DKR-KABUM-21-ZHA-022: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=
|fulltitle=
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: . Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|language=Tibetan
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|pagestatus=Temporary stub only
|sourcerevealer=Khyentse, Dilgo
|volumenumber=ZHA
|sourceauthor=
|sourceauthortib=
|associatedpeople=gnyags dz+nyA na ku mA ra
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|dkroutline=Six
|deity=rdo rje phur pa
|cycle=snyan brgyud snying gi gsang mdzod
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་
|parentcycle=
|parentcycletib=
|volumenumber=021
|volnumtib=༢༡
|volyigtib=ཞ་
|totalvolumes=25
|beginfolioline=1a
|rectonotes=
|versonotes=gnyags lugs phur pa
|textnuminvol=022
|textnuminvol=022
|pdflink=File:DKR-KABUM-21-ZHA-022.pdf
|pdflink=File:DKR-KABUM-21-ZHA-022.pdf

Revision as of 14:49, 12 December 2022

Wylie title ' DKR-KABUM-21-ZHA-022.pdf
Location dil mgo mkhyen brtse bka' 'bum
Volume 21, Text 22, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
[edit]
༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། མཁའ་འགྲོ་གདུག་སེང་སྦྲགས་མའི་རྒྱུན་གྱི་རྣལ་འབྱོར་བྱད་གདོན་བར་ཆད་ཀུན་འཇོམས་ཞེས་བྱ་བ་བཞུགས། །། ༄༅། །ན་མོ་གུ་རུ་ཛྙཱ་ན་དྷཱ་ཏུ་ཌཱ་ཀི་ནི་བྷྱཿ སྙིགས་དུས་ཀྱི་འགལ་རྐྱེན་མཐའ་དག་སྐྱོབ་བྱེད་རིགས་སྔགས་ཀྱི་ལྷ་མོ་གདུགས་སེང་སྦྲགས་སྒྲུབ་ཀྱི་ལྷ་སྔགས་ཟབ་མོ་རྒྱུན་གྱི་རྣལ་འབྱོར་དུ་ཉམས་སུ་ལེན་པར་འདོད་པས། ཐོག་མར། རྡོ་རྗེ་ཕག་མོའི་ཐུགས་ཀྱི་དགོངས་པ་ཡི་སོགས་གསོལ་འདེབས་ཚིག་རྐང་དྲུག་དང༌། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བར་ཆད་གདོན་བགེགས་བསྒྲལ་བའི་ཕྱིར༔ ཡེ་ཤེས་མཁའ་འགྲོ་སྒྲུབ་པར་བགྱི༔ ལན་གསུམ། སྤྲོ་ན། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ཡན་ལག་བརྒྱད་པས་ཚོགས་བསག་བྱ། དངོས་གཞིའི་བསྐྱེད་བཟླས་ནི། ཨ༔ བདག་མེད་རྡོ་རྗེ་བཙུན་མོའི་མཁའ་ཀློང་ལས༔ རང་བྱུང་སྙིང་རྗེའི་ཆོ་འཕྲུལ་ཉི་ལྟར་ཤར༔ ཟུང་འཇུག་དྭངས་མའི་ཐིག་ལེ་ཡི་གེ་ཨེ༔ ནམ་མཁའི་མདོག་གིས་འཁོར་འདས་དངོས་འཛིན་སྦྱངས༔ འོད་ཀྱི་ཆོ་འཕྲུལ་ཁྲག་འཐུང་རོལ་པའི་ཞིང༔ དྲག་པོ་ལྕགས་ཀྱི་ཆོས་འབྱུང་བསྣོལ་མའི་དབུས༔ གནས་གསུམ་མཁའ་འགྲོའི་རྗེ་མོ་སིཾ་ཧའི་ཞལ༔ དུས་ཀྱི་མུན་པ་འཁྲིགས་པའི་ཁ་དོག་ཅན༔ འབར་བའི་ཞལ་གཅིག་མཆེ་གཙིགས་ལྗགས་བརྐྱང་འཁྱུགས༔ གཡས་པས་གྲི་གུག་འཕྱར་བས་གཟུང་འཛིན་གཅོད༔ གཡོན་པས་ཐོད་ནང་སྙིང་ཁྲག་རོལ་ཅིང་རྔུབ༔ སྲིད་པ་སྤྱི་འདེགས་ཞབས་གཉིས་གར་སྟབས་ཀྱིས༔ ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་རལ་གྲི་དང༔ རྡོ་རྗེའི་ཞགས་པ་བསྣམས་དང་གཉིས་མེད་སྦྱོར༔ དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀུན་རྫོགས༔ གཙོ་མོའི་སྤྱི་བོར་ཨཿཀཿམགྲིན་པ་རུ༔ སཿམཿཐུགས་ཀར་རཿཙཿལྟེ་བར་ཤཿ དཿདང་གསང་གནས་རཿསཿབརླ་གཡས་གཡོན༔ མཿརཿཡཿཕཊ྄ཿཡོངས་གྱུར་བདེ་གཤེགས་དང༔ པདྨ་རྡོ་རྗེ་ཡོན་ཏན་ཕྲིན་ལས་ཀྱི༔ སེང་གདོང་རིགས་ལྔ་ཕྲ་མེན་རིགས་བཞི་བཅས༔ རང་རྟགས་གྲི་ཐོད་སྤྲུལ་པའི་ཌཱ་ཀིས་བསྐོར༔ དབུ་ལ་རིགས་ལྔའི་ཕྱིར་ཟློག་ཆེན་མོ་ལྔ༔ རང་མདོག་གདུགས་དང་རྡོ་རྗེ་འཛིན་པ་སྤྲོ༔ སྣང་སྟོང་སྒྱུ་མ་མཁའ་ཁྱབ་ནམ་མཁའི་སྐུ༔ རྡོ་རྗེའི་གསང་གསུམ་ཡེ་ཤེས་ལྔ་རུ་རྫོགས༔ ཞེས་རྩེ་གཅིག་ཏུ་དམིགས་པའི་གསལ་སྣང་བརྟན་པོས་སྒྲུབ། སྨིན་སློབ་བྱེད་ན་དག་དྲན་སོགས་སྤྱི་ལྟར་བྱ། བཟླས་པ་ལ་ཐོག་མར་བསྙེན་སྒྲུབ་ཆིག་དྲིལ་གྱི་བཟླས་པ་ནི། མཁའ་འགྲོའི་ཐུགས་ཀར་གནམ་ལྕགས་རྡོ་རྗེའི་ལྟེར༔ ཉི་མ་ལ་གནས་ཨེ་མཐར་སྔགས་ཀྱིས་བསྐོར༔ འོད་ཟེར་སྤྲོ་བསྡུས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ བྱད་ཕུར་བར་ཆད་དགྲ་བགེགས་དབྱིངས་སུ་བསྒྲལ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄༔ ཞེས་པ་གཙོ་བོར་བཟླ། གཙོ་མོའི་རིགས་བདག་གཙུག་ཏོར་གདུགས་དཀར་མོ༔ རིགས་ལྔའི་སྐུ་དང་སྔགས་སྒྲ་མཚོན་ཆའི་ཟེར༔ འཕར་ཞིང་འཕྲོ་བས་གཉིས་འཛིན་བྱད་གདོན་ཞི༔ ཡེ་ཤེས་ནུས་རྒྱས་བདུད་བགེགས་བསྒྲལ་བར་གྱུར༔ ཨོཾ་སི་ཏ་ཏ་པ་ཏྲི༔ ཨ་ན་ལེ་ཨ་ན་ལེ༔ བི་ཥ་དེ་བི་ཥ་དེ༔ བཻ་ར་བཻ་ར༔ བཛྲ་དྷཱ་ར་ནི༔ བཛྲ་པཱ་ནི་བྷནྡྷ་བྷནྡྷ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། ཐུན་མཐར་སྲུང་བཟློག་བསད་པ་ཆིག་དྲིལ་གྱི་བཟླས་པ་ནི། ལྷ་ཚོགས་རྣམས་ཆེར་ཁྲོས་ཤིང་འཁྲུགས་པས་རྡོ་རྗེའི་ཕོ་ཉ་ནམ་མཁའ་གང་བར་སྤྲོས༔ མ་རུངས་པའི་བྱད་གདོན་གདུག་པ་ཅན་ཐམས་ཅད་བཀུག་ཅིང་བསྒྲལ༔ སྤྲུལ་པའི་ཕོ་ཉ་སླར་འདུས་པ་སྲུང་བྱེད་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པ་འབར་ཞིང་འཁོར་བའི་ནང་དུ་བསྲུང་བྱ་རྣམས་ཚུད་པས་བར་ཆད་ཀྱིས་གླགས་མི་རྙེད་པར་གྱུར། སྲུང་འཁོར་གཡོན་དུ་འཁོར་བས་གནོད་བྱེད་བྱད་མ་དགྲ་འདྲེ་དང་བཅས་པ་ཉལ་ཉལ་གཏུབ། མེ་རླུང་གི་ཤུགས་ཀྱིས་མིང་མེད་དུ་གཏོར་བས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར། ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧཱུྃ་ཧ་ཧེ་ཕཊ྄༔ ཨོཾ་སཱི་ཏ་ཏ་པ་ཏྲི་ཧཱུྃ་སྭཱ་ཧཱ༔ བྷྱོ་མ་མ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་བྷྲཱུཾ༔ མ་ཧཱ་ཤ་རི་ཨེ་ས་བྷྱོ་ཟློག༔ མཱ་ར་ཡ་རྦད་བྷྱོ་ཕཊ྄༔ ཅེས་ཉེར་གཅིག་གམ་བདུན་བཟླས་ལ། མཐར་བདེན་བརྗོད་ནི། ཐལ་མོ་སྦྱར་ཏེ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་དབྱིངས་ཕྱུག་རྡོ་རྗེ་བཙུན་མོ་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དྲག་མོ་སེང་གེའི་གདོང་པ་ཅན་རིགས་ལྔ་དང་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཙུག་ཏོར། རིགས་སྔགས་ཀྱི་ལྷ་མོ་གདུགས་དཀར་མོ་རིགས་ལྔ་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས་རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཆག་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། ཕ་རོལ་གྱི་དམག་ཚོགས་རྦོད་གཏོང་རྦད་འདྲེ་བྱད་ཁ་ཕུར་ཁ་གཏད་ཁྲམ་ཧོམ་དང་པར་བུ་སྡེབས་གཤོར། རླུང་འཁོར། གྱིམ་ཤང༌། གཤེད་བསྡེབས། བསད་བསྐྲད། དབྱེ་རྨོངས་ལ་སོགས་པ་དང་རང་གི་སྦྱོར་ངན་ལོག་པའི་ནུས་པ་ཐམས་ཅད་དང༌། ཁྱད་པར་དུ་ཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་ཟློག་མཁན་ཁོ་རང་གི་སྟེང་དུ་ཟློག་ཅིག༔ རང་གཤེད་རང་ལ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ རང་ཤ་རང་གིས་ཟོ་ཞིག༔ རང་ཁྲག་རང་གིས་འཐུང་ཞིག༔ ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ བདག་གི་ཆོས་སྐྱོང་ཐམས་ཅད་ཁོའི་གཤེད་དུ་ཕོབ་ཅིག༔ མཱ་ར་ཡ་ཟློག་ཟློག་བྷྱོ་བྷྱོ༔ ཞེས་བརྗོད་དེ་ཐལ་རྡེབ་ལན་གསུམ་བྱ། ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ྄། །བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །ཅེས་འདོད་དོན་གསོལ་ལ། མཐར། སྣོད་བཅུད་ལྷར་སྣང་རང་ལ་ཐིམ༔ རང་སྣང་འོད་གསལ་དབྱིངས་ཀྱི་ངང༔ རིག་པ་ཛྙཱ་ན་དྷཱ་ཀི་ནིའི༔ གསང་བ་གསུམ་གྱི་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ ཞེས་ལྷར་སྣང་བསྡུ་ལྡང་དང༌། མཉམ་ཉིད་ངང་ལས་ཐུགས་རྗེ་ཁྲོས་པ་ཡིས། །གདུག་པའི་ཚོགས་ཀུན་མཐར་བྱེད་ཡེ་ཤེས་སྐུ། །དེ་བཞིན་གཤེགས་པ་ཀུན་གྱི་དམ་ཚིག་མཆོག །རྡོ་རྗེ་ཁྲོས་པའི་རྒྱལ་པོ་འགྲུབ་གྱུར་ཅིག །ཚུལ་འདིའི་རྫོགས་རིམ་ལ་བསླབ་པར་འདོད་ན་བསྐྱེད་བཟླས་འདི་ཙམ་ལ་བརྟེན་ནས་ཉམས་སུ་བླང་དུ་རུང་ལ། ནང་གི་རྣལ་འབྱོར་ལ་དྲོད་ཐོབ་པས་རླུང་སེམས་ལ་བརྟེན་པའི་ལས་སྦྱོར་ཀྱང་གཏེར་གཞུང་ལྟར་ཤེས་པར་བྱའོ། །རྗེས་བསྔོ་སྨོན་དང་སྣང་སྤྱོད་རྡོ་རྗེ་གསུམ་གྱི་ལམ་ཁྱེར་ལ་བསླབ་པར་བྱའོ། །ཞེས་པའང་ཕུན་ཚོགས་ཆོས་འཁོར་གླིང་གི་འདུས་སྡེས་རྟེན་དང་བཅས་ཏེ་གསུང་གིས་ཆེད་བསྐུལ་བཞིན་བདུད་འདུལ་པདྨའི་ཐུགས་རྗེའི་གདུགས་དཀར་པོར་ངལ་འཚོ་ཐོབ་པའི་ཀུན་ཏུ་རྒྱུ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་ཏེ་ཕུལ་བ་འདིས་ཀྱང་པདྨའི་རྒྱལ་ཚབ་སྐྱབས་རྗེ་མདོ་ཁམས་པ་མཆོག་གི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་ཟླ་བས་དྭགས་རྙིང་བཤད་སྒྲུབ་བསྟན་པའི་ཆུ་གཏེར་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག། །།
[edit]

@#/__/snyan brgyud snying gi gsang mdzod las/_mkha' 'gro gdug seng sbrags ma'i rgyun gyi rnal 'byor byad gdon bar chad kun 'joms zhes bya ba bzhugs/_// @#/__/na mo gu ru dz+nyA na d+hA tu DA ki ni b+h+yaH_snyigs dus kyi 'gal rkyen mtha' dag skyob byed rigs sngags kyi lha mo gdugs seng sbrags sgrub kyi lha sngags zab mo rgyun gyi rnal 'byor du nyams su len par 'dod pas/_thog mar/_rdo rje phag mo'i thugs kyi dgongs pa yi sogs gsol 'debs tshig rkang drug dang*/_na mo:_bdag sogs 'gro kun byang chub bar:_dkon mchog gsum la skyabs su mchi:_bar chad gdon bgegs bsgral ba'i phyir:_ye shes mkha' 'gro sgrub par bgyi:_lan gsum/_spro na/_rdo rje slob dpon sangs rgyas dpal sogs yan lag brgyad pas tshogs bsag bya/_dngos gzhi'i bskyed bzlas ni/_a:_bdag med rdo rje btsun mo'i mkha' klong las:_rang byung snying rje'i cho 'phrul nyi ltar shar:_zung 'jug dwangs ma'i thig le yi ge e:_nam mkha'i mdog gis 'khor 'das dngos 'dzin sbyangs:_'od kyi cho 'phrul khrag 'thung rol pa'i zhing:_drag po lcags kyi chos 'byung bsnol ma'i dbus:_gnas gsum mkha' 'gro'i rje mo siM ha'i zhal:_dus kyi mun pa 'khrigs pa'i kha dog can:_'bar ba'i zhal gcig mche gtsigs ljags brkyang 'khyugs:_g.yas pas gri gug 'phyar bas gzung 'dzin gcod:_g.yon pas thod nang snying khrag rol cing rngub:_srid pa spyi 'degs zhabs gnyis gar stabs kyis:_khro rgyal rdo rje gtsug tor ral gri dang:_rdo rje'i zhags pa bsnams dang gnyis med sbyor:_dpal dang dur khrod rol pa'i chas kun rdzogs:_gtso mo'i spyi bor aHkaHmgrin pa ru:_saHmaHthugs kar raHtsaHlte bar shaH_daHdang gsang gnas raHsaHbrla g.yas g.yon:_maHraHyaHphaTa?Hyongs gyur bde gshegs dang:_pad+ma rdo rje yon tan phrin las kyi:_seng gdong rigs lnga phra men rigs bzhi bcas:_rang rtags gri thod sprul pa'i DA kis bskor:_dbu la rigs lnga'i phyir zlog chen mo lnga:_rang mdog gdugs dang rdo rje 'dzin pa spro:_snang stong sgyu ma mkha' khyab nam mkha'i sku:_rdo rje'i gsang gsum ye shes lnga ru rdzogs:_zhes rtse gcig tu dmigs pa'i gsal snang brtan pos sgrub/_smin slob byed na dag dran sogs spyi ltar bya/_bzlas pa la thog mar bsnyen sgrub chig dril gyi bzlas pa ni/_mkha' 'gro'i thugs kar gnam lcags rdo rje'i lter:_nyi ma la gnas e mthar sngags kyis bskor:_'od zer spro bsdus 'phags mchod 'gro sgrib sbyangs:_byad phur bar chad dgra bgegs dbyings su bsgral:_aHkaHsaHmaHraHtsaHshaHdaHraHsaHmaHraHyaHphaTa?:_zhes pa gtso bor bzla/_gtso mo'i rigs bdag gtsug tor gdugs dkar mo:_rigs lnga'i sku dang sngags sgra mtshon cha'i zer:_'phar zhing 'phro bas gnyis 'dzin byad gdon zhi:_ye shes nus rgyas bdud bgegs bsgral bar gyur:_oM si ta ta pa tri:_a na le a na le:_bi Sha de bi Sha de:_bai ra bai ra:_badz+ra d+hA ra ni:_badz+ra pA ni b+han+d+ha b+han+d+ha hU~M hU~M phaTa? phaTa? swA hA:_zhes cung zad bzla/_thun mthar srung bzlog bsad pa chig dril gyi bzlas pa ni/_lha tshogs rnams cher khros shing 'khrugs pas rdo rje'i pho nya nam mkha' gang bar spros:_ma rungs pa'i byad gdon gdug pa can thams cad bkug cing bsgral:_sprul pa'i pho nya slar 'dus pa srung byed gnam lcags kyi 'khor lo rtsibs bcu pa 'bar zhing 'khor ba'i nang du bsrung bya rnams tshud pas bar chad kyis glags mi rnyed par gyur/_srung 'khor g.yon du 'khor bas gnod byed byad ma dgra 'dre dang bcas pa nyal nyal gtub/_me rlung gi shugs kyis ming med du gtor bas mi mthun pa'i phyogs thams cad las rnam par rgyal bar gyur/_oM badz+ra siM ha mu kha hU~M ha he phaTa?:_oM sI ta ta pa tri hU~M swA hA:_b+h+yo ma ma badz+ra kA wA tsi rak+Sha rak+Sha b+h+rUM:_ma hA sha ri e sa b+h+yo zlog:_mA ra ya rbad b+h+yo phaTa?:_ces nyer gcig gam bdun bzlas la/_mthar bden brjod ni/_thal mo sbyar te/_na mo/_rje btsun rtsa ba dang brgyud par bcas pa'i dpal ldan bla ma dam pa rnams kyi bka' bden pa dang*/_sangs rgyas kyi bka' bden pa dang*/_chos kyi bka' bden pa dang*/_dge 'dun gyi bka' bden pa dang*/_khyad par du bcom ldan 'das dbyings phyug rdo rje btsun mo bdud 'dul ye shes kyi mkha' 'gro ma drag mo seng ge'i gdong pa can rigs lnga dang khro bo'i rgyal po rdo rje gtsug tor/_rigs sngags kyi lha mo gdugs dkar mo rigs lnga 'khor dang bcas pa rnams kyi bka' bden pa dang*/_bden pa chen po'i mthus rnal 'byor pa bdag cag yon mchod 'khor dang bcas pa rnams la chag che ba/_nyam nga ba/_rmi lam ngan pa/_mtshan ma ngan pa/_ltas ngan pa/_pha rol gyi dmag tshogs rbod gtong rbad 'dre byad kha phur kha gtad khram hom dang par bu sdebs gshor/_rlung 'khor/_gyim shang*/_gshed bsdebs/_bsad bskrad/_dbye rmongs la sogs pa dang rang gi sbyor ngan log pa'i nus pa thams cad dang*/_khyad par du zlog pa byed pa'i mthu dang nus pa thams cad zlog mkhan kho rang gi steng du zlog cig:_rang gshed rang la phob cig:_rang srog rang gis chod cig:_rang sha rang gis zo zhig:_rang khrag rang gis 'thung zhig:_kho rang gi lha srung thams cad kho rang gi gshed du phob cig:_bdag gi chos skyong thams cad kho'i gshed du phob cig:_mA ra ya zlog zlog b+h+yo b+h+yo:_zhes brjod de thal rdeb lan gsum bya/_khro mo 'bar ba'i tshogs rnams kyis/_/dgra bgegs thal ba'i rdul du rlog_/rnam shes chos kyi dbyings su phaTa?/_/bsam don chos bzhin 'grub par mdzod/_/ces 'dod don gsol la/_mthar/_snod bcud lhar snang rang la thim:_rang snang 'od gsal dbyings kyi ngang:_rig pa dz+nyA na d+hA ki ni'i:_gsang ba gsum gyi rol par shar:_oM AHhU~M badz+ra kA wA tsi rak+Sha haM:_zhes lhar snang bsdu ldang dang*/_mnyam nyid ngang las thugs rje khros pa yis/_/gdug pa'i tshogs kun mthar byed ye shes sku/_/de bzhin gshegs pa kun gyi dam tshig mchog_/rdo rje khros pa'i rgyal po 'grub gyur cig__/tshul 'di'i rdzogs rim la bslab par 'dod na bskyed bzlas 'di tsam la brten nas nyams su blang du rung la/_nang gi rnal 'byor la drod thob pas rlung sems la brten pa'i las sbyor kyang gter gzhung ltar shes par bya'o/__/rjes bsngo smon dang snang spyod rdo rje gsum gyi lam khyer la bslab par bya'o/__/zhes pa'ang phun tshogs chos 'khor gling gi 'dus sdes rten dang bcas te gsung gis ched bskul bzhin bdud 'dul pad+ma'i thugs rje'i gdugs dkar por ngal 'tsho thob pa'i kun tu rgyu pad+ma gar dbang 'od gsal mdo sngags gling pas bris te phul ba 'dis kyang pad+ma'i rgyal tshab skyabs rje mdo khams pa mchog gi zhabs pad bskal brgyar brtan cing thugs bskyed dang phrin las kyi zla bas dwags rnying bshad sgrub bstan pa'i chu gter 'phel rgyas brtan pa'i rgyur gyur cig/__//

Footnotes

Other Information