འབྱུང་ལྔའི་སྐོང་བའི་ལས་བྱེ་བྲག་པ་རྣམས་ལ་འདོད་གསོལ་རྒྱས་པར་བྱ་བ།

From Khyentse Lineage - A Tsadra Foundation Project
JKW-KABAB-06-CHA-024
Wylie title 'byung lnga'i skong ba'i las bye brag pa rnams la 'dod gsol rgyas par bya ba JKW-KABAB-06-CHA-024.pdf
Location mkhyen brtse'i bka' babs
Volume 6, Text 24, Pages 289-292 (Folios 1a1 to 2b1)
Author ལས་རབ་གླིང་པ་
Less details More details
Tertön ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (jo mo sman mo, 'jam dbyangs mkhyen brtse'i dbang po)
Citation las rab gling pa. 'byung lnga'i skong ba'i las bye brag pa rnams la 'dod gsol rgyas par bya ba. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 6: 289-292. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Mending Rituals - bskang chog
Cycle མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus)
Karchag page JKW-KABAB-Volume-06-CHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NGI-054; Terdzo-NGI-055
Colophon

།ལས་རབ་གླིང་པས་གཏེར་ཆེན་བླ་མའི་གསུང་ཉམས་མེད་དུ་བྲིས་པའོ།།

las rab gling pas gter chen bla ma'i gsung nyams med du bris pa'o

[edit]
༄༅༅། །འབྱུང་ལྔའི་སྐོངས་བའི་ལས་བྱེ་བྲག་པ་རྣམས་ལ་འདོད་གསོལ་རྒྱས་པར་བྱ་བར་སྤྲོ་ན། ཆུ་སྐོང་ལ། ལྷ་སྲིན་མ་མོའི་ཁ་རླངས་སོགས་ཕྱི་ནང་འབྱུང་འཁྲུགས་ཀྱི་ཡམས་དང་རིམས་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༈ །ཀླ་ཀློའི་འཚུབ་འགྱུར་སོགས་སྐལ་ངན་དུས་ཀྱི་འཁྲུགས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༈ །བདག་ཅག་རྣལ་འབྱོར་པའི་ཚེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བ་དང་ཚེ་སྲོག་རྡོ་རྗེ་ལྟར་སྲ་ཞིང་བརྟན་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་པུཥྟིཾ་ཀུ་རུ་ཨོཾ། ༈ །བདག་ཅག་རྣལ་འབྱོར་པའི་ཉམས་རྟོགས་བདེ་སྟོང་གི་ཡེ་ཤེས་ཆེན་པོ་པུཥྟིཾ་ཀུ་རུ་ཨོཾ། ༈ །ས་སྐོང་ལ། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་ཆེན་པོ་སོགས་མ་མ་ཝཱ་ཤཾ་ཀུ་རུ་ཧོཿ ༈ །བསྟན་དང་འགྲོ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་རྦད་ཕཊ། ༈ །རྣལ་འབྱོར་པ་བདག་གིས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་ཤིང་ས་ལམ་གྱི་ཡོན་ཏན་མཐར་ཕྱིན་ཏེ་ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་གྱུར་ཅིག མ་ཧཱ་ཛྙཱ་ན་རཏྣ་སིདྡྷི་ཕ་ལ་ཧོ༔ ༈ །མེ་སྐོང་ལ། སྟོང་ཕྲག་བརྒྱད་ཅུའི་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀྱིས་བདག་འཁོར་དང་བཅས་པ་ལ་སྡང་བ་དང་སྡང་བའི་སེམས་དང༌། གདུག་པ་དང་གདུག་པའི་སེམས་དང༌། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་ལས་གྱུར་པའི་གནོད་ཅིང་འཚེ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༈ །རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་སྔོན་ལས་འཕྲལ་རྐྱེན་གྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༈ །བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཟག་བཅས་དང་ཟག་མེད་ཀྱི་བསོད་ནམས་དགེ་ཚོགས་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ། ༈ །གང་དག་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་རྩ་གསུམ་ཆོས་སྲུང་རྒྱ་མཚོ་མ་ལུས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཕུན་སུམ་ཚོགས་པ་ཐམས་ཅད་མ་མ་ཝཱ་ཤཾ་ཀུ་རུ་ཧོཿ འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་རྗེ་བློན་བཙུན་མོ་མངའ་འབངས་སྡེ་རིས་ཟས་ནོར་ལོངས་སྤྱོད་དཔལ་འབྱོར་མངའ་ཐང་སྟོབས་རྩལ་གཟི་བརྗིད་ཐམས་ཅད་རང་དབང་མེད་པར་བདག་སྒྲུབ་པ་པོའི་མོས་པ་རྣམ་བཞིའི་ཚུལ་དུ་ཝཱ་ཤཾ་ཀུ་རུ་ཧོ༔ ༈ །བསྒྲལ་བའི་ཞིང་བཅུ་ཚང་ཞིང་ཉམས་པ་བདུན་དང་ལྡན་པའི་དགྲ་བོ་བྱད་མ་ཐམས་ཅད་མཱ་ར་ཡ་རྦད་ཕཊ། ༈ །བསྟན་དང་བསྟན་འཛིན་ཡོངས་ལ་སྐབས་བལྟ་ཞིང་གླགས་ཚོལ་བ། རྣལ་འབྱོར་པ་བདག་གི་ལུས་ངག་ཡིད་གསུམ་ལ་བར་དུ་གཅོད་པའི་ནག་ཕྱོགས་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཨུུ་ཙཊྚ་ཡ་མཱ་ར་ཡེ་ཕཊ། ༈ །མར་མེ་ལ་འདི་སྦྱར་ཤེས་དགོས། རྣལ་འབྱོར་པ་བདག་གིས་གནས་ལུགས་ཕྱག་རྒྱ་ཆེན་པོ་མཆོག་གི་དགོངས་པ་ཟབ་མོ་མངོན་དུ་འགྱུར་བ་དང༌། དེའི་བྱིན་རླབས་ཀྱིས༴ ཞེས་པ་ཡན་ཆོད་མར་མེའི་སྐོངས་བའི་སྐབས་ལས་བྱེ་བྲག་པའི་འདོད་གསོལ་ཐམས་ཅད་ཀྱིས་དབུར་སྦྱར། སྤོས་སྐོངས་ལ་མི་དགོས། ཕྲིན་ལས་རྣམ་པ་བཞི་ལ་མངའ་དབང་འབྱོར་བར་གྱུར་ཅིག །མ་ཧཱ་སིདྡྷི་ས་མ་ཡ་ཧོཿ སྤོས་དང་མར་མེ་གཉིས་ཀ་ལ། བདག་ཅག་གི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆགས་མ་དང་མཁའ་འགྲོའི་བཀའ་ཆད་ལ་སོགས་ཏེ་མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༈ །བདག་ཅག་གི་ཚེ་བསོད་དཔལ་འབྱོར་སྟོབས་རྩལ་གཟི་བྱིན་ཉམས་རྟོགས་ཏིང་འཛིན་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ། ༈ །འཁོར་བ་དང་མྱ་ངན་ལས་འདས་པའི་སྣོད་བཅུད་ཀྱི་དགེ་མཚན་ཡིད་དུ་འོང་བའི་དངོས་པོ་མ་ལུས་པ་ཐམས་ཅད་བདག་ལ་མོས་པ་རྣམ་བཞིའི་ཚུལ་དུ་ཝཱ་ཤཾ་ཀུ་རུ་ཧོཿ ༈ །བསྟན་དང་འགྲོ་ལ་འཚེ་བའི་འབྱུང་པོ་མི་དང་མི་མིན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཱ་ར་ཡ་རྦད་ཕཊ། ༈ །མར་མེ་ལ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆེན་པོ་མ་ནོར་བ་སྟོན་ཅིང་རྒྱས་པར་བྱེད་པའི་ལས་ཀྱི་ནུས་མཐུ་ཕུན་སུམ་ཚོགས་པ་ལ་མངའ་དབང་འབྱོར་བར་གྱུར་ཅིག །མ་ཧཱ་ཛྙཱ་ན་སརྦ་ཀརྨ་ཀུ་རུ་ཧོ༔ མཆོག་གི་ལས་བཞི་ནི་གོང་ལྟར་རམ། །ཡང་ན་དུག་ལྔའི་རྣམ་རྟོག་ཞི་བ། །རིག་རྩལ་ཡེ་ཤེས་རྒྱས་པ། རླུང་སེམས་དབང་དུ་འདུུ་བ། །མ་རིག་བདག་འཛིན་ཚར་གཅོད་པ། །གཟུང་འཛིན་ཆ་དང་བཅས་པ་དབྱིངས་སུ་སངས་ཞིང༌། །ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་སོགས་ཀྱི་སྒོ་ནས་བཞག་ཀྱང་ཆོག་གསུངས། །ལས་རབ་གླིང་པས་གཏེར་ཆེན་བླ་མའི་གསུང་ཉམས་མེད་དུ་བྲིས་པའོ།། །།

Footnotes

Other Information