DKR-KABUM-20-WA-008: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ ཡི་དམ་རྡོ་རྗེ་གཞོན་ནུའི་བསྐྱེད་རིམ་སྲིད་པ་ཕུར་བུའི་སྒྲུབ་ཐབས༔ | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: . Delhi: Shechen Publications, 1994. | |fulltitle=snyan brgyud snying gi gsang mdzod las: yi dam rdo rje gzhon nu'i bskyed rim srid pa phur bu'i sgrub thabs | ||
|citation=[[Khyentse, Dilgo]]. ''Snyan brgyud snying gi gsang mdzod las yi dam rdo rje gzhon nu'i bskyed rim srid pa phur bu'i sgrub thabs''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: 157-177. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=gnyags dz+nyA na ku mA ra | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | ||
|tibgenre=Sadhanas - Evocation Ritual - sgrub thabs | |tibgenre=Root Treasure - gter gzhung, Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
Line 21: | Line 20: | ||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=020 | |volumenumber=020 | ||
|volnumtib=༢༠ | |volnumtib=༢༠ | ||
|volyigtib=ཝ་ | |volyigtib=ཝ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=008 | |||
|pagenumbers=157-177 | |||
|totalpages=41 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=21a5 | ||
|totalfolios=21 | |||
|multivolumework=No | |||
|rectonotes=gter gzhung | |||
|versonotes=gnyags lugs phur pa | |versonotes=gnyags lugs phur pa | ||
| | |colophontib=བསྐྱེད་རིམ་སྲིད་པ་ཕུར་བུའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས་བཏུས་ཏེ་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་རྡོ་རྗེ་ཟླ་ཤར་རྩལ་ལ་ལྷོ་བྲག་མཁར་ཆུའི་དབེན་གནས་སུ་གཏད་པ་༔༔༔༔བརྡ་ཡིགས༔༔༔༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔའི་བྱེ་བྲག་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རི་ཞོལ་གྱི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་མངོན་སུམ་དུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་རྡོ་རྗེ་ཕུར་བུའི་དབལ་གྱི་རྩེར་བརྗིད་པའི་སྒྲུབ་གནས་རྡོ་རྗེ་ཨེ་རྫོང་དུ་དག་པར་ཕབ་པ་ཀསྨིརི་པཎྜི་ཏ་བི་མ་ལས་སྙན་བརྒྱུད་དུ་གདམས་པའོ། | ||
|colophonwylie=bskyed rim srid pa phur bu'i sgrub thabs slob dpon chen po bi ma la mi tras rdo rje khros pa rtsa ba'i rgyud las btus te bod kyi lo tsA ba gnyags dz+nyA na ku mA ra rdo rje zla shar rtsal la lho brag mkhar chu'i dben gnas su gtad pa ::::brda yigs::::__ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga'i bye brag sku yi gsung gi gnas mchog 'og min karma'i ri zhol gyi gan+d+ho la chen po nas bka' srung ye shes kyi mgon pos mngon sum du gtad pa'i shog ser las khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pas rdo rje phur bu'i dbal gyi rtser brjid pa'i sgrub gnas rdo rje e rdzong du dag par phab pa kasmiri paN+Di ta bi ma las snyan brgyud du gdams pa'o/ | |||
|pdflink=File:DKR-KABUM-20-WA-008.pdf | |pdflink=File:DKR-KABUM-20-WA-008.pdf | ||
}} | }} | ||
Line 36: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ ༔སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ ཡི་དམ་རྡོ་རྗེ་གཞོན་ནུའི་བསྐྱེད་རིམ་སྲིད་པ་ཕུར་བུའི་སྒྲུབ་ཐབས་བཞུགས་སོ༔ གཉགས་ལོ་ཙཱ་བའི་ལུགས་སོ།། | {{TibP|༁ྃ༔ ༔སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ ཡི་དམ་རྡོ་རྗེ་གཞོན་ནུའི་བསྐྱེད་རིམ་སྲིད་པ་ཕུར་བུའི་སྒྲུབ་ཐབས་བཞུགས་སོ༔ <br>གཉགས་ལོ་ཙཱ་བའི་ལུགས་སོ།།<br><br> | ||
༁ྃ༔ བརྡ་ཡིག ༔དཔལ་ཆེན་པོ་རྡོ་རྗེ་ཕུར་པ་ལ་ཕྱག་འཚལ་ལོ༔ དེ་ཡང་སྲིད་པ་གསུམ་ནི་རྡོ་རྗེ་ཕུར་པ་ཡིན་ཏེ༔ རྒྱུད་ལས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཅེས་གསུངས༔ དེས་ན་ཁམས་གསུམ་ནི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཏེ་དབལ་གསུམ་ངན་སོང་གསུམ༔ རྒྱ་མདུད་འོག་མ་འདོད་ཁམས༔ བཅུམ་གཞོགས་ཚོགས་བརྒྱད་གསལ་བ་གཟུགས་ཁམས༔ རྒྱ་མདུད་གོང་མ་གཟུགས་མེད་ཁམས་སུ་གནས༔ སྐྱེ་འགྲོའི་ལུས་ཀྱང་ཕུར་པ་སྟེ་རྐང་པ་གསང་གནས་མན་ཆད་ཕུར་བུའི་དབལ༔ སྙིང་ག་མན་ཆད་རྒྱ་མདུད་འོག་མ༔ མགྲིན་པ་མན་ཆད་བཅུམ་གཞོགས༔ མགོ་བོ་རྒྱ་མདུད་གོང་མའོ༔ གསང་བ་སེམས་ཉིད་ལ་མཚོན་ཀྱང་ཕུར་བུ་སྟེ་ཆགས་སྡང་རྨོངས་གསུམ་དབལ་གསུམ༔ ཀུན་གཞི་ནི་རྒྱ་མདུད་འོག་མ༔ རྣམ་ཤེས་ཚོགས་བརྒྱད་བཅུམ་གཞོགས༔ རྒྱ་མདུད་གོང་མ་རིག་པའི་ཡེ་ཤེས་སུ་དག་གོ༔ དེ་ཐམས་ཅད་གནས་ལུགས་གཞི་ཡི་ཚུལ་ཏེ་དེ་མངོན་དུ་བྱེད་པ་ལ་ལམ་ཉམས་སུ་ལེན་དགོས་པས་ལམ་གྱི་ཐོག་མར་དབང་ཐོབ་པར་གཅེས་ཏེ༔ རྒྱུད་ལས༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་ཕྱིར༔ དབང་དང་བྱིན་རླབས་དེང་སྩོལ་ཅིག༔ ཅེས་གསུངས་པས་དབང་སྦྱིན་པའི་སྣོད་སློབ་མ་དམ་ལྡན༔ དབང་བསྐུར་བའི་བདག་པོ་སློབ་དཔོན་མཚན་ལྡན༔ སྨིན་པའི་རྒྱུ་ཆོ་ག་དང་ཏིང་འཛིན་ལས་སུ་རུང་བས་དབང་བསྐུར་བ་ནི༔ དུར་ཁྲོད་ལ་སོགས་པའི་ས་གཞིར་ཐིག་གདབ༔ དཀྱིལ་འཁོར་བཞེངས༔ སྒྲུབ་པའི་རྫས་རྣམས་བཀྲམ༔ སློབ་དཔོན་གྱིས་ལས་ཀྱི་གཞུང་བསྲང༔ ཛཔ་བཟླས་མང་དུ་བྱ༔ ཚོགས་དང་བསྐང་བ་ཡང་བྱ༔ བཀའ་སྲུང་ཆོས་སྐྱོང་ལ་གཏོར་མ་ཕུལ༔ བདག་ཉིད་འཇུག་པའི་ཆོ་ག་དང་བཅས་པས་ནུས་ལྡན་དུ་སྒྲུབ་བོ༔ དེ་ནས་སློབ་མ་རྣམས་བོས་ཏེ་ཁྲུས་ཀྱིས་བྱུར་བསལ༔ བགེགས་བསྐྲད༔ སྲུང་འཁོར་བསྒོམ་པས་བར་ཆད་མི་འཇུག་པར་བྱས་ལ༔ ལོ་རྒྱུས་བརྗོད་པས་ཡིད་ཆེས་པར་བྱས་ལ༔ ཡོན་དུ་མཎྜལ་འབུལ༔ གསོལ་བ་གདབ་པ་ནི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཕྲིན་ལས་སྟོབས་རྫོགས་ཀཱི་ལ་ཡ༔ དཔལ་ཆེན་ཀརྨ་ཧེ་རུ་ཀའི༔ དཀྱིལ་འཁོར་གཉན་པོར་འཇུག་པར་འཚལ༔ གསོལ་བ་གདབ་ཏེ་སློབ་དཔོན་གྱིས༔ སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ༔ ཐེག་ཆེན་ལམ་གྱི་རྩ་བ་སེམས་བསྐྱེད་དུ་གཞུག༔ ཚོགས་གཉིས་བསགས་པའི་སྒོ་ཡན་ལག་བདུན་པའང་བསླབ༔ སྡོམ་པ་གསུམ་ཚུལ་བཞིན་རྒྱུད་ལ་བཟུང་དུ་གཞུག༔ སྙིང་གར་སེམས་ཉིད་ཀྱི་ངོ་བོ་ཟླ་བ་རྡོ་རྗེས་མཚན་པ་སྒོམ་དུ་བཅུག་ལ་སྔགས་ཀྱིས་བརྟན་པར་བྱས་ཏེ༔ བུ་ཀྱཻ༔ ཞེས་བོས་ནས༔ འབྲས་བུ་རྡོ་རྗེ་ཐེག་པ་ནི༔ འཇུག་པར་དཀའ་ལ་ཁེ་ཉེན་ཆེ༔ འདའ་དཀའི་ས་མ་ཡ་འབུམ་སྡེ༔ ཉམས་ན་མི་ཟད་སྡུག་བསྔལ་བྱེད༔ འདིར་ཡང་མི་འདོད་དུ་མ་འབྱུང༔ ལེགས་པར་རྟོགས་ཤིག་བློ་གྲོས་ཅན༔ ཨེ་མ་སྔགས་ཀྱི་ལམ་རྨད་བྱུང༔ འཇུག་པ་སྐལ་པ་ལྡན་པའི་བུ༔ དངོས་གྲུབ་ཡ་མཚན་རྨད་བྱུང་བ༔ ཚེ་འདི་ཉིད་ལ་བརྩོན་པས་འགྲུབ༔ དཀྱིལ་འཁོར་ཙམ་ཞིག་མཐོང་བས་ཀྱང༔ སྒྲིབ་བྱང་རྡོ་རྗེའི་རིགས་སུ་འགྱུར༔ དེ་ཕྱིར་འཇུག་པར་ཁྱོད་སྤྲོའམ༔ འདི་ནི་རྡོ་རྗེ་བདུད་རྩིའི་ཆུ༔ ཧེ་རུ་ཀ་དཔལ་ཉིད་ཡིན་ཏེ༔ བསྲུང་ན་དངོས་གྲུབ་སེམས་དཔའ་སྩོལ༔ མ་བསྲུང་ངེས་པར་འཚིགས་ཏེ་བརླག༔ ས་མ་ཡ་ཨི་དཾ་ད་ཀ་ཋ་ཋ་ཋ་ཧཱུྃ༔ བདུད་རྩི་བྱིན་ལ་ཁེ་ཉན་བསྒྲག༔ སླར་ཡང་སློབ་མས་གསོལ་བ་གདབ་པ་ནི༔ ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་རྡོ་རྗེའི་རིགས་ཅན་དུ༔ བསྒྲུབ་པ་སྐལ་པ་ཤིན་ཏུ་བཟང༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ་བརྗོད༔ སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས་ཏེ་འོད་ཀྱི་གོང་བུ་དཀྱིལ་འཁོར་གྱི་གཙོ་བོའི་ཞལ་དུ་དྲངས༔ རྗེས་ཆགས་ཀྱིས་བཞུས་ཏེ་བྱང་ཆུབ་སེམས་ཀྱི་གོང་བུ་མཁའ་གསང་གི་སྦྱོར་མཚམས་ནས་སྤྲོས་ཏེ་ཤར་སྒོར་དབང་སྟེགས་པདྨའི་གདན་ལ་བཀོད༔ སླར་ཡང་ཆོ་ག་གསུམ་གྱིས་གཙོ་བོ་ཇི་ལྟར་བར་བསྐྱེད་ལ་གནས་གསུམ་བྱིན་གྱིས་བརླབ༔ ཐུགས་ཀའི་འོད་དང་གདུང་བའི་ཤུགས་རྡོ་རྗེའི་གླུ་རྣམས་ཀྱིས་བསྐུལ་ཏེ་བྱིན་དབབ༔ སྤོས་དང་རོལ་མོར་བཅས་པས་འབེབས་པའི་སྔགས་བརྗོད༔ ཏིཥྛ་བཛྲས་བརྟན་པར་བྱས་པ་ནི་ནང་འཇུག་གི་ཆོ་གའོ༔ བསྐྱེད་རིམ་གྱི་དབང་དངོས་ནི་བུམ་དབང་སྟེ༔ དེ་ཡང་རིན་པོ་ཆེའི་བུམ་པ་མཚན་ཉིད་ལྡན་པ་ལྷ་གྲངས་སམ་བཅུ་གཅིག་བཤམས་ལ་ནང་དུ་བདུད་རྩི་ཆེན་པོ་དང་ཉེར་ལྔའི་རྫས་ཀྱིས་གཏམས་པ་ལྷའི་རང་བཞིན་བྱང་ཆུབ་ཀྱི་སེམས་སུ་བྱིན་གྱིས་བརླབས་པ་ཁ་རྒྱན་དང་བཅས་ཐོགས་ལ༔ ཧཱུྃ༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་བཅུད་རིགས་ལྔའི་ཧེ་རུ་ཀ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་བཅུད་སྦྱིན་ཞིང་གཏོར་བས་ཁྲུས་བྱས་ཏེ་དབང་གི་གཞི་རྟེན་གྲུབ་པ་ལ༔ ཐོད་སྐམ་རིགས་ལྔའི་རྩེ་ཕྲན་ཅན་སྤྱི་བོར་བཅིངས་ལ༔ ཏྲཱྃ༔ ང་རྒྱལ་བདུད་འཇོམས་ཧེ་རུ་ཀ༔ རཏྣ་སྤྱི་དཔལ་ཡེ་ཤེས་ཀྱི༔ ཕྱག་རྒྱ་དབུ་རྒྱན་དབང་བསྐུར་བས༔ མཉམ་ཉིད་རྟོགས་པའི་དབང་ཐོབ་ཤོག༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ རིགས་ཀྱི་བདག་པོས་རྒྱས་བཏབ་པ་མཚོན་བྱེད་ཐོད་པའི་དབུ་རྒྱན་བཅིངས་ཏེ༔ སྤྱི་བོ་དང་ལག་ཏུ་རྡོ་རྗེ་གཏད་ལ༔ ཧྲཱིཿ འདོད་ཆགས་བདུད་འཇོམས་ཧེ་རུ་ཀ༔ པདྨ་སྤྱི་དཔལ་སོར་རྟོགས་ཀྱི༔ ཡེ་ཤེས་རྡོ་རྗེའི་དབང་བསྐུར་བས༔ རྗེས་ཆགས་དབང་གི་དོན་རྟོགས་ཤོག༔ བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧྲཱིཿ གསུང་གཉིས་སུ་མེད་པའི་དེ་ཉིད་མཚོན་པའི་ཕྱིར་རྡོ་རྗེ་སྙིང་གར་གཏད་དེ་གསོར་དུ་བཅུག་ལ༔ དྲིལ་བུ་མགོར་བཞག་ཅིང་ལག་གཡོན་དུ་གཏད་དེ༔ ཨཱཿ ཕྲག་དོག་བདུད་འཇོམས་ཧེ་རུ་ཀ༔ ཀརྨ་སྤྱི་དཔལ་བྱ་བ་གྲུབ༔ ཤེས་རབ་དྲིལ་བུའི་དབང་བསྐུར་བས༔ དོན་གཉིས་རྫོགས་པའི་གནས་ཐོབ་ཤོག༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱཿ ཕྲིན་ལས་འགྲོ་བ་འདུལ་བའི་མཛད་པ་མཚོན་པའི་ཕྱིར་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན་དུ་གཞུག༔ དེ་ལྟར་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ངོ་བོར་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་ལ་རྡོ་རྗེའི་མིང་སྦྱིན་པས་མངའ་གསོལ་བ་ནི༔ ཨོཾ༔ གཏི་མུག་བདུད་འཇོམས་ཧེ་རུ་ཀ༔ བུདྡྷ་སྤྱི་དཔལ་ཆོས་ཀྱི་དབྱིངས༔ རྡོ་རྗེའི་མིང་གིས་དབང་བསྐུར་བས༔ རིགས་ཀྱི་འཁོར་ལོར་ངེས་པར་ཤོག༔ ཀྱཻ་བཻ་རོ་ཙ་ན་ཨོཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཐམས་ཅད་ལ་རེ་རེ་བཞིན་བུམ་ཆུས་གཏོར་ཞིང་བཀྲུས་ཏེ༔ ཧཱུྃ༔ ཞེ་སྡང་བདུད་འཇོམས་ཧེ་རུ་ཀ༔ བཛྲ་སྤྱི་དཔལ་མེ་ལོང་གི༔ ཡེ་ཤེས་བུམ་ཆུས་དབང་བསྐུར་བས༔ སྒྲིབ་དག་སྐལ་པ་མཆོག་ལྡན་ཤོག༔ ཨོཾ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་དག་གིས་ཉོན་མོངས་པ་དུག་ལྔ་དག༔ ཡེ་ཤེས་ལྔ་མངོན་དུ་གྱུར༔ རིགས་ལྔ་དང་སྐལ་པ་མཉམ་པར་བྱེད་པའི་དབང་ངོ༔ དེ་ནས་དམ་ཚིག་གསུམ་སྦྱིན་པའི་ཕྱིར་རྡོ་རྗེ་གསོར་ཞིང་གཏད་དེ༔ རྡོ་རྗེ་འདི་ནི་ཐབས་ཆེན་པོ༔ སྐུ་ཡི་དབང་གི་མཆོག་ཡིན་ཏེ༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི༔ དེ་ཉིད་ཤེས་པས་ཁྱོད་ཀྱིས་ལོངས༔ མ་ཧཱ་བཛྲ་ཧོཿ དྲིལ་བུ་དཀྲོལ་ཞིང་གཏད་ལ༔ ཆོས་ཉིད་སྐྱེ་མེད་སྟོང་པ་ཉིད༔ འགག་པ་མེད་པའི་སྒྲ་གདངས་བཅས༔ རང་བྱུང་གསུང་སྟེ་གསུང་གི་མཆོག༔ མཚོན་པར་བྱེད་པའི་དབང་ཡང་སྦྱིན༔ མ་ཧཱ་གཎྜེ་ཧོཿ རྡོ་རྗེ་དང་དྲིལ་བུ་བསྣོལ་བའི་འཁྱུད་རྒྱ་བཅས༔ ཨེ་མ་རྡོ་རྗེ་སེམས་དཔའ་ཆེ༔ དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གཙོ༔ ཁྱོད་ནི་རྟག་ཏུ་བདེ་ཆེན་ཏེ༔ བཅོམ་ལྡན་སྙེམས་མར་རོལ་པས་དགྱེས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ རྗེས་སུ་གནང་བའི་ཕྱིར་དུང་དང་གཎྜི་ཕྱག་ཤིང་གླེགས་བམ་རྣམས་གཏད༔ གདུགས་ཕུབ་ཅིང་མཆོད་པས་མངའ་དབུལ་ཏེ༔ བུ་ཁྱོད་ཁམས་གསུམ་ལས་རྒྱལ་བའི༔ ཆོས་ཀྱི་རྒྱལ་པོ་ཉིད་ཡིན་པས༔ རང་དང་གཞན་གྱི་དོན་ཆེན་ཕྱིར༔ སློབ་མའི་ཚོགས་ཀུན་བསྡུ་བར་གྱིས༔ རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར༔ ལས་རྣམས་མ་ལུས་ཀུན་གྱིས་ཤིག༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་ལ་རབ་ཏུ་གནས་པས་མངའ་དབུལ་བར་བྱའོ༔ དེ་དག་གིས་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་གང་ཟག་སྤྲོས་པ་ཅན་ལ་བུམ་པའི་དབང་བསྐུར་བས༔ བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་དང༔ བསྙེན་སྒྲུབ་ལས་གསུམ་གྱི་བཟླས་བརྗོད་བྱེད་པ་ལ་དབང་བར་འགྱུར་རོ༔ ས་མ་ཡ༔ བརྡ་ཡིག ༔ བསྐྱེད་རིམ་དངོས་ནི་རྒྱུད་ལས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་དོ༔ ཞེས་གསུངས་པས༔ ཇི་ལྟར་བསྒོམ་པའི་གྱེར་ནི༔ ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ ཆོས་ཉིད་ངང་གིས་དག་པའི་ཀློང༔ གཟུང་འཛིན་མཚན་མ་མི་གནས་པ༔ རྣམ་པར་ཐར་པའི་སྒོ་གསུམ་མོ༔ ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་ཧོཿ སྙིང་རྗེ་ཆེན་པོའི་མཚོན་ཆ་ནི༔ སྲིད་པའི་རྩ་བ་གཅོད་བྱེད་པའི༔ ཐུགས་རྗེའི་ཤུགས་ཀྱིས་ཁྲོ་བ་ལས༔ སྡུག་བསྔལ་འཇོམས་པའི་ཏིང་འཛིན་བསྒོམ༔ ཨཱཿམ་ཧཱ་ཀ་རུ་ཎི་ཀ་ཧོཿ སྟོང་ཉིད་ནམ་མཁའི་ཁམས་གནས་པའི༔ འཁོར་འདས་ཀུན་གྱི་སྲོག་གི་གོ༔ རང་བྱུང་ཡི་གེ་འདུས་མ་བྱས༔ ཧཱུྃ་ཆེན་བསྐལ་པའི་མེ་ལྟར་འབར༔ ཧཱུྃ་བཛྲ་ཛྙཱ་ན་དྷཱ་ཏུ་ཧོཿ ཧཱུྃ་ལས་ཨེ་ཡཾ་རཾ་སུཾ་ར༔ ཀེཾ་རཾ་ཆད་པ་འོག་གཞི་ནི༔ ཆོས་འབྱུང་དབྱིངས་དང་མཉམ་པའི་དབུས༔ རླུང་མེ་ཤ་ཆེན་ས་གཞི་བརྡལ༔ ཁྲག་མཚོ་ཀེང་རུས་རི་རབ་སྟེང༔ ཁོར་ཡུག་དྲག་པོའི་མེ་རླུང་ཚོགས༔ ཀུན་ཏུ་འབར་ཞིང་འཚུབ་མ་འཁྱིལ༔ མ་ཧཱ་ཛྭ་ལ་རཾ༔ མེ་རླུང་བྷྲཱུྃ་ཡིག་ལྔ་ལྡན་ཆད༔ ཡོངས་གྱུར་པད་ཉི་རྒྱ་གྲམ་སྟེང༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང༔ རང་བྱུང་དུར་ཁྲོད་བཀོད་པ་ཅན༔ ཕྱི་ནི་རྩིག་པ་ཁ་དོག་ལྔ༔ ནང་དུ་སྐམ་རློན་རྙིད་པའི་མགོ༔ གནམ་ལྕགས་གཟེར་བཏབ་རཀྟས་སྦྱར༔ རིན་ཆེན་ཕ་གུ་དྲྭ་བ་ཕྱེད༔ ཆུ་སྲིན་རྔམ་པའི་ཁ་ལས་དཔྱང༔ ཤར་བུ་མདའ་ཡབ་པུ་ཤུ་དང༔ གཟའ་དང་ལྷ་ཀླུ་ཀ་གདུང་ཕྱམ༔ རྒྱུ་སྐར་དྲལ་གཟེབ་ཞིང་གི་ཐོག༔ ལྷ་ཆེན་ཐོད་པ་དབུས་ཕྱུར་བུ༔ མ་ཧཱ་རུ་ཏྲའི་ཙིཏྟའི་ཏོག༔ ཡེ་ཤེས་ཟེར་འཕྲོ་འོད་ཕུང་འཁྱིལ༔ རོ་སྐྲའི་རྔ་ཡབ་ཞིང་གི་འཕན༔ གཅན་གཟན་ལྤགས་པའི་རྒྱལ་མཚན་གདུགས༔ ཕྱི་ནང་སྒོ་བཞི་རྟ་བབ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཏོག་མཛེས༔ དལ་དབུས་གནམ་ལྕགས་འཁོར་ལོ་དང༔ ལྟེ་བ་ཟླུམ་པོ་ཨེ་ཡིས་མཚན༔ ཟླ་གམ་གསུམ་ལ་ཁྲག་མཚོ་འཁྱིལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཀྲོ་དྷ་མཎྜ་ལ་ཧཱུྃ༔ གཞལ་ཡས་དབུས་སུ་རྡོ་རྗེ་ཡི༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུག་ཟླ་གམ་གསུམ་གྱི་སྟེང༔ པད་ཉི་དགྲ་བགེགས་དྲག་པོ་ཡི༔ འཁོར་ལོ་རྩིབས་བཅུ་རེ་རེ་བཞིན༔ ཕྱོགས་སྐྱོང་ཕོ་མོ་པད་ཉི་དང༔ སྒོ་བཞིར་ཞིང་རྐྱང་གདན་བཅས་གསལ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པྃ་པདྨ་མཎྜ་ལ༔ ཧཱུྃ༔ དབུས་ཀྱི་ཆོས་འབྱུང་ལྟེ་བ་རུ༔ རང་རིག་ཧཱུྃ་བབ་ཡོངས་གྱུར་ལས༔ སྤྲོ་བསྡུས་འོད་ཀྱིས་དོན་གཉིས་བྱས༔ འོད་ཀྱི་ཕུང་པོ་རྡོ་རྗེར་གྱུར༔ བཛྲ་ཧཱུྃ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ༔ སྤྱི་དཔལ་ཀརྨ་ཀཱི་ལ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ རྩ་ཞལ་སྲིན་པོ་ཁྲོས་པའི་ཞལ༔ གཡས་པ་དཀར་བ་ཀུ་མུ་ད༔ གཡོན་པ་དམར་ནག་ཨམ་གཙིགས་བསྡམས༔ དེ་སྟེང་ཞལ་གསུམ་ལྗང་སེར་ནག༔ སྟེང་གི་ཞལ་གསུམ་སྨུག་མཐིང་དམར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱི་བོར་རྡོ་རྗེ་ཕྱེད་པའི་ཏོག༔ རྭ་གདེང་ཟར་བུ་སྦྲུལ་གྱིས་བཅིངས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཞལ་བགྲད་མཆེ་གཙིགས་ལྗགས་བརྐྱང་འདྲིལ༔ ཧཱུྃ་ཕཊ྄་ཕེཾ་གྱི་སྒྲ་དྲག་སྒྲོགས༔ ཁྲོ་གཉེར་ཆུ་རླབས་ལྟ་བུར་འཁྲུགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ རྡོ་རྗེའི་སྐུ་མཆོག་སྤྲིན་བཞིན་གནག༔ གཡས་དགུའི་དང་པོས་རྡོ་རྗེ་གདེང༔ འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༔ ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས༔ གཡོན་དགུས་མེ་དཔུང་ཁཊྭཱཾ་ག༔ རི་རབ་ཞགས་པ་བྷནྡྷ་དམར༔ སྡིག་མཛུབ་མདའ་དང་བདུད་བཞིའི་མགོ༔ ཐ་མའི་ཕྱག་གཉིས་ཕུར་བུ་འདྲིལ༔ དྲག་པོའི་སྟང་སྟབས་ཕྱོགས་བཅུར་གཡོ༔ འབར་བའི་ཞབས་བཞི་བརྐྱང་བསྐུམ་གྱིས༔ བར་ཆད་བདུད་བཞི་བརྫིས་ཤིང་མནན༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང༔ སྟག་གི་ཤམ་ཐབས་གྲོལ་ཞིང་འཆིང༔ སྐུ་ལ་རུས་པའི་ཕྱག་རྒྱ་དྲུག༔ མགོ་ཕྲེང་དཔལ་གྱི་ཆས་གོས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་གསལ༔ པང་དུ་བདེ་ཆེན་བསྐྱེད་པའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་གཏུམ་སྒེག༔ གཅེར་བུ་གཟིག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རུས་པའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་ཡབ་མགུལ་འཁྱུད༔ ཨུཏྤལ་མཐེབ་སྲིན་སྦྱར་བས་འཛིན༔ གཡོན་པས་དམར་གྱི་བྷནྡྷ་སྟོབ༔ ནུ་འབུར་བྷ་ག་རྒྱས་པས་སྦྱོར༔ སྐེད་སྐབས་ཕྲ་ལྡེམ་གཡོས་པའི་ཞབས༔ ཡབ་ཀྱི་དཀུ་ལ་འཁྱུད་ཅིང་ལྡེམ༔ གཡོན་པ་བརྐྱངས་ཏེ་དགྲ་བགེགས་བརྫིས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ གཙོ་བོའི་གཡོན་དུ་སྒྲོལ་བྱེད་ཀྱི༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཁྲོ་གཏུམ་སྒེག་པའི་གཟི་བྱིན་གྱིས༔ ཡབ་ལ་བལྟ་ཞིང་ཆགས་པའི་ཚུལ༔ གཡས་པས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཙིཏྟ་ཁྲག་འཛག་ཟ༔ གཅེར་བུ་རུས་པའི་རྒྱན་འཕྱང་བའི༔ གཡེར་ཁའི་སྒྲ་ལས་ཆོས་སྒྲ་སྒྲོག༔ ཨ་ཧོ་ཨ་ཧོ་ཨ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨ་ནུ་རཱ་ག་ཡ་མི༔ ཨ་ནུ་རཱ་ག་ཡ་ཧོཿ རྡོ་རྗེ་པདྨ་རྒྱས་མཛད་དེ༔ སྦྱོར་བས་སྐུ་ནི་སྒེག་བཞད་དཔའ༔ པདྨ་བྷཉྫ་མོ་ཀྵ་ཧོཿ ཞལ་ནས་ཨ་ཧོ་ཧཾ་ཞེས་སྒྲོགས༔ རྡོ་རྗེའི་གསུང་མཆོག་དགོད་གཤེ་རྔམ༔ ཐུགས་ནི་བདེ་བ་ཆེར་འབར་པས༔ སྙིང་རྗེ་རྔམ་དང་ཞི་བར་བཅས༔ སྲུབ་ཅིང་སྲུབ་པའི་སྦྱོར་བའི་སྒྲས༔ སངས་རྒྱས་སྲས་བཅས་རྗེས་ཆགས་བསྐུལ༔ ཞལ་ཞུགས་བྱང་ཆུབ་སེམས་སུ་ཞུ༔ དྭངས་མའི་སེམས་སྤྲིན་ཧཱུྃ་དུ་སྤྲོས༔ ཕྱོགས་བཅུའི་རྩིབས་ལ་བབ་པ་ལས༔ འོད་ཟེར་རྣོན་པོས་ཕྱོགས་སྐྱོང་བའི༔ གདོན་ཚོགས་བཏུལ་ཏེ་ཚུར་འདུས་པ༔ པད་ཟླ་ཕྱོགས་སྐྱོང་ཕོ་མོའི་སྟེང༔ ཧཱུྃ་རྣམས་ཡོངས་གྱུར་ཁྲོ་བཅུར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ྄༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་མཛད་སྔོ་སྐྱ་མཐིང་སེར་དམར༔ ཞལ་གསུམ་ཕྱག་དྲུག་དང་པོ་གཉིས༔ རྡོ་རྗེ་དུང་དམར་བར་པ་ཡིས༔ མདའ་གཞུ་འགེངས་ཤིང་རོལ་པའི་ཡུམ༔ སྒྲ་འབྱིན་མར་སྦྱོར་ཕྲ་མེན་ནི༔ ཕག་དང་རྨིགས་བུའི་མགོ་ཅན་ནོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ རྣམ་པར་རྒྱལ་བ་དཀར་སྔོ་ལྗང༔ དང་པོས་རྡོ་རྗེ་བྷན་དམར་དཀྲུགས༔ བར་པས་འཁོར་ལོ་རྩེ་གསུམ་གདེངས༔ རྣམ་སྙེམས་ཡུམ་སྦྱོར་ཕྲ་མེན་མ༔ སྟག་དང་བྱ་རྒོད་མགོ་ཅན་ནོ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ྄༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ དབྱུག་སྔོན་མཐིང་ནག་དཀར་དམར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་ཁྲག༔ མེ་དབལ་རྡོ་རྗེ་དབྱུག་ཐོ་འཕྱར༔ རྡོ་རྗེ་སྡེར་མོ་དང་སྦྱོར་བའི༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ཨོཾ་བཛྲ་ཀྲོདྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ྄༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ གཤིན་རྗེ་གཤེད་སྔོན་སྔོ་ལྗང་ཞལ༔ ཕྱག་དྲུག་རྡོ་རྗེ་ཐོད་པ་དང༔ དགྲ་སྟྭ་འབར་བའི་བེ་ཅོན་ཕྱར༔ དུར་ཁྲོད་བདག་མོ་ཡུམ་དང་སྦྱོར༔ ཕྲ་མེན་ཤ་བ་འུག་པའི་གདོང༔ ཨོཾ་བཛྲ་ཀྲོ་དྷ་ཨརྻཱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ མི་གཡོ་མཐིང་ག་ཞལ་དཀར་དམར༔ དང་པོས་རྡོ་རྗེ་ཀ་པཱ་ལ༔ རལ་གྲི་ཞགས་པ་འཕེན་པའི་ཡུམ༔ གཏུན་ཁུང་མ་དང་སྦྱོར་བ་ཡི༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ནུབ་ཕྱོགས་ཆུ་ལྷའི་གདན་སྟེང་དུ༔ རྟ་མགྲིན་དམར་པོ་དཀར་སྔོའི་ཞལ༔ ཕྱག་དྲུག་རྡོ་རྗེ་བྷན་དམར་འཛིན༔ ཞགས་པ་སྤུ་གྲི་གདེངས་པའི་ཡུམ༔ གཏུམ་མོ་མར་སྦྱོར་རོལ་པ་ཡི༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔ འདོད་རྒྱལ་དམར་སྐྱ་ཞལ་ལྗང་སེར༔ ཕྱག་དྲུག་རྡོ་རྗེ་ཐོད་ཁྲག་དང༔ བ་དན་རྔ་ཡབ་འཛིན་པའི་ཡུམ༔ མདའ་སྙེམས་མ་དང་འཁྲིལ་བ་ཡི༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ྄༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ བདུད་རྩི་འཁྱིལ་ལྗང་སེར་དུད་ཁ༔ རྡོ་རྗེ་དུང་ཁྲག་རྒྱ་གྲམ་དང༔ དབྱུག་ཐོ་བསྣམས་པའི་ཡུམ་རླུང་འབྱིན༔ ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄༔ བྱང་ཤར་དབང་ལྡན་གདན་སྟེང་དུ༔ ཁམས་གསུམ་རྣམ་རྒྱལ་སེར་ནག་ཞལ༔ དཀར་ལྗང་རྡོ་རྗེ་དུང་ཆེན་བསྣམས༔ མདའ་གཞུ་འགེངས་པའི་ཡུམ་གསོད་བྱེད༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ སྟོབས་ཆེན་དུད་ཁ་ནག་སེར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་དང༔ ཐོ་བ་ཞགས་འཛིན་ཡུམ་སྐྱོད་བྱེད༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ ཁྲོ་བོ་ཆེན་པོ་དེ་དག་ཀྱང༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ ཆ་བྱད་གཙོ་མཚུངས་ཐ་མའི་ཕྱག༔ ཕྲིན་ལས་དོན་རྟགས་ཕུར་པ་འདྲིལ༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ བརྐྱང་བསྐུམ་སྲིན་པོའི་སྟབས་སུ་འགྱིང༔ ཡུམ་མཆོག་བདེ་སྦྱོར་གཙོ་མོ་འདྲ༔ ཕྲ་མེན་གཅེར་བུ་སྟང་སྟབས་ཅན༔ སྟག་གཟིག་ཤམ་ཐབས་འཕྱང་ཞིང་རྒྱུག༔ གཡས་པས་ལྕགས་ཀྱུ་གཡོན་པ་ན༔ ཕུར་བུ་འདྲིལ་ཞིང་དགྲ་ལ་འདེབས༔ མེ་དཔུང་རྔམ་པའི་ཀློང་ན་འགྱིང༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ ཟླ་གམ་འཁྱིལ་པ་གསུམ་གྱི་སྟེང༔ གཙོ་བོ་ཡབ་ཡུམ་སྦྱོར་མཚམས་ནས༔ ཧཱུྃ་ཡིག་བདུན་ཚན་གསུམ་དུ་སྤྲོས༔ འོད་ཀྱིས་ཁམས་གསུམ་གདུག་ཅན་བསྒྲལ༔ སྣང་སྲིད་ཕུར་བུའི་ད་ལར་རྫོགས༔ བདེ་གཤེགས་རྒྱལ་བ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ ཧཱུྃ་ལ་ཐིམ་པ་སྐད་ཅིག་གིས༔ མདུན་དུ་ཐུགས་ཀྱི་སྲས་མཆོག་མཐིང༔ གཡས་སུ་སྐུ་ཡི་སྲས་ལྗང་ནག༔ གཡོན་དུ་གསུང་གི་སྲས་དམར་ནག༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་ཅན༔ གཡས་གཡོན་དཀར་དམར་ཞལ་ནི་བརྗིད༔ དང་པོས་རྡོ་རྗེ་མེ་ཆེན་སྤྲོ༔ བར་པས་དགྲ་སྟྭ་ཁཊྭཱཾ་གདེངས༔ ཐ་མས་ཕུར་བུ་འདྲིལ་བ་ཡི༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས༔ སྐུ་སྨད་འབར་བའི་ཕུར་བུའི་དབལ༔ གནམ་ལྕགས་མེ་འཁྲུགས་ཚྭ་ཚྭ་འཕྲོ༔ ཆུ་སྲིན་ཁ་ནས་ཐོན་པ་ཡི༔ དུག་སྦྲུལ་སྡོམ་དང་སྡིག་པ་འཕྱོ༔ དགྲ་བགེགས་དཀར་ནག་སྙིང་གི་མཚམས༔ ཕུར་རྩེ་གཟིར་བས་སྲིད་གསུམ་བསྒྲལ༔ མཚན་མ་རྫས་ཀྱི་དཀྱིལ་འཁོར་རྫོགས༔ དཔལ་ཆེན་གསང་བ་གསུམ་དུ་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ སླར་ཡང་ཡབ་ཡུམ་སྦྱོར་མཚམས་ནས༔ ཧཱུྃ་སྤྲོས་གཞལ་ཡས་གྲྭ་བཞིར་བབ༔ ཤར་ལྷོར་བུདྡྷ་ཀཱི་ལ་ཡ༔ དཀར་གསལ་དམར་དང་ནག་པོའི་ཞལ༔ ཕྱག་དྲུག་དང་པོས་འཁོར་ལོ་དང༔ དུང་ཁྲག་བར་པས་ཁཊྭཱཾ་མེ༔ ཐ་གཉིས་དངུལ་ཕུར་དཀར་པོ་འདྲིལ༔ སྐུ་སྨད་དབལ་ཟླུམ་ཕུར་བུའི་རྩེ༔ ལྷ་བུའི་གདོན་གྱི་སྙིང་གར་གཟིར༔ ལྷོ་ནུབ་རིན་ཆེན་ཀཱི་ལ་ཡ༔ སེར་སྨུག་གཡས་མཐིང་གཡོན་དམར་པོ༔ ཕྱག་དྲུག་རིན་ཆེན་དུང་ཁྲག་དང༔ ཁཊྭཱཾ་མེ་དཔུང་བསྣམས་པ་ཡི༔ ཐ་མས་གསེར་ཕུར་སེར་པོ་འདྲིལ༔ སྐུ་སྨད་གྲུ་བཞི་དབལ་སེར་པོ༔ ཕུང་པོའི་གདོན་གྱི་སྙིང་གར་གཟིར༔ ནུབ་བྱང་པདྨ་ཀཱི་ལ་ཡ༔ དམར་སྨུག་གཡས་སེར་གཡོན་ལྗང་གུ༔ ཕྱག་དྲུག་པདྨ་དུང་ཁྲག་དང༔ ཁཊྭཱཾ་ག་དང་མེ་དཔུང་འབར༔ ཐ་མས་ཟངས་ཕུར་དམར་པོ་འདྲིལ༔ སྐུ་སྨད་ཟླ་གམ་འབར་བའི་དབལ༔ ཉོན་མོངས་བདུད་ཀྱི་སྙིང་གར་གཟིར༔ བྱང་ཤར་ཀརྨ་ཀཱི་ལ་ཡ༔ ལྗང་ནག་གཡས་དཀར་གཡོན་དམར་པོ༔ ཕྱག་དྲུག་རྒྱ་གྲམ་དུང་ཁྲག་དང༔ ཁཊྭཱཾ་རྩེ་གསུམ་མེ་ཞགས་བསྣམས༔ ཐ་མས་གཡུ་ཕུར་ལྗང་གུ་འདྲིལ༔ སྐུ་སྨད་གནམ་ལྕགས་ཟུར་གསུམ་དབལ༔ འཆི་བདག་བདུད་ཀྱི་སྙིང་གར་གཟིར༔ ཀུན་ཀྱང་ཁྲོ་བོ་ཆེན་པོ་ནི༔ དཔལ་དང་དུར་ཁྲོད་འབར་བའི་ཆས༔ ཡེ་ཤེས་མེ་ཡི་ཟེར་འཕྲོ་ཞིང༔ བདུད་བཞི་འདུལ་བའི་ཕྲིན་ལས་རྫོགས༔ ཨོཾ་བུདྡྷ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ གཙོ་བོའི་སྦྱོར་མཚམས་ཛཿཧཱུྃ་བྃ༔ ཧོཿཡི་ཡི་གེ་བཞི་སྤྲོས་པས༔ ཤར་དུ་སྒོ་མ་ལྕགས་ཀྱུ་མ༔ དཀར་མོ་རྟ་ཡི་གདོང་པ་ཅན༔ ལྷོ་རུ་སྒོ་མ་ཞགས་པ་མ༔ སེར་མོ་ཕག་གི་གདོང་པ་ཅན༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ༔ དམར་མོ་ཀང་ཀའི་གདོང་པ་ཅན༔ བྱང་དུ་སྒོ་མ་དྲིལ་བུ་མ༔ ལྗང་གུ་སྤྱང་ཀིའི་གདོང་པ་ཅན༔ ཀུན་ཀྱང་གཡོན་པས་ཕུར་པ་འདྲིལ༔ གཅེར་མོ་རལ་གསིག་གཟིག་ཤམ་ཅན༔ གཏུམ་ཆེན་རྔམ་པའི་གད་རྒྱང་སྒྲོགས༔ པད་ཉི་བམ་རོའི་སྟེང་ན་འགྱིང༔ ཛཿཧཱུྃ་བྃ་ཧོཿ ཁྲག་ཁྱམས་དཔལ་གྱི་བཀའ་སྡོད་ཆེ༔ ཤྭ་ན་བདག་ཉིད་ས་བདག་བཞི༔ བསེ་མོ་བསེ་ལྕགས་དུང་གི་གིང༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་རང་རང་རྒྱན་ཆས་ཚོགས༔ རྫོགས་པ་བཀའ་སྡོད་ཚུལ་དུ་གནས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ྄༔ ཞེས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་གསལ་གདབ༔ གཙོ་ནས་འཁོར༔ མཐའ་ནས་དབུས༔ དེ་རེ་རེ་བཞིན་ཞལ་ཕྱག་རྒྱན་ཆས་བཞུགས་སྟངས་སོགས་ལ་ལེགས་པར་སེམས་བཟུང༔ ཟིན་པ་དང་ལྷར་སྣང་སེམས་ཉིད་གཅིག་ཏུ་བསྲེ༔ ཆོས་ཉིད་གཉུག་མའི་རིག་གདངས་མ་འགག་པ་དག་པའི་སྣོད་བཅུད་དུ་ཤར་བ་ལ་བློ་གཏད༔ ཀུན་ཀྱང་ཡེ་ཤེས་ཀྱི་རོལ་པར་དག་སྣང་སྦྱངས༔ སྣོད་བཅུད་དག་པ་ཕུར་བུའི་དཀྱིལ་འཁོར་གཅིག་ཏུ་ངོ་ཤེས་པར་བྱའོ༔ ས་མ་ཡ༔ བརྡ་ཡིག ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་ལ་གོམས་པ་བརྟན་པ་དང༔ ལྷ་ཡི་གྲངས་དང་མཉམ་པའི་རྣལ་འབྱོར་པ་ཕོ་མོ་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དག་པ་རྣམས་འདུས་ཏེ༔ སྒྲུབ་པ་ཆེན་པོ་ལ་བརྩོན་པར་བྱ་སྟེ་རྒྱུད་ལས༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེ་སྒྲུབ་པར་མཛོད༔ འཁོར་བ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཅེས་གསུངས་པས་ན་ཐོག་མར་སྒྲུབ་པའི་གནས་མཚན་ཉིད་དང་ལྡན་པ་བཙལ་ཏེ༔ ཡར་ངོ་གཟའ་སྐར་དུས་ཚེས་དགེ་བ་ལ༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དང༔ རྒྱལ་ཚབ་རིགས་ལྔ༔ ལས་ཀྱི་རྡོ་རྗེ༔ རྡོ་རྗེ་མཚམས་པ༔ རྡོ་རྗེ་བྱན་པོ༔ རྡོ་རྗེ་གིང་ཆེན་སོགས་མཚན་ཉིད་དང་ལྡན་པ་རྣམས་ཀྱིས༔ ལྕགས་སམ་ཙན་དན་གྱི་ཕུར་པ་གཙོ་བོ་ཡབ་ཡུམ༔ ཁྲོ་བོ་ཁྲོ་མོ༔ སྒོ་མ༔ སྲས་མཆོག༔ རིགས་བཞིའི་ཀཱི་ལ་ཡ༔ ཕུར་སྲུང་དམ་ཅན་དང་བཅས་པའི་གྲངས་དང་མཉམ་པ་ལ་མགུལ་དུ་སྔགས་བཏགས་པའི་ཡུངས་ཀར་གྱི་ཐུམ་བོ་གདགས་ཏེ༔ རཀྟས་བྱུག་ཅིང༔ གུ་གུལ་གྱིས་བདུག༔ ཁྲུས་དང་སྦྱངས་བ་བྱས་ནས་དལ་དུ་གོ་རིམ་མ་ནོར་བར་བཀོད༔ རོལ་མོ་དང་བཅས་བྱིན་དབབ་པའི་སྔགས་བརྗོད༔ མཐའ་ཕུན་སུམ་ཚོགས་པའི་མཆོད་པས་བསྐོར་ལ་རྡོ་རྗེ་རྒྱལ་པོ་སྟེང་རྒྱལ་ཚབ་དབུས༔ རིགས་ལྔ་ཕྱོགས་སོ་སོ་སོགས་ཀྱིས་གྲལ་དུ་འཁོད༔ དཔལ་ཧེ་རུ་ཡི་ཆས་ཀྱིས་མངའ་གསོལ་ཞིང༔ རྡོ་རྗེའི་རིགས་སུ་ངེས་པའི་ཕྱིར་རྟགས་གདབ༔ རྒྱན་དང་ཡོ་བྱད་ཐམས་ཅད་བགོས་ལ༔ ཏིང་ངེ་འཛིན་རྩེ་གཅིག་པས་གྱེར་སྒོམ་བྱའོ༔ དེའི་ཚེ་ལས་ཀྱི་ཡན་ལག་རྣམས་ཀྱང་ཤིན་ཏུ་རྒྱས་པར་བྱ་དགོས་པས་ན༔ ཐོག་མར་སྔོན་འགྲོའི་རིམ་པ་ནི༔ དཀར་གཏོར་འོ་ཕྱུར་གྱིས་བརྒྱན་པ་བྱིན་གྱིས་བརླབས་ཏེ་བསྔོ་བ་ནི༔ ཧཱུྃ༔ གང་ཞིག་དཀར་པོའི་ཕྱོགས་འཛིན་ཅིང༔ འཛམ་གླིང་ས་ལ་དབང་བྱེད་ཀུན༔ བདག་གིས་གནས་འདིར་དཀྱིལ་འཁོར་བཞེངས༔ ཀོ་ལོང་ཕྲག་དོག་མ་མཛད་པར༔ བརྔན་དུ་གཏོར་མ་གསེར་སྐྱེམས་འབུལ༔ དགྱེས་པར་བཞེས་ལ་ས་འདི་སྩོལ༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ ཅེས་ཕུལ་བས་ས་ཡི་ལྷས་གནང་བ་བྱིན་པར་བསམ༔ ནག་པོའི་ཕྱོགས་སྐྱོང་མགྲོན་དུ་བཀུག་ནས་གཏོར་མ་བསྔོས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ གསང་བ་བླ་མེད་ལམ་སྒྲུབ་པའི༔ རྡོ་རྗེའི་དཀྱིལ་འཁོར་གཉན་པོ་འདིར༔ འདུ་བའི་ལྷ་ནི་མ་གཏོགས་པ༔ དམ་མེད་བདུད་རིགས་ནག་པོའི་ཕྱོགས༔ བལྟ་ཞིང་ཉན་པའི་དབང་མེད་པས༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ནི་འཇིགས་བྱེད་རྡོ་རྗེ་ཅན༔ བཀའ་ལས་འདའ་བའི་སྡིག་ཅན་རྣམས༔ རྡོ་རྗེ་ཡེ་ཤེས་མཚོན་ཆེན་པོས༔ ཕྱེ་མར་འཐག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིར༔ བསྐྲད་ཅིང་འབར་བའི་སྟངས་སྟབས་བྱ༔ ཟངས་སམ་ཙན་དན་དམར་པོའི་ཕུར་བུ་གདབ་སྟེ་དབང་གི་ཀཱི་ལ་ཡར་བསྐྱེད་ལ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ྄༔ ལན་བདུན་བཟླས་པས་ཁོར་ཡུག་གི་ས་གཞིར་འོད་དམར་པོས་ཁྱབ་པར་བསམ་ལ་དབང་དུ་བྱ༔ ལག་པ་རྡོ་རྗེར་བསམ་པ་ས་ལ་བསྣུན་ཏེ༔ ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཅེས་བརྗོད་པས་ས་གཞི་སྦྱངས༔ སྣོད་བཅུད་ཐམས་ཅད་ནམ་མཁའི་རང་བཞིན་དུ་བསམ་ལ༔ ཨོཾ་བྷུ་ཁཾ་ཞེས་བརྗོད༔ རང་དཔལ་ཀརྨ་ཧེ་རུ་ཀའི་མིག་ཉི་ཟླར་བསམ་པས༔ ཨོཾ་སཱུརྻ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ྄༔ ཅེས་བརྗོད་དེ་རྐང་པ་རྡོ་རྗེའི་འགྲོས་སུ་བསྐོར་བས་སྲུང་བ་རྣམས་བྱ༔ སྒྲུབ་ཁང་གི་ཕྱོགས་བཞིར་ཐོ་བརྟན་པོ་བརྩེགས་ལ༔ རྒྱལ་ཆེན་བཞི་དང་སྒོ་ཕྱི་ནང་གི་ཁྲོ་བོ་གཉིས་བཅས་བསྐྱེད་བསྟིམ་རབ་གནས་བྱས་ལ་བར་ཆད་སྲུང་བའི་ཕྲིན་ལས་བཅོལ༔ ཁམས་གསུམ་གྱི་བདག་ཏུ་ལྟ་བའི་རུ་ཏྲ་ཐལ་སྐྱ་མགོ་བོ་གསུམ་པའི་གཟུགས་ལ་དགུག་གཞུག་དང་བཅས་སྒྲོལ་གིང་བསྐུལ་ལ་རྔམས་པའི་སྟབས་ཀྱིས༔ ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ ཆོས་དང་གང་ཟག་ལྟ་བའི་བདུད༔ ཕུང་པོ་ཉོན་མོངས་འཆི་བདག་དང༔ ལྷ་ཡི་གཟུགས་སུ་སྣང་བ་ཡང༔ གཉེན་པོ་བདག་མེད་སྟོང་པའི་ཆོས༔ འབར་བ་གཏུམ་ཆེན་རྔམ་པར་བཞེངས༔ དངོས་གྲུབ་གནས་ལ་འཕྲོག་བྱེད་ཅིང༔ ལོག་པར་སྤྱོད་པའི་དགྲ་དང་བགེགས༔ ཁམས་གསུམ་འདི་ན་ཆེ་བཙན་པ༔ གཟུགས་ནི་མགོ་གསུམ་ལག་པ་དྲུག༔ རྐང་བཞི་ཁྲོ་བོའི་འཇིགས་ཚུལ་ཅན༔ ཡུད་ཙམ་གཅིག་གིས་འདིར་བཀུག་ནས༔ ཕུང་པོ་སྡོང་རྒན་འགྱེལ་བ་བཞིན༔ འཇིགས་བྱེད་ཆེན་པོའི་ཞབས་ཀྱིས་མནན༔ སྐུ་གསུམ་རང་བྱུང་ཁཊྭཱཾ་གས༔ སྲིད་རྩ་སྙིང་གི་གནས་སུ་གཟུག༔ མ་རིག་སྒོ་ལྔའི་སྦུབ་བསྒྲལ་ཏེ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམ་བྱས་ནས༔ ཡན་ལག་ཁྲག་འཐུང་དུར་ཁྲོད་བརྒྱད༔ ཁོག་པ་ཆོས་དབྱིངས་གཞལ་ཡས་ཁང༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ མ་བཅོས་ཁྲོ་བོའི་རྒྱལ་པོར་ཤར༔ ཡེ་ཤེས་སྲས་མཆོག་རིགས་ལྔ་སྟེ༔ སྟོབས་དང་ཕར་ཕྱིན་ཁྲོ་རྒྱལ་བཅུ༔ ཚད་མེད་སྒོ་བ་རྟེན་འབྲེལ་ཆོས༔ གནས་དག་ཕུར་པའི་སྲུང་མ་བཅས༔ སྣོད་བཅུད་སྲིད་པ་ཕུར་བུའི་ཞིང༔ ཁམས་གསུམ་སྐུ་གསུང་ཐུགས་སུ་རྫོགས༔ སྣོད་བཅུད་དཔལ་ཆེན་ཕུར་པའི་ལྷ༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ རྡོ་རྗེའི་གླུ་དང་གར་དུ་རོལ༔ ཨ་ལ་ལ་ཧོ་དགྱེས་པ་ཆེ༔ འདི་ནི་དམ་ཚིག་རྨད་དུ་བྱུང༔ རྡོ་རྗེའི་ཏ་ན་ག་ན་ཧོཿ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཤཱིནྟཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་སྭཱ་ཧཱ༔ ཞེས་གཟུགས་ཕུང་བསལ་ཞིང་ཕྱོགས་མཚམས་སུ་བཀོད༔ ཁོག་པ་གཞལ་ཡས་ཁང་བྲོས་སྦྱངས༔ ཡེ་ཤེས་གདོད་ནས་དག་པའི་ལྷར་གསལ་བ་ལ༔ ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ ཀུན་ཀྱང་དག་པ་ལྷའི་གྲོང་ཁྱེར༔ མ་བཅོས་དོན་གྱི་ལྷ་མཆོག་ལ༔ ཚད་མེད་སྒོ་བཞི་དབྱེ་བས་འཇུག༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ྄༔ ལྷ་དང་སེམས་ལ་བཟང་ངན་བྲལ༔ གཉིས་མེད་རང་སྣང་སྤྱི་དཔལ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ རྡོ་རྗེའི་ལྟ་བའི་ཕྱག་གིས་འདུད༔ ཨ་ལ་ལ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ ཞེས་བརྗོད༔ གང་དུ་དཀྱིལ་འཁོར་བཞེངས་པའི་གཞིར་བ་བྱུང་གིས་བྱུག༔ བདུད་རྩིས་ཆག་ཆག་འདེབས༔ སྟེགས་བུ་གྲུ་བཞིར་བཅད་ལ་ལྷ་གནས་སོ་སོར་སྔགས་བརྗོད་པས་ཚོམ་བུ་བཀོད༔ སྐད་ཅིག་གིས་དཀྱིལ་འཁོར་གསུམ་དུ་བསྐྱེད་ལ་ཡེ་ཤེས་པ་དྲངས་བསྟིམ་ཕྱག་མཆོད་བསྟོད་པའི་ལས་རིམ་ཅུང་ཟད་བྱ༔ སློབ་དཔོན་གྱིས་སྤོས་དང་རྡོར་དྲིལ་ཐོགས་པས༔ ཨོཾ༔ རྡོ་རྗེ་རྒྱལ་པོ་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་ལྷ༔ འབར་བ་དཔལ་ཆེན་རྔམ་པའི་གཟུགས༔ དཀྱིལ་འཁོར་ལྷ་རྣམས་དགོངས་སུ་གསོལ༔ སང་ནི་དམ་ཚིག་ལྷག་པའི་རྟེན༔ རྡོ་རྗེའི་ཕོ་བྲང་འདེབས་འཚལ་གྱིས༔ དགྱེས་པའི་དམ་ཚིག་མ་བསྙེལ་བར༔ ཅི་བདེར་གནང་བ་བསྩལ་དུ་གསོལ༔ ལན་གསུམ་དུ་ཞུ་ཞིང་བར་སྣང་འོད་ཀྱི་དྲ་བར་བཏེགས༔ ཐིག་སྐུད་བྱིན་གྱིས་བརླབ༔ ཡེ་ཤེས་དང་དམ་ཚིག་གི་ཐིག་རྣམས་མ་ནོར་བར་འདེབས༔ རི་མོས་ལེགས་པར་བཅད་ལ་ཚོན་ཡེ་ཤེས་སུ་བྱིན་གྱིས་བརླབས་ཏེ་བཀྱེ༔ ཚད་དང་ལྡན་པའི་བུམ་པ་མགུལ་ཆིངས་ཅན་ལྷ་ཡི་གྲངས་དང་མཉམ་པར་གུ་གུལ་བདུག༔ ཡུངས་ཀར་གྱིས་བྲབ་ལ་ལས་ཀྱི་ཁྲོ་བོའི་ང་རྒྱལ་གྱིས་གཟིར༔ ལྔ་ཚན་ལྔ་དང་བདུད་རྩི་ཆེན་པོའི་བཅུད་དང་ལྡན་པར་བྱ༔ དལ་གྱི་ཕྱོགས་མཚམས་སུ་ལྷ་གནས་བཞིན་བཀོད་ལ༔ དཀྱིལ་འཁོར་དུ་བཀོད་པ་བཞིན་ལྷ་སོ་སོར་བསྐྱེད༔ གཟུངས་ཐག་བཟུང་ལ་སྔགས་རྣམས་ནན་ཏུར་དུ་བཟླ༔ བྱང་ཤར་དུ་བཀོད་པའི་ལས་བུམ་དུའང་ཁྲོ་བོ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་བྱ༔ མཐར་ཐམས་ཅད་འོད་དུ་ཞུ་བར་བསམ་ནས་ནང་མཆོད་འབུལ་དགོས་སོ༔ དེ་དག་ལེགས་པར་གྲུབ་པ་དང༔ སྨིན་པར་སློབ་པའི་རིག་འཛིན་རྣམས་ཁྲུས་བྱ༔ བགེགས་བསལ༔ སྲུང་བས་བཅིང༔ ཐུན་མོང་གི་ཆོས་བཤད་པས་བློ་བཅོས༔ མཎྜལ་དང༔ ཧེ་རུ་ཀ་དཔལ་རིག་འཛིན་ཆེ༔ ཁྲོ་བོ་ཆེན་པོ་བདག་ལ་དགོངས༔ རྡོ་རྗེའི་གདུང་དུ་སྒྲུབ་པའི་ཕྱིར༔ བདག་ཅག་དཀྱིལ་འཁོར་ཆེར་འཇུག་གསོལ༔ ཐེག་པ་ཐུན་མོང་བའི་ཆོས་ཀྱིས་རྒྱུད་སྡོམ་པ་དང་ལྡན་པར་བྱས་ཏེ༔ ལུས་ཀྱི་དྲི་མ་སྦྱང་བའི་ཕྱིར༔ བྱང་ཆུབ་དམ་པའི་སོ་ཤིང་འདི༔ རྡོ་རྗེའི་རིགས་ཀྱི་བུ་ལ་སྦྱིན༔ ཕུང་པོ་རྡོ་རྗེའི་ལུས་སྒྲུབ་ཕྱིར༔ འཆོས་ལ་དཀྱིལ་འཁོར་འདི་རུ་དོར༔ བཛྲ་ཧ་ས་ཧྱེ༔ རྡོ་རྗེ་བཞད་པའི་སྔགས་བཅས་བྱིན་ལ་སྐལ་པ་བརྟགས༔ ངག་གི་དྲི་མ་སྦྱང་བའི་ཕྱིར་ཁྱོར་ཆུ་ལན་གསུམ་གྱིས་ཁ་བཤལ་ནས་ཁྲུས་བྱས་ཏེ༔ རྡོ་རྗེ་ལས་ཀྱི་འབར་བའི་ཆུ༔ སྐལ་པ་ལྡན་པས་བཏུང་ནས་ཀྱང༔ མི་ཤེས་ངག་གི་དྲི་སྦྱངས་ཏེ༔ རྡོ་རྗེའི་ཛཔ་ཏུ་རྟོགས་པར་གྱིས༔ ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱ་པཱྃ་བི་ཤུདྡྷ་ནི་ཙ་སྱ་བི་ཤྭ་དྷ་ཡ་སརྦ་བི་ཀལྤ་མ་ན་ཡ་ཧཱུྃ༔ ཁམས་འཕོ་བའི་སྒྲིབ་པ་བསལ་ཕྱིར་རྡོ་རྗེའི་སྲད་བུ་དཔུང་པར་བཅིང་ལ༔ རྡོ་རྗེ་རང་བྱུང་ཡེ་ཤེས་ཀྱི༔ མི་ཤིགས་འཆིང་བྱེད་སྲད་བུའི་གཟུགས༔ ཁྱོད་ལ་བཅིངས་པས་བར་ཆད་ཐུབ༔ ཡེ་ཤེས་དག་པའི་དེ་ཉིད་སྟོན༔ ལས་ཀྱི་ཁྲོ་བོའི་སྔགས་བརྗོད༔ རྡོ་རྗེ་རྒྱ་གྲམ་དུ་བཞག༔ ལས་ཀྱི་ཆུ་འཐོར་བར་བྱ༔ ཀུ་ཤ་གཙང་མའི་སྔས་སྟན་གཏད་ལ༔ བུ་ཀྱཻ་ཀུ་ཤ་དགེ་བ་འདི༔ ཁྱོད་ལ་གཙང་བྱེད་སྔས་དང་སྟན༔ སྦྱིན་གྱིས་ལེགས་པར་ཉལ་ནས་ཀྱང༔ དཀྱིལ་འཁོར་མཆོག་ཏུ་འཇུག་པར་རུང༔ ཞེས་བྱིན་ལ་རྨི་ལམ་གྱི་ལྟས་བརྟག་ཏུ་གཞུག༔ སྤྲོ་བ་བསྐྱེད་པའི་ཕྱིར༔ ཨེ་མ་ཁྱེད་ཅག་སྐལ་པ་ལྡན༔ འཇིག་རྟེན་ཁམས་ན་ཨུ་དུམ་ཝར༔ སངས་རྒྱས་འབྱུང་བ་ཤིན་ཏུ་དཀའ༔ དེ་བས་རྡོ་རྗེ་ཐེག་འདི་ནི༔ སྐལ་པ་མཆོག་གི་རིགས་ཅན་ལས༔ ནམ་དུ་ཡང་ནི་མི་འབྱུང་ཞིང༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ངེས་པའི་གསང་བ་བླ་མེད་པའི༔ རྙེད་པ་ཆེན་པོ་དེ་རིང་རྙེད༔ འདི་ནི་དབང་པོ་མཆོག་གི་ལམ༔ རྨད་དུ་བྱུང་བའི་ཐབས་མང་ཞིང༔ རིང་པོར་མི་ཐོག་མངོན་འཚང་རྒྱ༔ དཀའ་ཐུབ་གདུང་བ་དང་བྲལ་ཏེ༔ ཟུང་འཇུག་ཡེ་ཤེས་ཚེ་འདིར་བསྐྱེད༔ དེ་ཕྱིར་ཁྱེད་རྣམས་སྤྲོ་དགའ་བསྐྱེད༔ སང་ནི་དཀྱིལ་འཁོར་ཡང་དག་འཇུག༔ བློ་གྲོས་ངེས་པར་སྨིན་པའི་ཚེ༔ རྣལ་འབྱོར་ཟབ་མོར་འཇུག་པར་གྱིས༔ ཞེས་གདམས་པར་བྱ༔ དེ་ནས་ཚོགས་སུ་སྒྲུབ་པ་དངོས་གཞིའི་ལས་རིམ་རྣམས་བྱ་སྟེ༔ ན་མོ༔ བདག་སོགས་འགྲོ་ཀུན་དེང་ནས་བཟུང༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན༔ སྲིད་པའི་རྩ་བ་བདུད་བཞི་བཅོམ༔ བར་ཆད་གདོན་བགེགས་བསྒྲལ་བའི་ཕྱིར༔ དཔལ་ཆེན་ལྷ་ཚོགས་བསྒྲུབ་པར་བགྱི༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་སོགས། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་ཕུར་བུ་སྒྲུབ་པའི་ཕྱིར༔ སྔོན་གྱི་ཞལ་བཞེས་མ་བསྙེལ་བར༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཡེ་ཤེས་ཁྲོ་རྒྱལ་འཁོར་དང་བཅས༔ འཁོར་བ་རྡོ་རྗེར་སྒྲུབ་པའི་ཕྱིར༔ ནམ་མཁའ་ཁྱབ་པའི་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཚེ་ཁས་བླངས་དམ་བཅས་བཞིན༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ནམ་མཁའ་གང་བའི་ལྷ་ཚོགས་རྣམས༔ སྐུ་ཡིས་གར་སྟབས་སྣ་ཚོགས་བསྒྱུར༔ རྡོ་རྗེའི་གླུ་བྲོ་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ གསུང་ནི་སྔགས་སྒྲ་འབྲུག་ལྟར་སྒྲོགས༔ དགོད་གཤེ་དྲག་ཤུལ་རོལ་པ་ཡིས༔ ས་གསུམ་འཇིགས་པའི་ང་རོ་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཐུགས་ནི་ཡེ་ཤེས་རྔམས་པའི་དཔལ༔ སྙིང་རྗེ་ཞི་དང་ཁྲོ་བོ་ཡི༔ རིག་རྩལ་དགོངས་པའི་གདེངས་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་མ་ལུས་པའི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨ༔ ཧྲཱིཾ་ཧྲཱིཾཿ ཕེཾ་ཕེཾ༔ ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ དངོས་གཞིའི་ལྷ་བསྐྱེད་པའི་མངོན་རྟོགས་ནི་བསྙེན་པའི་སྐབས་ལྟར་བྱ༔ ཡན་ལག་སྤྱན་འདྲེན་ལ་སོགས་པ་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ རང་བྱུང་ཡེ་ཤེས་ཧེ་རུ་ཀ༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ ཐབས་ཀྱི་སྤྱོད་པས་གང་འདུལ་དུ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཡེ་ཤེས་ཁྲོ་བོ་ཆེན་པོ་ནི༔ འཁོར་གྱི་དཔལ་ཆེན་ཁྲོ་རྒྱལ་བཅུ༔ སྲས་དང་སྤྲུལ་པ་བཀའ་སྡོད་བཅས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ གནས་འདི་ཉིད་དུ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛཿཛཿ ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ་ཧྲཱིཿ འབར་བའི་ང་རྒྱལ་ཆེན་པོ་ཡིས༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔ དམ་ཉམས་སྙིང་ཁྲག་མཆོད་ཡོན་དང༔ མྱོས་བྱེད་དུག་ཆུའི་ཞབས་བསིལ་འཁྲུགས༔ དབང་པོ་ལྔ་ཡི་མེ་ཏོག་དང༔ ཚིལ་ཆེན་དུད་པ་འཁྲིགས་པའི་སྤོས༔ ཞུན་གྱི་མར་མེ་མདངས་གསལ་ཞིང༔ མཁྲིས་སྣ་ཁྲག་ཞག་བྱུག་པའི་རྩི༔ ཤ་རུས་དོན་སྣོད་མཾ་སའི་ཟས༔ ཐོད་རྔ་མི་རྐང་གླིང་བུ་སོགས༔ རུ་ཏྲ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཁྲག་འཐུང་རྡོ་རྗེའི་ལྷ་ཚོགས་བསྐང༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རུ་ཏྲ་པཱུ་ཛ་ས་མ་ཡ་ཧོཿ ཧཱུྃ༔ རང་བྱུང་པདྨ་བྷཉྫའི་སྣོད༔ བདེ་ཆེན་རྡོ་རྗེའི་སྦྱོར་བ་ལས༔ འབར་བ་དཀྱིལ་འཁོར་དགུའི་བྱང་སེམས༔ ཡེ་ཤེས་ཀློང་དགུའི་ཕྱག་རྒྱའི་སྤྲིན༔ རང་བཞིན་ལྷུན་རྫོགས་མཆོད་པ་ཆེ༔ བདུད་རྩི་ར་ས་ཡ་ནའི་དངོས༔ བླ་མེད་དམ་ཚིག་རྫས་ཀྱིས་མཆོད༔ ཨོཾ་ཨ་མྲྀ་ཏ་ཁཱ་ཧི༔ ཧཱུྃ་ཧྲཱིཿ རྡོ་རྗེའི་ཕུང་ཁམས་ཐམས་ཅད་ཀྱང༔ འདོད་ཡོན་རྨད་བྱུང་གཏོར་མར་ཤར༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་ཆེ༔ ལྷུན་གྱིས་གྲུབ་པའི་བ་ལིཾ་ཏ༔ སྣང་སྲིད་མ་ལུས་ལྷུན་རྫོགས་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གདུག་པའི་སྙིང་གི་ཁྲག་རྒྱུན་དང༔ གཱིརྟིའི་རང་བྱུང་གསང་བའི་ཁྲག༔ ཁམས་གསུམ་ཆགས་པའི་བཅུད་ཆེན་པོ༔ དམར་ནག་ལྦུ་ཕྲེང་འཁྲུགས་པའི་མཚོ༔ འབར་བ་གཏུམ་ཆེན་རྔམ་པ་ལ༔ གཉིས་མེད་རོལ་པས་དགྱེས་དགུར་བཞེས༔ མ་ཧཱ་རཀྟ་ཁཱ་ཧི༔ ཁམས་གསུམ་མ་ཧཱ་རུ་ཏྲའི་ཚོགས༔ ཀུན་ཏུ་ཁྲོས་པས་བསྒྲལ་བ་ལས༔ ཤ་ཆེན་བརྩེགས་པའི་རི་རབ་དང༔ རུས་ཆེན་བསྒྲལ་བའི་གྲམ་བུར་སྤུངས༔ དམར་ནག་ཁྲག་གི་རྒྱ་མཚོར་འབུལ༔ དུག་གསུམ་དག་པའི་དངོས་གྲུབ་སྩོལ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ འབར་བ་ཁྲོ་མོའི་ཨེ་ཀློང་དུ༔ གཏུམ་ཆེན་ཁྲོ་བོའི་རྡོ་རྗེས་བརྡུང༔ བར་དུ་གཅོད་ན་ལྷ་ཡང་རུང༔ བསྒྲལ་བའི་ལས་ཀྱི་མཆོད་པ་འབུལ༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཧ་ཧ་ཧ༔ ཧཱུྃ་ཧྲཱིཿ བསྐལ་པ་མེ་ལྟར་འབར་བའི་ཀློང༔ རང་བྱུང་དུར་ཁྲོད་ཆེན་པོའི་དབུས༔ དཔལ་ཆེན་འབར་བ་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུར་ཕྱག་འཚལ་བསྟོད༔ འཇིགས་རུང་སྐུ་ནི་གར་དགུའི་སྒེག༔ མཐིང་ནག་བཻཌཱུའི་ལྷུན་པོ་བཞིན༔ ཉི་མ་འབུམ་གྱི་གཟི་བརྗིད་ཀྱིས༔ ཁམས་གསུམ་ཟིལ་གྱིས་གནོན་ལ་བསྟོད༔ རབ་འཇིགས་རྡོ་རྗེའི་གད་མོ་ཆེས༔ གདུག་པ་ཅན་རྣམས་སྲོག་རྩ་འདར༔ དགོད་གཤེ་དྲག་ཤུལ་རོལ་པ་ཆེའི༔ ཧཱུྃ་ཕཊ྄་གད་རྒྱངས་སྒྲོགས་ལ་བསྟོད༔ མི་གཡོ་ཐུགས་ནི་རབ་ཏུ་ཞི༔ སྙིང་རྗེ་རྔམས་པའི་གདུང་བ་ཆེས༔ བདུད་དང་རུ་ཏྲ་གདུལ་དཀའ་འདུལ༔ རྡོ་རྗེ་སྲིན་པོའི་ཚུལ་ལ་བསྟོད༔ ཡོན་ཏན་བསམ་ཡས་ཆོ་འཕྲུལ་གྱིས༔ འཕགས་པའི་རྣམ་ཐར་མ་ལུས་རྫོགས༔ མི་སློབ་འབྲས་བུའི་དེ་ཉིད་ཀྱི༔ གསང་བ་རྒྱན་གྱི་འཁོར་ལོར་བསྟོད༔ མཁའ་ཁྱབ་འགྲོ་བ་ཀུན་འདུལ་བའི༔ ཕྲིན་ལས་དཔག་ཡས་གང་འདུལ་སྟོན༔ སྲིད་ཞིའི་རྒྱན་དུ་རྫོགས་པའི་ལྷ༔ གཉིས་མེད་མཉམ་པའི་ངང་དུ་བསྟོད༔ དངོས་གཅིག་ཐིག་ལེ་ཆེན་པོའི་གཟུགས༔ རབ་འབྱམས་གཙོ་དང་འཁོར་གྱི་ཚུལ༔ བསམ་ཡས་བཀོད་པའི་ཆོ་འཕྲུལ་ཅན༔ མ་ལུས་ཀུན་ལ་གུས་པས་བསྟོད༔ དེ་ནས་བསྙེན་བསྒྲུབ་ལས་སྦྱོར་གྱི་སྔགས་རྣམས་བཟླས་པའི་སྐབས་སུ་འབྱུང་བ་ལྟར་བྱ༔ རྗེས་སུ་ཚོགས་ཀྱི་འཁོར་ལོ་བྱ་དགོས་པས༔ རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐབས་ཤེས་ཀྱི་རྫས་བཟའ་བཅའ་བཏུང་བ་བཟང་ལ་གྱ་ནོམ་པ་བཤམས༔ ཞིང་ངམ་གཅན་གཟན་གྱི་པགས་པ་བཏིང༔ གདོང་ཐལ་ཆེན་དང་རཀྟས་བྱུག༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཏེ་བྱིན་གྱིས་བརླབ་པ་ནི༔ རྃ་ཡྃ་ཁྃ༔ ཆོས་ཀུན་སྒྱུ་མ་ལྟ་བུ་ཡི༔ རིག་པའི་ཡི་གེ་རྃ་ཡྃ་ཁྃ༔ སྟོང་གསལ་རྣམ་པར་མི་རྟོག་པའི༔ རང་བཞིན་དཔལ་གྱི་ཐུགས་ལས་སྤྲོས༔ ཚོགས་ཀྱི་རྫས་ཀུན་བསྲེགས་གཏོར་བཀྲུས༔ རླུང་མེ་ཐོད་སྒྱེད་གསུམ་གྱི་སྟེང༔ ཨ་ལས་ཡེ་ཤེས་ཀ་པཱ་ལར༔ ངོ་བོ་ཡེ་ཤེས་ལྔའི་རང་བཞིན༔ རྣམ་པ་ཤ་ལྔ་བདུད་རྩི་ལྔ༔ བྱེད་ལས་ཟག་མེད་བདེ་སྐྱེད་པའི༔ རང་བཞིན་བླ་མེད་དམ་ཚིག་རྫས༔ འབྲུ་གསུམ་ལས་བྱུང་ཁ་དོག་དང༔ དྲི་རོ་མཆོག་ལྡན་ཟེགས་མ་ལས༔ འདོད་ཡོན་དཔག་མེད་འཆར་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་མགྲོན་སྤྱན་འདྲེན་པ་ནི༔ ཅང་ཏེའུ་དང་དྲིལ་བུ་བཅས་པས༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་རོལ་པའི་སྲས་མཆོག་དང༔ ཁྲོ་བཅུ་ཡབ་ཡུམ་ཕྱག་བརྙན་བཅས༔ ཕྲིན་ལས་སྒོ་མ་ཕུར་སྐྱོང་རྣམས༔ ཧེ་རུ་ཀ་ཡི་འདུ་བར་སྤྱོན༔ ཚོགས་ཁང་རང་སྣང་རྒྱན་གྱི་ཞིང༔ རྣལ་འབྱོར་ཕོ་མོ་རིག་པ་འཛིན༔ སྣང་སྲིད་རྣམ་དག་བརྡལ་བ་ཆེ༔ རྒྱ་ཆད་ཕྱོགས་ལྷུང་མ་དམིགས་པའི༔ གནས་འདིར་དཔལ་གྱི་ཐ་ཚིག་དགོངས༔ དཀྱིལ་འཁོར་ཆེན་པོར་བྱིན་གྱིས་རློབས༔ དམ་རྫས་བདུད་རྩིའི་ཕུད་ཆེན་པོར༔ དངོས་གྲུབ་གནས་སུ་མཛད་དུ་གསོལ༔ ཤྲཱི་ཧེ་རུ་ཀ་ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛཿཛཿ ཕུད་དང་པོ་ནི༔ ཧཱུྃ༔ རྡོ་རྗེའི་དམ་ཚིག་བླ་ན་མེད༔ གཙང་དམེ་བྲལ་བའི་རྫས་ཀྱི་མཆོག༔ གཉིས་འཛིན་དག་པས་འབུལ་ལགས་ན༔ དགྱེས་དགུར་རོལ་ལ་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ ཕུད་བར་པ་ནི༔ ཧོཿ ཐོག་མེད་དུས་ནས་ད་ལྟའི་བར༔ འགལ་འཁྲུལ་ནོངས་པ་མཆིས་སོ་ཅོག༔ མི་འཆབ་གནོང་ཞིང་འགྱོད་སེམས་ཀྱིས༔ ཡེ་ཤེས་ཆེན་པོའི་རྫས་ཀྱིས་བཤགས༔ ས་མ་ཡ་ཤུདྡྷེ་ཨཿ ཕུད་ཆ་གསུམ་པ་བསྒྲལ་བའི་སྐབས་བཞིན་གདབ་སྟེ་ཤ་ཁྲག་སྟོབ་པ་ནི༔ ཧཱུྃ༔ ཁམས་གསུམ་གདུག་ཅན་བསྒྲལ་བ་ཡི༔ དུག་གསུམ་ཤ་ཁྲག་རུས་པ་ཀུན༔ ཁྲག་འཐུང་རྡོ་རྗེའི་ལྷ་ལ་འབུལ༔ འཁོར་བ་རྡོ་རྗེར་སྒྲུབ་མཛོད་ཅིག༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི༔ ལྷག་མའི་ཚོགས་བསྡུས་ཏེ་མི་ལྤགས་སྟེང་བཤམས་ལ༔ ཧཱུྃ་བྷྱོ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ དཀྱིལ་འཁོར་ཆེན་པོའི་མུ་རན་སྐྱོང༔ ཕུར་པའི་སྲུང་མར་ཞལ་བཞེས་པ༔ མཁའ་འགྲོ་གིང་ལང་དབང་ཕྱུག་ཆེ༔ མ་སྲིང་ཤ་ཟ་ཕྲ་མེན་མ༔ ཤུགས་འགྲོ་གནས་ཉུལ་ཆེན་མོ་རྣམས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་ཧོཿ རྗེས་ལ་རྡོ་རྗེའི་གླུ་གར་བྱ༔ ཧེ་རུ་ཀའི་རིགས་གཅིག་ཏུ་སྨོན་ལམ་འདེབས༔ རྗེས་ཀྱི་ལས་རིམ་གྱི་དང་པོ་གཏོར་མ་འབུལ་བའི་སྔ་རོལ་དུ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་སྤྲོས་པ་ཀུན་བྲལ་ཡང༔ མ་འགག་བདེ་ཆེན་སྒྱུ་མར་རོལ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཁྲོ་བཅུ་ཕྲ་ཕྱག་སྒོ་མའི་ཚོགས༔ ལས་ལ་བཞེངས་ཤིག་ས་མ་ཡ༔ ད་དུས་སྙིགས་མ་ལྔ་བདོ་བས༔ བདུད་དང་བར་ཆད་འབྱུང་པོས་འཚེ༔ བྱང་ཆུབ་སྒྲུབ་པའི་གེགས་གྱུར་ཀུན༔ དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཁྱེད་རྣམས་སྟོབས་བཅུ་མཐར་སོན་པས༔ འདོད་པའི་ལས་ལ་ཐོགས་པ་མེད༔ མ་གཡེལ་ཐུགས་དམ་རྩལ་སྤྲུགས་ལ༔ ཡེ་ཤེས་དགོངས་པའི་མཐུ་རྩལ་བསྐྱེད༔ འགལ་རྐྱེན་མི་མཐུན་ཀུན་ཞི་ཞིང༔ ཚེ་དཔལ་ལུང་རྟོགས་ཡེ་ཤེས་བསྐྱེད༔ སྣང་སྲིད་དབང་དུ་འདུས་པ་དང༔ ཁམས་གསུམ་སྙིང་རྗེས་སྒྲོལ་བར་མཛོད༔ དེ་ནས་བཀའ་སྲུང་ཆད་ཐོའི་གཏོར་མ་འབུལ་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀས༔ ཆོས་ཉིད་བྱ་རྩོལ་བྲལ་བའི་རྒྱུད༔ རིག་མཆོག་འབུམ་ཕྲག་བསྟན་པའི་ཚེ༔ ཞལ་བཞེས་རིག་རྩལ་ཕོ་ཉའི་ཚོགས༔ ཐ་ཚིགས་མ་བསྙེལ་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ བྲམ་ཟེ་པྲ་བྷ་ཧསྟི་ཆེར༔ མཆོད་རྟེན་བདེ་བྱེད་བརྩེགས་པ་རུ༔ མཁའ་གྲོ་ལས་ཀྱི་དབང་མོ་ཆེས༔ ཕྲ་མེན་གཡུ་སྒྲོམ་གཏད་པའི་ཚེ༔ བཀའ་སྲུང་ཞལ་བཞེས་སྲུང་མ་རྣམས༔ གཏོར་མ་ལོངས་ལ་ཕྲིན་ལས་མཛོད༔ དེ་རྗེས་བསྐལ་པའི་དུས་གཉན་ལ༔ པཎ་ཆེན་བི་མ་ལ་མི་ཏྲས༔ སྣང་སྲིད་ཕུར་བུའི་ཞིང་ཆེན་དུ༔ བསྒྱུར་ནས་གཉགས་ཆེན་ལོ་ཙཱ་བར༔ རྒྱུད་ལུང་མན་ངག་ཀུན་བསྟན་ཚེ༔ བཀའ་གཏེར་སྲུང་མར་ཞལ་བཞེས་ཀུན༔ ཐོགས་པ་མེད་པའི་ཕྲིན་ལས་མཛོད༔ གཞན་ཡང་གྲུབ་པའི་རིག་པ་འཛིན༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་སོགས༔ ཕུར་བུའི་རིག་འཛིན་ཆེ་རྣམས་ཀྱི༔ སྤྱན་སྔར་ཁས་བླངས་བཀའ་སྲུང་ཚོགས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ མ་ལུས་ཕྲིན་ལས་མྱུར་དུ་མཛོད༔ ཐ་མ་ལས་ཅན་དག་པའི་ངོར༔ གར་གྱི་དབང་ཕྱུག་ཧེ་རུ་ཀ༔ ཀློང་ཆེན་ནམ་མཁའ་འོད་གསལ་ལ༔ སྔོན་གྱི་སྨོན་ལམ་དུས་བབ་པས༔ བཀའ་སྲུང་ཡེ་ཤེས་མགོན་པོ་ཆེས༔ ཤོག་སེར་དངོས་སུ་གཏད་ནས་ཀྱང༔ རྡོ་རྗེ་ཕུར་པའི་སྨིན་གྲོལ་གྱི༔ བཀའ་བབ་དབང་བསྐུར་ཐོབ་པའི་ཚེ༔ ཞལ་བཞེས་ཆོས་སྲུང་རྒྱ་མཚོ་ཡིས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མ་ལུས་མཛོད༔ དེ་ནས་བརྟན་མ་མཆོད་པ་ནི༔ ཧཱུྃ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ རླངས་ཆེན་དཔལ་སེང་ལ་སོགས་པས༔ ཞིང་ཆེན་བརྡལ་བའི་ཁྲི་སྟེང་དུ༔ ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང༔ དཔལ་གྱི་ཕོ་ཉར་མངའ་གསོལ་བའི༔ བདུད་དང་གནོད་སྦྱིན་སྨན་མོ་ཆེའི༔ བུ་མོ་བརྟན་མ་བཅུ་གཉིས་རྣམས༔ གངས་རི་ཅན་གྱི་ཡུལ་ལྷ་སྟེ༔ རྣལ་འབྱོར་སྐྱོང་བའི་མ་མོ་མཆོག༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ གསང་སྔགས་བསྟན་པ་སྐྱོང་བ་དང༔ མུ་སྟེགས་ཀླ་ཀློའི་རྒྱུ་འགྲུལ་སྲུངས༔ མཐའ་བཞི་དམག་གི་སོ་ཁ་གྱིས༔ བཅོལ་བའི་ལས་ཀུན་གྲུབ་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་པཱུ་ཛ་ཧོཿ ལས་གཞུག་བྲོ་ཡིས་བསྡུ་བ་ནི༔ ཧཱུྃ༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷ༔ ཞལ་ནས་ཀཱི་ལི་ཛཔ་བཟླ་ཞིང༔ སྐུ་ནི་ཅིར་ཡང་འགྱུར་བ་ཆེ༔ ཁམས་གསུམ་ཨེ་ཡི་ད་ལར་རྫོགས༔ བདག་ལྟའི་དམ་སྲི་སྒབ་འདྲེ་རྣམས༔ མནན་ནོ་རི་རབ་འོག་ཏུ་གཟིར༔ ཞབས་གཉིས་རྡོ་རྗེའི་བྲོ་ཆེན་པོས༔ ཕོ་ཉ་སྤྲིན་ལྟར་གཏིབས་པ་ཀུན༔ འབར་བ་ཆེན་པོའི་གླུ་དང་བྲོ༔ ཅིར་ཡང་བསྒྱུར་བས་སྟྭམྦྷ་ཡ༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སྟྭམྦྷ་ཡ་ནན༔ ལྷ་ཡི་དཀྱིལ་འཁོར་དུ་བསྒོམས་པ་ཐམས་ཅད་སྣང་སྲིད་མ་ལུས་པ་གཞལ་ཡས་ཁང༔ དེ་འཁོར༔ གཙོ་བོ༔ ཡེ་ཤེས་སེམས་དཔའ༔ ཐུགས་སྲོག་ས་བོན་ཧཱུྃ་གི་བར་བསྡུས་ཏེ་དབྱིངས་སུ་མཉམ་པར་བཞག༔ སླར་ཡང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ལྡང་སྟེ་གནས་སྲུང་གོ་བགོ་བར་བྱའོ༔ དེ་ལྟ་བུས་ལོ༔ ཟླ་བའི་བར་བརྩོན་པས་དཀྱིལ་འཁོར་གྱི་ལྷ་ཡི་ཞལ་མཐོང༔ གསུང་ཐོས༔ ལུང་སྟོན༔ དབང་བསྐུར༔ ཡེ་ཤེས་ཀྱི་དགོངས་པས་བྱིན་གྱིས་རློབ༔ ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་སྨིན་པའི་གདེང་ཚད་མངོན་དུ་འགྱུར༔ ཁྱད་པར་ལྟ་དགོངས་ཀྱི་དྲོད་ཐོབ་པས་རྫོགས་པའི་རིམ་པ་ལ་འཇུག་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ དེ་ནས་གྲུབ་པའི་མཚན་མ་བྱུང་ན་དུས་དང་རྒྱུན་གྱི་སིདྡྷི་ཡང་བླང་དགོས་ཏེ་རྒྱུད་ལས༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཞེས་གསུངས་པས་སྲོད་ལ་ཕྱག་རྒྱ་དང་སྦྱོར་བས་སཱུརྻའི་ཟིལ་པ་བླང་སྟེ་རླུང་སེམས་དབང་དུ་བྱ༔ ནམ་གུང་སྙིང་རྗེ་འབར་བའི་དྲག་ཤུལ་གྱིས་དགྲ་བོའི་ཚེ་བསོད་ཀྱི་བཅུད་བསྡུས་ནས་རྣམ་ཤེས་སྤར༔ ཐོ་རེངས་ལྷ་རྣམས་ཐུགས་དམ་བསྐུལ་བའི་ཛཔ་བཟླས་དང་བཅས་ཏེ༔ ཧཱུྃ༔ དཔལ་ཆེན་འབར་བ་ཀཱི་ལ་ཡ༔ སངས་རྒྱས་ཀུན་དང་གཉིས་སུ་མེད༔ བདེ་ཆེན་ཡུམ་དང་མཉམ་པར་སྦྱོར༔ སྤྲུལ་པའི་དཀྱིལ་འཁོར་བསམ་ཡས་སྟོན༔ ཀུན་ཀྱང་ཐུགས་དམ་རྗེས་སུ་དགོངས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ སྒྲུབ་པའི་དམ་ཚིག་ད་ནངས་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྣང་སྟོང་ཡེ་ཤེས་རྡོ་རྗེའི་སྐུས༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྡོ་རྗེ་གསུང་གི་དཀྱིལ་འཁོར་ནས༔ ཟབ་རྒྱས་གསང་བའི་དངོས་གྲུབ་སྩོལ༔ མི་ཤིགས་ཐུགས་ཀྱི་དགོངས་པ་ཡིས༔ སྲིད་ཞིའི་དཔལ་གྱུར་དངོས་གྲུབ་སྩོལ༔ མདོར་ན་མཆོག་དང་ཐུན་མོང་གི༔ གྲུབ་པ་མ་ལུས་བསྩལ་དུ་གསོལ༔ སྒྲུབ་པའི་རྫས་རྣམས་གནས་གསུམ་དུ་གཏུག༔ འོད་ཟེར་གྱིས་དབང་བསྐུར་བར་བསམ་མོ༔ དེ་ལྟར་གྲུབ་པའི་རྗེས་སུ་ཚོགས་ཀྱི་འཁོར་ལོ་སོགས་མཆོད་པ་རྣམས་རྒྱ་ཆེར་བྱ༔ བསྔོ་བ་དང༔ ཤིས་པ་རྒྱ་ཆེར་བརྗོད་པས་ཀྱང་དགེ་ལེགས་སུ་བྱ་དགོས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ྀཨཐི༔ བསྐྱེད་རིམ་སྲིད་པ་ཕུར་བུའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས་བཏུས་ཏེ་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་རྡོ་རྗེ་ཟླ་ཤར་རྩལ་ལ་ལྷོ་བྲག་མཁར་ཆུའི་དབེན་གནས་སུ་གཏད་པ་༔༔༔༔བརྡ་ཡིགས༔༔༔༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔའི་བྱེ་བྲག་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རི་ཞོལ་གྱི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་མངོན་སུམ་དུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་རྡོ་རྗེ་ཕུར་བུའི་དབལ་གྱི་རྩེར་བརྗིད་པའི་སྒྲུབ་གནས་རྡོ་རྗེ་ཨེ་རྫོང་དུ་དག་པར་ཕབ་པ་ཀསྨིརི་པཎྜི་ཏ་བི་མ་ལས་སྙན་བརྒྱུད་དུ་གདམས་པའོ། །།}} | ༁ྃ༔ བརྡ་ཡིག ༔དཔལ་ཆེན་པོ་རྡོ་རྗེ་ཕུར་པ་ལ་ཕྱག་འཚལ་ལོ༔ དེ་ཡང་སྲིད་པ་གསུམ་ནི་རྡོ་རྗེ་ཕུར་པ་ཡིན་ཏེ༔ རྒྱུད་ལས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཅེས་གསུངས༔ དེས་ན་ཁམས་གསུམ་ནི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཏེ་དབལ་གསུམ་ངན་སོང་གསུམ༔ རྒྱ་མདུད་འོག་མ་འདོད་ཁམས༔ བཅུམ་གཞོགས་ཚོགས་བརྒྱད་གསལ་བ་གཟུགས་ཁམས༔ རྒྱ་མདུད་གོང་མ་གཟུགས་མེད་ཁམས་སུ་གནས༔ སྐྱེ་འགྲོའི་ལུས་ཀྱང་ཕུར་པ་སྟེ་རྐང་པ་གསང་གནས་མན་ཆད་ཕུར་བུའི་དབལ༔ སྙིང་ག་མན་ཆད་རྒྱ་མདུད་འོག་མ༔ མགྲིན་པ་མན་ཆད་བཅུམ་གཞོགས༔ མགོ་བོ་རྒྱ་མདུད་གོང་མའོ༔ གསང་བ་སེམས་ཉིད་ལ་མཚོན་ཀྱང་ཕུར་བུ་སྟེ་ཆགས་སྡང་རྨོངས་གསུམ་དབལ་གསུམ༔ ཀུན་གཞི་ནི་རྒྱ་མདུད་འོག་མ༔ རྣམ་ཤེས་ཚོགས་བརྒྱད་བཅུམ་གཞོགས༔ རྒྱ་མདུད་གོང་མ་རིག་པའི་ཡེ་ཤེས་སུ་དག་གོ༔ དེ་ཐམས་ཅད་གནས་ལུགས་གཞི་ཡི་ཚུལ་ཏེ་དེ་མངོན་དུ་བྱེད་པ་ལ་ལམ་ཉམས་སུ་ལེན་དགོས་པས་ལམ་གྱི་ཐོག་མར་དབང་ཐོབ་པར་གཅེས་ཏེ༔ རྒྱུད་ལས༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་ཕྱིར༔ དབང་དང་བྱིན་རླབས་དེང་སྩོལ་ཅིག༔ ཅེས་གསུངས་པས་དབང་སྦྱིན་པའི་སྣོད་སློབ་མ་དམ་ལྡན༔ དབང་བསྐུར་བའི་བདག་པོ་སློབ་དཔོན་མཚན་ལྡན༔ སྨིན་པའི་རྒྱུ་ཆོ་ག་དང་ཏིང་འཛིན་ལས་སུ་རུང་བས་དབང་བསྐུར་བ་ནི༔ དུར་ཁྲོད་ལ་སོགས་པའི་ས་གཞིར་ཐིག་གདབ༔ དཀྱིལ་འཁོར་བཞེངས༔ སྒྲུབ་པའི་རྫས་རྣམས་བཀྲམ༔ སློབ་དཔོན་གྱིས་ལས་ཀྱི་གཞུང་བསྲང༔ ཛཔ་བཟླས་མང་དུ་བྱ༔ ཚོགས་དང་བསྐང་བ་ཡང་བྱ༔ བཀའ་སྲུང་ཆོས་སྐྱོང་ལ་གཏོར་མ་ཕུལ༔ བདག་ཉིད་འཇུག་པའི་ཆོ་ག་དང་བཅས་པས་ནུས་ལྡན་དུ་སྒྲུབ་བོ༔ དེ་ནས་སློབ་མ་རྣམས་བོས་ཏེ་ཁྲུས་ཀྱིས་བྱུར་བསལ༔ བགེགས་བསྐྲད༔ སྲུང་འཁོར་བསྒོམ་པས་བར་ཆད་མི་འཇུག་པར་བྱས་ལ༔ ལོ་རྒྱུས་བརྗོད་པས་ཡིད་ཆེས་པར་བྱས་ལ༔ ཡོན་དུ་མཎྜལ་འབུལ༔ གསོལ་བ་གདབ་པ་ནི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཕྲིན་ལས་སྟོབས་རྫོགས་ཀཱི་ལ་ཡ༔ དཔལ་ཆེན་ཀརྨ་ཧེ་རུ་ཀའི༔ དཀྱིལ་འཁོར་གཉན་པོར་འཇུག་པར་འཚལ༔ གསོལ་བ་གདབ་ཏེ་སློབ་དཔོན་གྱིས༔ སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ༔ ཐེག་ཆེན་ལམ་གྱི་རྩ་བ་སེམས་བསྐྱེད་དུ་གཞུག༔ ཚོགས་གཉིས་བསགས་པའི་སྒོ་ཡན་ལག་བདུན་པའང་བསླབ༔ སྡོམ་པ་གསུམ་ཚུལ་བཞིན་རྒྱུད་ལ་བཟུང་དུ་གཞུག༔ སྙིང་གར་སེམས་ཉིད་ཀྱི་ངོ་བོ་ཟླ་བ་རྡོ་རྗེས་མཚན་པ་སྒོམ་དུ་བཅུག་ལ་སྔགས་ཀྱིས་བརྟན་པར་བྱས་ཏེ༔ བུ་ཀྱཻ༔ ཞེས་བོས་ནས༔ འབྲས་བུ་རྡོ་རྗེ་ཐེག་པ་ནི༔ འཇུག་པར་དཀའ་ལ་ཁེ་ཉེན་ཆེ༔ འདའ་དཀའི་ས་མ་ཡ་འབུམ་སྡེ༔ ཉམས་ན་མི་ཟད་སྡུག་བསྔལ་བྱེད༔ འདིར་ཡང་མི་འདོད་དུ་མ་འབྱུང༔ ལེགས་པར་རྟོགས་ཤིག་བློ་གྲོས་ཅན༔ ཨེ་མ་སྔགས་ཀྱི་ལམ་རྨད་བྱུང༔ འཇུག་པ་སྐལ་པ་ལྡན་པའི་བུ༔ དངོས་གྲུབ་ཡ་མཚན་རྨད་བྱུང་བ༔ ཚེ་འདི་ཉིད་ལ་བརྩོན་པས་འགྲུབ༔ དཀྱིལ་འཁོར་ཙམ་ཞིག་མཐོང་བས་ཀྱང༔ སྒྲིབ་བྱང་རྡོ་རྗེའི་རིགས་སུ་འགྱུར༔ དེ་ཕྱིར་འཇུག་པར་ཁྱོད་སྤྲོའམ༔ འདི་ནི་རྡོ་རྗེ་བདུད་རྩིའི་ཆུ༔ ཧེ་རུ་ཀ་དཔལ་ཉིད་ཡིན་ཏེ༔ བསྲུང་ན་དངོས་གྲུབ་སེམས་དཔའ་སྩོལ༔ མ་བསྲུང་ངེས་པར་འཚིགས་ཏེ་བརླག༔ ས་མ་ཡ་ཨི་དཾ་ད་ཀ་ཋ་ཋ་ཋ་ཧཱུྃ༔ བདུད་རྩི་བྱིན་ལ་ཁེ་ཉན་བསྒྲག༔ སླར་ཡང་སློབ་མས་གསོལ་བ་གདབ་པ་ནི༔ ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་རྡོ་རྗེའི་རིགས་ཅན་དུ༔ བསྒྲུབ་པ་སྐལ་པ་ཤིན་ཏུ་བཟང༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ་བརྗོད༔ སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས་ཏེ་འོད་ཀྱི་གོང་བུ་དཀྱིལ་འཁོར་གྱི་གཙོ་བོའི་ཞལ་དུ་དྲངས༔ རྗེས་ཆགས་ཀྱིས་བཞུས་ཏེ་བྱང་ཆུབ་སེམས་ཀྱི་གོང་བུ་མཁའ་གསང་གི་སྦྱོར་མཚམས་ནས་སྤྲོས་ཏེ་ཤར་སྒོར་དབང་སྟེགས་པདྨའི་གདན་ལ་བཀོད༔ སླར་ཡང་ཆོ་ག་གསུམ་གྱིས་གཙོ་བོ་ཇི་ལྟར་བར་བསྐྱེད་ལ་གནས་གསུམ་བྱིན་གྱིས་བརླབ༔ ཐུགས་ཀའི་འོད་དང་གདུང་བའི་ཤུགས་རྡོ་རྗེའི་གླུ་རྣམས་ཀྱིས་བསྐུལ་ཏེ་བྱིན་དབབ༔ སྤོས་དང་རོལ་མོར་བཅས་པས་འབེབས་པའི་སྔགས་བརྗོད༔ ཏིཥྛ་བཛྲས་བརྟན་པར་བྱས་པ་ནི་ནང་འཇུག་གི་ཆོ་གའོ༔ བསྐྱེད་རིམ་གྱི་དབང་དངོས་ནི་བུམ་དབང་སྟེ༔ དེ་ཡང་རིན་པོ་ཆེའི་བུམ་པ་མཚན་ཉིད་ལྡན་པ་ལྷ་གྲངས་སམ་བཅུ་གཅིག་བཤམས་ལ་ནང་དུ་བདུད་རྩི་ཆེན་པོ་དང་ཉེར་ལྔའི་རྫས་ཀྱིས་གཏམས་པ་ལྷའི་རང་བཞིན་བྱང་ཆུབ་ཀྱི་སེམས་སུ་བྱིན་གྱིས་བརླབས་པ་ཁ་རྒྱན་དང་བཅས་ཐོགས་ལ༔ ཧཱུྃ༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་བཅུད་རིགས་ལྔའི་ཧེ་རུ་ཀ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་བཅུད་སྦྱིན་ཞིང་གཏོར་བས་ཁྲུས་བྱས་ཏེ་དབང་གི་གཞི་རྟེན་གྲུབ་པ་ལ༔ ཐོད་སྐམ་རིགས་ལྔའི་རྩེ་ཕྲན་ཅན་སྤྱི་བོར་བཅིངས་ལ༔ ཏྲཱྃ༔ ང་རྒྱལ་བདུད་འཇོམས་ཧེ་རུ་ཀ༔ རཏྣ་སྤྱི་དཔལ་ཡེ་ཤེས་ཀྱི༔ ཕྱག་རྒྱ་དབུ་རྒྱན་དབང་བསྐུར་བས༔ མཉམ་ཉིད་རྟོགས་པའི་དབང་ཐོབ་ཤོག༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ རིགས་ཀྱི་བདག་པོས་རྒྱས་བཏབ་པ་མཚོན་བྱེད་ཐོད་པའི་དབུ་རྒྱན་བཅིངས་ཏེ༔ སྤྱི་བོ་དང་ལག་ཏུ་རྡོ་རྗེ་གཏད་ལ༔ ཧྲཱིཿ འདོད་ཆགས་བདུད་འཇོམས་ཧེ་རུ་ཀ༔ པདྨ་སྤྱི་དཔལ་སོར་རྟོགས་ཀྱི༔ ཡེ་ཤེས་རྡོ་རྗེའི་དབང་བསྐུར་བས༔ རྗེས་ཆགས་དབང་གི་དོན་རྟོགས་ཤོག༔ བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧྲཱིཿ གསུང་གཉིས་སུ་མེད་པའི་དེ་ཉིད་མཚོན་པའི་ཕྱིར་རྡོ་རྗེ་སྙིང་གར་གཏད་དེ་གསོར་དུ་བཅུག་ལ༔ དྲིལ་བུ་མགོར་བཞག་ཅིང་ལག་གཡོན་དུ་གཏད་དེ༔ ཨཱཿ ཕྲག་དོག་བདུད་འཇོམས་ཧེ་རུ་ཀ༔ ཀརྨ་སྤྱི་དཔལ་བྱ་བ་གྲུབ༔ ཤེས་རབ་དྲིལ་བུའི་དབང་བསྐུར་བས༔ དོན་གཉིས་རྫོགས་པའི་གནས་ཐོབ་ཤོག༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱཿ ཕྲིན་ལས་འགྲོ་བ་འདུལ་བའི་མཛད་པ་མཚོན་པའི་ཕྱིར་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན་དུ་གཞུག༔ དེ་ལྟར་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ངོ་བོར་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་ལ་རྡོ་རྗེའི་མིང་སྦྱིན་པས་མངའ་གསོལ་བ་ནི༔ ཨོཾ༔ གཏི་མུག་བདུད་འཇོམས་ཧེ་རུ་ཀ༔ བུདྡྷ་སྤྱི་དཔལ་ཆོས་ཀྱི་དབྱིངས༔ རྡོ་རྗེའི་མིང་གིས་དབང་བསྐུར་བས༔ རིགས་ཀྱི་འཁོར་ལོར་ངེས་པར་ཤོག༔ ཀྱཻ་བཻ་རོ་ཙ་ན་ཨོཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཐམས་ཅད་ལ་རེ་རེ་བཞིན་བུམ་ཆུས་གཏོར་ཞིང་བཀྲུས་ཏེ༔ ཧཱུྃ༔ ཞེ་སྡང་བདུད་འཇོམས་ཧེ་རུ་ཀ༔ བཛྲ་སྤྱི་དཔལ་མེ་ལོང་གི༔ ཡེ་ཤེས་བུམ་ཆུས་དབང་བསྐུར་བས༔ སྒྲིབ་དག་སྐལ་པ་མཆོག་ལྡན་ཤོག༔ ཨོཾ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་དག་གིས་ཉོན་མོངས་པ་དུག་ལྔ་དག༔ ཡེ་ཤེས་ལྔ་མངོན་དུ་གྱུར༔ རིགས་ལྔ་དང་སྐལ་པ་མཉམ་པར་བྱེད་པའི་དབང་ངོ༔ དེ་ནས་དམ་ཚིག་གསུམ་སྦྱིན་པའི་ཕྱིར་རྡོ་རྗེ་གསོར་ཞིང་གཏད་དེ༔ རྡོ་རྗེ་འདི་ནི་ཐབས་ཆེན་པོ༔ སྐུ་ཡི་དབང་གི་མཆོག་ཡིན་ཏེ༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི༔ དེ་ཉིད་ཤེས་པས་ཁྱོད་ཀྱིས་ལོངས༔ མ་ཧཱ་བཛྲ་ཧོཿ དྲིལ་བུ་དཀྲོལ་ཞིང་གཏད་ལ༔ ཆོས་ཉིད་སྐྱེ་མེད་སྟོང་པ་ཉིད༔ འགག་པ་མེད་པའི་སྒྲ་གདངས་བཅས༔ རང་བྱུང་གསུང་སྟེ་གསུང་གི་མཆོག༔ མཚོན་པར་བྱེད་པའི་དབང་ཡང་སྦྱིན༔ མ་ཧཱ་གཎྜེ་ཧོཿ རྡོ་རྗེ་དང་དྲིལ་བུ་བསྣོལ་བའི་འཁྱུད་རྒྱ་བཅས༔ ཨེ་མ་རྡོ་རྗེ་སེམས་དཔའ་ཆེ༔ དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གཙོ༔ ཁྱོད་ནི་རྟག་ཏུ་བདེ་ཆེན་ཏེ༔ བཅོམ་ལྡན་སྙེམས་མར་རོལ་པས་དགྱེས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ རྗེས་སུ་གནང་བའི་ཕྱིར་དུང་དང་གཎྜི་ཕྱག་ཤིང་གླེགས་བམ་རྣམས་གཏད༔ གདུགས་ཕུབ་ཅིང་མཆོད་པས་མངའ་དབུལ་ཏེ༔ བུ་ཁྱོད་ཁམས་གསུམ་ལས་རྒྱལ་བའི༔ ཆོས་ཀྱི་རྒྱལ་པོ་ཉིད་ཡིན་པས༔ རང་དང་གཞན་གྱི་དོན་ཆེན་ཕྱིར༔ སློབ་མའི་ཚོགས་ཀུན་བསྡུ་བར་གྱིས༔ རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར༔ ལས་རྣམས་མ་ལུས་ཀུན་གྱིས་ཤིག༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་ལ་རབ་ཏུ་གནས་པས་མངའ་དབུལ་བར་བྱའོ༔ དེ་དག་གིས་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་གང་ཟག་སྤྲོས་པ་ཅན་ལ་བུམ་པའི་དབང་བསྐུར་བས༔ བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་དང༔ བསྙེན་སྒྲུབ་ལས་གསུམ་གྱི་བཟླས་བརྗོད་བྱེད་པ་ལ་དབང་བར་འགྱུར་རོ༔ ས་མ་ཡ༔ བརྡ་ཡིག ༔ བསྐྱེད་རིམ་དངོས་ནི་རྒྱུད་ལས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་དོ༔ ཞེས་གསུངས་པས༔ ཇི་ལྟར་བསྒོམ་པའི་གྱེར་ནི༔ ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ ཆོས་ཉིད་ངང་གིས་དག་པའི་ཀློང༔ གཟུང་འཛིན་མཚན་མ་མི་གནས་པ༔ རྣམ་པར་ཐར་པའི་སྒོ་གསུམ་མོ༔ ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་ཧོཿ སྙིང་རྗེ་ཆེན་པོའི་མཚོན་ཆ་ནི༔ སྲིད་པའི་རྩ་བ་གཅོད་བྱེད་པའི༔ ཐུགས་རྗེའི་ཤུགས་ཀྱིས་ཁྲོ་བ་ལས༔ སྡུག་བསྔལ་འཇོམས་པའི་ཏིང་འཛིན་བསྒོམ༔ ཨཱཿམ་ཧཱ་ཀ་རུ་ཎི་ཀ་ཧོཿ སྟོང་ཉིད་ནམ་མཁའི་ཁམས་གནས་པའི༔ འཁོར་འདས་ཀུན་གྱི་སྲོག་གི་གོ༔ རང་བྱུང་ཡི་གེ་འདུས་མ་བྱས༔ ཧཱུྃ་ཆེན་བསྐལ་པའི་མེ་ལྟར་འབར༔ ཧཱུྃ་བཛྲ་ཛྙཱ་ན་དྷཱ་ཏུ་ཧོཿ ཧཱུྃ་ལས་ཨེ་ཡཾ་རཾ་སུཾ་ར༔ ཀེཾ་རཾ་ཆད་པ་འོག་གཞི་ནི༔ ཆོས་འབྱུང་དབྱིངས་དང་མཉམ་པའི་དབུས༔ རླུང་མེ་ཤ་ཆེན་ས་གཞི་བརྡལ༔ ཁྲག་མཚོ་ཀེང་རུས་རི་རབ་སྟེང༔ ཁོར་ཡུག་དྲག་པོའི་མེ་རླུང་ཚོགས༔ ཀུན་ཏུ་འབར་ཞིང་འཚུབ་མ་འཁྱིལ༔ མ་ཧཱ་ཛྭ་ལ་རཾ༔ མེ་རླུང་བྷྲཱུྃ་ཡིག་ལྔ་ལྡན་ཆད༔ ཡོངས་གྱུར་པད་ཉི་རྒྱ་གྲམ་སྟེང༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང༔ རང་བྱུང་དུར་ཁྲོད་བཀོད་པ་ཅན༔ ཕྱི་ནི་རྩིག་པ་ཁ་དོག་ལྔ༔ ནང་དུ་སྐམ་རློན་རྙིད་པའི་མགོ༔ གནམ་ལྕགས་གཟེར་བཏབ་རཀྟས་སྦྱར༔ རིན་ཆེན་ཕ་གུ་དྲྭ་བ་ཕྱེད༔ ཆུ་སྲིན་རྔམ་པའི་ཁ་ལས་དཔྱང༔ ཤར་བུ་མདའ་ཡབ་པུ་ཤུ་དང༔ གཟའ་དང་ལྷ་ཀླུ་ཀ་གདུང་ཕྱམ༔ རྒྱུ་སྐར་དྲལ་གཟེབ་ཞིང་གི་ཐོག༔ ལྷ་ཆེན་ཐོད་པ་དབུས་ཕྱུར་བུ༔ མ་ཧཱ་རུ་ཏྲའི་ཙིཏྟའི་ཏོག༔ ཡེ་ཤེས་ཟེར་འཕྲོ་འོད་ཕུང་འཁྱིལ༔ རོ་སྐྲའི་རྔ་ཡབ་ཞིང་གི་འཕན༔ གཅན་གཟན་ལྤགས་པའི་རྒྱལ་མཚན་གདུགས༔ ཕྱི་ནང་སྒོ་བཞི་རྟ་བབ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཏོག་མཛེས༔ དལ་དབུས་གནམ་ལྕགས་འཁོར་ལོ་དང༔ ལྟེ་བ་ཟླུམ་པོ་ཨེ་ཡིས་མཚན༔ ཟླ་གམ་གསུམ་ལ་ཁྲག་མཚོ་འཁྱིལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཀྲོ་དྷ་མཎྜ་ལ་ཧཱུྃ༔ གཞལ་ཡས་དབུས་སུ་རྡོ་རྗེ་ཡི༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུག་ཟླ་གམ་གསུམ་གྱི་སྟེང༔ པད་ཉི་དགྲ་བགེགས་དྲག་པོ་ཡི༔ འཁོར་ལོ་རྩིབས་བཅུ་རེ་རེ་བཞིན༔ ཕྱོགས་སྐྱོང་ཕོ་མོ་པད་ཉི་དང༔ སྒོ་བཞིར་ཞིང་རྐྱང་གདན་བཅས་གསལ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པྃ་པདྨ་མཎྜ་ལ༔ ཧཱུྃ༔ དབུས་ཀྱི་ཆོས་འབྱུང་ལྟེ་བ་རུ༔ རང་རིག་ཧཱུྃ་བབ་ཡོངས་གྱུར་ལས༔ སྤྲོ་བསྡུས་འོད་ཀྱིས་དོན་གཉིས་བྱས༔ འོད་ཀྱི་ཕུང་པོ་རྡོ་རྗེར་གྱུར༔ བཛྲ་ཧཱུྃ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ༔ སྤྱི་དཔལ་ཀརྨ་ཀཱི་ལ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ རྩ་ཞལ་སྲིན་པོ་ཁྲོས་པའི་ཞལ༔ གཡས་པ་དཀར་བ་ཀུ་མུ་ད༔ གཡོན་པ་དམར་ནག་ཨམ་གཙིགས་བསྡམས༔ དེ་སྟེང་ཞལ་གསུམ་ལྗང་སེར་ནག༔ སྟེང་གི་ཞལ་གསུམ་སྨུག་མཐིང་དམར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱི་བོར་རྡོ་རྗེ་ཕྱེད་པའི་ཏོག༔ རྭ་གདེང་ཟར་བུ་སྦྲུལ་གྱིས་བཅིངས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཞལ་བགྲད་མཆེ་གཙིགས་ལྗགས་བརྐྱང་འདྲིལ༔ ཧཱུྃ་ཕཊ྄་ཕེཾ་གྱི་སྒྲ་དྲག་སྒྲོགས༔ ཁྲོ་གཉེར་ཆུ་རླབས་ལྟ་བུར་འཁྲུགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ རྡོ་རྗེའི་སྐུ་མཆོག་སྤྲིན་བཞིན་གནག༔ གཡས་དགུའི་དང་པོས་རྡོ་རྗེ་གདེང༔ འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༔ ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས༔ གཡོན་དགུས་མེ་དཔུང་ཁཊྭཱཾ་ག༔ རི་རབ་ཞགས་པ་བྷནྡྷ་དམར༔ སྡིག་མཛུབ་མདའ་དང་བདུད་བཞིའི་མགོ༔ ཐ་མའི་ཕྱག་གཉིས་ཕུར་བུ་འདྲིལ༔ དྲག་པོའི་སྟང་སྟབས་ཕྱོགས་བཅུར་གཡོ༔ འབར་བའི་ཞབས་བཞི་བརྐྱང་བསྐུམ་གྱིས༔ བར་ཆད་བདུད་བཞི་བརྫིས་ཤིང་མནན༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང༔ སྟག་གི་ཤམ་ཐབས་གྲོལ་ཞིང་འཆིང༔ སྐུ་ལ་རུས་པའི་ཕྱག་རྒྱ་དྲུག༔ མགོ་ཕྲེང་དཔལ་གྱི་ཆས་གོས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་གསལ༔ པང་དུ་བདེ་ཆེན་བསྐྱེད་པའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་གཏུམ་སྒེག༔ གཅེར་བུ་གཟིག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རུས་པའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་ཡབ་མགུལ་འཁྱུད༔ ཨུཏྤལ་མཐེབ་སྲིན་སྦྱར་བས་འཛིན༔ གཡོན་པས་དམར་གྱི་བྷནྡྷ་སྟོབ༔ ནུ་འབུར་བྷ་ག་རྒྱས་པས་སྦྱོར༔ སྐེད་སྐབས་ཕྲ་ལྡེམ་གཡོས་པའི་ཞབས༔ ཡབ་ཀྱི་དཀུ་ལ་འཁྱུད་ཅིང་ལྡེམ༔ གཡོན་པ་བརྐྱངས་ཏེ་དགྲ་བགེགས་བརྫིས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ གཙོ་བོའི་གཡོན་དུ་སྒྲོལ་བྱེད་ཀྱི༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཁྲོ་གཏུམ་སྒེག་པའི་གཟི་བྱིན་གྱིས༔ ཡབ་ལ་བལྟ་ཞིང་ཆགས་པའི་ཚུལ༔ གཡས་པས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཙིཏྟ་ཁྲག་འཛག་ཟ༔ གཅེར་བུ་རུས་པའི་རྒྱན་འཕྱང་བའི༔ གཡེར་ཁའི་སྒྲ་ལས་ཆོས་སྒྲ་སྒྲོག༔ ཨ་ཧོ་ཨ་ཧོ་ཨ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨ་ནུ་རཱ་ག་ཡ་མི༔ ཨ་ནུ་རཱ་ག་ཡ་ཧོཿ རྡོ་རྗེ་པདྨ་རྒྱས་མཛད་དེ༔ སྦྱོར་བས་སྐུ་ནི་སྒེག་བཞད་དཔའ༔ པདྨ་བྷཉྫ་མོ་ཀྵ་ཧོཿ ཞལ་ནས་ཨ་ཧོ་ཧཾ་ཞེས་སྒྲོགས༔ རྡོ་རྗེའི་གསུང་མཆོག་དགོད་གཤེ་རྔམ༔ ཐུགས་ནི་བདེ་བ་ཆེར་འབར་པས༔ སྙིང་རྗེ་རྔམ་དང་ཞི་བར་བཅས༔ སྲུབ་ཅིང་སྲུབ་པའི་སྦྱོར་བའི་སྒྲས༔ སངས་རྒྱས་སྲས་བཅས་རྗེས་ཆགས་བསྐུལ༔ ཞལ་ཞུགས་བྱང་ཆུབ་སེམས་སུ་ཞུ༔ དྭངས་མའི་སེམས་སྤྲིན་ཧཱུྃ་དུ་སྤྲོས༔ ཕྱོགས་བཅུའི་རྩིབས་ལ་བབ་པ་ལས༔ འོད་ཟེར་རྣོན་པོས་ཕྱོགས་སྐྱོང་བའི༔ གདོན་ཚོགས་བཏུལ་ཏེ་ཚུར་འདུས་པ༔ པད་ཟླ་ཕྱོགས་སྐྱོང་ཕོ་མོའི་སྟེང༔ ཧཱུྃ་རྣམས་ཡོངས་གྱུར་ཁྲོ་བཅུར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ྄༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་མཛད་སྔོ་སྐྱ་མཐིང་སེར་དམར༔ ཞལ་གསུམ་ཕྱག་དྲུག་དང་པོ་གཉིས༔ རྡོ་རྗེ་དུང་དམར་བར་པ་ཡིས༔ མདའ་གཞུ་འགེངས་ཤིང་རོལ་པའི་ཡུམ༔ སྒྲ་འབྱིན་མར་སྦྱོར་ཕྲ་མེན་ནི༔ ཕག་དང་རྨིགས་བུའི་མགོ་ཅན་ནོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ རྣམ་པར་རྒྱལ་བ་དཀར་སྔོ་ལྗང༔ དང་པོས་རྡོ་རྗེ་བྷན་དམར་དཀྲུགས༔ བར་པས་འཁོར་ལོ་རྩེ་གསུམ་གདེངས༔ རྣམ་སྙེམས་ཡུམ་སྦྱོར་ཕྲ་མེན་མ༔ སྟག་དང་བྱ་རྒོད་མགོ་ཅན་ནོ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ྄༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ དབྱུག་སྔོན་མཐིང་ནག་དཀར་དམར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་ཁྲག༔ མེ་དབལ་རྡོ་རྗེ་དབྱུག་ཐོ་འཕྱར༔ རྡོ་རྗེ་སྡེར་མོ་དང་སྦྱོར་བའི༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ཨོཾ་བཛྲ་ཀྲོདྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ྄༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ གཤིན་རྗེ་གཤེད་སྔོན་སྔོ་ལྗང་ཞལ༔ ཕྱག་དྲུག་རྡོ་རྗེ་ཐོད་པ་དང༔ དགྲ་སྟྭ་འབར་བའི་བེ་ཅོན་ཕྱར༔ དུར་ཁྲོད་བདག་མོ་ཡུམ་དང་སྦྱོར༔ ཕྲ་མེན་ཤ་བ་འུག་པའི་གདོང༔ ཨོཾ་བཛྲ་ཀྲོ་དྷ་ཨརྻཱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ མི་གཡོ་མཐིང་ག་ཞལ་དཀར་དམར༔ དང་པོས་རྡོ་རྗེ་ཀ་པཱ་ལ༔ རལ་གྲི་ཞགས་པ་འཕེན་པའི་ཡུམ༔ གཏུན་ཁུང་མ་དང་སྦྱོར་བ་ཡི༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ནུབ་ཕྱོགས་ཆུ་ལྷའི་གདན་སྟེང་དུ༔ རྟ་མགྲིན་དམར་པོ་དཀར་སྔོའི་ཞལ༔ ཕྱག་དྲུག་རྡོ་རྗེ་བྷན་དམར་འཛིན༔ ཞགས་པ་སྤུ་གྲི་གདེངས་པའི་ཡུམ༔ གཏུམ་མོ་མར་སྦྱོར་རོལ་པ་ཡི༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔ འདོད་རྒྱལ་དམར་སྐྱ་ཞལ་ལྗང་སེར༔ ཕྱག་དྲུག་རྡོ་རྗེ་ཐོད་ཁྲག་དང༔ བ་དན་རྔ་ཡབ་འཛིན་པའི་ཡུམ༔ མདའ་སྙེམས་མ་དང་འཁྲིལ་བ་ཡི༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ྄༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ བདུད་རྩི་འཁྱིལ་ལྗང་སེར་དུད་ཁ༔ རྡོ་རྗེ་དུང་ཁྲག་རྒྱ་གྲམ་དང༔ དབྱུག་ཐོ་བསྣམས་པའི་ཡུམ་རླུང་འབྱིན༔ ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄༔ བྱང་ཤར་དབང་ལྡན་གདན་སྟེང་དུ༔ ཁམས་གསུམ་རྣམ་རྒྱལ་སེར་ནག་ཞལ༔ དཀར་ལྗང་རྡོ་རྗེ་དུང་ཆེན་བསྣམས༔ མདའ་གཞུ་འགེངས་པའི་ཡུམ་གསོད་བྱེད༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ སྟོབས་ཆེན་དུད་ཁ་ནག་སེར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་དང༔ ཐོ་བ་ཞགས་འཛིན་ཡུམ་སྐྱོད་བྱེད༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ ཁྲོ་བོ་ཆེན་པོ་དེ་དག་ཀྱང༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ ཆ་བྱད་གཙོ་མཚུངས་ཐ་མའི་ཕྱག༔ ཕྲིན་ལས་དོན་རྟགས་ཕུར་པ་འདྲིལ༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ བརྐྱང་བསྐུམ་སྲིན་པོའི་སྟབས་སུ་འགྱིང༔ ཡུམ་མཆོག་བདེ་སྦྱོར་གཙོ་མོ་འདྲ༔ ཕྲ་མེན་གཅེར་བུ་སྟང་སྟབས་ཅན༔ སྟག་གཟིག་ཤམ་ཐབས་འཕྱང་ཞིང་རྒྱུག༔ གཡས་པས་ལྕགས་ཀྱུ་གཡོན་པ་ན༔ ཕུར་བུ་འདྲིལ་ཞིང་དགྲ་ལ་འདེབས༔ མེ་དཔུང་རྔམ་པའི་ཀློང་ན་འགྱིང༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ ཟླ་གམ་འཁྱིལ་པ་གསུམ་གྱི་སྟེང༔ གཙོ་བོ་ཡབ་ཡུམ་སྦྱོར་མཚམས་ནས༔ ཧཱུྃ་ཡིག་བདུན་ཚན་གསུམ་དུ་སྤྲོས༔ འོད་ཀྱིས་ཁམས་གསུམ་གདུག་ཅན་བསྒྲལ༔ སྣང་སྲིད་ཕུར་བུའི་ད་ལར་རྫོགས༔ བདེ་གཤེགས་རྒྱལ་བ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ ཧཱུྃ་ལ་ཐིམ་པ་སྐད་ཅིག་གིས༔ མདུན་དུ་ཐུགས་ཀྱི་སྲས་མཆོག་མཐིང༔ གཡས་སུ་སྐུ་ཡི་སྲས་ལྗང་ནག༔ གཡོན་དུ་གསུང་གི་སྲས་དམར་ནག༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་ཅན༔ གཡས་གཡོན་དཀར་དམར་ཞལ་ནི་བརྗིད༔ དང་པོས་རྡོ་རྗེ་མེ་ཆེན་སྤྲོ༔ བར་པས་དགྲ་སྟྭ་ཁཊྭཱཾ་གདེངས༔ ཐ་མས་ཕུར་བུ་འདྲིལ་བ་ཡི༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས༔ སྐུ་སྨད་འབར་བའི་ཕུར་བུའི་དབལ༔ གནམ་ལྕགས་མེ་འཁྲུགས་ཚྭ་ཚྭ་འཕྲོ༔ ཆུ་སྲིན་ཁ་ནས་ཐོན་པ་ཡི༔ དུག་སྦྲུལ་སྡོམ་དང་སྡིག་པ་འཕྱོ༔ དགྲ་བགེགས་དཀར་ནག་སྙིང་གི་མཚམས༔ ཕུར་རྩེ་གཟིར་བས་སྲིད་གསུམ་བསྒྲལ༔ མཚན་མ་རྫས་ཀྱི་དཀྱིལ་འཁོར་རྫོགས༔ དཔལ་ཆེན་གསང་བ་གསུམ་དུ་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ སླར་ཡང་ཡབ་ཡུམ་སྦྱོར་མཚམས་ནས༔ ཧཱུྃ་སྤྲོས་གཞལ་ཡས་གྲྭ་བཞིར་བབ༔ ཤར་ལྷོར་བུདྡྷ་ཀཱི་ལ་ཡ༔ དཀར་གསལ་དམར་དང་ནག་པོའི་ཞལ༔ ཕྱག་དྲུག་དང་པོས་འཁོར་ལོ་དང༔ དུང་ཁྲག་བར་པས་ཁཊྭཱཾ་མེ༔ ཐ་གཉིས་དངུལ་ཕུར་དཀར་པོ་འདྲིལ༔ སྐུ་སྨད་དབལ་ཟླུམ་ཕུར་བུའི་རྩེ༔ ལྷ་བུའི་གདོན་གྱི་སྙིང་གར་གཟིར༔ ལྷོ་ནུབ་རིན་ཆེན་ཀཱི་ལ་ཡ༔ སེར་སྨུག་གཡས་མཐིང་གཡོན་དམར་པོ༔ ཕྱག་དྲུག་རིན་ཆེན་དུང་ཁྲག་དང༔ ཁཊྭཱཾ་མེ་དཔུང་བསྣམས་པ་ཡི༔ ཐ་མས་གསེར་ཕུར་སེར་པོ་འདྲིལ༔ སྐུ་སྨད་གྲུ་བཞི་དབལ་སེར་པོ༔ ཕུང་པོའི་གདོན་གྱི་སྙིང་གར་གཟིར༔ ནུབ་བྱང་པདྨ་ཀཱི་ལ་ཡ༔ དམར་སྨུག་གཡས་སེར་གཡོན་ལྗང་གུ༔ ཕྱག་དྲུག་པདྨ་དུང་ཁྲག་དང༔ ཁཊྭཱཾ་ག་དང་མེ་དཔུང་འབར༔ ཐ་མས་ཟངས་ཕུར་དམར་པོ་འདྲིལ༔ སྐུ་སྨད་ཟླ་གམ་འབར་བའི་དབལ༔ ཉོན་མོངས་བདུད་ཀྱི་སྙིང་གར་གཟིར༔ བྱང་ཤར་ཀརྨ་ཀཱི་ལ་ཡ༔ ལྗང་ནག་གཡས་དཀར་གཡོན་དམར་པོ༔ ཕྱག་དྲུག་རྒྱ་གྲམ་དུང་ཁྲག་དང༔ ཁཊྭཱཾ་རྩེ་གསུམ་མེ་ཞགས་བསྣམས༔ ཐ་མས་གཡུ་ཕུར་ལྗང་གུ་འདྲིལ༔ སྐུ་སྨད་གནམ་ལྕགས་ཟུར་གསུམ་དབལ༔ འཆི་བདག་བདུད་ཀྱི་སྙིང་གར་གཟིར༔ ཀུན་ཀྱང་ཁྲོ་བོ་ཆེན་པོ་ནི༔ དཔལ་དང་དུར་ཁྲོད་འབར་བའི་ཆས༔ ཡེ་ཤེས་མེ་ཡི་ཟེར་འཕྲོ་ཞིང༔ བདུད་བཞི་འདུལ་བའི་ཕྲིན་ལས་རྫོགས༔ ཨོཾ་བུདྡྷ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ གཙོ་བོའི་སྦྱོར་མཚམས་ཛཿཧཱུྃ་བྃ༔ ཧོཿཡི་ཡི་གེ་བཞི་སྤྲོས་པས༔ ཤར་དུ་སྒོ་མ་ལྕགས་ཀྱུ་མ༔ དཀར་མོ་རྟ་ཡི་གདོང་པ་ཅན༔ ལྷོ་རུ་སྒོ་མ་ཞགས་པ་མ༔ སེར་མོ་ཕག་གི་གདོང་པ་ཅན༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ༔ དམར་མོ་ཀང་ཀའི་གདོང་པ་ཅན༔ བྱང་དུ་སྒོ་མ་དྲིལ་བུ་མ༔ ལྗང་གུ་སྤྱང་ཀིའི་གདོང་པ་ཅན༔ ཀུན་ཀྱང་གཡོན་པས་ཕུར་པ་འདྲིལ༔ གཅེར་མོ་རལ་གསིག་གཟིག་ཤམ་ཅན༔ གཏུམ་ཆེན་རྔམ་པའི་གད་རྒྱང་སྒྲོགས༔ པད་ཉི་བམ་རོའི་སྟེང་ན་འགྱིང༔ ཛཿཧཱུྃ་བྃ་ཧོཿ ཁྲག་ཁྱམས་དཔལ་གྱི་བཀའ་སྡོད་ཆེ༔ ཤྭ་ན་བདག་ཉིད་ས་བདག་བཞི༔ བསེ་མོ་བསེ་ལྕགས་དུང་གི་གིང༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་རང་རང་རྒྱན་ཆས་ཚོགས༔ རྫོགས་པ་བཀའ་སྡོད་ཚུལ་དུ་གནས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ྄༔ ཞེས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་གསལ་གདབ༔ གཙོ་ནས་འཁོར༔ མཐའ་ནས་དབུས༔ དེ་རེ་རེ་བཞིན་ཞལ་ཕྱག་རྒྱན་ཆས་བཞུགས་སྟངས་སོགས་ལ་ལེགས་པར་སེམས་བཟུང༔ ཟིན་པ་དང་ལྷར་སྣང་སེམས་ཉིད་གཅིག་ཏུ་བསྲེ༔ ཆོས་ཉིད་གཉུག་མའི་རིག་གདངས་མ་འགག་པ་དག་པའི་སྣོད་བཅུད་དུ་ཤར་བ་ལ་བློ་གཏད༔ ཀུན་ཀྱང་ཡེ་ཤེས་ཀྱི་རོལ་པར་དག་སྣང་སྦྱངས༔ སྣོད་བཅུད་དག་པ་ཕུར་བུའི་དཀྱིལ་འཁོར་གཅིག་ཏུ་ངོ་ཤེས་པར་བྱའོ༔ ས་མ་ཡ༔ བརྡ་ཡིག ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་ལ་གོམས་པ་བརྟན་པ་དང༔ ལྷ་ཡི་གྲངས་དང་མཉམ་པའི་རྣལ་འབྱོར་པ་ཕོ་མོ་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དག་པ་རྣམས་འདུས་ཏེ༔ སྒྲུབ་པ་ཆེན་པོ་ལ་བརྩོན་པར་བྱ་སྟེ་རྒྱུད་ལས༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེ་སྒྲུབ་པར་མཛོད༔ འཁོར་བ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཅེས་གསུངས་པས་ན་ཐོག་མར་སྒྲུབ་པའི་གནས་མཚན་ཉིད་དང་ལྡན་པ་བཙལ་ཏེ༔ ཡར་ངོ་གཟའ་སྐར་དུས་ཚེས་དགེ་བ་ལ༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དང༔ རྒྱལ་ཚབ་རིགས་ལྔ༔ ལས་ཀྱི་རྡོ་རྗེ༔ རྡོ་རྗེ་མཚམས་པ༔ རྡོ་རྗེ་བྱན་པོ༔ རྡོ་རྗེ་གིང་ཆེན་སོགས་མཚན་ཉིད་དང་ལྡན་པ་རྣམས་ཀྱིས༔ ལྕགས་སམ་ཙན་དན་གྱི་ཕུར་པ་གཙོ་བོ་ཡབ་ཡུམ༔ ཁྲོ་བོ་ཁྲོ་མོ༔ སྒོ་མ༔ སྲས་མཆོག༔ རིགས་བཞིའི་ཀཱི་ལ་ཡ༔ ཕུར་སྲུང་དམ་ཅན་དང་བཅས་པའི་གྲངས་དང་མཉམ་པ་ལ་མགུལ་དུ་སྔགས་བཏགས་པའི་ཡུངས་ཀར་གྱི་ཐུམ་བོ་གདགས་ཏེ༔ རཀྟས་བྱུག་ཅིང༔ གུ་གུལ་གྱིས་བདུག༔ ཁྲུས་དང་སྦྱངས་བ་བྱས་ནས་དལ་དུ་གོ་རིམ་མ་ནོར་བར་བཀོད༔ རོལ་མོ་དང་བཅས་བྱིན་དབབ་པའི་སྔགས་བརྗོད༔ མཐའ་ཕུན་སུམ་ཚོགས་པའི་མཆོད་པས་བསྐོར་ལ་རྡོ་རྗེ་རྒྱལ་པོ་སྟེང་རྒྱལ་ཚབ་དབུས༔ རིགས་ལྔ་ཕྱོགས་སོ་སོ་སོགས་ཀྱིས་གྲལ་དུ་འཁོད༔ དཔལ་ཧེ་རུ་ཡི་ཆས་ཀྱིས་མངའ་གསོལ་ཞིང༔ རྡོ་རྗེའི་རིགས་སུ་ངེས་པའི་ཕྱིར་རྟགས་གདབ༔ རྒྱན་དང་ཡོ་བྱད་ཐམས་ཅད་བགོས་ལ༔ ཏིང་ངེ་འཛིན་རྩེ་གཅིག་པས་གྱེར་སྒོམ་བྱའོ༔ དེའི་ཚེ་ལས་ཀྱི་ཡན་ལག་རྣམས་ཀྱང་ཤིན་ཏུ་རྒྱས་པར་བྱ་དགོས་པས་ན༔ ཐོག་མར་སྔོན་འགྲོའི་རིམ་པ་ནི༔ དཀར་གཏོར་འོ་ཕྱུར་གྱིས་བརྒྱན་པ་བྱིན་གྱིས་བརླབས་ཏེ་བསྔོ་བ་ནི༔ ཧཱུྃ༔ གང་ཞིག་དཀར་པོའི་ཕྱོགས་འཛིན་ཅིང༔ འཛམ་གླིང་ས་ལ་དབང་བྱེད་ཀུན༔ བདག་གིས་གནས་འདིར་དཀྱིལ་འཁོར་བཞེངས༔ ཀོ་ལོང་ཕྲག་དོག་མ་མཛད་པར༔ བརྔན་དུ་གཏོར་མ་གསེར་སྐྱེམས་འབུལ༔ དགྱེས་པར་བཞེས་ལ་ས་འདི་སྩོལ༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ ཅེས་ཕུལ་བས་ས་ཡི་ལྷས་གནང་བ་བྱིན་པར་བསམ༔ ནག་པོའི་ཕྱོགས་སྐྱོང་མགྲོན་དུ་བཀུག་ནས་གཏོར་མ་བསྔོས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ གསང་བ་བླ་མེད་ལམ་སྒྲུབ་པའི༔ རྡོ་རྗེའི་དཀྱིལ་འཁོར་གཉན་པོ་འདིར༔ འདུ་བའི་ལྷ་ནི་མ་གཏོགས་པ༔ དམ་མེད་བདུད་རིགས་ནག་པོའི་ཕྱོགས༔ བལྟ་ཞིང་ཉན་པའི་དབང་མེད་པས༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ནི་འཇིགས་བྱེད་རྡོ་རྗེ་ཅན༔ བཀའ་ལས་འདའ་བའི་སྡིག་ཅན་རྣམས༔ རྡོ་རྗེ་ཡེ་ཤེས་མཚོན་ཆེན་པོས༔ ཕྱེ་མར་འཐག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིར༔ བསྐྲད་ཅིང་འབར་བའི་སྟངས་སྟབས་བྱ༔ ཟངས་སམ་ཙན་དན་དམར་པོའི་ཕུར་བུ་གདབ་སྟེ་དབང་གི་ཀཱི་ལ་ཡར་བསྐྱེད་ལ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ྄༔ ལན་བདུན་བཟླས་པས་ཁོར་ཡུག་གི་ས་གཞིར་འོད་དམར་པོས་ཁྱབ་པར་བསམ་ལ་དབང་དུ་བྱ༔ ལག་པ་རྡོ་རྗེར་བསམ་པ་ས་ལ་བསྣུན་ཏེ༔ ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཅེས་བརྗོད་པས་ས་གཞི་སྦྱངས༔ སྣོད་བཅུད་ཐམས་ཅད་ནམ་མཁའི་རང་བཞིན་དུ་བསམ་ལ༔ ཨོཾ་བྷུ་ཁཾ་ཞེས་བརྗོད༔ རང་དཔལ་ཀརྨ་ཧེ་རུ་ཀའི་མིག་ཉི་ཟླར་བསམ་པས༔ ཨོཾ་སཱུརྻ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ྄༔ ཅེས་བརྗོད་དེ་རྐང་པ་རྡོ་རྗེའི་འགྲོས་སུ་བསྐོར་བས་སྲུང་བ་རྣམས་བྱ༔ སྒྲུབ་ཁང་གི་ཕྱོགས་བཞིར་ཐོ་བརྟན་པོ་བརྩེགས་ལ༔ རྒྱལ་ཆེན་བཞི་དང་སྒོ་ཕྱི་ནང་གི་ཁྲོ་བོ་གཉིས་བཅས་བསྐྱེད་བསྟིམ་རབ་གནས་བྱས་ལ་བར་ཆད་སྲུང་བའི་ཕྲིན་ལས་བཅོལ༔ ཁམས་གསུམ་གྱི་བདག་ཏུ་ལྟ་བའི་རུ་ཏྲ་ཐལ་སྐྱ་མགོ་བོ་གསུམ་པའི་གཟུགས་ལ་དགུག་གཞུག་དང་བཅས་སྒྲོལ་གིང་བསྐུལ་ལ་རྔམས་པའི་སྟབས་ཀྱིས༔ ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ ཆོས་དང་གང་ཟག་ལྟ་བའི་བདུད༔ ཕུང་པོ་ཉོན་མོངས་འཆི་བདག་དང༔ ལྷ་ཡི་གཟུགས་སུ་སྣང་བ་ཡང༔ གཉེན་པོ་བདག་མེད་སྟོང་པའི་ཆོས༔ འབར་བ་གཏུམ་ཆེན་རྔམ་པར་བཞེངས༔ དངོས་གྲུབ་གནས་ལ་འཕྲོག་བྱེད་ཅིང༔ ལོག་པར་སྤྱོད་པའི་དགྲ་དང་བགེགས༔ ཁམས་གསུམ་འདི་ན་ཆེ་བཙན་པ༔ གཟུགས་ནི་མགོ་གསུམ་ལག་པ་དྲུག༔ རྐང་བཞི་ཁྲོ་བོའི་འཇིགས་ཚུལ་ཅན༔ ཡུད་ཙམ་གཅིག་གིས་འདིར་བཀུག་ནས༔ ཕུང་པོ་སྡོང་རྒན་འགྱེལ་བ་བཞིན༔ འཇིགས་བྱེད་ཆེན་པོའི་ཞབས་ཀྱིས་མནན༔ སྐུ་གསུམ་རང་བྱུང་ཁཊྭཱཾ་གས༔ སྲིད་རྩ་སྙིང་གི་གནས་སུ་གཟུག༔ མ་རིག་སྒོ་ལྔའི་སྦུབ་བསྒྲལ་ཏེ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམ་བྱས་ནས༔ ཡན་ལག་ཁྲག་འཐུང་དུར་ཁྲོད་བརྒྱད༔ ཁོག་པ་ཆོས་དབྱིངས་གཞལ་ཡས་ཁང༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ མ་བཅོས་ཁྲོ་བོའི་རྒྱལ་པོར་ཤར༔ ཡེ་ཤེས་སྲས་མཆོག་རིགས་ལྔ་སྟེ༔ སྟོབས་དང་ཕར་ཕྱིན་ཁྲོ་རྒྱལ་བཅུ༔ ཚད་མེད་སྒོ་བ་རྟེན་འབྲེལ་ཆོས༔ གནས་དག་ཕུར་པའི་སྲུང་མ་བཅས༔ སྣོད་བཅུད་སྲིད་པ་ཕུར་བུའི་ཞིང༔ ཁམས་གསུམ་སྐུ་གསུང་ཐུགས་སུ་རྫོགས༔ སྣོད་བཅུད་དཔལ་ཆེན་ཕུར་པའི་ལྷ༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ རྡོ་རྗེའི་གླུ་དང་གར་དུ་རོལ༔ ཨ་ལ་ལ་ཧོ་དགྱེས་པ་ཆེ༔ འདི་ནི་དམ་ཚིག་རྨད་དུ་བྱུང༔ རྡོ་རྗེའི་ཏ་ན་ག་ན་ཧོཿ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཤཱིནྟཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་སྭཱ་ཧཱ༔ ཞེས་གཟུགས་ཕུང་བསལ་ཞིང་ཕྱོགས་མཚམས་སུ་བཀོད༔ ཁོག་པ་གཞལ་ཡས་ཁང་བྲོས་སྦྱངས༔ ཡེ་ཤེས་གདོད་ནས་དག་པའི་ལྷར་གསལ་བ་ལ༔ ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ ཀུན་ཀྱང་དག་པ་ལྷའི་གྲོང་ཁྱེར༔ མ་བཅོས་དོན་གྱི་ལྷ་མཆོག་ལ༔ ཚད་མེད་སྒོ་བཞི་དབྱེ་བས་འཇུག༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ྄༔ ལྷ་དང་སེམས་ལ་བཟང་ངན་བྲལ༔ གཉིས་མེད་རང་སྣང་སྤྱི་དཔལ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ རྡོ་རྗེའི་ལྟ་བའི་ཕྱག་གིས་འདུད༔ ཨ་ལ་ལ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ ཞེས་བརྗོད༔ གང་དུ་དཀྱིལ་འཁོར་བཞེངས་པའི་གཞིར་བ་བྱུང་གིས་བྱུག༔ བདུད་རྩིས་ཆག་ཆག་འདེབས༔ སྟེགས་བུ་གྲུ་བཞིར་བཅད་ལ་ལྷ་གནས་སོ་སོར་སྔགས་བརྗོད་པས་ཚོམ་བུ་བཀོད༔ སྐད་ཅིག་གིས་དཀྱིལ་འཁོར་གསུམ་དུ་བསྐྱེད་ལ་ཡེ་ཤེས་པ་དྲངས་བསྟིམ་ཕྱག་མཆོད་བསྟོད་པའི་ལས་རིམ་ཅུང་ཟད་བྱ༔ སློབ་དཔོན་གྱིས་སྤོས་དང་རྡོར་དྲིལ་ཐོགས་པས༔ ཨོཾ༔ རྡོ་རྗེ་རྒྱལ་པོ་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་ལྷ༔ འབར་བ་དཔལ་ཆེན་རྔམ་པའི་གཟུགས༔ དཀྱིལ་འཁོར་ལྷ་རྣམས་དགོངས་སུ་གསོལ༔ སང་ནི་དམ་ཚིག་ལྷག་པའི་རྟེན༔ རྡོ་རྗེའི་ཕོ་བྲང་འདེབས་འཚལ་གྱིས༔ དགྱེས་པའི་དམ་ཚིག་མ་བསྙེལ་བར༔ ཅི་བདེར་གནང་བ་བསྩལ་དུ་གསོལ༔ ལན་གསུམ་དུ་ཞུ་ཞིང་བར་སྣང་འོད་ཀྱི་དྲ་བར་བཏེགས༔ ཐིག་སྐུད་བྱིན་གྱིས་བརླབ༔ ཡེ་ཤེས་དང་དམ་ཚིག་གི་ཐིག་རྣམས་མ་ནོར་བར་འདེབས༔ རི་མོས་ལེགས་པར་བཅད་ལ་ཚོན་ཡེ་ཤེས་སུ་བྱིན་གྱིས་བརླབས་ཏེ་བཀྱེ༔ ཚད་དང་ལྡན་པའི་བུམ་པ་མགུལ་ཆིངས་ཅན་ལྷ་ཡི་གྲངས་དང་མཉམ་པར་གུ་གུལ་བདུག༔ ཡུངས་ཀར་གྱིས་བྲབ་ལ་ལས་ཀྱི་ཁྲོ་བོའི་ང་རྒྱལ་གྱིས་གཟིར༔ ལྔ་ཚན་ལྔ་དང་བདུད་རྩི་ཆེན་པོའི་བཅུད་དང་ལྡན་པར་བྱ༔ དལ་གྱི་ཕྱོགས་མཚམས་སུ་ལྷ་གནས་བཞིན་བཀོད་ལ༔ དཀྱིལ་འཁོར་དུ་བཀོད་པ་བཞིན་ལྷ་སོ་སོར་བསྐྱེད༔ གཟུངས་ཐག་བཟུང་ལ་སྔགས་རྣམས་ནན་ཏུར་དུ་བཟླ༔ བྱང་ཤར་དུ་བཀོད་པའི་ལས་བུམ་དུའང་ཁྲོ་བོ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་བྱ༔ མཐར་ཐམས་ཅད་འོད་དུ་ཞུ་བར་བསམ་ནས་ནང་མཆོད་འབུལ་དགོས་སོ༔ དེ་དག་ལེགས་པར་གྲུབ་པ་དང༔ སྨིན་པར་སློབ་པའི་རིག་འཛིན་རྣམས་ཁྲུས་བྱ༔ བགེགས་བསལ༔ སྲུང་བས་བཅིང༔ ཐུན་མོང་གི་ཆོས་བཤད་པས་བློ་བཅོས༔ མཎྜལ་དང༔ ཧེ་རུ་ཀ་དཔལ་རིག་འཛིན་ཆེ༔ ཁྲོ་བོ་ཆེན་པོ་བདག་ལ་དགོངས༔ རྡོ་རྗེའི་གདུང་དུ་སྒྲུབ་པའི་ཕྱིར༔ བདག་ཅག་དཀྱིལ་འཁོར་ཆེར་འཇུག་གསོལ༔ ཐེག་པ་ཐུན་མོང་བའི་ཆོས་ཀྱིས་རྒྱུད་སྡོམ་པ་དང་ལྡན་པར་བྱས་ཏེ༔ ལུས་ཀྱི་དྲི་མ་སྦྱང་བའི་ཕྱིར༔ བྱང་ཆུབ་དམ་པའི་སོ་ཤིང་འདི༔ རྡོ་རྗེའི་རིགས་ཀྱི་བུ་ལ་སྦྱིན༔ ཕུང་པོ་རྡོ་རྗེའི་ལུས་སྒྲུབ་ཕྱིར༔ འཆོས་ལ་དཀྱིལ་འཁོར་འདི་རུ་དོར༔ བཛྲ་ཧ་ས་ཧྱེ༔ རྡོ་རྗེ་བཞད་པའི་སྔགས་བཅས་བྱིན་ལ་སྐལ་པ་བརྟགས༔ ངག་གི་དྲི་མ་སྦྱང་བའི་ཕྱིར་ཁྱོར་ཆུ་ལན་གསུམ་གྱིས་ཁ་བཤལ་ནས་ཁྲུས་བྱས་ཏེ༔ རྡོ་རྗེ་ལས་ཀྱི་འབར་བའི་ཆུ༔ སྐལ་པ་ལྡན་པས་བཏུང་ནས་ཀྱང༔ མི་ཤེས་ངག་གི་དྲི་སྦྱངས་ཏེ༔ རྡོ་རྗེའི་ཛཔ་ཏུ་རྟོགས་པར་གྱིས༔ ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱ་པཱྃ་བི་ཤུདྡྷ་ནི་ཙ་སྱ་བི་ཤྭ་དྷ་ཡ་སརྦ་བི་ཀལྤ་མ་ན་ཡ་ཧཱུྃ༔ ཁམས་འཕོ་བའི་སྒྲིབ་པ་བསལ་ཕྱིར་རྡོ་རྗེའི་སྲད་བུ་དཔུང་པར་བཅིང་ལ༔ རྡོ་རྗེ་རང་བྱུང་ཡེ་ཤེས་ཀྱི༔ མི་ཤིགས་འཆིང་བྱེད་སྲད་བུའི་གཟུགས༔ ཁྱོད་ལ་བཅིངས་པས་བར་ཆད་ཐུབ༔ ཡེ་ཤེས་དག་པའི་དེ་ཉིད་སྟོན༔ ལས་ཀྱི་ཁྲོ་བོའི་སྔགས་བརྗོད༔ རྡོ་རྗེ་རྒྱ་གྲམ་དུ་བཞག༔ ལས་ཀྱི་ཆུ་འཐོར་བར་བྱ༔ ཀུ་ཤ་གཙང་མའི་སྔས་སྟན་གཏད་ལ༔ བུ་ཀྱཻ་ཀུ་ཤ་དགེ་བ་འདི༔ ཁྱོད་ལ་གཙང་བྱེད་སྔས་དང་སྟན༔ སྦྱིན་གྱིས་ལེགས་པར་ཉལ་ནས་ཀྱང༔ དཀྱིལ་འཁོར་མཆོག་ཏུ་འཇུག་པར་རུང༔ ཞེས་བྱིན་ལ་རྨི་ལམ་གྱི་ལྟས་བརྟག་ཏུ་གཞུག༔ སྤྲོ་བ་བསྐྱེད་པའི་ཕྱིར༔ ཨེ་མ་ཁྱེད་ཅག་སྐལ་པ་ལྡན༔ འཇིག་རྟེན་ཁམས་ན་ཨུ་དུམ་ཝར༔ སངས་རྒྱས་འབྱུང་བ་ཤིན་ཏུ་དཀའ༔ དེ་བས་རྡོ་རྗེ་ཐེག་འདི་ནི༔ སྐལ་པ་མཆོག་གི་རིགས་ཅན་ལས༔ ནམ་དུ་ཡང་ནི་མི་འབྱུང་ཞིང༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ངེས་པའི་གསང་བ་བླ་མེད་པའི༔ རྙེད་པ་ཆེན་པོ་དེ་རིང་རྙེད༔ འདི་ནི་དབང་པོ་མཆོག་གི་ལམ༔ རྨད་དུ་བྱུང་བའི་ཐབས་མང་ཞིང༔ རིང་པོར་མི་ཐོག་མངོན་འཚང་རྒྱ༔ དཀའ་ཐུབ་གདུང་བ་དང་བྲལ་ཏེ༔ ཟུང་འཇུག་ཡེ་ཤེས་ཚེ་འདིར་བསྐྱེད༔ དེ་ཕྱིར་ཁྱེད་རྣམས་སྤྲོ་དགའ་བསྐྱེད༔ སང་ནི་དཀྱིལ་འཁོར་ཡང་དག་འཇུག༔ བློ་གྲོས་ངེས་པར་སྨིན་པའི་ཚེ༔ རྣལ་འབྱོར་ཟབ་མོར་འཇུག་པར་གྱིས༔ ཞེས་གདམས་པར་བྱ༔ དེ་ནས་ཚོགས་སུ་སྒྲུབ་པ་དངོས་གཞིའི་ལས་རིམ་རྣམས་བྱ་སྟེ༔ ན་མོ༔ བདག་སོགས་འགྲོ་ཀུན་དེང་ནས་བཟུང༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན༔ སྲིད་པའི་རྩ་བ་བདུད་བཞི་བཅོམ༔ བར་ཆད་གདོན་བགེགས་བསྒྲལ་བའི་ཕྱིར༔ དཔལ་ཆེན་ལྷ་ཚོགས་བསྒྲུབ་པར་བགྱི༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་སོགས། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་ཕུར་བུ་སྒྲུབ་པའི་ཕྱིར༔ སྔོན་གྱི་ཞལ་བཞེས་མ་བསྙེལ་བར༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཡེ་ཤེས་ཁྲོ་རྒྱལ་འཁོར་དང་བཅས༔ འཁོར་བ་རྡོ་རྗེར་སྒྲུབ་པའི་ཕྱིར༔ ནམ་མཁའ་ཁྱབ་པའི་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཚེ་ཁས་བླངས་དམ་བཅས་བཞིན༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ནམ་མཁའ་གང་བའི་ལྷ་ཚོགས་རྣམས༔ སྐུ་ཡིས་གར་སྟབས་སྣ་ཚོགས་བསྒྱུར༔ རྡོ་རྗེའི་གླུ་བྲོ་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ གསུང་ནི་སྔགས་སྒྲ་འབྲུག་ལྟར་སྒྲོགས༔ དགོད་གཤེ་དྲག་ཤུལ་རོལ་པ་ཡིས༔ ས་གསུམ་འཇིགས་པའི་ང་རོ་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཐུགས་ནི་ཡེ་ཤེས་རྔམས་པའི་དཔལ༔ སྙིང་རྗེ་ཞི་དང་ཁྲོ་བོ་ཡི༔ རིག་རྩལ་དགོངས་པའི་གདེངས་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་མ་ལུས་པའི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨ༔ ཧྲཱིཾ་ཧྲཱིཾཿ ཕེཾ་ཕེཾ༔ ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ དངོས་གཞིའི་ལྷ་བསྐྱེད་པའི་མངོན་རྟོགས་ནི་བསྙེན་པའི་སྐབས་ལྟར་བྱ༔ ཡན་ལག་སྤྱན་འདྲེན་ལ་སོགས་པ་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ རང་བྱུང་ཡེ་ཤེས་ཧེ་རུ་ཀ༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ ཐབས་ཀྱི་སྤྱོད་པས་གང་འདུལ་དུ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཡེ་ཤེས་ཁྲོ་བོ་ཆེན་པོ་ནི༔ འཁོར་གྱི་དཔལ་ཆེན་ཁྲོ་རྒྱལ་བཅུ༔ སྲས་དང་སྤྲུལ་པ་བཀའ་སྡོད་བཅས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ གནས་འདི་ཉིད་དུ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛཿཛཿ ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ་ཧྲཱིཿ འབར་བའི་ང་རྒྱལ་ཆེན་པོ་ཡིས༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔ དམ་ཉམས་སྙིང་ཁྲག་མཆོད་ཡོན་དང༔ མྱོས་བྱེད་དུག་ཆུའི་ཞབས་བསིལ་འཁྲུགས༔ དབང་པོ་ལྔ་ཡི་མེ་ཏོག་དང༔ ཚིལ་ཆེན་དུད་པ་འཁྲིགས་པའི་སྤོས༔ ཞུན་གྱི་མར་མེ་མདངས་གསལ་ཞིང༔ མཁྲིས་སྣ་ཁྲག་ཞག་བྱུག་པའི་རྩི༔ ཤ་རུས་དོན་སྣོད་མཾ་སའི་ཟས༔ ཐོད་རྔ་མི་རྐང་གླིང་བུ་སོགས༔ རུ་ཏྲ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཁྲག་འཐུང་རྡོ་རྗེའི་ལྷ་ཚོགས་བསྐང༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རུ་ཏྲ་པཱུ་ཛ་ས་མ་ཡ་ཧོཿ ཧཱུྃ༔ རང་བྱུང་པདྨ་བྷཉྫའི་སྣོད༔ བདེ་ཆེན་རྡོ་རྗེའི་སྦྱོར་བ་ལས༔ འབར་བ་དཀྱིལ་འཁོར་དགུའི་བྱང་སེམས༔ ཡེ་ཤེས་ཀློང་དགུའི་ཕྱག་རྒྱའི་སྤྲིན༔ རང་བཞིན་ལྷུན་རྫོགས་མཆོད་པ་ཆེ༔ བདུད་རྩི་ར་ས་ཡ་ནའི་དངོས༔ བླ་མེད་དམ་ཚིག་རྫས་ཀྱིས་མཆོད༔ ཨོཾ་ཨ་མྲྀ་ཏ་ཁཱ་ཧི༔ ཧཱུྃ་ཧྲཱིཿ རྡོ་རྗེའི་ཕུང་ཁམས་ཐམས་ཅད་ཀྱང༔ འདོད་ཡོན་རྨད་བྱུང་གཏོར་མར་ཤར༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་ཆེ༔ ལྷུན་གྱིས་གྲུབ་པའི་བ་ལིཾ་ཏ༔ སྣང་སྲིད་མ་ལུས་ལྷུན་རྫོགས་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གདུག་པའི་སྙིང་གི་ཁྲག་རྒྱུན་དང༔ གཱིརྟིའི་རང་བྱུང་གསང་བའི་ཁྲག༔ ཁམས་གསུམ་ཆགས་པའི་བཅུད་ཆེན་པོ༔ དམར་ནག་ལྦུ་ཕྲེང་འཁྲུགས་པའི་མཚོ༔ འབར་བ་གཏུམ་ཆེན་རྔམ་པ་ལ༔ གཉིས་མེད་རོལ་པས་དགྱེས་དགུར་བཞེས༔ མ་ཧཱ་རཀྟ་ཁཱ་ཧི༔ ཁམས་གསུམ་མ་ཧཱ་རུ་ཏྲའི་ཚོགས༔ ཀུན་ཏུ་ཁྲོས་པས་བསྒྲལ་བ་ལས༔ ཤ་ཆེན་བརྩེགས་པའི་རི་རབ་དང༔ རུས་ཆེན་བསྒྲལ་བའི་གྲམ་བུར་སྤུངས༔ དམར་ནག་ཁྲག་གི་རྒྱ་མཚོར་འབུལ༔ དུག་གསུམ་དག་པའི་དངོས་གྲུབ་སྩོལ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ འབར་བ་ཁྲོ་མོའི་ཨེ་ཀློང་དུ༔ གཏུམ་ཆེན་ཁྲོ་བོའི་རྡོ་རྗེས་བརྡུང༔ བར་དུ་གཅོད་ན་ལྷ་ཡང་རུང༔ བསྒྲལ་བའི་ལས་ཀྱི་མཆོད་པ་འབུལ༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཧ་ཧ་ཧ༔ ཧཱུྃ་ཧྲཱིཿ བསྐལ་པ་མེ་ལྟར་འབར་བའི་ཀློང༔ རང་བྱུང་དུར་ཁྲོད་ཆེན་པོའི་དབུས༔ དཔལ་ཆེན་འབར་བ་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུར་ཕྱག་འཚལ་བསྟོད༔ འཇིགས་རུང་སྐུ་ནི་གར་དགུའི་སྒེག༔ མཐིང་ནག་བཻཌཱུའི་ལྷུན་པོ་བཞིན༔ ཉི་མ་འབུམ་གྱི་གཟི་བརྗིད་ཀྱིས༔ ཁམས་གསུམ་ཟིལ་གྱིས་གནོན་ལ་བསྟོད༔ རབ་འཇིགས་རྡོ་རྗེའི་གད་མོ་ཆེས༔ གདུག་པ་ཅན་རྣམས་སྲོག་རྩ་འདར༔ དགོད་གཤེ་དྲག་ཤུལ་རོལ་པ་ཆེའི༔ ཧཱུྃ་ཕཊ྄་གད་རྒྱངས་སྒྲོགས་ལ་བསྟོད༔ མི་གཡོ་ཐུགས་ནི་རབ་ཏུ་ཞི༔ སྙིང་རྗེ་རྔམས་པའི་གདུང་བ་ཆེས༔ བདུད་དང་རུ་ཏྲ་གདུལ་དཀའ་འདུལ༔ རྡོ་རྗེ་སྲིན་པོའི་ཚུལ་ལ་བསྟོད༔ ཡོན་ཏན་བསམ་ཡས་ཆོ་འཕྲུལ་གྱིས༔ འཕགས་པའི་རྣམ་ཐར་མ་ལུས་རྫོགས༔ མི་སློབ་འབྲས་བུའི་དེ་ཉིད་ཀྱི༔ གསང་བ་རྒྱན་གྱི་འཁོར་ལོར་བསྟོད༔ མཁའ་ཁྱབ་འགྲོ་བ་ཀུན་འདུལ་བའི༔ ཕྲིན་ལས་དཔག་ཡས་གང་འདུལ་སྟོན༔ སྲིད་ཞིའི་རྒྱན་དུ་རྫོགས་པའི་ལྷ༔ གཉིས་མེད་མཉམ་པའི་ངང་དུ་བསྟོད༔ དངོས་གཅིག་ཐིག་ལེ་ཆེན་པོའི་གཟུགས༔ རབ་འབྱམས་གཙོ་དང་འཁོར་གྱི་ཚུལ༔ བསམ་ཡས་བཀོད་པའི་ཆོ་འཕྲུལ་ཅན༔ མ་ལུས་ཀུན་ལ་གུས་པས་བསྟོད༔ དེ་ནས་བསྙེན་བསྒྲུབ་ལས་སྦྱོར་གྱི་སྔགས་རྣམས་བཟླས་པའི་སྐབས་སུ་འབྱུང་བ་ལྟར་བྱ༔ རྗེས་སུ་ཚོགས་ཀྱི་འཁོར་ལོ་བྱ་དགོས་པས༔ རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐབས་ཤེས་ཀྱི་རྫས་བཟའ་བཅའ་བཏུང་བ་བཟང་ལ་གྱ་ནོམ་པ་བཤམས༔ ཞིང་ངམ་གཅན་གཟན་གྱི་པགས་པ་བཏིང༔ གདོང་ཐལ་ཆེན་དང་རཀྟས་བྱུག༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཏེ་བྱིན་གྱིས་བརླབ་པ་ནི༔ རྃ་ཡྃ་ཁྃ༔ ཆོས་ཀུན་སྒྱུ་མ་ལྟ་བུ་ཡི༔ རིག་པའི་ཡི་གེ་རྃ་ཡྃ་ཁྃ༔ སྟོང་གསལ་རྣམ་པར་མི་རྟོག་པའི༔ རང་བཞིན་དཔལ་གྱི་ཐུགས་ལས་སྤྲོས༔ ཚོགས་ཀྱི་རྫས་ཀུན་བསྲེགས་གཏོར་བཀྲུས༔ རླུང་མེ་ཐོད་སྒྱེད་གསུམ་གྱི་སྟེང༔ ཨ་ལས་ཡེ་ཤེས་ཀ་པཱ་ལར༔ ངོ་བོ་ཡེ་ཤེས་ལྔའི་རང་བཞིན༔ རྣམ་པ་ཤ་ལྔ་བདུད་རྩི་ལྔ༔ བྱེད་ལས་ཟག་མེད་བདེ་སྐྱེད་པའི༔ རང་བཞིན་བླ་མེད་དམ་ཚིག་རྫས༔ འབྲུ་གསུམ་ལས་བྱུང་ཁ་དོག་དང༔ དྲི་རོ་མཆོག་ལྡན་ཟེགས་མ་ལས༔ འདོད་ཡོན་དཔག་མེད་འཆར་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་མགྲོན་སྤྱན་འདྲེན་པ་ནི༔ ཅང་ཏེའུ་དང་དྲིལ་བུ་བཅས་པས༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་རོལ་པའི་སྲས་མཆོག་དང༔ ཁྲོ་བཅུ་ཡབ་ཡུམ་ཕྱག་བརྙན་བཅས༔ ཕྲིན་ལས་སྒོ་མ་ཕུར་སྐྱོང་རྣམས༔ ཧེ་རུ་ཀ་ཡི་འདུ་བར་སྤྱོན༔ ཚོགས་ཁང་རང་སྣང་རྒྱན་གྱི་ཞིང༔ རྣལ་འབྱོར་ཕོ་མོ་རིག་པ་འཛིན༔ སྣང་སྲིད་རྣམ་དག་བརྡལ་བ་ཆེ༔ རྒྱ་ཆད་ཕྱོགས་ལྷུང་མ་དམིགས་པའི༔ གནས་འདིར་དཔལ་གྱི་ཐ་ཚིག་དགོངས༔ དཀྱིལ་འཁོར་ཆེན་པོར་བྱིན་གྱིས་རློབས༔ དམ་རྫས་བདུད་རྩིའི་ཕུད་ཆེན་པོར༔ དངོས་གྲུབ་གནས་སུ་མཛད་དུ་གསོལ༔ ཤྲཱི་ཧེ་རུ་ཀ་ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛཿཛཿ ཕུད་དང་པོ་ནི༔ ཧཱུྃ༔ རྡོ་རྗེའི་དམ་ཚིག་བླ་ན་མེད༔ གཙང་དམེ་བྲལ་བའི་རྫས་ཀྱི་མཆོག༔ གཉིས་འཛིན་དག་པས་འབུལ་ལགས་ན༔ དགྱེས་དགུར་རོལ་ལ་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ ཕུད་བར་པ་ནི༔ ཧོཿ ཐོག་མེད་དུས་ནས་ད་ལྟའི་བར༔ འགལ་འཁྲུལ་ནོངས་པ་མཆིས་སོ་ཅོག༔ མི་འཆབ་གནོང་ཞིང་འགྱོད་སེམས་ཀྱིས༔ ཡེ་ཤེས་ཆེན་པོའི་རྫས་ཀྱིས་བཤགས༔ ས་མ་ཡ་ཤུདྡྷེ་ཨཿ ཕུད་ཆ་གསུམ་པ་བསྒྲལ་བའི་སྐབས་བཞིན་གདབ་སྟེ་ཤ་ཁྲག་སྟོབ་པ་ནི༔ ཧཱུྃ༔ ཁམས་གསུམ་གདུག་ཅན་བསྒྲལ་བ་ཡི༔ དུག་གསུམ་ཤ་ཁྲག་རུས་པ་ཀུན༔ ཁྲག་འཐུང་རྡོ་རྗེའི་ལྷ་ལ་འབུལ༔ འཁོར་བ་རྡོ་རྗེར་སྒྲུབ་མཛོད་ཅིག༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི༔ ལྷག་མའི་ཚོགས་བསྡུས་ཏེ་མི་ལྤགས་སྟེང་བཤམས་ལ༔ ཧཱུྃ་བྷྱོ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ དཀྱིལ་འཁོར་ཆེན་པོའི་མུ་རན་སྐྱོང༔ ཕུར་པའི་སྲུང་མར་ཞལ་བཞེས་པ༔ མཁའ་འགྲོ་གིང་ལང་དབང་ཕྱུག་ཆེ༔ མ་སྲིང་ཤ་ཟ་ཕྲ་མེན་མ༔ ཤུགས་འགྲོ་གནས་ཉུལ་ཆེན་མོ་རྣམས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་ཧོཿ རྗེས་ལ་རྡོ་རྗེའི་གླུ་གར་བྱ༔ ཧེ་རུ་ཀའི་རིགས་གཅིག་ཏུ་སྨོན་ལམ་འདེབས༔ རྗེས་ཀྱི་ལས་རིམ་གྱི་དང་པོ་གཏོར་མ་འབུལ་བའི་སྔ་རོལ་དུ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་སྤྲོས་པ་ཀུན་བྲལ་ཡང༔ མ་འགག་བདེ་ཆེན་སྒྱུ་མར་རོལ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཁྲོ་བཅུ་ཕྲ་ཕྱག་སྒོ་མའི་ཚོགས༔ ལས་ལ་བཞེངས་ཤིག་ས་མ་ཡ༔ ད་དུས་སྙིགས་མ་ལྔ་བདོ་བས༔ བདུད་དང་བར་ཆད་འབྱུང་པོས་འཚེ༔ བྱང་ཆུབ་སྒྲུབ་པའི་གེགས་གྱུར་ཀུན༔ དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཁྱེད་རྣམས་སྟོབས་བཅུ་མཐར་སོན་པས༔ འདོད་པའི་ལས་ལ་ཐོགས་པ་མེད༔ མ་གཡེལ་ཐུགས་དམ་རྩལ་སྤྲུགས་ལ༔ ཡེ་ཤེས་དགོངས་པའི་མཐུ་རྩལ་བསྐྱེད༔ འགལ་རྐྱེན་མི་མཐུན་ཀུན་ཞི་ཞིང༔ ཚེ་དཔལ་ལུང་རྟོགས་ཡེ་ཤེས་བསྐྱེད༔ སྣང་སྲིད་དབང་དུ་འདུས་པ་དང༔ ཁམས་གསུམ་སྙིང་རྗེས་སྒྲོལ་བར་མཛོད༔ དེ་ནས་བཀའ་སྲུང་ཆད་ཐོའི་གཏོར་མ་འབུལ་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀས༔ ཆོས་ཉིད་བྱ་རྩོལ་བྲལ་བའི་རྒྱུད༔ རིག་མཆོག་འབུམ་ཕྲག་བསྟན་པའི་ཚེ༔ ཞལ་བཞེས་རིག་རྩལ་ཕོ་ཉའི་ཚོགས༔ ཐ་ཚིགས་མ་བསྙེལ་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ བྲམ་ཟེ་པྲ་བྷ་ཧསྟི་ཆེར༔ མཆོད་རྟེན་བདེ་བྱེད་བརྩེགས་པ་རུ༔ མཁའ་གྲོ་ལས་ཀྱི་དབང་མོ་ཆེས༔ ཕྲ་མེན་གཡུ་སྒྲོམ་གཏད་པའི་ཚེ༔ བཀའ་སྲུང་ཞལ་བཞེས་སྲུང་མ་རྣམས༔ གཏོར་མ་ལོངས་ལ་ཕྲིན་ལས་མཛོད༔ དེ་རྗེས་བསྐལ་པའི་དུས་གཉན་ལ༔ པཎ་ཆེན་བི་མ་ལ་མི་ཏྲས༔ སྣང་སྲིད་ཕུར་བུའི་ཞིང་ཆེན་དུ༔ བསྒྱུར་ནས་གཉགས་ཆེན་ལོ་ཙཱ་བར༔ རྒྱུད་ལུང་མན་ངག་ཀུན་བསྟན་ཚེ༔ བཀའ་གཏེར་སྲུང་མར་ཞལ་བཞེས་ཀུན༔ ཐོགས་པ་མེད་པའི་ཕྲིན་ལས་མཛོད༔ གཞན་ཡང་གྲུབ་པའི་རིག་པ་འཛིན༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་སོགས༔ ཕུར་བུའི་རིག་འཛིན་ཆེ་རྣམས་ཀྱི༔ སྤྱན་སྔར་ཁས་བླངས་བཀའ་སྲུང་ཚོགས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ མ་ལུས་ཕྲིན་ལས་མྱུར་དུ་མཛོད༔ ཐ་མ་ལས་ཅན་དག་པའི་ངོར༔ གར་གྱི་དབང་ཕྱུག་ཧེ་རུ་ཀ༔ ཀློང་ཆེན་ནམ་མཁའ་འོད་གསལ་ལ༔ སྔོན་གྱི་སྨོན་ལམ་དུས་བབ་པས༔ བཀའ་སྲུང་ཡེ་ཤེས་མགོན་པོ་ཆེས༔ ཤོག་སེར་དངོས་སུ་གཏད་ནས་ཀྱང༔ རྡོ་རྗེ་ཕུར་པའི་སྨིན་གྲོལ་གྱི༔ བཀའ་བབ་དབང་བསྐུར་ཐོབ་པའི་ཚེ༔ ཞལ་བཞེས་ཆོས་སྲུང་རྒྱ་མཚོ་ཡིས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མ་ལུས་མཛོད༔ དེ་ནས་བརྟན་མ་མཆོད་པ་ནི༔ ཧཱུྃ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ རླངས་ཆེན་དཔལ་སེང་ལ་སོགས་པས༔ ཞིང་ཆེན་བརྡལ་བའི་ཁྲི་སྟེང་དུ༔ ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང༔ དཔལ་གྱི་ཕོ་ཉར་མངའ་གསོལ་བའི༔ བདུད་དང་གནོད་སྦྱིན་སྨན་མོ་ཆེའི༔ བུ་མོ་བརྟན་མ་བཅུ་གཉིས་རྣམས༔ གངས་རི་ཅན་གྱི་ཡུལ་ལྷ་སྟེ༔ རྣལ་འབྱོར་སྐྱོང་བའི་མ་མོ་མཆོག༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ གསང་སྔགས་བསྟན་པ་སྐྱོང་བ་དང༔ མུ་སྟེགས་ཀླ་ཀློའི་རྒྱུ་འགྲུལ་སྲུངས༔ མཐའ་བཞི་དམག་གི་སོ་ཁ་གྱིས༔ བཅོལ་བའི་ལས་ཀུན་གྲུབ་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་པཱུ་ཛ་ཧོཿ ལས་གཞུག་བྲོ་ཡིས་བསྡུ་བ་ནི༔ ཧཱུྃ༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷ༔ ཞལ་ནས་ཀཱི་ལི་ཛཔ་བཟླ་ཞིང༔ སྐུ་ནི་ཅིར་ཡང་འགྱུར་བ་ཆེ༔ ཁམས་གསུམ་ཨེ་ཡི་ད་ལར་རྫོགས༔ བདག་ལྟའི་དམ་སྲི་སྒབ་འདྲེ་རྣམས༔ མནན་ནོ་རི་རབ་འོག་ཏུ་གཟིར༔ ཞབས་གཉིས་རྡོ་རྗེའི་བྲོ་ཆེན་པོས༔ ཕོ་ཉ་སྤྲིན་ལྟར་གཏིབས་པ་ཀུན༔ འབར་བ་ཆེན་པོའི་གླུ་དང་བྲོ༔ ཅིར་ཡང་བསྒྱུར་བས་སྟྭམྦྷ་ཡ༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སྟྭམྦྷ་ཡ་ནན༔ ལྷ་ཡི་དཀྱིལ་འཁོར་དུ་བསྒོམས་པ་ཐམས་ཅད་སྣང་སྲིད་མ་ལུས་པ་གཞལ་ཡས་ཁང༔ དེ་འཁོར༔ གཙོ་བོ༔ ཡེ་ཤེས་སེམས་དཔའ༔ ཐུགས་སྲོག་ས་བོན་ཧཱུྃ་གི་བར་བསྡུས་ཏེ་དབྱིངས་སུ་མཉམ་པར་བཞག༔ སླར་ཡང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ལྡང་སྟེ་གནས་སྲུང་གོ་བགོ་བར་བྱའོ༔ དེ་ལྟ་བུས་ལོ༔ ཟླ་བའི་བར་བརྩོན་པས་དཀྱིལ་འཁོར་གྱི་ལྷ་ཡི་ཞལ་མཐོང༔ གསུང་ཐོས༔ ལུང་སྟོན༔ དབང་བསྐུར༔ ཡེ་ཤེས་ཀྱི་དགོངས་པས་བྱིན་གྱིས་རློབ༔ ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་སྨིན་པའི་གདེང་ཚད་མངོན་དུ་འགྱུར༔ ཁྱད་པར་ལྟ་དགོངས་ཀྱི་དྲོད་ཐོབ་པས་རྫོགས་པའི་རིམ་པ་ལ་འཇུག་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ༔ དེ་ནས་གྲུབ་པའི་མཚན་མ་བྱུང་ན་དུས་དང་རྒྱུན་གྱི་སིདྡྷི་ཡང་བླང་དགོས་ཏེ་རྒྱུད་ལས༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཞེས་གསུངས་པས་སྲོད་ལ་ཕྱག་རྒྱ་དང་སྦྱོར་བས་སཱུརྻའི་ཟིལ་པ་བླང་སྟེ་རླུང་སེམས་དབང་དུ་བྱ༔ ནམ་གུང་སྙིང་རྗེ་འབར་བའི་དྲག་ཤུལ་གྱིས་དགྲ་བོའི་ཚེ་བསོད་ཀྱི་བཅུད་བསྡུས་ནས་རྣམ་ཤེས་སྤར༔ ཐོ་རེངས་ལྷ་རྣམས་ཐུགས་དམ་བསྐུལ་བའི་ཛཔ་བཟླས་དང་བཅས་ཏེ༔ ཧཱུྃ༔ དཔལ་ཆེན་འབར་བ་ཀཱི་ལ་ཡ༔ སངས་རྒྱས་ཀུན་དང་གཉིས་སུ་མེད༔ བདེ་ཆེན་ཡུམ་དང་མཉམ་པར་སྦྱོར༔ སྤྲུལ་པའི་དཀྱིལ་འཁོར་བསམ་ཡས་སྟོན༔ ཀུན་ཀྱང་ཐུགས་དམ་རྗེས་སུ་དགོངས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ སྒྲུབ་པའི་དམ་ཚིག་ད་ནངས་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྣང་སྟོང་ཡེ་ཤེས་རྡོ་རྗེའི་སྐུས༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྡོ་རྗེ་གསུང་གི་དཀྱིལ་འཁོར་ནས༔ ཟབ་རྒྱས་གསང་བའི་དངོས་གྲུབ་སྩོལ༔ མི་ཤིགས་ཐུགས་ཀྱི་དགོངས་པ་ཡིས༔ སྲིད་ཞིའི་དཔལ་གྱུར་དངོས་གྲུབ་སྩོལ༔ མདོར་ན་མཆོག་དང་ཐུན་མོང་གི༔ གྲུབ་པ་མ་ལུས་བསྩལ་དུ་གསོལ༔ སྒྲུབ་པའི་རྫས་རྣམས་གནས་གསུམ་དུ་གཏུག༔ འོད་ཟེར་གྱིས་དབང་བསྐུར་བར་བསམ་མོ༔ དེ་ལྟར་གྲུབ་པའི་རྗེས་སུ་ཚོགས་ཀྱི་འཁོར་ལོ་སོགས་མཆོད་པ་རྣམས་རྒྱ་ཆེར་བྱ༔ བསྔོ་བ་དང༔ ཤིས་པ་རྒྱ་ཆེར་བརྗོད་པས་ཀྱང་དགེ་ལེགས་སུ་བྱ་དགོས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ྀཨཐི༔ བསྐྱེད་རིམ་སྲིད་པ་ཕུར་བུའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས་བཏུས་ཏེ་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་རྡོ་རྗེ་ཟླ་ཤར་རྩལ་ལ་ལྷོ་བྲག་མཁར་ཆུའི་དབེན་གནས་སུ་གཏད་པ་༔༔༔༔བརྡ་ཡིགས༔༔༔༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔའི་བྱེ་བྲག་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རི་ཞོལ་གྱི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་མངོན་སུམ་དུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་རྡོ་རྗེ་ཕུར་བུའི་དབལ་གྱི་རྩེར་བརྗིད་པའི་སྒྲུབ་གནས་རྡོ་རྗེ་ཨེ་རྫོང་དུ་དག་པར་ཕབ་པ་ཀསྨིརི་པཎྜི་ཏ་བི་མ་ལས་སྙན་བརྒྱུད་དུ་གདམས་པའོ། །།}} | ||
</onlyinclude> | </onlyinclude> |
Revision as of 13:00, 12 December 2022
Wylie title | snyan brgyud snying gi gsang mdzod las: yi dam rdo rje gzhon nu'i bskyed rim srid pa phur bu'i sgrub thabs | |
---|---|---|
Location | dil mgo mkhyen brtse bka' 'bum Volume 20, Text 8, Pages 157-177 (Folios 1a to 21a5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Snyan brgyud snying gi gsang mdzod las yi dam rdo rje gzhon nu'i bskyed rim srid pa phur bu'i sgrub thabs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 157-177. Delhi: Shechen Publications, 1994. | |
Genre | Root Treasure - gter gzhung · Sadhanas - Evocation Ritual - sgrub thabs | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rdo rje phur pa | |
Colophon |
བསྐྱེད་རིམ་སྲིད་པ་ཕུར་བུའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས་བཏུས་ཏེ་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་རྡོ་རྗེ་ཟླ་ཤར་རྩལ་ལ་ལྷོ་བྲག་མཁར་ཆུའི་དབེན་གནས་སུ་གཏད་པ་༔༔༔༔བརྡ་ཡིགས༔༔༔༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔའི་བྱེ་བྲག་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རི་ཞོལ་གྱི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་མངོན་སུམ་དུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་རྡོ་རྗེ་ཕུར་བུའི་དབལ་གྱི་རྩེར་བརྗིད་པའི་སྒྲུབ་གནས་རྡོ་རྗེ་ཨེ་རྫོང་དུ་དག་པར་ཕབ་པ་ཀསྨིརི་པཎྜི་ཏ་བི་མ་ལས་སྙན་བརྒྱུད་དུ་གདམས་པའོ། | |
bskyed rim srid pa phur bu'i sgrub thabs slob dpon chen po bi ma la mi tras rdo rje khros pa rtsa ba'i rgyud las btus te bod kyi lo tsA ba gnyags dz+nyA na ku mA ra rdo rje zla shar rtsal la lho brag mkhar chu'i dben gnas su gtad pa ::::brda yigs::::__ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga'i bye brag sku yi gsung gi gnas mchog 'og min karma'i ri zhol gyi gan+d+ho la chen po nas bka' srung ye shes kyi mgon pos mngon sum du gtad pa'i shog ser las khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pas rdo rje phur bu'i dbal gyi rtser brjid pa'i sgrub gnas rdo rje e rdzong du dag par phab pa kasmiri paN+Di ta bi ma las snyan brgyud du gdams pa'o/ |