མཁའ་འགྲོ་གསང་བ་ཀུན་འདུས་མཆོད་སྐོང་བྱེ་བྲག་པ་དྲུག་གི་སྐབས་སུ་སྤྱན་འདྲེན་མཆོད་བསྟོད་མདོར་བསྡུས་བྱ་བ་ཚན་གཉིས།

From Khyentse Lineage - A Tsadra Foundation Project
JKW-KABAB-06-CHA-023
Wylie title mkha' 'gro gsang ba kun 'dus mchod skong bye brag pa drug gi skabs su spyan 'dren mchod bstod mdor bsdus bya ba tshan gnyis JKW-KABAB-06-CHA-023.pdf
Location mkhyen brtse'i bka' babs
Volume 6, Text 23, Pages 287-288 (Folios 1a1 to 1b4)
Author ལས་རབ་གླིང་པ་
Less details More details
Tertön ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (jo mo sman mo, 'jam dbyangs mkhyen brtse'i dbang po)
Citation las rab gling pa. mkha' 'gro gsang ba kun 'dus mchod skong bye brag pa drug gi skabs su spyan 'dren mchod bstod mdor bsdus bya ba tshan gnyis. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 6: 287-288. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Offerings and Praises - mchod bstod  ·  Revelations - gter ma
Cycle མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus)
Karchag page JKW-KABAB-Volume-06-CHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NGI-053
[edit]
མཁའ་འགྲོ་གསང་བ་ཀུན་འདུས་མཆོད་སྐོང་བྱེ་བྲག་པ་དྲུག་གི་སྐབས་སུ་སྤྱན་འདྲེན་མཆོད་བསྟོད་མདོར་བསྡུས་བྱ་བ་ནི། ཧཱུྃ་ཧཱུྃ༔ དབྱིངས་དང་ཡེ་ཤེས་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག༔ ལྷན་སྐྱེས་རིགས་ལྔའི་དྷཱ་ཀི་ནཱི༔ ཐབས་ཤེས་དཔའ་བོ་རྣལ་འབྱོར་མ༔ ཕྲ་མེན་དམ་ཚིག་མཁའ་འགྲོ་རྣམས༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བྃ་ཧ་རི་ནི་ས་སརྦ་དྷཱ་ཀི་ནཱི་མཎྜ་ལ་ཨེ་ཧྱེ་ཧིཿ ཛཿཧཱུྃ་བྃ་ཧོཿ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས༔ བྱིན་རླབས་དངོས་གྲུབ་གཏེར་གྱི་མཛོད༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ ཧཱུྃ༔ དངོས་བཤམས་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྣམ་འཕྲུལ་ས་གསུམ་ཁྱབ་པར་སྣང་༔ ལས་དང་ཡེ་ཤེས་དངོས་གྲུབ་ཐོགས་མེད་སྩོལ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ ༈ ཨོཾ་བཛྲ་བྷཱ་རཱ་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་པའི་གཤམ་དུ་སོ་སོར་སྔགས་གདགས། ༈ །འབྱུང་ལྔའི་སྐོངས་བའི་སྐབས་སྤྱན་འདྲེན་མཆོད་བསྟོད་ཤིན་ཏུ་བསྡུས་པར་སྤྲོ་ན། ལྷུན་གྲུབ་དམ་ཚིག་དཀྱིལ་འཁོར་ཆེ༔ ཡེ་ཤེས་འཁོར་ལོ་དབྱེར་མེད་གཤེགས༔ འདུ་འབྲལ་མེད་པའི་ངང་དུ་བཞུགས༔ གཉིས་མེད་བརྡ་ཡིས་ཕྱག་བགྱིའོ༔ ཨོཾ་ཛྙཱ་ན་བྷཱ་རཱ་ཧེ་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ ཨ་ལ་ལ་ཧོཿ ཨོཾ་ཨཱཿཧཱུྃ༔ ཡུལ་ཀུན་སྟོང་གཟུགས་མཆོད་པའི་སྤྲིན༔ དབང་པོ་སྒྱུ་མའི་བདེ་བས་རོལ༔ བདེ་སྟོང་དབྱེར་མེད་ཐིག་ལེའི་སྐུ༔ རྡོ་རྗེ་བཙུན་མོར་ཕྱག་འཚལ་བསྟོད༔

Footnotes

Other Information