DKR-KABUM-19-DZA-009: Difference between revisions
No edit summary |
No edit summary |
||
Line 40: | Line 40: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཚེ་སྒྲུབ་པདྨའི་སྙིང་ཐིག་ལས། །བཀའ་སྲུང་ཌཱ་ཀི་ཙཎྜི་ཀའི་ཕྲིན་ལས་རྒྱས་པར་སྤྲོས་པ་བདེ་སྟོང་འདོད་དགུའི་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།།<br><br> | {{TibP|༄༅། །ཚེ་སྒྲུབ་པདྨའི་སྙིང་ཐིག་ལས། །བཀའ་སྲུང་ཌཱ་ཀི་ཙཎྜི་ཀའི་ཕྲིན་ལས་རྒྱས་པར་སྤྲོས་པ་བདེ་སྟོང་འདོད་དགུའི་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ཨོཾ་སྭ་སྟི། གཙང་ཞིང་དགེ་བའི་གནས་སུ་དམ་ཚིག་གི་རྟེན་བཀྲམ་པའི་མདུན་ཡི་དམ་ལྷའི་འདས་གཏོར། འཆི་མེད་ཌཱ་ཀིའི་གཏོར་མ་ཟླ་གམ་འཁོར་རང་འདྲ་ལ་མཐེབ་ཀྱུ་དང་རིལ་བུས་ལྟེམས་པ། གཞན་ཕོ་རྒྱུད་མོ་རྒྱུད་སོགས་གཤམ་དགོས་གང་ཡོད་དང༌། སྨན་རཀ །ཉེར་སྤྱོད་མཆོད་པ་སོགས་ཐམས་ཅད་གཙང་ཞིང་དག་པར་འདུ་བྱས་ལ། བདག་གི་རྣལ་འབྱོར་ཡི་དམ་གང་ལ་བརྟེན་པའི་བསྐྱེད་བཟླས་སྔོན་དུ་འགྲོ་བས། དང་པོ་མཆོད་རྫས་བྱིན་རླབས་ནི། བདག་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཨོཾ་ལས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ཞིང༌། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤབྡ་ཨཱཿཧཱུྃ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཀ་པཱ་ལར་དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩིར་ཐིམ་པ་དང་གཉིས་སུ་མེད་པར་གྱུར། ཅེས་སོ། །གཉིས་པ་འདས་གཏོར་འབུལ་བ་ནི། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་འཆི་མེད་ཚེ་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བསམ། ཨོཾ་ཨཱཿཧཱུྃ་གུ་རུ་ཨཱ་ཡུ་དེ་ཝ་མཎྜ་ལ་ག་ཎ་ས་པ་རི་ཝཱ་ར་བྷྱཿབཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་ཕྱི་མཆོད་དང༌། བཛྲ་པཉྩ་ཨ་མྲྀ་ཏ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སྨན་རཀ་སྟོབ། རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་ཕྱེས་ལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ཞིང༌། གོང་གི་སྔགས་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྲྀ་ཧྣནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། ཞེས་ལན་གསུམ་གྱིས་གཏོར་མ་འབུལ། བསྟོད་པ་ནི། ཧྲཱིཿ སོ་སོར་ཀུན་ཏུ་རྟོག་པ་ཡི། །ཡེ་ཤེས་ཆེན་པོ་ཚེ་ཡི་ལྷ། །ཕྱོགས་དུས་རྒྱལ་བ་རྒྱ་མཚོ་ལ། །གུས་པས་མཆོད་ཅིང་བསྟོད་པར་བགྱི། །ཞེས་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་འདོད་དོན་གསོལ། དངོས་གྲུབ་རོལ་མཚོ་དང་སྦྲེལ་ན་འདས་གཏོར་བྱེ་བྲག་པ་འདི་ཉིད་མ་སྦྱར་ཀྱང་རུང་ངོ༌། །གཉིས་པ་དངོས་གཞིའི་ཕྲིན་ལས་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་འཆི་མེད་ཌཱ་ཀིའི་ཞིང་ཁམས་བལྟ་ན་སྡུག་པའི་སྐྱེད་མོས་ཚལ་ཉམས་སུ་དགའ་བ། དཔག་བསམ་གྱི་ཤིང་ལོ་འབྲས་མེ་ཏོག་རྒྱས་པས་བསྐོར་ཞིང༌། མཛེས་སྡུག་མེ་ཏོག་གི་ཕྲེང་བ། བདུད་རྩིའི་ཆུ་ཀླུང་དང་རྫིང་བུའི་ངོགས་སུ་བྱ་དང་རི་དྭགས་བག་ཕེབས་པས་རྩེ་བའི་དབུས་སུ་ཨུཏྤལ་དམར་པོ་འདབ་མ་རབ་ཏུ་རྒྱས་པའི་ཟེའུ་འབྲུར་ཉིན་བྱེད་དབང་པོའི་དཀྱིལ་འཁོར་གྱི་སྟེང་ཧྲཱིཿཡིག་དམར་གསལ་ཡོངས་སུ་གྱུར་པ་ལས་འཆི་མེད་ཌཱ་ཀིའི་དབང་ཕྱུག་ཉེ་དབང་ཙཎྜི་ཀ་གཞོན་ནུ་མྱོས་མའི་ལང་ཚོ་དར་ལ་བབ་པའི་འཇོ་སྒེག་ཅན། དར་དང་རིན་པོ་ཆེ་མེ་ཏོག་སྣ་ཚོགས་པའི་རྒྱན་དང་ན་བཟས་བཀླུབས་པ། མཛེས་འཛུམ་ཆགས་པའི་ཉམས་ཀྱིས་སྒྲུབ་པ་པོར་རྗེས་སུ་བརྩེ་བའི་སྤྱན་ཟུང་ཟིམ་བུས་གཟིགས་པ། ཕྱག་གཡས་པདྨའི་དབང་གི་ལྕགས་ཀྱུ་ནམ་མཁར་གདེངས་པས་སྲིད་ཞིའི་དཔལ་ཡོན་དྭངས་བཅུད་དབང་མེད་དུ་འགུགས་པ། གཡོན་པས་འཆི་མེད་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་བཟུང་བའི་ཁ་ནས་དངོས་གྲུབ་བདུད་རྩིའི་རྒྱུན་གྱི་ཟིལ་མངར་འབེབས་པ། ཞབས་གཡོན་བརྐྱང་གཡས་བསྐུམ་སྟེ་བཙུན་མོ་རོལ་པའི་འགྱིང་སྟབས་ཀྱིས་བཞུགས་པའི་འཁོར་དུ་རང་འདྲའི་ཌཱ་ཀི་མ་གཞོན་ནུ་མཆེད་བདུན་སོགས་འབུམ་ཕྲག་ཡངས་པས་བསྐོར་བའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནགས་ཚལ་དྲྭ་བ་ཅན་པདྨས་ཁེབས་པའི་རྫིང་དྲུང་ནས་ཡེ་ཤེས་ཌཱ་ཀི་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧྲཱིཿ བདེ་ཆེན་འབར་བ་དབང་གི་ཞིང༔ པདྨ་དྲྭ་བས་ཁེབས་པ་ནས༔ འཆི་མེད་ཉེ་དབང་ཙཎྜི་ཀ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ངོ་བོ་སྲིད་ཞི་ཀུན་ཁྱབ་ཀྱང༌། །རྣམ་རོལ་སྒྲུབ་མཆོག་རྗེས་སྐྱོང་ཕྱིར། །སྒྱུ་འཕྲུལ་དགྱེས་དགུའི་རོལ་མོ་ཡིས། །གནས་འདིར་བརྩེ་བས་གཤེགས་སུ་གསོལ། །བཀའ་འཁོར་སྤྲུལ་པ་རྒྱ་མཚོའི་ཚོགས། །མ་འགག་ཅིར་ཡང་འཆར་བ་ཡིས། །སྔོན་གྱི་ཐུགས་དམ་དགྱེས་བསྐུལ་ཕྱིར། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། བཛྲ་ས་མ་ཡ་ཛ༔ས་སྤྱན་དྲངས། ཧྲཱིཿ བདེ་ཆེན་དབང་གི་མཁའ་འགྲོ་མ། །དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ། །དམ་ཚིག་རྟེན་ལ་གཉིས་མེད་དུ། །བཞུགས་ནས་ཚེ་དབང་རྒྱས་པར་མཛོད། །ཛཿཧཱུྃ་བྃ་ཧོཿཏིཥྛནྟུ༔ ཧཱུྃ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང༔ ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་གཏེར༔ བདེ་ཆེན་སྒྱུ་མར་རོལ་པ་ཡི༔ དགྱེས་པའི་མཆོད་པ་བཞེས་སུ་གསོལ༔ ཕྱི་ཡི་མཆོད་སྤྲིན་མཛེས་སྡུག་གཟུགས། །དྲི་ཞིམ་རོ་ལྡན་བཟའ་བཏུང་ཕུད། །ལྷ་རྫས་རེག་བྱ་ཉེར་སྤྱོད་སོགས། །ཐུན་མོང་ཡིད་ཀྱི་མཆོད་པ་དང༌། །རྩ་བརྒྱད་སྟོང་སྦྱར་སྨན་གྱི་ཕུད། །དམར་ཆེན་རཀྟའི་ཞག་ལྦུ་འཁྲིགས། །འདོད་འབྱུང་གཏོར་མའི་ལྷུན་པོ་སོགས། །བླ་མེད་རྡོ་རྗེའི་དམ་ཚིག་རྫས། །གཉིས་མེད་བདེ་ཆེན་དགྱེས་སྦྱོར་ཞིང༌། །བདུད་བགེགས་སྒྲོལ་བའི་ཕྲིན་ལས་རྩལ། །ཀུན་ཀྱང་ཆོས་དབྱིངས་མཉམ་ཉིད་ཀློང༌། །གཉིས་མེད་ངང་དུ་བཞེས་སུ་གསོལ། ཨོཾ་མ་ཧཱ་སུ་ཁ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཌཱ་ཀི་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་མཉེས་པར་གྱུར། ཨོཾ་ཨ་མཱ་ར་ཙཎྜི་ཀ་ཛཿས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ས་ལན་གསུམ་མམ་བདུན་གྱིས་གཏོར་མ་འབུལ། འཆི་མེད་ཚེ་ཡི་བཀའ་སྲུང་ལྷ་མོ་ཙཎྜི་ཀ་མཆེད་བདུན་སྤྲུལ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་དགུའི་གཏེར་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧྲཱིཿ གསུང་གི་རྡོ་རྗེ་འཇིག་རྟེན་དབང༔ རྗེས་ཆགས་སིནྡྷུ་ཝ་རའི་མདངས༔ དམར་གསལ་པདྨའི་ཞལ་བཟང་ཅན༔ འཆི་མེད་ལྷ་ཡི་ལྷ་ལ་བསྟོད༔ ཡིད་འོང་ལང་ཚོ་བལྟ་ན་སྡུག༔ སྒེག་བཞད་ཞལ་གྱིས་གཞན་ཡིད་འགུགས༔ ལྷ་རྫས་རིན་ཆེན་ནོར་བུའི་རྒྱན༔ ཕུན་ཚོགས་དཔལ་གྱིས་མཛེས་ལ་བསྟོད༔ ཕྱག་གཡས་པདྨའི་ལྕགས་ཀྱུ་གདེངས༔ གཡོན་པས་ཚེ་བུམ་བཅུད་ལྡན་འཛིན༔ ཞབས་གཉིས་བཙུན་མོའི་རོལ་སྟབས་ཀྱིས༔ པད་ཉིའི་སྟེང་ན་འགྱིངས་ལ་བསྟོད༔ རྣམ་ཀུན་མཆོག་ལྡན་དབྱིངས་ཀྱི་ཀློང༌། །པདྨ་དབང་གི་བཀའ་སྲུང་ཚུལ། །ཚེ་དང་ཡེ་ཤེས་དཔལ་ཀུན་སྩོལ། །དབྱིངས་ཡུམ་གསང་བ་ཡེ་ཤེས་ཆེ། །ཁྲག་འཐུང་དགྱེས་སྡེ་ཙཎྜི་ཀ །འཆི་མེད་ཉེ་དབང་བདེ་ཆེན་སྟེར། །ལྷ་མོ་མེ་ཏོག་མནྡ་ར། །རྣམ་འཕྲུལ་ཅིར་ཡང་སྟོན་ལ་འདུད། །རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །རབ་འབྱམས་ཕྲིན་ལས་མངའ་དབང་བསྒྱུར། །ཐུན་མོང་ཁྱད་པར་དངོས་གྲུབ་སྒོ། །ཐོགས་མེད་སྩོལ་བར་མཛད་ལ་བསྟོད། །འཁོར་དུ་དབང་མཛད་མཁའ་འགྲོ་མ༔ བསམ་ཡས་སྤྲུལ་པའི་ཆོ་འཕྲུལ་ཅན༔ འདོད་དགུའི་ཕྲིན་ལས་རྩོལ་མེད་དུ༔ སྟེར་མཛད་ཀུན་ལ་བསྟོད་པར་བགྱི༔ གཞན་ཡང་ཡེ་ཤེས་འཇིག་རྟེན་གྱི། །འབུམ་ཕྲག་ཡངས་པའི་ཌཱ་ཀི་མ། །ལྷ་ཀླུ་དྲི་ཟའི་བུ་མོ་སོགས། །འཁོར་ཚོགས་རྒྱ་མཚོས་བསྐོར་ལ་བསྟོད། ཅེས་དང༌། མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ རྣལ་འབྱོར་པ་ལ་རྟག་ཏུ་སྲུངས༔ ནད་གདོན་བར་གཅོད་ཞི་བ་དང་༔ ཚེ་དཔལ་བསོད་ནམས་ཡེ་ཤེས་སྤེལ༔ སྣང་སེམས་སྲིད་ཞི་དབང་དུ་སྡུས༔ གནོད་བྱེད་བྱད་མ་རྡུལ་དུ་རློག༔ ཁྱད་པར་འཆི་མེད་གྲུབ་པའི་ལམ༔ བརྩོན་ལ་སྡོང་གྲོགས་གཡེལ་མེད་མཛོད༔ ས་མ་ཡ་ཧོ༔ ཞེས་བསྟོད་ཅིང་ཕྲིན་ལས་བཅོལ། བཟླས་པ་ནི། མདུན་བསྐྱེད་ཌཱ་ཀི་འཁོར་བཅས་ཀྱི་ཐུགས་ཀར་ཉི་མའི་སྟེང་ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་བདག་ཡི་དམ་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་རེག་པས་སྔོན་གྱི་ཐུགས་དམ་གནད་ནས་བསྐུལ་ཏེ་འདོད་དགུའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་མཛད་པར་མོས་ལ། གོང་གནོན་གྱི་བཟླས་པ་སྔོན་དུ་འགྲོ་བས། ཨོཾ་ཨ་མཱ་ར་ཎི་ཙཎྜི་ཀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་མང་དུ་བཟླས་མཐར། ཨོཾ་མ་ཧཱ་སུ་ཁ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོཿ ཐུན་མོང་གི་མཆོད་པ་དང༌། ཨ་མྲྀ་ཏ་རཀྟ་ཁཱ་ཧི། སྨན་རཀ་དང༌། ཧྲཱིཿ གསུང་གི་རྡོ་རྗེ་འཇིག་རྟེན་དབང༔ རྗེས་ཆགས་སིནྡྷུ་ཝ་རའི་མདངས༔ དམར་གསལ་པདྨའི་ཞལ་བཟང་ཅན༔ འཆི་མེད་ལྷ་ཡི་ལྷ་ལ་བསྟོད༔ སྐབས་འདིར་ཕྲིན་ལས་གཞན་ཡོད་ནའང་སྦྱར་དུ་རུང༌། སྐོང་རྫས་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་ཕུན་སུམ་ཚོགས་པའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་འབྱོར་བ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། | ༄༅། །ཨོཾ་སྭ་སྟི། གཙང་ཞིང་དགེ་བའི་གནས་སུ་དམ་ཚིག་གི་རྟེན་བཀྲམ་པའི་མདུན་ཡི་དམ་ལྷའི་འདས་གཏོར། འཆི་མེད་ཌཱ་ཀིའི་གཏོར་མ་ཟླ་གམ་འཁོར་རང་འདྲ་ལ་མཐེབ་ཀྱུ་དང་རིལ་བུས་ལྟེམས་པ། གཞན་ཕོ་རྒྱུད་མོ་རྒྱུད་སོགས་གཤམ་དགོས་གང་ཡོད་དང༌། སྨན་རཀ །ཉེར་སྤྱོད་མཆོད་པ་སོགས་ཐམས་ཅད་གཙང་ཞིང་དག་པར་འདུ་བྱས་ལ། བདག་གི་རྣལ་འབྱོར་ཡི་དམ་གང་ལ་བརྟེན་པའི་བསྐྱེད་བཟླས་སྔོན་དུ་འགྲོ་བས། དང་པོ་མཆོད་རྫས་བྱིན་རླབས་ནི། བདག་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཨོཾ་ལས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ཞིང༌། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤབྡ་ཨཱཿཧཱུྃ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཀ་པཱ་ལར་དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩིར་ཐིམ་པ་དང་གཉིས་སུ་མེད་པར་གྱུར། ཅེས་སོ། །གཉིས་པ་འདས་གཏོར་འབུལ་བ་ནི། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་འཆི་མེད་ཚེ་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བསམ། ཨོཾ་ཨཱཿཧཱུྃ་གུ་རུ་ཨཱ་ཡུ་དེ་ཝ་མཎྜ་ལ་ག་ཎ་ས་པ་རི་ཝཱ་ར་བྷྱཿབཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་ཕྱི་མཆོད་དང༌། བཛྲ་པཉྩ་ཨ་མྲྀ་ཏ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སྨན་རཀ་སྟོབ། རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་ཕྱེས་ལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ཞིང༌། གོང་གི་སྔགས་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྲྀ་ཧྣནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། ཞེས་ལན་གསུམ་གྱིས་གཏོར་མ་འབུལ། བསྟོད་པ་ནི། ཧྲཱིཿ སོ་སོར་ཀུན་ཏུ་རྟོག་པ་ཡི། །ཡེ་ཤེས་ཆེན་པོ་ཚེ་ཡི་ལྷ། །ཕྱོགས་དུས་རྒྱལ་བ་རྒྱ་མཚོ་ལ། །གུས་པས་མཆོད་ཅིང་བསྟོད་པར་བགྱི། །ཞེས་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་འདོད་དོན་གསོལ། དངོས་གྲུབ་རོལ་མཚོ་དང་སྦྲེལ་ན་འདས་གཏོར་བྱེ་བྲག་པ་འདི་ཉིད་མ་སྦྱར་ཀྱང་རུང་ངོ༌། །གཉིས་པ་དངོས་གཞིའི་ཕྲིན་ལས་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་འཆི་མེད་ཌཱ་ཀིའི་ཞིང་ཁམས་བལྟ་ན་སྡུག་པའི་སྐྱེད་མོས་ཚལ་ཉམས་སུ་དགའ་བ། དཔག་བསམ་གྱི་ཤིང་ལོ་འབྲས་མེ་ཏོག་རྒྱས་པས་བསྐོར་ཞིང༌། མཛེས་སྡུག་མེ་ཏོག་གི་ཕྲེང་བ། བདུད་རྩིའི་ཆུ་ཀླུང་དང་རྫིང་བུའི་ངོགས་སུ་བྱ་དང་རི་དྭགས་བག་ཕེབས་པས་རྩེ་བའི་དབུས་སུ་ཨུཏྤལ་དམར་པོ་འདབ་མ་རབ་ཏུ་རྒྱས་པའི་ཟེའུ་འབྲུར་ཉིན་བྱེད་དབང་པོའི་དཀྱིལ་འཁོར་གྱི་སྟེང་ཧྲཱིཿཡིག་དམར་གསལ་ཡོངས་སུ་གྱུར་པ་ལས་འཆི་མེད་ཌཱ་ཀིའི་དབང་ཕྱུག་ཉེ་དབང་ཙཎྜི་ཀ་གཞོན་ནུ་མྱོས་མའི་ལང་ཚོ་དར་ལ་བབ་པའི་འཇོ་སྒེག་ཅན། དར་དང་རིན་པོ་ཆེ་མེ་ཏོག་སྣ་ཚོགས་པའི་རྒྱན་དང་ན་བཟས་བཀླུབས་པ། མཛེས་འཛུམ་ཆགས་པའི་ཉམས་ཀྱིས་སྒྲུབ་པ་པོར་རྗེས་སུ་བརྩེ་བའི་སྤྱན་ཟུང་ཟིམ་བུས་གཟིགས་པ། ཕྱག་གཡས་པདྨའི་དབང་གི་ལྕགས་ཀྱུ་ནམ་མཁར་གདེངས་པས་སྲིད་ཞིའི་དཔལ་ཡོན་དྭངས་བཅུད་དབང་མེད་དུ་འགུགས་པ། གཡོན་པས་འཆི་མེད་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་བཟུང་བའི་ཁ་ནས་དངོས་གྲུབ་བདུད་རྩིའི་རྒྱུན་གྱི་ཟིལ་མངར་འབེབས་པ། ཞབས་གཡོན་བརྐྱང་གཡས་བསྐུམ་སྟེ་བཙུན་མོ་རོལ་པའི་འགྱིང་སྟབས་ཀྱིས་བཞུགས་པའི་འཁོར་དུ་རང་འདྲའི་ཌཱ་ཀི་མ་གཞོན་ནུ་མཆེད་བདུན་སོགས་འབུམ་ཕྲག་ཡངས་པས་བསྐོར་བའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནགས་ཚལ་དྲྭ་བ་ཅན་པདྨས་ཁེབས་པའི་རྫིང་དྲུང་ནས་ཡེ་ཤེས་ཌཱ་ཀི་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧྲཱིཿ བདེ་ཆེན་འབར་བ་དབང་གི་ཞིང༔ པདྨ་དྲྭ་བས་ཁེབས་པ་ནས༔ འཆི་མེད་ཉེ་དབང་ཙཎྜི་ཀ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ངོ་བོ་སྲིད་ཞི་ཀུན་ཁྱབ་ཀྱང༌། །རྣམ་རོལ་སྒྲུབ་མཆོག་རྗེས་སྐྱོང་ཕྱིར། །སྒྱུ་འཕྲུལ་དགྱེས་དགུའི་རོལ་མོ་ཡིས། །གནས་འདིར་བརྩེ་བས་གཤེགས་སུ་གསོལ། །བཀའ་འཁོར་སྤྲུལ་པ་རྒྱ་མཚོའི་ཚོགས། །མ་འགག་ཅིར་ཡང་འཆར་བ་ཡིས། །སྔོན་གྱི་ཐུགས་དམ་དགྱེས་བསྐུལ་ཕྱིར། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། བཛྲ་ས་མ་ཡ་ཛ༔ས་སྤྱན་དྲངས། ཧྲཱིཿ བདེ་ཆེན་དབང་གི་མཁའ་འགྲོ་མ། །དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ། །དམ་ཚིག་རྟེན་ལ་གཉིས་མེད་དུ། །བཞུགས་ནས་ཚེ་དབང་རྒྱས་པར་མཛོད། །ཛཿཧཱུྃ་བྃ་ཧོཿཏིཥྛནྟུ༔ ཧཱུྃ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང༔ ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་གཏེར༔ བདེ་ཆེན་སྒྱུ་མར་རོལ་པ་ཡི༔ དགྱེས་པའི་མཆོད་པ་བཞེས་སུ་གསོལ༔ ཕྱི་ཡི་མཆོད་སྤྲིན་མཛེས་སྡུག་གཟུགས། །དྲི་ཞིམ་རོ་ལྡན་བཟའ་བཏུང་ཕུད། །ལྷ་རྫས་རེག་བྱ་ཉེར་སྤྱོད་སོགས། །ཐུན་མོང་ཡིད་ཀྱི་མཆོད་པ་དང༌། །རྩ་བརྒྱད་སྟོང་སྦྱར་སྨན་གྱི་ཕུད། །དམར་ཆེན་རཀྟའི་ཞག་ལྦུ་འཁྲིགས། །འདོད་འབྱུང་གཏོར་མའི་ལྷུན་པོ་སོགས། །བླ་མེད་རྡོ་རྗེའི་དམ་ཚིག་རྫས། །གཉིས་མེད་བདེ་ཆེན་དགྱེས་སྦྱོར་ཞིང༌། །བདུད་བགེགས་སྒྲོལ་བའི་ཕྲིན་ལས་རྩལ། །ཀུན་ཀྱང་ཆོས་དབྱིངས་མཉམ་ཉིད་ཀློང༌། །གཉིས་མེད་ངང་དུ་བཞེས་སུ་གསོལ། ཨོཾ་མ་ཧཱ་སུ་ཁ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཌཱ་ཀི་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་མཉེས་པར་གྱུར། ཨོཾ་ཨ་མཱ་ར་ཙཎྜི་ཀ་ཛཿས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ས་ལན་གསུམ་མམ་བདུན་གྱིས་གཏོར་མ་འབུལ། འཆི་མེད་ཚེ་ཡི་བཀའ་སྲུང་ལྷ་མོ་ཙཎྜི་ཀ་མཆེད་བདུན་སྤྲུལ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་དགུའི་གཏེར་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧྲཱིཿ གསུང་གི་རྡོ་རྗེ་འཇིག་རྟེན་དབང༔ རྗེས་ཆགས་སིནྡྷུ་ཝ་རའི་མདངས༔ དམར་གསལ་པདྨའི་ཞལ་བཟང་ཅན༔ འཆི་མེད་ལྷ་ཡི་ལྷ་ལ་བསྟོད༔ ཡིད་འོང་ལང་ཚོ་བལྟ་ན་སྡུག༔ སྒེག་བཞད་ཞལ་གྱིས་གཞན་ཡིད་འགུགས༔ ལྷ་རྫས་རིན་ཆེན་ནོར་བུའི་རྒྱན༔ ཕུན་ཚོགས་དཔལ་གྱིས་མཛེས་ལ་བསྟོད༔ ཕྱག་གཡས་པདྨའི་ལྕགས་ཀྱུ་གདེངས༔ གཡོན་པས་ཚེ་བུམ་བཅུད་ལྡན་འཛིན༔ ཞབས་གཉིས་བཙུན་མོའི་རོལ་སྟབས་ཀྱིས༔ པད་ཉིའི་སྟེང་ན་འགྱིངས་ལ་བསྟོད༔ རྣམ་ཀུན་མཆོག་ལྡན་དབྱིངས་ཀྱི་ཀློང༌། །པདྨ་དབང་གི་བཀའ་སྲུང་ཚུལ། །ཚེ་དང་ཡེ་ཤེས་དཔལ་ཀུན་སྩོལ། །དབྱིངས་ཡུམ་གསང་བ་ཡེ་ཤེས་ཆེ། །ཁྲག་འཐུང་དགྱེས་སྡེ་ཙཎྜི་ཀ །འཆི་མེད་ཉེ་དབང་བདེ་ཆེན་སྟེར། །ལྷ་མོ་མེ་ཏོག་མནྡ་ར། །རྣམ་འཕྲུལ་ཅིར་ཡང་སྟོན་ལ་འདུད། །རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །རབ་འབྱམས་ཕྲིན་ལས་མངའ་དབང་བསྒྱུར། །ཐུན་མོང་ཁྱད་པར་དངོས་གྲུབ་སྒོ། །ཐོགས་མེད་སྩོལ་བར་མཛད་ལ་བསྟོད། །འཁོར་དུ་དབང་མཛད་མཁའ་འགྲོ་མ༔ བསམ་ཡས་སྤྲུལ་པའི་ཆོ་འཕྲུལ་ཅན༔ འདོད་དགུའི་ཕྲིན་ལས་རྩོལ་མེད་དུ༔ སྟེར་མཛད་ཀུན་ལ་བསྟོད་པར་བགྱི༔ གཞན་ཡང་ཡེ་ཤེས་འཇིག་རྟེན་གྱི། །འབུམ་ཕྲག་ཡངས་པའི་ཌཱ་ཀི་མ། །ལྷ་ཀླུ་དྲི་ཟའི་བུ་མོ་སོགས། །འཁོར་ཚོགས་རྒྱ་མཚོས་བསྐོར་ལ་བསྟོད། ཅེས་དང༌། མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ རྣལ་འབྱོར་པ་ལ་རྟག་ཏུ་སྲུངས༔ ནད་གདོན་བར་གཅོད་ཞི་བ་དང་༔ ཚེ་དཔལ་བསོད་ནམས་ཡེ་ཤེས་སྤེལ༔ སྣང་སེམས་སྲིད་ཞི་དབང་དུ་སྡུས༔ གནོད་བྱེད་བྱད་མ་རྡུལ་དུ་རློག༔ ཁྱད་པར་འཆི་མེད་གྲུབ་པའི་ལམ༔ བརྩོན་ལ་སྡོང་གྲོགས་གཡེལ་མེད་མཛོད༔ ས་མ་ཡ་ཧོ༔ ཞེས་བསྟོད་ཅིང་ཕྲིན་ལས་བཅོལ། བཟླས་པ་ནི། མདུན་བསྐྱེད་ཌཱ་ཀི་འཁོར་བཅས་ཀྱི་ཐུགས་ཀར་ཉི་མའི་སྟེང་ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་བདག་ཡི་དམ་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་རེག་པས་སྔོན་གྱི་ཐུགས་དམ་གནད་ནས་བསྐུལ་ཏེ་འདོད་དགུའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་མཛད་པར་མོས་ལ། གོང་གནོན་གྱི་བཟླས་པ་སྔོན་དུ་འགྲོ་བས། ཨོཾ་ཨ་མཱ་ར་ཎི་ཙཎྜི་ཀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་མང་དུ་བཟླས་མཐར། ཨོཾ་མ་ཧཱ་སུ་ཁ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོཿ ཐུན་མོང་གི་མཆོད་པ་དང༌། ཨ་མྲྀ་ཏ་རཀྟ་ཁཱ་ཧི། སྨན་རཀ་དང༌། ཧྲཱིཿ གསུང་གི་རྡོ་རྗེ་འཇིག་རྟེན་དབང༔ རྗེས་ཆགས་སིནྡྷུ་ཝ་རའི་མདངས༔ དམར་གསལ་པདྨའི་ཞལ་བཟང་ཅན༔ འཆི་མེད་ལྷ་ཡི་ལྷ་ལ་བསྟོད༔ སྐབས་འདིར་ཕྲིན་ལས་གཞན་ཡོད་ནའང་སྦྱར་དུ་རུང༌། སྐོང་རྫས་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་ཕུན་སུམ་ཚོགས་པའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་འབྱོར་བ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་གསུམ་དང༌། བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབ་ཅིང་ཟད་མི་ཤེས་པར་སྤེལ་ལ། ཧྲཱིཿ བདེ་ཆེན་ཡེ་ཤེས་སྐྱེད་མཛད་མ། །འཆི་མེད་ཉེ་དབང་ལྷ་མོ་ནི། །ཙཎྜི་ཀ་སོགས་མིང་བརྒྱ་མ། །མིང་བརྒྱ་མ་ལ་མཚན་སྟོང་མ། །འབྱུང་བཞི་བསྐྱེད་ཅིང་སྡུད་པ་མོ། །ནམ་མཁའ་དབྱིངས་ཀྱི་དཔལ་མོ་བཙན། །འཁོར་འདས་དྭངས་བཅུད་དབང་སྡུད་མ། །མཆེད་བདུན་སྤྲུལ་པ་ཡང་སྤྲུལ་རྣམས། །འདིར་གཤེགས་ཐུགས་དམ་སྐོང་བའི་རྫས། །དབང་གི་ཕོ་བྲང་ཉམས་རེ་དགའ། །རི་ཆེན་ཨུཏྤ་ཕྲེང་མཛེས་དང༌། །ཙནྡན་བྱེ་རུ་པད་རཱག་ཕྲེང༌། །བསིལ་སྨན་སྣ་ཚོགས་སྦྱར་བ་ཡི། །མཆོད་ཡོན་བཟང་པོ་དཀར་མངར་གྱི། །སྐྱེམས་ཕུད་མཆོད་གཏོར་སྣ་ཚོགས་པ། །དབང་གི་ལྕགས་ཀྱུ་རྣོན་པོ་དང༌། །ཉི་ཟླའི་ཟེར་གྱི་ཞགས་པ་སོགས། །བྱང་སེམས་དཀར་དམར་མཚལ་ཆེན་ཐིག །སྨན་གཏོར་རཀྟ་ལ་སོགས་པ། །སྲིད་ཞིའི་ཁམས་ན་འབྱོར་པ་ཡིས། །བསྐང་རྒྱུའི་དངོས་པོ་ཅི་མཆིས་པས། །ལྷ་མོ་འཁོར་བཅས་ཐུགས་དམ་བསྐངས། །ཐུགས་དམ་བསྐངས་ལ་ཉམས་ཆག་གསོ། །ལྟ་སྒོམ་སྤྱོད་པ་ནོར་བ་དང༌། །སྒོ་གསུམ་བག་མེད་གྱུར་པ་བཤགས། ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས། །རྔམ་པའི་བརྟུལ་ཞུགས་བགེགས་ལ་ཕོབ། །དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད། །བགེགས་དཔུང་ཐལ་བའི་རྡུལ་དུ་རློག །བདག་འཁོར་ཡོན་བདག་བུ་བཞིན་སྐྱོངས། །རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༌། །ཉེ་རྒྱུའི་སྤྱོད་པ་གྲོགས་མཛད་ཅིང༌། །ཡེ་ཤེས་བདེ་བ་ཆེན་པོ་ཡི། །ཉམས་རྩལ་རྟོགས་པ་སྦར་དུ་གསོལ། །མདོར་ན་ཡིད་ལ་གང་འདོད་པའི། །མཆོག་ཐུན་ཕྲིན་ལས་ཐམས་ཅད་པ། །འབད་མེད་འགྲུབ་པར་མཛད་དུ་གསོལ། །བཤགས་པ་བྱ་བར་སྤྲོ་ན། ཧྲཱིཿ འཆི་མེད་ཚེ་ཡི་ཌཱ་ཀི་མ། །སྤྲུལ་འཁོར་བཅས་ཀུན་དགོངས་སུ་གསོལ། །བདག་ཅག་སྒོ་གསུམ་འཁྲུལ་པས་ནོངས། །ཉོན་མོངས་གཞན་དབང་གྱུར་པ་ཡིས། །རྡོ་རྗེ་ཐེག་པའི་དམ་ལས་འགལ། །མཆོད་སྐོང་དམ་རྫས་མ་ཚང་འགྱངས། །བསྙེན་སྒྲུབ་ལས་སྦྱོར་གཞུང་མ་བསྲངས། །སྲོག་གཅོད་རྟེན་གསུམ་བཤིག་དང་གཞོམ། །ཚེ་ལ་གནོད་པའི་ལས་བགྱིས་ཤིང༌། །ལྟ་བ་མ་རྟོགས་སྒོམ་པ་གཡེལ། །སྤྱོད་འཆོལ་འབྲས་བུ་མ་ཐོབ་སོགས། །ཉེས་པར་གྱུར་པའི་ཚོགས་ཐམས་ཅད། །མི་འཆབ་སྙིང་ནས་མཐོལ་བཤགས་ན། །དག་ཅིང་ཚངས་པར་བསྩལ་དུ་གསོལ། །ཡི་གེ་བརྒྱ་པ་བཟླ། ཕྲིན་བཅོལ་ནི། ཧྲཱིཿ བདེ་ཆེན་དབང་གི་ཕོ་བྲང་ནས། །འཆི་མེད་ཚེ་ཡི་བཀའ་སྲུང་ཆེ། །ཡེ་ཤེས་ཌཱ་ཀི་ཙཎྜི་ཀ །མཆེད་མདུན་སྤྲུལ་འཁོར་ཕོ་ཉར་བཅས། །མཐུན་རྫས་འདོད་དགུས་མཆོད་གཏོར་བཞེས། །དམ་ཚིག་ཉམས་ཆག་དབྱིངས་སུ་བསྐངས། །ལུས་དང་གྲིབ་བཞིན་མི་འབྲལ་བས། །ཚེ་མཆོག་འགྲུབ་པའི་གྲོགས་མཛོད་ཅིག །འགལ་རྐྱེན་མི་མཐུན་བར་ཆད་ཞི། །ཚེ་དཔལ་བདེ་ཆེན་ཡེ་ཤེས་རྒྱས། །མཆོག་ཐུན་དངོས་གྲུབ་དབང་དུ་སྡུས། །ཚེ་བདུད་བར་ཆད་མཐའ་དག་སྒྲོལ། །རྟག་ཏུ་སྲུང་སྐྱོབ་མི་གཡེལ་བས། །བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། །ཅེས་དང༌། མཐར་གཏོར་མ་འབུལ་བ་ནི། མཆོད་གཏོར་ལ་བདུད་རྩི་བྲན་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱི་བྱིན་གྱིས་བརླབས། རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་ཕུལ་ལ། ཧྲཱིཿ བདེ་ཆེན་དབང་གི་མཁའ་འགྲོ་མ། །འཆི་མེད་ཚེ་ཡི་ཡུམ་ཆེན་མོ། །མཆེད་བདུན་འབུམ་ཕྲག་ཡངས་པའི་ཚོགས། །བཀའ་སྡོད་འཁོར་དང་བཅས་པ་རྣམས། །ཕུན་ཚོགས་བདུད་རྩིའི་བཅུད་ལྡན་ཞིང༌། །འདོད་ཡོན་རྨད་བྱུང་མཆོད་པ་ཆེ། །ཕྲིན་ལས་འདོད་དགུའི་སྐྱེས་སུ་འབུལ། །དགྱེས་མཉེས་ཚིམ་པར་བཞེས་ནས་ཀྱང༌། །འགལ་རྐྱེན་མི་མཐུན་མཐའ་དག་ཞི། །ཚེ་དང་བསོད་ནམས་ཡེ་ཤེས་སྤེལ། །སྣང་སྲིད་རླུང་སེམས་དབང་དུ་སྡུས། །གནོད་བྱེད་བདུད་བགེགས་ཚར་བཅད་ནས། །དངོས་གྲུབ་འདོད་དགུའི་བུ་བཞིན་སྐྱོངས། །བསྟན་འགྲོའི་དགེ་མཚན་རབ་རྒྱས་པའི། །ཕུན་ཚོགས་དཔལ་གྱི་སྣང་བ་དང༌། །མི་འབྲལ་དོན་གཉིས་ལྷུན་གྲུབ་མཛོད། །ཅེས་གསོལ་ལ་མཆོད་གཏོར་གཙང་སར་འབུལ། གཏང་རག་གི་མཆོད་བསྟོད་བསྙེན་པའི་གཞུང་ལྟར་དང༌། མ་རྙེད་ཡོངས་སུ་སོགས་དང༌། ཡིག་བརྒྱས་ནོངས་པ་བཤགས། བརྟན་བཞུགས་དང་གཤེགས་གསོལ་གང་འོས་བྱ། བསྔོ་སྨོན་ནི། ཧཱུྃ། དགེ་བའི་རྩ་བ་འདིས་མཚོན་ལེགས་བྱས་ཀུན། །རྣམ་གྲོལ་ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས། །བདག་གཞན་འགྲོ་ཀུན་ཚོགས་གཉིས་མྱུར་རྫོགས་ནས། །མཆོག་ཐུན་ཕྲིན་ལས་ལྷུན་གྱིས་འགྲུབ་པར་ཤོག །ཤིས་བརྗོད་ནི། ཧཱུྃ། ཀུན་ཁྱབ་འགྱུར་མེད་དོན་དམ་བདེ་བ་ཆེ། །མཐའ་ཀླས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས། །དོན་གཉིས་འདོད་དགུ་ཡིད་བཞིན་སྩོལ་མཛད་པ། །རྩ་གསུམ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་པའང་ཚེ་རིག་གྲུབ་པའི་སྐྱེས་མཆོག་བསྟན་འགྲོའི་དཔལ་མགོན་འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་དྷརྨ་མ་ཏིའི་གསུང་བསྐུལ་བཞིན་ལམ་འདིའི་བཀའ་བབ་པདྨ་གར་དབང་མདོ་སྔགས་གླིང་པས་ལྷོ་འབྲུག་ཕུན་ཚོགས་ཆོས་གླིང་གི་བསྟི་གནས་སུ་ཆུ་བྱི་གནམ་ལོ་གསར་འཆར་གྱི་རྟེན་འབྲེལ་དགའ་སྟོན་དུ་གྲུབ་པར་བགྱིས་པ་ཚེ་དང་ཡེ་ཤེས་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བའི་རྒྱུར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 17:49, 9 December 2022
Wylie title | tshe sgrub pad+ma'i snying thig las/ /bka' srung DA ki tsaN+Di ka'i phrin las rgyas par spros pa bde stong 'dod dgu'i mchog stsol | |
---|---|---|
Location | dil mgo mkhyen brtse bka' 'bum Volume 19, Text 9, Pages 63-69 (Folios 1a to 7b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Tshe sgrub pad+ma'i snying thig las bka' srung DA ki tsaN+Di ka'i phrin las rgyas par spros pa bde stong 'dod dgu'i mchog stsol. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 63-69. Delhi: Shechen Publications, 1994. | |
Genre | Activity Manual - las byang · Protector Rituals - gsol mchod | |
Cycle | འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig) | |
Deity | tsaN+Di ka | |
Colophon |
།ཅེས་པའང་ཚེ་རིག་གྲུབ་པའི་སྐྱེས་མཆོག་བསྟན་འགྲོའི་དཔལ་མགོན་འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་དྷརྨ་མ་ཏིའི་གསུང་བསྐུལ་བཞིན་ལམ་འདིའི་བཀའ་བབ་པདྨ་གར་དབང་མདོ་སྔགས་གླིང་པས་ལྷོ་འབྲུག་ཕུན་ཚོགས་ཆོས་གླིང་གི་བསྟི་གནས་སུ་ཆུ་བྱི་གནམ་ལོ་གསར་འཆར་གྱི་རྟེན་འབྲེལ་དགའ་སྟོན་དུ་གྲུབ་པར་བགྱིས་པ་ཚེ་དང་ཡེ་ཤེས་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བའི་རྒྱུར་གྱུར་ཅིག། | |
/ces pa'ang tshe rig grub pa'i skyes mchog bstan 'gro'i dpal mgon 'khrul zhig rin po che 'gyur med d+harma ma ti'i gsung bskul bzhin lam 'di'i bka' bab pad+ma gar dbang mdo sngags gling pas lho 'brug phun tshogs chos gling gi bsti gnas su chu byi gnam lo gsar 'char gyi rten 'brel dga' ston du grub par bgyis pa tshe dang ye shes kyi phrin las mkha' khyab tu brdal ba'i rgyur gyur cig/ |