ལྕེ་བཙུན་ཆེན་པོ་བི་མའི་ཟབ་ཏིག་གི་སྨིན་ཁྲིད་ཉམས་ལེན་བྱེད་པའི་སྐབས།

From Khyentse Lineage - A Tsadra Foundation Project
JKW-KABAB-17-TSA-017
Wylie title lce btsun chen po bi ma'i zab tig gi smin khrid nyams len byed pa'i skabs JKW-KABAB-17-TSA-017.pdf
Location mkhyen brtse'i bka' babs
Volume 17, Text 17, Pages 147-148 (Folios 1a1 to 1b3)
Author ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation A 'dzoms 'brug pa 'gro 'dul dpa' bo rdo rje. lce btsun chen po bi ma'i zab tig gi smin khrid nyams len byed pa'i skabs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 17: 147-148. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Contemplative Guide Books and Instructional Manuals - khrid yig
Cycle ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་ (lce btsun chen po'i bi ma la'i zab tig)
Karchag page JKW-KABAB-Volume-17-TSA-Karchag
[edit]
༄༅། །ལྕེ་བཙུན་ཆེན་པོ་བི་མའི་ཟབ་ཏིག་གི་སྨིན་ཁྲིད་ཉམས་ལེན་བྱེད་པའི་སྐབས་ཐུན་མོང་དང༌། ཁྱད་པར་གྱི་སྐྱབས་སེམས་ཞག་བདུན། བསགས་སྦྱངས་ཞག་བདུན། བླ་མའི་རྣལ་འབྱོར་ཕྱག་དང་བཅས་ཞག་བཅུ་དྲུག་བཅས་ཁྱོན་ཟླ་བ་གཅིག་ཏུ་གནད་དུ་སྨིན་པར་གྲུབ་རྗེས་དངོས་གཞི་ཉམས་ལེན་གྱི་དང་པོ་ཀུན་བཟང་དོན་ཕྲིན་གྱི་བསྙེན་སྒྲུབ་ཟླ་བ་གསུམ་དང་ཞག་བཅུ་སྟེ་ཉིན་ཞག་བརྒྱ་ལ་བརྩོན། ཚོགས་སྐོང་ཞག་གཅིག །དེ་སྐབས་སྐྱབས་སེམས་ཡན་ལག་བདུན་པའི་འཕྲོས་ཡིག་བརྒྱ་དང༌། ཨ་ཧོ་མ་ཧཱ་སུ་ཁ་སོགས་ཚོགས་སྦྱར། ཐུན་རེ་ཡིག་བརྒྱ་སུམ་བརྒྱ་ལས་མི་ཉུང་བ་བཏང༌། དེ་ནས་བགེགས་བསྐྲད་ཕྱིན་མཐར་ཆགས་སུ་བཏང་སྟེ་སྤྱན་འདྲེན་བཞུགས་གསོལ་གྲུབ་རྗེས་མདུན་གྱི་བི་མ་ལར་དམིགས་ནས་འོད་གསལ་སྣང་བཞི་སོགས་གསོལ་འདེབས་ཐུན་རེར་སུམ་བརྒྱ། བི་མ་ལའི་མཚན་སྔགས་སྟོང་ཕྲག་རེ་གཏང༌། ལས་བྱང་གི་ཕྱག་མཆོད་བསྟོད་པའི་བར་བཏང་སྟེ་བསྐྱེད་པའི་རིམ་པར་རྣམ་པ་གསལ་བ་ང་རྒྱལ་བརྟན་པ་རྣམ་དག་དྲན་པ་རྣམ་ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཡིག་ཏུ་མི་གསལ་བས་རིག་འཛིན་འདུས་པའི་བསྙེན་ཡིག་ནང་བཞིན་སྦྱར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧེ་ཤྭ་ར་གྲངས་ཇི་ཙམ་མང་བཞིན་ལེགས། ཐུན་མཐར་བུམ་ཅན་དང་སྦྲག་པའི་རྡོར་བཟླས་ཉེར་གཅིག་རེ་བྱ་ཉེར་བསྡུའི་སྐབས་ཞི་གནས་ལ་སེམས་ཡུན་རིང་གཏད་པ་གལ་ཆེ། དངོས་གཞི་ཁྱད་པར་གྱི་སྔོན་འགྲོའི་ལུས་སྦྱོངས་ཞག་བདུན། ངག་སྦྱོངས་ཕྱིའི་སྣང་བ་ཧཱུྃ་དུ་བསམ་པ་དང༌། ནང་ལུས་ཧཱུྃ་གི་གང་བ་ཞག་ཉེར་གཅིག །ཧཱུྃ་གིས་སྣང་བ་དང་ལུས་ཐམས་ཅད་གཏོར་བ་ཞག་བདུན། སེམས་བྱུང་གནས་འགྲོ་གསུམ་བཙལ་བ་ཞག་བདུན། རྣལ་དབབ་སོར་གཞུག་གཉིས་ཞག་བདུན་བར་འབད། ཐུན་མཐར་མི་ཕམ་རིན་པོ་ཆེའི་རྫོགས་ཆེན་སྨོན་ལམ་གདབ་བོ།། །།

Footnotes

Other Information