ཙཎྜི་ཀའི་ཕྲིན་བཅོལ།

From Khyentse Lineage - A Tsadra Foundation Project
DKR-KABUM-19-DZA-010
Wylie title tsaN+Di ka'i phrin bcol DKR-KABUM-19-DZA-010.pdf
Location dil mgo mkhyen brtse bka' 'bum
Volume 19, Text 10, Pages 70 (Folios 1a1 to 1a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. TsaN+Di ka'i phrin bcol. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 70. Delhi: Shechen Publications, 1994.
Genre Activity Practices - las tshogs
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity tsaN+Di ka
Colophon

།ཅེས་པའང་རང་ཉིད་ལམ་འདིར་འཇུག་པའི་སྐབས་ཕྲིན་ལས་སུ་གསོལ་བ་དགེ།།

/ces pa'ang rang nyid lam 'dir 'jug pa'i skabs phrin las su gsol ba dge//

[edit]
༄༅། །ཙཎྜི་ཀའི་ཕྲིན་བཅོལ་ནི། ཧྲཱིཿ སོ་སོར་ཀུན་ཏུ་རྟོགས་པ་ཡི། །བདེ་ཆེན་ཡེ་ཤེས་པདྨའི་ཡུམ། །དབང་གི་བཀའ་སྲུང་ཙཎྜི་ཀ །འཆི་མེད་ཉེ་དབང་འཁོར་བཅས་ཀྱིས། །མཆོད་གཏོར་བཟང་པོ་འདི་བཞེས་ལ། །རྩ་བརྒྱུད་བླ་མས་བཀའ་བསྒོས་བཞིན། །ཐུགས་དམ་ཆེན་པོ་རྗེས་དགོངས་ལ། །གསང་མཆོག་སྙིང་པོའི་བསྟན་པ་དང༌། །དེ་འཛིན་སྐྱེས་བུ་སྲུང་ཞིང་སྤེལ། །འགྲོ་ཀུན་ཕན་བདེའི་དཔལ་འབྱོར་གྱིས། །ཀུན་ཀྱང་བྱང་ཆུབ་ལམ་ལ་འཇུག །བདག་ཅག་རྣལ་འབྱོར་སྒྲུབ་པ་པོར། །མེལ་ཚེའི་སྲུང་སྐྱོབས་མ་གཡེལ་བར། །ཚེ་ཡི་འགལ་རྐྱེན་ཉེར་འཚེ་ཞི། །ལེགས་ཚོགས་དཔལ་རྒྱས་དངོས་གྲུབ་གཉིས། །དབང་སྡུས་ཚེ་བདུད་དགྲ་བགེགས་བཟློག །སྨིན་གྲོལ་ལམ་སྲོལ་མཐའ་དག་རྒྱས། །ཁྱད་པར་ཐུགས་ཏིག་ཟབ་གསང་གི །དངོས་གྲུབ་གདམས་པའི་སྐལ་ལྡན་ལ། །སྒྲུབ་པའི་རྟགས་མཚན་དངོས་སུ་སྟོན། །དགྱེས་པའི་མདངས་ཀྱིས་དབུགས་དབྱུང་ལ། །མ་གཅིག་བུ་བཞིན་མི་འབྲལ་བར། །མྱུར་དུ་ཡང་དག་ལམ་སྦྱོར་མཛོད། །བཀྲ་ཤིས་དགེ་ལེགས་དཔལ་འབྱོར་གྱིས། །རྟག་མཛོད་ཕྲིན་ལས་ཐོགས་མེད་མཛོད། །ཅེས་པའང་རང་ཉིད་ལམ་འདིར་འཇུག་པའི་སྐབས་ཕྲིན་ལས་སུ་གསོལ་བ་དགེ།། །།

Footnotes

Other Information