DKR-KABUM-20-WA-010: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 13: Line 13:
|sourceauthor=
|sourceauthor=
|sourceauthortib=
|sourceauthortib=
|associatedpeople=
|associatedpeople=gnyags dz+nyA na ku mA ra
|associatedpeopletib=
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་
|tibgenre=Longevity Rituals - tshe sgrub
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|dkroutline=Six
|dkroutline=Six
|language=Tibetan
|deity=rdo rje phur pa
|deity=tshe dpag med
|cycle=snyan brgyud snying gi gsang mdzod
|cycle=snyan brgyud snying gi gsang mdzod
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་
Line 30: Line 29:
|beginfolioline=1a
|beginfolioline=1a
|rectonotes=
|rectonotes=
|versonotes=gnyags lugs rdor sems
|versonotes=gnyags lugs phur pa
|textnuminvol=010
|textnuminvol=010
|pdflink=File:DKR-KABUM-20-WA-010.pdf
|pdflink=File:DKR-KABUM-20-WA-010.pdf

Revision as of 11:59, 12 December 2022

Wylie title ' DKR-KABUM-20-WA-010.pdf
Location dil mgo mkhyen brtse bka' 'bum
Volume 20, Text 10, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
[edit]
༁ོཾ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ མཚན་མ་རྫས་ཀྱི་ཕུར་བུའི་སྒྲུབ་ཐབས་བཞུགས༔

གཉགས་ལོ་ཙཱ་བའི་ལུགས་སོ།


༁ྃ༔ བརྡ་ཡིག ༔ ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ རྡོ་རྗེའི་ཕུར་བུའི་ཕྲིན་ལས་མཐར་ཐུག་པ་ནི་སྒྲོལ་བ་སྟེ༔ ཞེ་གནག་ཅིང་གདུག་རྩུབ་དང་ལྡན་པའི་སྔགས་པས་ལས་དེ་ཀ་ལ་བརྩོན་པར་བྱ་སྟེ༔ རྒྱུད་ལས༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ ཞེས་པ་སྟེ༔ གང་བསྒྲལ་བྱའི་གདུལ་བྱ་ནི་སངས་རྒྱས་ཀྱི་བསྟན་པ་བཤིག་པ་སོགས་ཞིང་བཅུ༔ ཕ་མ་མཁན་སློབ་གསོད་ཅིང་རྡོ་རྗེའི་སྤུན་གྱི་ནང་དམེ་སོགས་ཉམས་པ་བདུན་དང་ལྡན་པའི་གདུག་པ་ཅན་ཞི་བས་མི་ཐུལ་བའི་རིགས་ལ༔ གང་གིས་སྒྲོལ་བའི་རྣལ་འབྱོར་པ་བསྙེན་སྒྲུབ་ཀྱི་དྲོད་ཐོབ་ཅིང་རྫོང་འཕྲང་སྲོག་གི་གནད་ལ་མཁས་པས༔ ཐབས་ལྷ་སྔགས་ཏིང་འཛིན་གསུམ་གྱིས་གཟིར་བས༔ བསྒྲལ་བའི་ལས་ལ་ཞུགས་ན་རང་གི་ནུས་པ་ཚད་དུ་ཐོན་ཅིང༔ ས་ལམ་གྱི་བར་ཆད་སེལ༔ ལྟ་དགོངས་ལ་ངར་ཐོན༔ གཞན་དོན་དུ་སངས་རྒྱས་ཀྱི་བསྟན་པ་རྒྱས་ཤིང༔ གདུག་པ་ཅན་ཐར་ལམ་ལ་འགོད་པར་འགྱུར་བས༔ ཐེག་པ་ཆེན་པོའི་དཔའ་བོས་ཡལ་བར་དོར་ན་བློ་ཆུང་བའི་སྐྱོན་དང༔ ཉེས་པ་ཡུན་རིང་དུ་བསྐྱེད་པས་ན་རྡོ་རྗེ་ཕུར་བུ་སྒྲུབ་པའི་གང་ཟག་གིས་བརྩོན་པར་བྱ་བའི་གནས་ནི་དྲག་པོའི་ལས་ཡིན་ནོ༔ ས་མ་ཡ༔ བརྡ་ཡིག ༔ དེའི་སྔོན་དུ་ཡང་སྒྲོལ་བའི་ལས་ཀྱི་རྗེས་སུ་གནང་བ་ཐོབ་དགོས་པས་གདུག་རྩུབ་ཅན་གྱི་སློབ་མ་ལ་ཁྱད་པར་དུ་དབང་བསྐུར་ཏེ༔ རྒྱུད་ལས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ ལུས་ངག་ཕྱེ་མར་བརླག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཅེས་གསུངས༔ དེས་ན་ཐོག་མར་གསོལ་བ་གདབ་པ་ནི༔ ཨེ་མ་ཁྲག་འཐུང་དཔའ་བོ་ཆེ༔ བདག་ཅག་རྡོ་རྗེའི་རིགས་སྒྲུབ་ཕྱིར༔ དྲག་ཤུལ་རོལ་པའི་ཕྲིན་ལས་དབང༔ དེང་འདིར་མངོན་པར་བསྐུར་དུ་གསོལ༔ ལན་གསུམ༔ རྒྱུད་སྦྱང་བ་དང༔ སྡོམ་བཟུང༔ སྲས་སུ་སྐྲུན་པ༔ བྱིན་དབབ་བརྟན་བཅས་སྔ་མའི་སྐབས་བཞིན་བྱ༔ དེ་ནས་ཐོག་མར་ནུས་པ་འཇུག་པ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རླབས་པས་རྗེས་སུ་བཟུང་བ་ནི༔ ཧཱུྃ༔ དབུས་ཕྱོགས་གྲུ་གསུམ་གཞལ་ཡས་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྦྱོར༔ སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་བཅས༔ སྤྲུལ་པ་ཁྲོ་བཅུ་སྲས་མཆོག་སྤྲོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ཆེན་པོ་དང་གཉིས་མེད་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་མཛད་ཧཱུྃ༔ ཡུམ་ནི་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྟེང་གདོན་འདུལ་བའི་དབང་ཐོབ་ཤོག༔ རང་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ ཡུམ་ནི་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲི་ཟ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས་སྦྱར་འགྲེ༔ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ ཡུམ་ནི་རྡོ་རྗེ་དུར་ཁྲོད་བདག༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཤིན་རྗེ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས༔ ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང༔ ཡུམ་ནི་རྡོ་རྗེ་གཏུམ་མོ་མ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀླུ་གདོན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས༔ ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཡུམ་ནི་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝཾ་མགོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གནོད་སྦྱིན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས༔ ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་དབྱུག་པ་སྔོན༔ ཡུམ་ནི་རྡོ་རྗེ་སྡེར་མོ་མ༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལྷ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས༔ ཧཱུྃ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ ཡུམ་ནི་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁ་ཏྭའི་མགོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྲིན་པོ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས༔ ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༔ ཡུམ་ནི་རྡོ་རྗེ་སྙེམས་མ་དམར༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རླུང་ལྷ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས༔ ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ ཡུམ་ནི་རྡོ་རྗེ་གསོད་བྱེད་མ༔ སྤྲུལ་པ་དོམ་དང་སྲེ་མོང་མགོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་ལྡན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས༔ ཧཱུྃ༔ འོག་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་པོ༔ ཡུམ་ནི་རྡོ་རྗེ་སྐྱོད་བྱེད་མ༔ སྤྲུལ་པ་དྲེད་དང་བྱི་བའི་མགོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ས་བདག་འདུལ་བའི་མཐུ་ཐོབ་ཤོག༔ སྔགས༔ ཧཱུྃ༔ མདུན་ཕྱོགས་ཟླ་གམ་གདན་སྟེང་ནས༔ ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་མེད་ཁམས་འདུལ་དབང་ཐོབ་ཤོག༔ སྔགས༔ ཧཱུྃ༔ གཡས་ཕྱོགས་ཟླ་གམ་གདན་སྟེང་ནས༔ སྐུ་ཡི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་ཁམས་འདུལ་བའི་དབང་ཐོབ་ཤོག༔ སྔགས༔ ཧཱུྃ༔ གཡོན་ཕྱོགས་ཟླ་གམ་གདན་སྟེང་ནས༔ གསུང་གི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་ཁམས་འདུལ་བའི་དབང་ཐོབ་ཤོག༔ སྔགས༔ ཧཱུྃ༔ གཞལ་ཡས་གྲུ་ཆད་ཤར་ལྷོ་ནས༔ ཞི་བའི་ལས་མཛད་བུདྡྷའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞི་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས༔ ཧཱུྃ༔ གཞལ་ཡས་གྲུ་ཆད་ལྷོ་ནུབ་ནས༔ རྒྱས་པའི་ལས་མཛད་རཏྣའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱས་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས༔ ཧཱུྃ༔ གཞལ་ཡས་གྲུ་ཆད་ནུབ་བྱང་ནས༔ དབང་གི་ལས་མཛད་པདྨའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས༔ ཧཱུྃ༔ གཞལ་ཡས་གྲུ་ཆད་བྱང་ཤར་ནས༔ དྲག་པོའི་ལས་མཛད་ཀརྨའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་པོའི་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས༔ ཧཱུྃ༔ གཞལ་ཡས་ཁོར་ཡུག་ཁྲག་ཁྱམས་ནས༔ ཕུར་པའི་ལས་མཁན་དམ་ཅན་ཚོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གདུག་པ་ཀུན་འདུལ་དབང་ཐོབ་ཤོག༔ སྔགས༔ ཧཱུྃ༔ དཀྱིལ་འཁོར་ཕྱོགས་ཀྱི་སྒོ་བཞི་ནས༔ ཕྲིན་ལས་བཞི་མཛད་སྒོ་མ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚར་གཅོད་རྗེས་འཛིན་དབང་ཐོབ་ཤོག༔ སྔགས༔ དེ་ནས་སྔགས་ཀྱི་བཟླས་ལུང་རྫོགས་རིམ་དུ་གསལ་བ་ལྟར་གཙོ་འཁོར་ཐམས་ཅད་ཀྱི་སྔགས་བཟླར་གཞུག༔ ཐུགས་ཀྱི་བྱིན་གྱིས་བརླབ་པའི་ཕྱིར་ཕྱག་མཚན་གཏད་ལ༔ ཧཱུྃ༔ རྡོ་རྗེ་སྟོང་པ་ཉིད་ཀྱི་དབྱིངས༔ གཞོན་ནུ་ཡེ་ཤེས་རིག་པའི་སྐུ༔ མཚོན་བྱེད་དཔལ་གྱི་ཕྱག་མཚན་འདི༔ སྐལ་ལྡན་བུ་ལ་སྦྱིན་གྱིས་ལོངས༔ ཨོཾ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དཔལ་ཆེན་པོའི་གསང་བ་གསུམ་གྱི་དབང་བསྐུར་བས་ནུས་པ་དང་ལྡན་པར་བྱས་ཏེ་བསྒྲལ་བའི་གདབ་ཁ་དངོས་ཀྱི་རྗེས་གནང་ལས་གཞུང་ལྟར་བྱིན་པའི་རྗེས༔ དཔལ་གྱི་ཆས་བཅུས་མངའ་གསོལ་ཏེ༔ ཨོཾ༔ ཁྱོད་ནི་རྡོ་རྗེ་སྒྲོལ་བྱེད་ཆེ༔ སྔོན་ཚེ་ཧེ་རུ་ཀ་ཆེན་པོས༔ རུ་ཏྲ་སྡེ་གསུམ་བཏུལ་བ་ལས༔ རྒྱལ་བྱེད་དཔལ་གྱི་ཆས་རྣམས་ལོངས༔ ཤྲཱི་ཨཱ་ལངྐ་ར་ཨ་བྷི་ཥིཉྩ་ཧོཿ ཤ་ཁྲག་རུས་གསུམ་གཏད་ལ༔ ཧཱུྃ༔ ཟ་བྱེད་རྡོ་རྗེ་འབར་བ་ཆེ༔ ཁམས་གསུམ་གདུག་པ་བསྒྲལ་བ་ཡི༔ དུག་གསུམ་མཆོད་པ་བླ་ན་མེད༔ རོལ་པའི་སྐལ་བཟང་ཁྱོད་ཡིན་ནོ༔ ཧ་ཧ་ཧ་ཨ་ལ་ལ་ཧོཿ ཞེས་གད་མོ་བཅས་རོལ་དུ་གཞུག་གོ༔ དེས་ནི་མཐིང་ནག་ཨེ་ཡི་དཀྱིལ་འཁོར་དྲག་པོ་སྒྲོལ་བའི་དབང་བསྐུར་བས་དྲག་ཤུལ་གྱི་ལས་ཆེན་བཅུ་གཉིས་སོགས་སྒྲུབ་པ་ལ་དབང་བར་འགྱུར་རོ༔ ས་མ་ཡ༔ བརྡ་ཡིག ༔ དེ་ནས་བརྣག་པའི་དགྲ་ལ་དྲག་པོའི་ལས་ཇི་ལྟར་བྱ་བའི་ཚུལ་ནི༔ གདུག་པའི་གནས་སུ་ཟླ་བ་མར་ངོ༔ རྩུབ་མོའི་སྦྱོར་བ་དང་ལྡན་པའི་སྐབས་སུ་བབ་པ་ན་དུར་ཁྲོད་ཀྱི་ས་ལ་སྟེགས་བུ་བྱས་ཏེ་རོ་སོལ་གྱིས་བྱུག༔ དབུས་གྲུ་གསུམ་དུ་བརྐོས་པར་དགྲ་བོའི་གཟུགས་བྱས་ལ༔ ནང་དུ་རོ་རས་སམ་ཤིང་ཤུན་ལ་རོ་ཡི་རྩིབ་མ་འམ་བྱ་ཤ་ཟན་གྱི་སྒྲོ་ཡི་རྐང་གིས་སྙུག་གུ་བྱས་ལ་དུག་ཁྲག་ཟག་རྫས་དང་བསྲེས་པའམ་རོ་སོལ་གྱིས་འཁོར་ལོ་རྩིབས་དྲུག་པའི་ལྟེ་བར་ལིང་ག་བྲི༔ དེའི་ཕྱི་ཡི་མུ་ཁྱུད་ལ་རྩིབས་དྲུག་བྱ༔ མགོ་བོ་ནས་བརྩམས་ཏེ་གབ་པའི་སྔགས་དྲུག་བཀོད༔ རྩིབས་མཆན་དྲུག་ལའང་འཕྱོང་གདགས༔ དེའི་ཕྱིའི་མུ་ཁྱུད་ལ་དྲག་སྔགས་རིང་མོ་ཐམས་ཅད་འདུས་པ་ཡང་བྲིའོ༔ དེ་ཡི་སྟེང་དུ་ལྕགས་སམ་དྲག་པོའི་ཤིང་གི་ཕུར་པ་ཚད་དང་ལྡན་པ་ལ་གུ་གུལ་དང་ཚིལ་ཆེན་སྦྱར་བ་འཁོར་ལོ་རྒྱས་འདེབས་སུ་དམིགས་ཏེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་ཨ་དྷི་ཏིཥྛ་མུག་མུག་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོག་མཱ་ར་ཡ་ཧཱུྃ་ཕཊ྄༔ ཅེས་པའི་སྔགས་ཀྱིས་བསྐྲུན༔ ཡུངས་ཀར་དུག་ཁྲག་གིས་སྦག་པར་དཀྱིལ་འཁོར་ཡོངས་རྫོགས་སུ་བསྐྱེད་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཤ་ཏ་ར་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ྄༔ དུག་ཁྲག་གིས་བྷཉྫ་བཀང་བ་ལ་དཀྱིལ་འཁོར་ཡོངས་རྫོགས་སུ་དམིགས་བཞིན་པས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜ་ལ་རཀྴ་རཀྴ་དགྲ་བགེགས་ཝཱ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ྄༔ ཅེས་པའི་སྔགས་རྣམས་ཀྱིས་འོད་དང་དུ་བ་མ་བྱུང་གི་བར་དུ་བསྒྲུབ་བོ༔ གུ་གུལ་མེར་བསྲེགས་ཏེ་ཕུར་པ་ལ་བདུག༔ ཡུངས་ཀར་གྱིས་བྲབ་ཅིང་མགུལ་དུའང་གདགས༔ རཀྟས་བྱུགས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་རྫོགས་པར་བསྒོམ་ལ་སྔགས་ཀྱིས་གཟི་བྱིན་བསྐྱེད་པས་སྒྲུབ་པ་ལིངྒ་ལ་གཟིར་ཏེ་བཞག་གོ༔ དེ་ནས་བསྐྱེད་རིམ་གྱི་སྐབས་ལྟར་བསྙེན་སྒྲུབ་ལས་ཀྱི་བཟླས་པས་གཞུང་བསྲང༔ བསྙེན་སྒྲུབ་ཀྱི་བཟླས་པ་མང་དུ་གྱེར༔ རང་ཉིད་ནུས་པ་ཐོན་པར་བྱས་ཏེ༔ ཐོག་མར་རིག་འཛིན་བསྐུལ་བ་ནི༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ ཕུར་པ་གྲུབ་པའི་རིག་འཛིན་རྣམས༔ སྔོན་ཚེ་ཕུར་པ་བསྒྲུབས་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ དུར་ཁྲོད་སྐུ་ལ་རྫོགས་པ་ནས༔ བྲམ་ཟེ་པྲ་བྷ་ཧསྟི་ཡིས༔ གསེར་གླིང་མུ་སྟེགས་ནག་པོ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ རྒྱ་གར་རྡོ་རྗེ་གདན་མཆོག་ནས༔ སློབ་དཔོན་བི་མ་མི་ཏྲ་ཡིས༔ གངྒཱ་ལ་ཡི་ཆུ་བོ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ དབུས་གྱུར་འོད་མི་འགྱུར་བ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཙནྡན་ནགས་ཚལ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ལྷོ་བྲག་མཁར་ཆུའི་དབེན་གནས་སུ༔ གཉགས་ཆེན་ཡེ་ཤེས་གཞོན་ནུ་ཡིས༔ ནམ་མཁར་འཕུར་བའི་བྱ་རོག་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ནེ་རིང་སེང་གེ་རྫོང་གསུམ་ནས༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ ཕ་མེས་ཟ་འདྲེ་ངན་པ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ བསམ་ཡས་དབུ་རྩེ་རིམ་གསུམ་ནས༔ མངའ་བདག་ཆོས་ཀྱི་རྒྱལ་པོ་ཡིས༔ ཕུང་བྱེད་དམ་སྲི་གདུག་ཅན་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ རང་སྣང་ཟངས་མདོག་དཔལ་རི་ནས༔ ཀློང་ཆེན་ནམ་མཁའ་འོད་གསལ་ལ༔ རྡོ་རྗེ་ཕུར་པའི་བཀའ་བབ་ནས༔ བོད་ཡུལ་ལྷ་འདྲེར་དབང་བསྐུར་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཧཱུྃ༔ མཐིང་ནག་གྲུ་གསུམ་ཨེ་ཡི་དབྱིངས༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་མཉམ་པར་སྦྱོར་བ་ལས༔ སྤྲུལ་པའི་བདུད་འདུལ་ཁྲོ་བོ་བཅུ༔ སྦྱོར་བའི་ཡུམ་མཆོག་ཁྲོ་མོ་བཅུ༔ ཕྲ་ཐབས་ཕོ་ཉ་ཉི་ཤུ་དང༔ སྲས་དང་སྒོ་མ་བཀའ་སྡོད་བཅས༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ༔ སྙིང་རྗེ་ཁྲོས་པའི་ཤུགས་ཀྱིས་བཞེངས༔ འབར་བའི་བརྟུལ་ཞུགས་ཆེན་པོ་བསྐྱེད༔ ཁྱེད་རྣམས་སྟོབས་བཅུའི་ཡེ་ཤེས་བདག༔ ལས་ཀུན་དབང་བསྒྱུར་ཐོགས་པ་མེད༔ བདག་གིས་རྩེ་གཅིག་གསོལ་ལགས་ན༔ མ་གཡེལ་ཐུགས་རྗེའི་རྩལ་ཤུགས་བསྐྱེད༔ ཡེ་ཤེས་དབྱིངས་སུ་རྟོག་བྲལ་ཡང༔ ཕྲིན་ལས་འགྲོ་བ་སྒྲོལ་བའི་ཕྱིར༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ སྡིག་ཅན་དགྲ་ལ་ལས་མཛོད་ཅིག༔ གནོད་པའི་བགེགས་ལ་རྟགས་ཕྱུངས་ཤིག༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྐུལ་གསེར་སྐྱེམས་ཕྱོགས་བཅུར་འཐོར༔ གཟུ་དཔང་གསོལ་བ་ནི༔ མ་ཉེས་པའི་ཡུས་དང་བཅས༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ གདུག་པའི་རུ་ཏྲ་ནག་པོ་ཡིས༔ བྱང་ཆུབ་སྒྲུབ་ལ་བར་བཅད་ཚེ༔ མངོན་སྤྱོད་རྩལ་གྱིས་བསྒྲལ་བ་བཞིན༔ ད་དུས་བསྐལ་པའི་སྙིགས་མ་ལ༔ ལས་ངན་སྤྱི་སྒོས་རུ་ཏྲ་འདིས༔ སངས་རྒྱས་བསྟན་པ་ཐབས་ཀྱིས་བཤིག༔ འགྲོ་བའི་བདེ་སྐྱིད་ངང་གིས་བཅོམ༔ ཉེས་མེད་རྣལ་འབྱོར་གཤེ་ཞིང་སྡང༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ སྣོད་བཅུད་དཔལ་འབྱོར་འཇོམས་པ་ཡི༔ ཕུང་བྱེད་བསྟན་པའི་ནང་དམེ་མཁན༔ རྡོ་རྗེ་ཐེག་པའི་ལམ་ལ་སྡང༔ དགེ་འདུན་འདུ་བའི་སྒོ་འཕྲོག་ཅིང༔ དབེན་གནས་ཆོས་འཁོར་འཇིག་པ་སོགས༔ ཉེས་པ་དུ་མས་འཚེ་བྱེད་པས༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པ༔ བསྒྲལ་བའི་ཞིང་དུ་འདི་གྱུར་པས༔ ལེགས་ཉེས་ཤན་འབྱེད་ཁྱེད་རྣམས་ཀྱིས༔ བདེན་རྫུན་གཉིས་ཀྱི་དཔང་པོ་མཛོད༔ དཀར་ཕྱོགས་རྒྱབ་རྟེན་ཁྱེད་རྣམས་ཕྱིར༔ ར་མདའ་ལྷོགས་ཤིག་ས་མ་ཡ༔ བྲུབ་ཁུང་དུ་བཅུག་པ་དགྲ་བོ་དངོས་སུ་གསལ༔ ཕོ་ཉ་སྤྲོ་ཞིང་འགུགས་པ་ནན་དུ་བྱས་ལ༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ ཉམས་པའི་དགྲ་བགེགས་མྱུར་དུ་ཁུག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ གནོད་བྱེད་དགྲ་བགེགས་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་གཎྜེ་ཧོཿ ཕྱག་རྒྱ་བཞི་ཡིས་གཟིར༔ དེ་ནས་བསད་པའི་ལས་དང་པོ་དགྲ་བོའི་ལྷ་ཕྲལ་བའི་ཕྱིར༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་སོགས་མན་ཆད་འགྲེའོ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ སྔགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ཧ་ས་ཡ་ར་ཧྲི་ཏ་ན་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ སླར་ཡང་ཕོ་ཉ་བསྐུལ་བ་ནི༔ གུ་གུལ་སོགས་རྫས་ངན་བདུག་སྟེ༔ ཧཱུྃ༔ ཉེ་འབྱེད་རླུང་གི་ཕྲ་མ་མཁན༔ བྱ་རོག་འུག་པའི་གདོང་པ་ཅན༔ སྐུ་ལས་དྲི་ངན་ལྷ་སྲུང་བརྒྱལ༔ ལག་ན་དབྱེ་བྱེད་གཡབ་མོ་འབྱེད༔ དམ་ཉམས་བསྟན་པའི་ཕུང་བྱེད་འདི༔ འགོ་བའི་ལྷ་ལྔ་བྲལ་བར་གྱིས༔ སྐྱབས་དང་ཕྲོལ་ལ་གཤེད་དུ་ཕོབ༔ དམ་ལས་འདའ་བར་མ་བྱེད་ཅིག༔ དམོད་པ་ནི༔ ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་བརླབ་བོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ དགྲ་བགེགས་ལྷ་དང་ཕྲོལ་ཅིག༔ ཉམས་པའི་དགྲ་བགེགས་མགོན་སྐྱབས་དང་བྲལ་བར་གྱུར་ཅིག༔ སེང་ལྡིང་གི་ཕུར་པས་གནམ་གྱི་འཇུ་ཐག་གཅོད་ཕྱིར་སྤྱི་བོ་ནས་ཁྲག་གི་གནད་གཅོད་པར་གདབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཚིནྡྷ་ཚིནྡྷ་མཱ་ར་ཡ་ཧཱུྃ་ཕཊ྄༔ ལས་རིམ་དང་པོའོ༔ ས་མ་ཡ༔ གཉིས་པ་གཟུགས་ལ་དབབ་པའི་ཕྱིར༔ ཧཱུྃ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་སོགས༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ སྔགས༔ ཨ་བེ་ཤ་ཡ་ཨ་བེ་ཤ་ཡ༔ ཉུངས་དཀར་ཁྲག་གིས་བྲན་པས་གཟིར་ཏེ༔ ཕྱོགས་བཞིའི་དཔལ་གྱི་ལས་མཁན་མ༔ ལག་ན་འབར་བའི་སྤུ་གྲི་གདེང༔ ཕུར་པའི་ལྷ་མོ་ལག་བརྒྱ་མས༔ སྔོན་ནས་དགྲ་བོའི་བླ་ཁུག་ཅིག༔ དམོད་པ་ནི༔ དགྲ་བགེགས་གཟུགས་ལིངྒ་འདི་ལ་ཕོབ་ཅིག༔ དགྲ་བགེགས་ཀྱི་རྣམ་པར་ཤེས་པ་བླ་དང་བཅས་པ་ལིངྒ་འདི་ལ་བཀུག་ནས་ཐིམ་པར་གྱུར་ཅིག༔ བྱ་རྒོད་རྐང་གི་ཕུར་པ་སའི་རྟེན་ཕུར་འབྱིན་ཕྱིར་རྐང་མཐིལ་དུ་དབུགས་ཀྱི་གནད་གཅོད་པར་གདབ༔ བྱཱ་གྲྀ་མུ་ཁ་ཨཾ་ཀུ་ཤ་མཱ་ར་ཡ་ཕཊ྄༔ ལས་རིམ་གཉིས་པའོ༔ ས་མ་ཡ༔ གསུམ་པ་བྱད་དུ་གཞུག་པའི་ཕྱིར༔ ཧཱུྃ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་སོགས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ སྔགས༔ ཤཱི་གྲཾ་ཨ་ན་ཡ་ཧཱུྃ་ཕཊ྄༔ བྱད་ཐག་གིས་དཀྲི༔ དགྲ་བགེགས་ཀྱི་དབང་པོ་ཡན་ལག་སྡོམས་ཤིག༔ དགྲ་བགེགས་འདི་གྲུ་གུ་ཐུར་དུ་ཆིངས་ཤིག༔ སྡོམས་ཤིག༔ མཆོག་གི་ཕུར་པ་འབྱུང་བཞིའི་གནད་གཅོད་ཕྱིར་གསང་གནས་སུ་འབྱུང་བཞིའི་གནད་གཅོད་པར་གདབ༔ བིང་བིང་མཱ་ར་ཡ་ཕཊ྄༔ ལས་རིམ་གསུམ་པའོ༔ ས་མ་ཡ༔ བཞི་པ་སྨྱོ་རུ་གཞུག་པ་ནི༔ ཧཱུྃ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ སོགས༔ རིངས་པར་ཁུག་ལ་སྨྱོར་ཆུག་ཅིག༔ སྔགས༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄༔ དུག་སྣ་གཏིག༔ དགྲ་བགེགས་སྨྱོ་རུ་ཆུག་ཅིག༔ སྨྱོ་རུ་ཆུག་འབོགས་སུ་ཆུག༔ དྲན་པ་ཉམས་པར་གྱུར་ཅིག༔ ཟངས་ཀྱི་ཕུར་པ་ངག་འཇོམས་ཕྱིར་ལྕེ་ལ་གདབ་སྟེ་རྩ་བཞིའི་གནད་གཅོད་པར་གདབ༔ ན་མཿས་མནྟ་བི་ཤྭ་དྷ་བེ་ར་བེ་ར་མཱ་ར་ཡ༔ ལས་རིམ་བཞི་པའོ༔ ས་མ་ཡ༔ ལྔ་པ་རྡུལ་དུ་བརླག་པ་ནི༔ ཧཱུྃ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ སོགས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ སྔགས༔ ཏ་ཐཱ་ཡ་ཏ་ཐཱ་ཡ༔ ཐོ་གཏུན་གྱིས་བརྡུང༔ དམོད་པ་ནི༔ དགྲ་བགེགས་གནོད་བྱེད་རྡུལ་དུ་བརླག་པར་གྱུར་ཅིག༔ ལྕགས་ཕུར་སེམས་ཀྱི་དཔྱིད་འབྱིན་པར་སྙིང་གར་གདབ་ནས་ཚེ་ཡི་གནད་གཅོད་པར་གདབ༔ སརྦ་པུཥྚིཾ་མཱ་ར་ཡ་ཕཊ྄༔ ལས་རིམ་ལྔ་པའོ༔ ས་མ་ཡ༔ དྲུག་པ་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ས་བདག་ཆེན་མོའི་དུས་ལ་བབ༔ སོགས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ སྔགས༔ བྷིནྡྷ་ཡ་བྷིནྡྷ་ཡ༔ དམོད་པ་ནི༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་དང་བཅས་པ་རོལ་ཅིག༔ སྐྱེར་ཕུར་སྲིད་པ་སྐྱེད་བྱེད་གཞོམ་ཕྱིར་ལྟེ་བར་བཏབ་ནས་བཀྲག་མདངས་ཀྱི་གནད་གཅོད་པར་གདབ༔ སུ་རུ་སུ་རུ་ཨུ་ཙུཥྨ་ཀྲོ་ཏ་མཱ་ར་ཡ་ཧཱུྃ་ཕཊ྄༔ ལས་རིམ་དྲུག་པའོ༔ ས་མ་ཡ༔ བདུན་པ་བསད་ལས་དངོས་ནི༔ ཧཱུྃ༔ བདག་ནི་ཁམས་གསུམ་སྒྲོལ་བྱེད་སྙིང་རྗེའི་བདག༔ གདུག་ཅན་འཇོམས་བྱེད་ལས་ཀྱི་ཤན་པ་སྟེ༔ འབར་བའི་སྐུ་གསུང་ཐུགས་ནི་རྡོ་རྗེར་ལྡན༔ སྙིང་རྗེས་རབ་ཁྲོས་སྲིད་གསུམ་འཇོམས་པའི་ལྷ༔ མཉམ་ཉིད་ངང་གིས་ཁྲོ་བས་ཆོས་ཀྱི་སྐུ༔ ཁྲོས་པས་ལོངས་སྤྱོད་མཛད་པས་བཅོམ་ལྡན་འདས༔ རྡོ་རྗེའི་འདུ་འཕྲོས་སྲིད་ཞི་ཀུན་ལ་ཁྱབ༔ གཡས་ཀྱི་སོར་མོ་རིགས་ལྔའི་ཧེ་རུ་ཀ༔ གཡོན་པ་ཡུམ་ལྔ་ཉིད་དང་མཉམ་སྦྱོར་བའི༔ ཐབས་ཤེས་སེམས་ཀྱིས་ཡཀྴ་ཀྲོ་དྷར་སྤྲུལ༔ སྐུ་སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ༔ འབར་བའི་མཚོན་ཆས་སྲིད་གསུམ་དུས་གཅིག་འཇོམས༔ སྐུ་སྨད་གནམ་ལྕགས་ཕུར་བུ་རྣོ་ངར་ལྡན༔ གདུག་པའི་ཚྭ་ཚྭས་དགྲ་བགེགས་རྩད་ནས་གཅོད༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་རྫོགས་པར་གྱུར༔ གུ་གུལ་བདུག་པ་སོགས་སྔ་མ་ལྟར་བྱས་ལ་གཟི་བྱིན་བསྐྱེད༔ བསྐུལ་དྲག་ཏུ་བྱས་ལ་དཀྱིལ་འཁོར་གསུམ་གྱི་ཐུགས་ཀར་ཨ་དཀར་པོའི་འོད་ཀྱི་ཟེར་སྤྲོ་བསྡུས་བདག་གི་སྒྲིབ་པ་སྦྱངས༔ སྐུ་གསུང་ཐུགས་གཟི་བྱིན་བསྐྱེད༔ ཡང་ཨ་ཡི་འོད་ཟེར་གྱི་ཕྲེང་བ་སྤྲོ་བསྡུས་གཟས་པོའི་སྒྲིབ་པ་སྦྱངས་པར་བསམ་ལ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ མོ་ཧ་ཡ་བྷ་ག་ཝན༔ ཧྲཱིཿཥྚཱྀ་བི་ཀྲྀ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱཾ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨ་ཨཿ ཞེས་བརྗོད༔ གཟས་པོའི་ཚེ་སྲོག་གི་རྟེན་ལ་ཕུར་པ་གདབ་བྱུང་ཚོར་གྱི་སྒོ་བཀག༔ ཡང་ཕུར་བུས་རྩ་ཆེན་བཞི་བཅད༔ ཉོན་ཡིད་བསྐམས༔ ཕུར་རྩེའི་ཧཱུྃ་གིས་ཚེ་བསོད་བསྡུས་ཏེ་རང་ལ་བསྟིམས་པས་བདག་གི་རྡོ་རྗེའི་ཚེ་དང་གཉིས་སུ་མེད་པར་བསམ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ མོ་ཧ་ཡ་བྷ་ག་ཝཱན༔ བི་ཏྲི་ཤཱི་ཀྲྀ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄༔ བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ སླར་ཡང་ཕུར་པ་འདྲིལ་ཏེ༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་བཛྲ་ཀཱི་ལ་ཡ༔ སངས་རྒྱས་ཀུན་གྱི་འབར་བའི་ཡེ་ཤེས་སྐུ༔ ཁམས་གསུམ་འཁོར་བ་ཐལ་འབྱིན་ཕུར་པ་ནི༔ ཡཀྴ་ཀྲོ་དྷ་ཁྲོ་བོའི་རྗེ་བཙན་ཏེ༔ ཀླད་ལ་བསྐོར་བས་བདག་ཅག་འཁོར་བཅས་སྲུང༔ གཡས་སུ་བསྒྲིལ་བས་ཕོ་རྒྱུད་དབང་དུ་འདུ༔ གཡོན་དུ་བསྒྲིལ་བས་མོ་རྒྱུད་ལས་ལ་སྐུལ༔ སྐེད་པར་བསྐོར་བས་མི་ལྡོག་དགྲ་ལ་ཐེབས༔ འཕྱར་བ་ཙམ་གྱིས་ལྷ་ཡང་སྐྲག་བྱེད་ཅིང༔ བཏབ་པའི་མོད་ལ་དགྲ་བགེགས་གུམ་གུམ་འགྱེལ༔ རྣོ་ངར་ལྡན་པས་ཐལ་བར་བརླག་པ་འདི༔ བཏབ་བོ་ཉམས་པ་བདུན་ལྡན་རུ་ཏྲར་ཡ༔ སྲིད་པ་མིང་མེད་གྱིས་ཤིག་མཱ་ར་ཡ༔ དྲག་སྔགས་སྤུ་གྲིས་གདབ༔ རྣམ་ཤེས་ཚོགས་བརྒྱད་ཀྱི་རྟེན་གནས་བརྒྱད་ལ་ཁྲོ་བོ་བཅུའི་ཕུར་པ་གདབ་སྟེ༔ ཧཱུྃ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་དང༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཧ་ན་ཧ་ན་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ད་ཧ་ད་ཧ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ པ་ཙ་པ་ཙ་བཛྲ༴ མ་ཐ་མ་ཐ་བཛྲ༴ ཛྭ་ལ་ཛྭ་ལ་བཛྲ༴ སུ་རུ་སུ་རུ་བཛྲ༴ མུ་རུ་མུ་རུ་བཛྲ༴ ཀ་ཏཾ་ཀ་ཡེ་བཛྲ༴ ཛ་ཡེ་བི་ཛ་ཡེ་བཛྲ༴ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བཛྲ༴ ཕུང་པོ་ཆགས་པའི་དྭངས་མའི་གནས་བཅུ་ཁམས་ལྔའི་ཉེར་ལེན་དང་བཅས་པར་ཁྲོ་མོ་བཅུའི་ཕུར་པ་གདབ་སྟེ༔ ཧཱུྃ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷའམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿཔ་ར་བིདྱཱ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཚིནྡྷ་ཚིནྡྷ༴ བྷིནྡྷ་བྷིནྡྷ༴ གྷྲྀ་ཧ་ན་གྷྲྀ་ཧ་ན༴ ཧ་ན་ཧ་ན༴ བྷནྡྷ་བྷནྡྷ༴ སརྦ་ཨ་ན་ཡ༴ ཏ་ཐཱ་ཡ་ཏ་ཐཱ་ཡ༴ མཚམས་བཞིར་སྒོ་མ་བཞིས་གདབ་སྟེ༔ ཧཱུྃ༔ ཞི་བའི་ལས་མཛད་བཛྲ་ཀཱི་ལ་ཡའི༔ ཕོ་ཉ་སྒོ་མ་དཀར་མོ་རྟ་གདོང་མ༔ དགྲ་བགེགས་གནོད་བྱེད་འདུལ་བའི་དུས་ལ་བབ༔ ཀླད་རྒྱས་མཚོ་ཡི་དཀྱིལ་དུ་ཀཱི་ལ་ཡ༔ བཱི་ད་ཡ་བི་དཱ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཧཱུྃ༔ རྒྱས་པའི་ལས་མཛད་རཏྣ་ཀཱི་ལ་ཡའི༔ ཕོ་ཉ་སྒོ་མ་སེར་མོ་ཕག་གདོང་མ༔ གནོད་བྱེད་དགྲ་བགེགས་འདུལ་བའི་དུས་ལ་བབ༔ གློ་བ་དབུགས་མཚོའི་དཀྱིལ་དུ་ཀཱི་ལ་ཡ༔ ན་མཿས་མནྟ་ཧྲཱིཾ་ཧྲཱིཾ༔ ཧཱུྃ༔ དབང་གི་ལས་མཛད་པདྨ་ཀཱི་ལ་ཡའི༔ ཕོ་ཉ་སྒོ་མ་དམར་མོ་ཀངྐའི་གདོང༔ དགྲ་བགེགས་གནོད་བྱེད་འདུལ་བའི་དུས་ལ་བབ༔ མཆིན་པ་ཁྲག་མཚོའི་དཀྱིལ་དུ་ཀཱི་ལ་ཡ༔ སུ་རུ་སུ་རུ་པྲ་སུ་རུ༔ ཧཱུྃ༔ དྲག་པོའི་ལས་མཛད་ཀརྨ་ཀཱི་ལ་ཡའི༔ ཕོ་ཉ་སྒོ་མ་ལྗང་མོ་སྤྱང་ཀིའི་གདོང༔ དགྲ་བགེགས་གནོད་བྱེད་འདུལ་བའི་དུས་ལ་བབ༔ མཁལ་མ་ཤ་མཚོའི་དཀྱིལ་དུ་ཀཱི་ལ་ཡ༔ མཱ་ར་ཡ་མཱ་ར་ཡ༔ ཞེས་གདབ༔ ལས་གྲུབ་པ་དང་བདག་ཕུར་གཟས་གསུམ༔ ལས་དང༔ བྱ་བ༔ མན་ངག་ཏིང་ངེ་འཛིན་གསུམ་གྱིས་གསོ༔ ལས་མཐའ་རྒྱས་སུ་བྱ༔ དེ་དག་ཀུན་གྱི་སྐབས་སུ་བཟླ་བྱའི་སྔགས་ཀྱི་གཙོ་བོ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཁྲིལ་ཁྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་མ་ར་སེ་ན་པྲ་མརྡྷ་ན་ཡེ་སྭཱ་ཧཱ༔ ཞེས་དྲག་སྔགས་སྤུ་གྲི་ཐུན་ཆོད་དུ་བཟླའོ༔ དམིགས་པའི་ཁྱད་པར་ནི་ཞལ་ལས་ཤེས་སོ༔ ལས་འདི་ནི་རང་འདོད་ཀྱི་འཁུ་འཕྲིགས་མེད་པ༔ གདུག་ཅན་སྙིང་རྗེས་མི་གཏོང་བ༔ བསྟན་འགྲོའི་དོན་ལས་གར་ཐོད་ཐོད་དུ་མི་བྱའོ༔ ཟབ་པའི་མཐར་ཐུག་བི་མ་ལ་མི་ཏྲས་བདག་གཉགས་ཀྱི་བན་དེ་ལ་གནང་ནས་ལག་ཆར་བྱིན་པས་བསྟན་དུ་ཕངས་པའི་མན་ངག་མཁའ་འགྲོ་མའི་བཀའ་རྒྱ་ཅན༔ ས་མ་ཡ རྒྱ་རྒྱ་རྒྱ༔ ྀཨཐི༔ དེའི་ཚེ་ཕུར་སྲུང་དམ་ཅན་རྣམས་ཉེ་བར་བསྙེན་པ་གཅེས་པས་ན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་ནཾ༔ ཛཿཧཱུྃ་བྃ་ཧོཿ སུ་རུ་སུ་རུ་མུ་རུ་མུ་རུ༔ ཛྭ་ལ་ཛྭ་ལ༔ མ་ཐ་མ་ཐ༔ དྷ་ཏི་མ་མ་ཀརྨ་ཨི་དཾ་མ་ཏཾ་ཀ་ར་ཛ་ཡེ་བི་ཛ་ཡེ་ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་ཀ་ཏཾ་ཀ་ཏེ་མ་ར་སྱེ་ན་པྲ་མརྟ་ན་ཡེ་སརྦ་བིགྷྣཱཾ་བྃ་ཧཱུྃ་ཕཊ྄༔ ཅེས་བཟླ༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སྲིད་པ་འདི་ན་དབང་ཆེ་བ༔ སྲིད་པ་བརྐོས་འདེབས་རྒྱལ་པོ་དང༔ ཨེ་ཀ་ཛཱ་ཊི་ཡབ་ཡུམ་གཉིས༔ བཤོས་པའི་སྲས་ལ་ཤྭ་ན་བཞི༔ ནམ་གྱི་སྲོད་ཀྱི་ཕོ་ཉ་བ༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་མ༔ གསེར་གྱི་འཕར་བ་ལྕེ་བརྒྱད་མ༔ ཟངས་ཀྱི་ཝ་མོ་རྐང་གསུམ་མ༔ ལྕགས་ཀྱི་ཁྱི་མོ་རལ་པ་ཅན༔ འཇིགས་པའི་མི་མོ་རེ་རེས་ཞོན༔ རང་རང་ཆིབས་ཀྱི་གདོང་པ་ཅན༔ མིང་པོ་ཤེལ་གིང་དཀར་པོ་བཅས༔ རི་རྒྱལ་ལྷུན་པོའི་ཡང་རྩེ་ནས༔ དུག་མཚོ་མེར་བའི་ནང་ཤེད་ན༔ དུང་མཁར་དཀར་པོའི་ནང་ནས་གཤེགས༔ ཡང་གཅིག་དྲེགས་པ་མི་སྲུན་པ༔ བདུད་ནག་ཕོ་མོ་རོལ་པའི་སྲས༔ ལངྐ་མགྲིན་བཅུའི་ཆུང་མ་ནི༔ ནམ་གྱི་གུང་གི་ཕོ་ཉ་མོ༔ ཆེ་ཞེ་དཔལ་ལྡན་རེ་མ་ཏི༔ རེ་མ་ཛཿདང་རེ་མ་ཛུཿ རེ་མ་ཛི་བཞི་མིང་པོ་ཆེ༔ མ་ཧཱ་ཀཱ་ལ་བཅས་པ་རྣམས༔ རི་རབ་རི་ཡི་བྱང་ཤར་མཚམས༔ མུ་ལེ་མཐིང་གི་མཚོ་ནང་ནས༔ ལྕགས་ཀྱི་མཁར་ནས་གཤེགས་སུ་གསོལ༔ གནོད་སྦྱིན་ཟངས་མདོག་དམར་པོ་དང༔ ཟངས་མགྲིན་ལྡན་པ་བཤོས་པའི་སྲས༔ ནམ་གྱི་ཐོ་རངས་ཕོ་ཉ་བ༔ བསྭེ་ཡི་སྐྱེས་བུ་ལྷ་མོ་བཞི༔ བསྭེ་མཚོ་མེར་བའི་ནང་ནས་བཞེངས༔ ཕུར་འདེབས་རྡོ་རྗེ་དེ་བྱིན་དང༔ བསེ་བྱིན་ཕག་བྱིན་གཟའ་བཙན་ཀླུའི༔ བདུད་ཀྱི་བུ་མོ་མཆེད་སྡེ་བཞི༔ ཞག་དང་འོ་མ་མར་ཁུ་ཁྲག༔ མཚོ་བཞིར་གནས་པའི་མིང་པོ་བཅས༔ དཔལ་གྱི་བཀའ་བཞིན་གནས་འདིར་གཤེགས༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ བསྟན་པ་གཉན་ལ་དགྲ་དར་ན༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ ཁྱེད་ཀྱི་མཐུ་རྩལ་དུས་ལ་བབ༔ དཔལ་གྱི་སྤྱན་སྔར་ཞལ་བཞེས་བཞིན༔ བཅོལ་བའི་ལས་ཀུན་འགྲུབ་པར་མཛོད༔ ཅེས་བསྐུལ་ཕུད་དང་གཏོར་མས་བརྔན༔ དགྱེས་པ་བསྐྱེད་ལ་ལས་བཅོལ་ལོ༔ འདི་ནི་ཕུར་པ་སྒྲུབ་པའི་དུས་ཐམས་ཅད་དུ་གཅེས་པས་རྣལ་འབྱོར་པས་ཀྱང་དུས་གཉན་དང་རྒྱུན་པར་གསོལ་མཆོད་གཏོར་མ་གཏང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྟགས་ཐོན་པར་བྱེད་ན་གནད་ཡིག་ལྟར་བརྟེན་དགོས་ཀྱང་བསྙེན་སྒྲུབ་ཏིང་ངེ་འཛིན་གྱི་དྲོད་ཐོབ་པ་ལས་ཀུན་གྱི་སྤྱོད་ཡུལ་མ་ཡིན་པས་སློབ་དཔོན་གྱི་ཞལ་ལས་ཤེས་པར་བྱའོ༔ འདི་ནི་བསྟན་པ་སྲུང་བའི་མཚོན་ཆ་གཉན་པོ་ཡིན་པས་བརྒྱུད་འཛིན་གྱི་སྐྱེས་བུ་ལ་གཏད་དོ༔ སྐལ་མེད་ལ་དམ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ས་མ་ཡ༔ མཚན་མ་རྫས་ཀྱི་ཕུར་བུའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་ལ་གཏད་པ་༔༔༔བརྡ་ཡིག༔༔༔༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔའི་བྱེ་བྲག་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རི་ཞོལ་གྱི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་མངོན་སུམ་དུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་གནམ་ས་ཆུ་ཀླུང་དང་བཅས་པ་དྲག་པོའི་ཨེ་རྫོང་དུ་རྫོགས་པའི་དབེན་གནས་སུ་དག་པར་གཏན་ལ་ཕབ་པ་ཀསྨིརའི་པཎྜི་ཏ་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ། །།
[edit]

\u0f01\u0f7c\u0f7e:__snyan brgyud snying gi gsang mdzod las:_mtshan ma rdzas kyi phur bu'i sgrub thabs bzhugs: gnyags lo tsA ba'i lugs so/


\u0f01\u0f83:__brda yig__:_khrag 'thung khro bo'i rgyal po la phyag 'tshal lo:_rdo rje'i phur bu'i phrin las mthar thug pa ni sgrol ba ste:_zhe gnag cing gdug rtsub dang ldan pa'i sngags pas las de ka la brtson par bya ste:_rgyud las:_snying rjes bsgral ba'i dam tshig ni:_bsad cing mnan pa ma yin te:_phung po rdo rjer gtams byas nas:_rnam par shes pa rdo rjer bsgom:_zhes pa ste:_gang bsgral bya'i gdul bya ni sangs rgyas kyi bstan pa bshig pa sogs zhing bcu:_pha ma mkhan slob gsod cing rdo rje'i spun gyi nang dme sogs nyams pa bdun dang ldan pa'i gdug pa can zhi bas mi thul ba'i rigs la:_gang gis sgrol ba'i rnal 'byor pa bsnyen sgrub kyi drod thob cing rdzong 'phrang srog gi gnad la mkhas pas:_thabs lha sngags ting 'dzin gsum gyis gzir bas:_bsgral ba'i las la zhugs na rang gi nus pa tshad du thon cing:_sa lam gyi bar chad sel:_lta dgongs la ngar thon:_gzhan don du sangs rgyas kyi bstan pa rgyas shing:_gdug pa can thar lam la 'god par 'gyur bas:_theg pa chen po'i dpa' bos yal bar dor na blo chung ba'i skyon dang:_nyes pa yun ring du bskyed pas na rdo rje phur bu sgrub pa'i gang zag gis brtson par bya ba'i gnas ni drag po'i las yin no:_sa ma ya:__brda yig__:_de'i sngon du yang sgrol ba'i las kyi rjes su gnang ba thob dgos pas gdug rtsub can gyi slob ma la khyad par du dbang bskur te:_rgyud las:_byang chub mchog tu sems bskyed cing:_dus gsum rgyal ba'i gdung 'tshob pa'i:_rig 'dzin bdag cag rnams la ni:_gnod cing gdug pa'i dgra dang bgegs:_lus ngag phye mar brlag nas kyang:_sdug bsngal nyams su myong bar mdzod:_ces gsungs:_des na thog mar gsol ba gdab pa ni:_e ma khrag 'thung dpa' bo che:_bdag cag rdo rje'i rigs sgrub phyir:_drag shul rol pa'i phrin las dbang:_deng 'dir mngon par bskur du gsol:_lan gsum:_rgyud sbyang ba dang:_sdom bzung:_sras su skrun pa:_byin dbab brtan bcas snga ma'i skabs bzhin bya:_de nas thog mar nus pa 'jug pa sku gsung thugs kyi byin gyis rlabs pas rjes su bzung ba ni:_hU~M:_dbus phyogs gru gsum gzhal yas nas:_bcom ldan rdo rje gzhon nu ni:_yum chen 'khor lo rgyas 'debs sbyor:_sgrol yum e ka dzA Ti bcas:_sprul pa khro bcu sras mchog spro:_rigs kyi bu la dbang bskur bas:_dpal chen po dang gnyis med shog:_rtsa sngags mthar:_a b+hi Shiny+tsa hU~M:_hU~M:_steng phyogs 'khor lo'i rtsibs steng nas:_khro bo'i rgyal po hU~M mdzad hU~M:_yum ni rdo rje sgra 'byin ma:_sprul pa phag dang rmigs bu'i mgo:_rigs kyi bu la dbang bskur bas:_steng gdon 'dul ba'i dbang thob shog:_rang sngags:_a b+hi Shiny+tsa hU~M:_hU~M:_shar phyogs 'khor lo'i rtsibs steng nas:_khro bo'i rgyal po rnam par rgyal:_yum ni rdo rje mda' snyems ma:_sprul pa stag dang bya rgod mgo:_rigs kyi bu la dbang bskur bas:_dri za 'dul ba'i mthu thob shog:_sngags sbyar 'gre:_hU~M:_lho phyogs 'khor lo'i rtsibs steng nas:_khro bo'i rgyal po gshin rje gshed:_yum ni rdo rje dur khrod bdag:_sprul pa sha ba 'ug pa'i mgo:_rigs kyi bu la dbang bskur bas:_gshin rje 'dul ba'i mthu thob shog:_sngags:_hU~M:_nub phyogs 'khor lo'i rtsibs steng nas:_khro bo'i rgyal po rta mgrin dbang:_yum ni rdo rje gtum mo ma:_sprul pa byi la pu shud mgo:_rigs kyi bu la dbang bskur bas:_klu gdon 'dul ba'i mthu thob shog:_sngags:_hU~M:_byang phyogs 'khor lo'i rtsibs steng nas:_khro bo'i rgyal po bdud rtsi 'khyil:_yum ni rdo rje rlung 'byin ma:_sprul pa seng ge pha waM mgo:_rigs kyi bu la dbang bskur bas:_gnod sbyin 'dul ba'i mthu thob shog:_sngags:_hU~M:_shar lho 'khor lo'i rtsibs steng nas:_khro bo'i rgyal po dbyug pa sngon:_yum ni rdo rje sder mo ma:_sprul pa g.yag dang bya rog mgo:_rigs kyi bu la dbang bskur bas:_me lha 'dul ba'i mthu thob shog:_sngags:_hU~M:_lho nub 'khor lo'i rtsibs steng nas:_khro bo'i rgyal po mi g.yo mgon:_yum ni rdo rje gtun khung ma:_sprul pa gzig dang kha twa'i mgo:_rigs kyi bu la dbang bskur bas:_srin po 'dul ba'i mthu thob shog:_sngags:_hU~M:_nub byang 'khor lo'i rtsibs steng nas:_khro bo'i rgyal po 'dod pa'i rgyal:_yum ni rdo rje snyems ma dmar:_sprul pa spyang ki khra yi mgo:_rigs kyi bu la dbang bskur bas:_rlung lha 'dul ba'i mthu thob shog:_sngags:_hU~M:_byang shar 'khor lo'i rtsibs steng nas:_khro bo'i rgyal po khams gsum rgyal:_yum ni rdo rje gsod byed ma:_sprul pa dom dang sre mong mgo:_rigs kyi bu la dbang bskur bas:_dbang ldan 'dul ba'i mthu thob shog:_sngags:_hU~M:_'og phyogs 'khor lo'i rtsibs steng nas:_khro bo'i rgyal po stobs chen po:_yum ni rdo rje skyod byed ma:_sprul pa dred dang byi ba'i mgo:_rigs kyi bu la dbang bskur bas:_sa bdag 'dul ba'i mthu thob shog:_sngags:_hU~M:_mdun phyogs zla gam gdan steng nas:_thugs kyi sras mchog kI la yas:_rigs kyi bu la dbang bskur bas:_gzugs med khams 'dul dbang thob shog:_sngags:_hU~M:_g.yas phyogs zla gam gdan steng nas:_sku yi sras mchog kI la yas:_rigs kyi bu la dbang bskur bas:_'dod khams 'dul ba'i dbang thob shog:_sngags:_hU~M:_g.yon phyogs zla gam gdan steng nas:_gsung gi sras mchog kI la yas:_rigs kyi bu la dbang bskur bas:_gzugs khams 'dul ba'i dbang thob shog:_sngags:_hU~M:_gzhal yas gru chad shar lho nas:_zhi ba'i las mdzad bud+d+ha'i rigs:_rigs kyi bu la dbang bskur bas:_zhi byed phrin las mthar phyin shog:_sngags:_hU~M:_gzhal yas gru chad lho nub nas:_rgyas pa'i las mdzad rat+na'i rigs:_rigs kyi bu la dbang bskur bas:_rgyas byed phrin las mthar phyin shog:_sngags:_hU~M:_gzhal yas gru chad nub byang nas:_dbang gi las mdzad pad+ma'i rigs:_rigs kyi bu la dbang bskur bas:_dbang byed phrin las mthar phyin shog:_sngags:_hU~M:_gzhal yas gru chad byang shar nas:_drag po'i las mdzad karma'i rigs:_rigs kyi bu la dbang bskur bas:_drag po'i phrin las mthar phyin shog:_sngags:_hU~M:_gzhal yas khor yug khrag khyams nas:_phur pa'i las mkhan dam can tshogs:_rigs kyi bu la dbang bskur bas:_gdug pa kun 'dul dbang thob shog:_sngags:_hU~M:_dkyil 'khor phyogs kyi sgo bzhi nas:_phrin las bzhi mdzad sgo ma bzhis:_rigs kyi bu la dbang bskur bas:_tshar gcod rjes 'dzin dbang thob shog:_sngags:_de nas sngags kyi bzlas lung rdzogs rim du gsal ba ltar gtso 'khor thams cad kyi sngags bzlar gzhug:_thugs kyi byin gyis brlab pa'i phyir phyag mtshan gtad la:_hU~M:_rdo rje stong pa nyid kyi dbyings:_gzhon nu ye shes rig pa'i sku:_mtshon byed dpal gyi phyag mtshan 'di:_skal ldan bu la sbyin gyis longs:_oM badz+ra tsit+ta a b+hi Shiny+tsa hU~M:_de ltar dpal chen po'i gsang ba gsum gyi dbang bskur bas nus pa dang ldan par byas te bsgral ba'i gdab kha dngos kyi rjes gnang las gzhung ltar byin pa'i rjes:_dpal gyi chas bcus mnga' gsol te:_oM:_khyod ni rdo rje sgrol byed che:_sngon tshe he ru ka chen pos:_ru tra sde gsum btul ba las:_rgyal byed dpal gyi chas rnams longs:_shrI A lang+ka ra a b+hi Shiny+tsa hoH_sha khrag rus gsum gtad la:_hU~M:_za byed rdo rje 'bar ba che:_khams gsum gdug pa bsgral ba yi:_dug gsum mchod pa bla na med:_rol pa'i skal bzang khyod yin no:_ha ha ha a la la hoH_zhes gad mo bcas rol du gzhug go:_des ni mthing nag e yi dkyil 'khor drag po sgrol ba'i dbang bskur bas drag shul gyi las chen bcu gnyis sogs sgrub pa la dbang bar 'gyur ro:_sa ma ya:__brda yig__:_de nas brnag pa'i dgra la drag po'i las ji ltar bya ba'i tshul ni:_gdug pa'i gnas su zla ba mar ngo:_rtsub mo'i sbyor ba dang ldan pa'i skabs su bab pa na dur khrod kyi sa la stegs bu byas te ro sol gyis byug:_dbus gru gsum du brkos par dgra bo'i gzugs byas la:_nang du ro ras sam shing shun la ro yi rtsib ma 'am bya sha zan gyi sgro yi rkang gis snyug gu byas la dug khrag zag rdzas dang bsres pa'am ro sol gyis 'khor lo rtsibs drug pa'i lte bar ling ga bri:_de'i phyi yi mu khyud la rtsibs drug bya:_mgo bo nas brtsams te gab pa'i sngags drug bkod:_rtsibs mchan drug la'ang 'phyong gdags:_de'i phyi'i mu khyud la drag sngags ring mo thams cad 'dus pa yang bri'o:_de yi steng du lcags sam drag po'i shing gi phur pa tshad dang ldan pa la gu gul dang tshil chen sbyar ba 'khor lo rgyas 'debs su dmigs te:_oM badz+ra kI li kI la ya su ru su ru a d+hi tiSh+Tha mug mug ha la ha la dgra bgegs 'byung po'i tsit+ta myog mA ra ya hU~M phaTa?:_ces pa'i sngags kyis bskrun:_yungs kar dug khrag gis sbag par dkyil 'khor yongs rdzogs su bskyed la:_oM badz+ra kI li kI la ya ma gu ta la ma gu ta la pra ta la pra ta la sha ta ra tsa hU~M dgra bgegs 'byung po mA ra ya hU~M phaTa?:_dug khrag gis b+hany+dza bkang ba la dkyil 'khor yongs rdzogs su dmigs bzhin pas:_oM badz+ra kI li kI la ya rak+ta dz+wa la maN+Da la rak+sha rak+sha dgra bgegs wA shaM ku ru mA ra ya hU~M phaTa?:_ces pa'i sngags rnams kyis 'od dang du ba ma byung gi bar du bsgrub bo:_gu gul mer bsregs te phur pa la bdug:_yungs kar gyis brab cing mgul du'ang gdags:_rak+tas byugs te dkyil 'khor gyi 'khor lo gcig tu rdzogs par bsgom la sngags kyis gzi byin bskyed pas sgrub pa ling+ga la gzir te bzhag go:_de nas bskyed rim gyi skabs ltar bsnyen sgrub las kyi bzlas pas gzhung bsrang:_bsnyen sgrub kyi bzlas pa mang du gyer:_rang nyid nus pa thon par byas te:_thog mar rig 'dzin bskul ba ni:_hU~M:_byang chub mchog tu sems bskyed cing:_dus gsum rgyal ba'i gdung 'tshob pa'i:_phur pa grub pa'i rig 'dzin rnams:_sngon tshe phur pa bsgrubs pa'i tshe:_ji ltar rtags bstan bsnyel lam ci:_phur bu sgrub pa'i grogs mdzod cig:_dur khrod sku la rdzogs pa nas:_bram ze pra b+ha hasti yis:_gser gling mu stegs nag po la:_ji ltar rtags bstan bsnyel lam ci:_phur bu sgrub pa'i grogs mdzod cig:_rgya gar rdo rje gdan mchog nas:_slob dpon bi ma mi tra yis:_gang+gA la yi chu bo la:_ji ltar rtags bstan bsnyel lam ci:_phur bu sgrub pa'i grogs mdzod cig:_dbus gyur 'od mi 'gyur ba ru:_slob dpon pad+ma 'byung gnas kyis:_rgya gar tsan+dan nags tshal la:_ji ltar rtags bstan bsnyel lam ci:_phur bu sgrub pa'i grogs mdzod cig:_lho brag mkhar chu'i dben gnas su:_gnyags chen ye shes gzhon nu yis:_nam mkhar 'phur ba'i bya rog la:_ji ltar rtags bstan bsnyel lam ci:_phur bu sgrub pa'i grogs mdzod cig:_ne ring seng ge rdzong gsum nas:_mkhar chen ye shes mtsho rgyal gyis:_pha mes za 'dre ngan pa la:_ji ltar rtags bstan bsnyel lam ci:_phur bu sgrub pa'i grogs mdzod cig:_bsam yas dbu rtse rim gsum nas:_mnga' bdag chos kyi rgyal po yis:_phung byed dam sri gdug can la:_ji ltar rtags bstan bsnyel lam ci:_phur bu sgrub pa'i grogs mdzod cig:_rang snang zangs mdog dpal ri nas:_klong chen nam mkha' 'od gsal la:_rdo rje phur pa'i bka' bab nas:_bod yul lha 'drer dbang bskur tshe:_ji ltar rtags bstan bsnyel lam ci:_phur bu sgrub pa'i grogs mdzod cig:_hU~M:_mthing nag gru gsum e yi dbyings:_chos kyi dbyings kyi pho brang nas:_bcom ldan rdo rje gzhon nu dang:_yum chen 'khor lo rgyas 'debs ma:_gnyis med mnyam par sbyor ba las:_sprul pa'i bdud 'dul khro bo bcu:_sbyor ba'i yum mchog khro mo bcu:_phra thabs pho nya nyi shu dang:_sras dang sgo ma bka' sdod bcas:_dkyil 'khor lha tshogs ma lus pa:_snying rje khros pa'i shugs kyis bzhengs:_'bar ba'i brtul zhugs chen po bskyed:_khyed rnams stobs bcu'i ye shes bdag:_las kun dbang bsgyur thogs pa med:_bdag gis rtse gcig gsol lags na:_ma g.yel thugs rje'i rtsal shugs bskyed:_ye shes dbyings su rtog bral yang:_phrin las 'gro ba sgrol ba'i phyir:_sngon gyi thugs dam ma g.yel bar:_sdig can dgra la las mdzod cig:_gnod pa'i bgegs la rtags phyungs shig:_dam tshig chen po'i dus la bab:_mngon spyod phrin las 'grub par mdzod:_ces bskul gser skyems phyogs bcur 'thor:_gzu dpang gsol ba ni:_ma nyes pa'i yus dang bcas:_hU~M:_sngon tshe dpal chen he ru kas:_gdug pa'i ru tra nag po yis:_byang chub sgrub la bar bcad tshe:_mngon spyod rtsal gyis bsgral ba bzhin:_da dus bskal pa'i snyigs ma la:_las ngan spyi sgos ru tra 'dis:_sangs rgyas bstan pa thabs kyis bshig:_'gro ba'i bde skyid ngang gis bcom:_nyes med rnal 'byor gshe zhing sdang:_dkon mchog gsum gyi dbu 'phang smad:_snod bcud dpal 'byor 'joms pa yi:_phung byed bstan pa'i nang dme mkhan:_rdo rje theg pa'i lam la sdang:_dge 'dun 'du ba'i sgo 'phrog cing:_dben gnas chos 'khor 'jig pa sogs:_nyes pa du mas 'tshe byed pas:_byang chub sgrub la bar gcod pa:_bsgral ba'i zhing du 'di gyur pas:_legs nyes shan 'byed khyed rnams kyis:_bden rdzun gnyis kyi dpang po mdzod:_dkar phyogs rgyab rten khyed rnams phyir:_ra mda' lhogs shig sa ma ya:_brub khung du bcug pa dgra bo dngos su gsal:_pho nya spro zhing 'gugs pa nan du byas la:_hU~M:_dam tshig chen po'i dus la bab:_sprul pa chen po'i dus la bab:_phyag brnyan chen po'i dus la bab:_shwa na mu kha'i dus la bab:_bdag nyid chen mo'i dus la bab:_sa bdag chen mo'i dus la bab:_khyed kyi dam tshig dus la bab:_mthu rtsal phyung ba'i dus la bab:_rbad cing bskul ba nga yis byed:_nyams pa'i dgra bgegs myur du khug:_mngon spyod drag po'i phrin las mdzod:_gnod byed dgra bgegs badz+ra aM ku sha dzaH_badz+ra pa sha hU~M:_badz+ra s+pho Ta ba~M:_badz+ra gaN+De hoH_phyag rgya bzhi yis gzir:_de nas bsad pa'i las dang po dgra bo'i lha phral ba'i phyir:_hU~M:_dam tshig chen po'i dus la bab:_mthu rtsal dbyung ba'i sogs man chad 'gre'o:_gnod cing gdug pa'i dgra dang bgegs:_bdud dang bar du gcod pa'i tshogs:_khro bo chen po'i byin rlabs kyis:_gtogs shig grogs dang bral bar gyis:_sngags:_oM badz+ra kI li kI la ya dzaHhU~M ba~M hoH_mA ra ya ha sa ya ra hri ta na sarba big+h+nAn ba~M hU~M phaTa?:_slar yang pho nya bskul ba ni:_gu gul sogs rdzas ngan bdug ste:_hU~M:_nye 'byed rlung gi phra ma mkhan:_bya rog 'ug pa'i gdong pa can:_sku las dri ngan lha srung brgyal:_lag na dbye byed g.yab mo 'byed:_dam nyams bstan pa'i phung byed 'di:_'go ba'i lha lnga bral bar gyis:_skyabs dang phrol la gshed du phob:_dam las 'da' bar ma byed cig:_dmod pa ni:_chos nyid kyi bden pa'o:_gsang sngags kyi byin brlab bo:_sangs rgyas kyi mthu'o:_a b+hi tsAr+Ya'i dus la bab bo:_brnag pa de kho na la'o:_dgra bgegs lha dang phrol cig:_nyams pa'i dgra bgegs mgon skyabs dang bral bar gyur cig:_seng lding gi phur pas gnam gyi 'ju thag gcod phyir spyi bo nas khrag gi gnad gcod par gdab:_oM badz+ra kI li kI la ya tshin+d+ha tshin+d+ha mA ra ya hU~M phaTa?:_las rim dang po'o:_sa ma ya:_gnyis pa gzugs la dbab pa'i phyir:_hU~M:_sprul pa chen po'i dus la bab:_mthu rtsal sogs:_phob cig rnam par gzir bar gyis:_sngags:_a be sha ya a be sha ya:_nyungs dkar khrag gis bran pas gzir te:_phyogs bzhi'i dpal gyi las mkhan ma:_lag na 'bar ba'i spu gri gdeng:_phur pa'i lha mo lag brgya mas:_sngon nas dgra bo'i bla khug cig:_dmod pa ni:_dgra bgegs gzugs ling+ga 'di la phob cig:_dgra bgegs kyi rnam par shes pa bla dang bcas pa ling+ga 'di la bkug nas thim par gyur cig:_bya rgod rkang gi phur pa sa'i rten phur 'byin phyir rkang mthil du dbugs kyi gnad gcod par gdab:_byA gr-i mu kha aM ku sha mA ra ya phaTa?:_las rim gnyis pa'o:_sa ma ya:_gsum pa byad du gzhug pa'i phyir:_hU~M:_phyag brnyan chen po'i dus la bab:_mthu rtsal dbyung sogs:_zung zhig rgyob cig rnam par chings:_sngags:_shI graM a na ya hU~M phaTa?:_byad thag gis dkri:_dgra bgegs kyi dbang po yan lag sdoms shig:_dgra bgegs 'di gru gu thur du chings shig:_sdoms shig:_mchog gi phur pa 'byung bzhi'i gnad gcod phyir gsang gnas su 'byung bzhi'i gnad gcod par gdab:_bing bing mA ra ya phaTa?:_las rim gsum pa'o:_sa ma ya:_bzhi pa smyo ru gzhug pa ni:_hU~M:_shwa na mu kha'i dus la bab:_sogs:_rings par khug la smyor chug cig:_sngags:_dz+wa la pa ya dz+wa la pa ya hU~M phaTa?:_dug sna gtig:_dgra bgegs smyo ru chug cig:_smyo ru chug 'bogs su chug:_dran pa nyams par gyur cig:_zangs kyi phur pa ngag 'joms phyir lce la gdab ste rtsa bzhi'i gnad gcod par gdab:_na maHsa man+ta bi shwa d+ha be ra be ra mA ra ya:_las rim bzhi pa'o:_sa ma ya:_lnga pa rdul du brlag pa ni:_hU~M:_bdag nyid chen mo'i dus la bab:_sogs:_lus ngag rdul phran bzhin du rlogs:_sngags:_ta thA ya ta thA ya:_tho gtun gyis brdung:_dmod pa ni:_dgra bgegs gnod byed rdul du brlag par gyur cig:_lcags phur sems kyi dpyid 'byin par snying gar gdab nas tshe yi gnad gcod par gdab:_sarba puSh+TiM mA ra ya phaTa?:_las rim lnga pa'o:_sa ma ya:_drug pa zhal du bstab pa ni:_hU~M:_sa bdag chen mo'i dus la bab:_sogs:_dkyil 'khor lha tshogs zhal du bstab:_sngags:_b+hin+d+ha ya b+hin+d+ha ya:_dmod pa ni:_dgra bgegs kyi sha khrag rus pa dang bcas pa rol cig:_skyer phur srid pa skyed byed gzhom phyir lte bar btab nas bkrag mdangs kyi gnad gcod par gdab:_su ru su ru u tsuSh+ma kro ta mA ra ya hU~M phaTa?:_las rim drug pa'o:_sa ma ya:_bdun pa bsad las dngos ni:_hU~M:_bdag ni khams gsum sgrol byed snying rje'i bdag:_gdug can 'joms byed las kyi shan pa ste:_'bar ba'i sku gsung thugs ni rdo rjer ldan:_snying rjes rab khros srid gsum 'joms pa'i lha:_mnyam nyid ngang gis khro bas chos kyi sku:_khros pas longs spyod mdzad pas bcom ldan 'das:_rdo rje'i 'du 'phros srid zhi kun la khyab:_g.yas kyi sor mo rigs lnga'i he ru ka:_g.yon pa yum lnga nyid dang mnyam sbyor ba'i:_thabs shes sems kyis yak+sha kro d+har sprul:_sku stod khro bo zhal gsum phyag drug pa:_'bar ba'i mtshon chas srid gsum dus gcig 'joms:_sku smad gnam lcags phur bu rno ngar ldan:_gdug pa'i tshwa tshwas dgra bgegs rtsad nas gcod:_sangs rgyas kun gyi mthu stobs rdzogs par gyur:_gu gul bdug pa sogs snga ma ltar byas la gzi byin bskyed:_bskul drag tu byas la dkyil 'khor gsum gyi thugs kar a dkar po'i 'od kyi zer spro bsdus bdag gi sgrib pa sbyangs:_sku gsung thugs gzi byin bskyed:_yang a yi 'od zer gyi phreng ba spro bsdus gzas po'i sgrib pa sbyangs par bsam la:_oM laM hU~M laM s+t+waM b+ha ya nan:_mo ha ya b+ha ga wan:_hrIHSh+T-I bi kr-i badz+ra hU~M kA ra hU~M hU~M hU~M phaTa? phaTa? phaTa?:_badz+ra kI li kI la ya dzaHhU~M ba~M hoH_sarba big+h+nAM:_badz+ra kI li kI la ya hU~M phaTa?:_badz+ra hU~M kA ra hU~M phaTa?:_badz+ra hU~M kA ra hU~M a aH_zhes brjod:_gzas po'i tshe srog gi rten la phur pa gdab byung tshor gyi sgo bkag:_yang phur bus rtsa chen bzhi bcad:_nyon yid bskams:_phur rtse'i hU~M gis tshe bsod bsdus te rang la bstims pas bdag gi rdo rje'i tshe dang gnyis su med par bsam:_oM laM hU~M laM s+t+waM b+ha ya nan:_mo ha ya b+ha ga wAn:_bi tri shI kr-i badz+ra hU~M kA ra hU~M hU~M hU~M phaTa? phaTa? phaTa?:_badz+ra kI li kI la ya gnod byed dgra bgegs mA ra ya hU~M phaTa?:_slar yang phur pa 'dril te:_hU~M:_nga ni khro rgyal badz+ra kI la ya:_sangs rgyas kun gyi 'bar ba'i ye shes sku:_khams gsum 'khor ba thal 'byin phur pa ni:_yak+sha kro d+ha khro bo'i rje btsan te:_klad la bskor bas bdag cag 'khor bcas srung:_g.yas su bsgril bas pho rgyud dbang du 'du:_g.yon du bsgril bas mo rgyud las la skul:_sked par bskor bas mi ldog dgra la thebs:_'phyar ba tsam gyis lha yang skrag byed cing:_btab pa'i mod la dgra bgegs gum gum 'gyel:_rno ngar ldan pas thal bar brlag pa 'di:_btab bo nyams pa bdun ldan ru trar ya:_srid pa ming med gyis shig mA ra ya:_drag sngags spu gris gdab:_rnam shes tshogs brgyad kyi rten gnas brgyad la khro bo bcu'i phur pa gdab ste:_hU~M:_bdag cag rnal 'byor sgrub pa pos:_byang chub mchog tu sems bskyed cing:_dus gsum rgyal ba'i gdung 'tshob pa'i:_rig 'dzin bdag cag rnams la ni:_gnod cing gdug pa'i dgra dang bgegs:_bdud dang bar du gcod pa dang:_dngos grub 'phrog cing 'tshe ba rnams:_khro bo chen po'i byin rlabs kyis:_yud tsam gyis ni 'dir khug la:_mngon spyod phrin las 'grub par mdzod:_lus ngag rdul du bshig nas kyang:_sdug bsngal nyams su myong bar mdzod:_ha na ha na badz+ra sarba big+h+nAn ba~M hU~M phaTa?:_da ha da ha badz+ra sarba big+h+nAn ba~M hU~M phaTa?:_pa tsa pa tsa badz+ra=_ma tha ma tha badz+ra=_dz+wa la dz+wa la badz+ra=_su ru su ru badz+ra=_mu ru mu ru badz+ra=_ka taM ka ye badz+ra=_dza ye bi dza ye badz+ra=_a dzi te a pa ra dzi te badz+ra=_phung po chags pa'i dwangs ma'i gnas bcu khams lnga'i nyer len dang bcas par khro mo bcu'i phur pa gdab ste:_hU~M:_gdug cing sdang sems ldan pa rnams:_lha'am 'on te bdud kyang rung:_nga la bar chad byed pa rnams:_mthu dang rdzu 'phrul med par mdzod:_oM badz+ra kI li kI la ya dzaHhU~M ba~M hoHpa ra bid+yA sarba big+h+nAn ba~M hU~M phaTa?:_tshin+d+ha tshin+d+ha=_b+hin+d+ha b+hin+d+ha=_g+hr-i ha na g+hr-i ha na=_ha na ha na=_b+han+d+ha b+han+d+ha=_sarba a na ya=_ta thA ya ta thA ya=_mtshams bzhir sgo ma bzhis gdab ste:_hU~M:_zhi ba'i las mdzad badz+ra kI la ya'i:_pho nya sgo ma dkar mo rta gdong ma:_dgra bgegs gnod byed 'dul ba'i dus la bab:_klad rgyas mtsho yi dkyil du kI la ya:_bI da ya bi dA ya sarba big+h+nAn ba~M hU~M phaTa?:_hU~M:_rgyas pa'i las mdzad rat+na kI la ya'i:_pho nya sgo ma ser mo phag gdong ma:_gnod byed dgra bgegs 'dul ba'i dus la bab:_glo ba dbugs mtsho'i dkyil du kI la ya:_na maHsa man+ta hrIM hrIM:_hU~M:_dbang gi las mdzad pad+ma kI la ya'i:_pho nya sgo ma dmar mo kang+ka'i gdong:_dgra bgegs gnod byed 'dul ba'i dus la bab:_mchin pa khrag mtsho'i dkyil du kI la ya:_su ru su ru pra su ru:_hU~M:_drag po'i las mdzad karma kI la ya'i:_pho nya sgo ma ljang mo spyang ki'i gdong:_dgra bgegs gnod byed 'dul ba'i dus la bab:_mkhal ma sha mtsho'i dkyil du kI la ya:_mA ra ya mA ra ya:_zhes gdab:_las grub pa dang bdag phur gzas gsum:_las dang:_bya ba:_man ngag ting nge 'dzin gsum gyis gso:_las mtha' rgyas su bya:_de dag kun gyi skabs su bzla bya'i sngags kyi gtso bo ni:_oM badz+ra kI li kI la ya:_ma rak+mo yak+mo kA la rU pa:_snying rtsa la yaM yaM:_srog rtsa la yaM yaM:_snying la khril khril:_srog la chum chum:_tsit+ta srog la tung tung:_snying khrag srog la shad shad:_thuM ri li li:_tseg tseg:_'ur 'ur:_shig shig:_'gul 'gul:_myag myag:_sod sod:_d+ha ti ma ma shrI g+h+raM karma ka ra ye ma ra se na pra mar+d+ha na ye swA hA:_zhes drag sngags spu gri thun chod du bzla'o:_dmigs pa'i khyad par ni zhal las shes so:_las 'di ni rang 'dod kyi 'khu 'phrigs med pa:_gdug can snying rjes mi gtong ba:_bstan 'gro'i don las gar thod thod du mi bya'o:_zab pa'i mthar thug bi ma la mi tras bdag gnyags kyi ban de la gnang nas lag char byin pas bstan du phangs pa'i man ngag mkha' 'gro ma'i bka' rgya can:_sa ma ya_rgya rgya rgya:_\u0f80athi:_de'i tshe phur srung dam can rnams nye bar bsnyen pa gces pas na:_oM badz+ra kI li kI la ya dz+wa la naM:_dzaHhU~M ba~M hoH_su ru su ru mu ru mu ru:_dz+wa la dz+wa la:_ma tha ma tha:_d+ha ti ma ma karma i daM ma taM ka ra dza ye bi dza ye a tsi te a pa ra tsi te ka taM ka te ma ra s+ye na pra marta na ye sarba big+h+nAM ba~M hU~M phaTa?:_ces bzla:_hU~M:_sngon gyi bskal pa'i dang po la:_srid pa 'di na dbang che ba:_srid pa brkos 'debs rgyal po dang:_e ka dzA Ti yab yum gnyis:_bshos pa'i sras la shwa na bzhi:_nam gyi srod kyi pho nya ba:_lcags kyi spyang mo mgo dgu ma:_gser gyi 'phar ba lce brgyad ma:_zangs kyi wa mo rkang gsum ma:_lcags kyi khyi mo ral pa can:_'jigs pa'i mi mo re res zhon:_rang rang chibs kyi gdong pa can:_ming po shel ging dkar po bcas:_ri rgyal lhun po'i yang rtse nas:_dug mtsho mer ba'i nang shed na:_dung mkhar dkar po'i nang nas gshegs:_yang gcig dregs pa mi srun pa:_bdud nag pho mo rol pa'i sras:_lang+ka mgrin bcu'i chung ma ni:_nam gyi gung gi pho nya mo:_che zhe dpal ldan re ma ti:_re ma dzaHdang re ma dzuH_re ma dzi bzhi ming po che:_ma hA kA la bcas pa rnams:_ri rab ri yi byang shar mtshams:_mu le mthing gi mtsho nang nas:_lcags kyi mkhar nas gshegs su gsol:_gnod sbyin zangs mdog dmar po dang:_zangs mgrin ldan pa bshos pa'i sras:_nam gyi tho rangs pho nya ba:_bswe yi skyes bu lha mo bzhi:_bswe mtsho mer ba'i nang nas bzhengs:_phur 'debs rdo rje de byin dang:_bse byin phag byin gza' btsan klu'i:_bdud kyi bu mo mched sde bzhi:_zhag dang 'o ma mar khu khrag:_mtsho bzhir gnas pa'i ming po bcas:_dpal gyi bka' bzhin gnas 'dir gshegs:_bran dang bka' nyan pho nya'i tshogs:_bstan pa gnyan la dgra dar na:_las la ma g.yel da tshur byon:_khyed kyi mthu rtsal dus la bab:_dpal gyi spyan sngar zhal bzhes bzhin:_bcol ba'i las kun 'grub par mdzod:_ces bskul phud dang gtor mas brngan:_dgyes pa bskyed la las bcol lo:_'di ni phur pa sgrub pa'i dus thams cad du gces pas rnal 'byor pas kyang dus gnyan dang rgyun par gsol mchod gtor ma gtang ngo:_sa ma ya:_rgya rgya rgya:_rtags thon par byed na gnad yig ltar brten dgos kyang bsnyen sgrub ting nge 'dzin gyi drod thob pa las kun gyi spyod yul ma yin pas slob dpon gyi zhal las shes par bya'o:_'di ni bstan pa srung ba'i mtshon cha gnyan po yin pas brgyud 'dzin gyi skyes bu la gtad do:_skal med la dam rgya:_gsang rgya:_sbas rgya:_sa ma ya:_mtshan ma rdzas kyi phur bu'i sgrub thabs slob dpon chen po bi ma la mi tras mdzad pa bod kyi lo tsA ba gnyags dz+nyA na ku mA ra la gtad pa :::brda yig::::_ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga'i bye brag sku yi gsung gi gnas mchog 'og min karma'i ri zhol gyi gan+d+ho la chen po nas bka' srung ye shes kyi mgon pos mngon sum du gtad pa'i shog ser las khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pas gnam sa chu klung dang bcas pa drag po'i e rdzong du rdzogs pa'i dben gnas su dag par gtan la phab pa kasmira'i paN+Di ta bi ma la mi tras snyan brgyud du gdams pa'o/_//

Footnotes

Other Information