་ན་དྷཱ་ཀི་ནིའི༔ གསང་བ་གསུམ་གྱི་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ དགུ་པ་ནི། བརྟན་གཡོའི་དངོས་ཀུན་བདེ་ཆེན་ལྷ་སྐུར་དག༔ ལྡང་འཇུག་རླུང་རྣམས་སྐྱེ་མེད་སྔགས་སུ་རྫོགས༔ དྲན་རྟོག་འོད་གསལ་ཐིག་ལེ་ཆེན་པོར་སྨིན༔ རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་ཐོབ་ཤོག༔ བཅུ་པ་ནི། ཧྲཱིཿ གདོད་ནས་རྣམ་དག་རང་བཞིན་གཅིག་པ་ལ༔ ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་མངོན་དུ་གསལ༔ མ་བསྐྱེད་ལྷུན་གྱིས་གྲུབ་པའི་མཁའ་འགྲོ་མ༔ ཆོས་སྐུ་རྡོ་རྗེ་ཕག་མོའི་བཀྲ་ཤིས་ཤོག༔ རང་བྱུང་མ་འགག་ཅིར་ཡང་སྣང་བ་ལ༔ སྣ་ཚོགས་རོལ་པའི་མཁའ་འགྲོ་འདུ་ཞིང་འཕྲོ༔ གར་གྱི་དབང་ཕྱུག་མཚན་དང་དཔེ་བྱད་འབར༔ ལོངས་སྐུ་དབྱིངས་ཕྱུག་སྡེ་ལྔའི་བཀྲ་ཤིས་ཤོག༔ ཞི་རྒྱས་དབང་དང་དྲག་ཤུལ་ཕོ་བྲང་ནས༔ ལས་རྣམས་མ་ལུས་སྒྲུབ་བྱེད་མྱུར་མགྱོགས་ཅན༔ དཀར་སེར་དམར་ལྗང་རབ་ཏུ་འཁྲུགས་བྱེད་མ༔ སྤྲུལ་སྐུ་མཁའ་འགྲོ་སྡེ་ལྔའི་བཀྲ་ཤིས་ཤོག༔ ཁྱབ་བརྡལ་ཉག་གཅིག་དོན་གྱི་ཕོ་བྲང་ནས༔ ཐུགས་རྗེའི་རྩལ་འཕྲོ་འཁོར་བའི་སེམས་ཅན་རྣམས༔ ཐབས་ཀྱི་ཆོ་འཕྲུལ་འགྱེད་ཅིང་སྒྲོལ་བྱེད་མ༔ ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཀུན་རྫོབ་སྒྱུ་མ་སྣང་སྲིད་ཕོ་བྲང་ནས༔ ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་བ༔ ཤན་འབྱེད་ལས་ཀྱི་དྲོད་འཛིན་གཉེར་མོ་ཆེ༔ ལས་བྱེད་འཇིག་རྟེན་མཁའ་འགྲོའི་བཀྲ་ཤིས་ཤོག༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ ཕོ་ཉ་ལས་མཁན་རྣམས་ཀྱི་བཀྲ་ཤིས་ཤོག༔ དྲེགས་པ་སྡེ་བརྒྱད་རྣམས་ཀྱི་བཀྲ་ཤིས་ཤོག༔ སྣང་སྲིད་ལྷ་འདྲེ་རྣམས་ཀྱི་བཀྲ་ཤིས་ཤོག༔ ནད་གདོན་སྡིག་སྒྲིབ་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་སྲིད་དབང་དུ་འདུ་བའི་བཀྲ་ཤིས་ཤོག༔ བར་ཆད་དགྲ་བགེགས་འདུལ་བའི་བཀྲ་ཤིས་ཤོག༔ ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་པས་དགེ་ལེགས་སུ་བྱའོ། །ཕྱོགས་དུས་འདྲེན་པའི་མཁྱེན་བརྩེའི་ཆུ་གཏེར་ལས། །རིགས་སྔགས་ལྷ་མོའི་བདུད་རྩིའི་མེ་ཏོག་གིས། །དངོས་གྲུབ་སྙེ་མ་གཡུར་དུ་ཟ་བའི་དཔལ། །བྱིན་བཞིན་ཕན་བདེའི་བཙས་སུ་ལེགས་པར་བསྡེབས། །རབ་དགེ་དྲི་མེད་དྲང་སྲོང་དམོད་པ་ཡིས། །མཐུ་སྟོབས་ཚངས་པའི་རལ་ཀླུང་འདིར་དྲངས་པས། །ཕལ་རྒོལ་གཡུལ་རྒྱལ་གྲགས་སྙན་རླབས་ཕྲེང་གིས། །ཐུབ་བསྟན་ཡངས་པའི་འཛིན་མ་མཛེས་བྱེད་ཤོག །ཅེས་པའང་ལས་དང་སྐལ་པ་བཟང་པོའི་བཙས་སུ་རྙེད་པའི་དབྱིག་མཆོག་འདོད་དགུའི་དཔྱིད་དུ་ཐོབ་པ་རང་གིར་བགྱི་བའི་སླད་རིག་སྔགས་འཆང་བ་ཀློང་ཆེན་ནམ་མཁའ་འོད་གསལ་རང་བྱུང་སྤྲུལ་པའི་རྡོ་རྗེ་པདྨ་མདོ་སྔགས་གླིང་པས་རྒྱལ་བ་ཤིང་རྟ་ལོའི་སྨིན་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ཡོན་ཏན་གསུང་གི་གནས་མཆོག །བདེ་ཆེན་པདྨ་ཤེལ་ཕུག་གི་ཀེའུ་ཚང་དུ་གཏེར་གཞུང་ཁྲིགས་སུ་བསྡེབས་པའི་ཡི་གེ་པ་ནི་རང་གི་ཚ་བོ་བཙུན་པ་བཀྲ་ཤིས་རྣམ་རྒྱལ་གྱིས་བགྱིས་པ་འདིས་ཀྱང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་དཔལ་ཧེ་རུ་ཀའི་གོ་འཕང་དཀའ་བ་མེད་པ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།}} | ||
</onlyinclude> | </onlyinclude> |
Revision as of 10:06, 13 December 2022
Wylie title | snyan brgyud snying gi gsang mdzod las/ /yum ka mkha' 'gro gdugs seng sbrags ma'i sgrub thabs byad gdon dpung 'joms rdo rje'i mkhar rdzong | |
---|---|---|
Location | dil mgo mkhyen brtse bka' 'bum Volume 21, Text 21, Pages 190-200 (Folios 1a to 11b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Snyan brgyud snying gi gsang mdzod las yum ka mkha' 'gro gdugs seng sbrags ma'i sgrub thabs byad gdon dpung 'joms rdo rje'i mkhar rdzong. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 190-200. Delhi: Shechen Publications, 1994. | |
Genre | Sadhanas - Evocation Ritual - sgrub thabs | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | seng gdong ma | |
Colophon |
།ཅེས་པའང་ལས་དང་སྐལ་པ་བཟང་པོའི་བཙས་སུ་རྙེད་པའི་དབྱིག་མཆོག་འདོད་དགུའི་དཔྱིད་དུ་ཐོབ་པ་རང་གིར་བགྱི་བའི་སླད་རིག་སྔགས་འཆང་བ་ཀློང་ཆེན་ནམ་མཁའ་འོད་གསལ་རང་བྱུང་སྤྲུལ་པའི་རྡོ་རྗེ་པདྨ་མདོ་སྔགས་གླིང་པས་རྒྱལ་བ་ཤིང་རྟ་ལོའི་སྨིན་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ཡོན་ཏན་གསུང་གི་གནས་མཆོག །བདེ་ཆེན་པདྨ་ཤེལ་ཕུག་གི་ཀེའུ་ཚང་དུ་གཏེར་གཞུང་ཁྲིགས་སུ་བསྡེབས་པའི་ཡི་གེ་པ་ནི་རང་གི་ཚ་བོ་བཙུན་པ་བཀྲ་ཤིས་རྣམ་རྒྱལ་གྱིས་བགྱིས་པ་འདིས་ཀྱང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་དཔལ་ཧེ་རུ་ཀའི་གོ་འཕང་དཀའ་བ་མེད་པ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །། | |
/ces pa'ang las dang skal pa bzang po'i btsas su rnyed pa'i dbyig mchog 'dod dgu'i dpyid du thob pa rang gir bgyi ba'i slad rig sngags 'chang ba klong chen nam mkha' 'od gsal rang byung sprul pa'i rdo rje pad+ma mdo sngags gling pas rgyal ba shing rta lo'i smin zla'i dmar phyogs kyi rgyal ba gsum par yon tan gsung gi gnas mchog_/bde chen pad+ma shel phug gi ke'u tshang du gter gzhung khrigs su bsdebs pa'i yi ge pa ni rang gi tsha bo btsun pa bkra shis rnam rgyal gyis bgyis pa 'dis kyang mi mthun pa'i phyogs thams cad las rnam par rgyal nas dpal he ru ka'i go 'phang dka' ba med pa mngon du byed pa'i rgyur gyur cig__/mang+ga laM//_// |