བཟློག་པའི་ཕྲིན་ལས་བཅོལ་བ་རྒྱས་པ།

From Khyentse Lineage - A Tsadra Foundation Project
JKW-KABAB-02-KHA-067
Wylie title bzlog pa'i phrin las bcol ba rgyas pa JKW-KABAB-02-KHA-067.pdf
Location mkhyen brtse'i bka' babs
Volume 2, Text 67, Pages 629-632 (Folios 1a1 to 2b3)
Author མཆོག་གྱུར་གླིང་པ་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation mchog gyur gling pa. bzlog pa'i phrin las bcol ba rgyas pa. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 2: 629-632. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Revelations - gter ma  ·  Averting or Dispelling Rites- zlog pa
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Deity rig 'dzin rak+sha thod phreng
Karchag page JKW-KABAB-Volume-02-KHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-BI-055
[edit]
༄༅༔ བཟློག་པའི་ཕྲིན་ལས་བཅོལ་བ་རྒྱས་པར་འདོད་ན། ལིང་རོ་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་འབུལ་ཞིང༌། ཧཱུྃ་བྷྱོ༔ མཐིང་ནག་གྲུ་གསུམ་གཞལ་ཡས་ནས༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག༔ རཀྴ་ཐོད་ཕྲེང་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་བ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒན་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང་༔ གློ་བུར་རྩུབ་པའི་སྐེག་རིགས་ཀུན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྟེང་ཕྱོགས་ཚངས་པའི་གདན་སྟེང་ནས༔ ཧཱུྃ་ཆེན་ཀ་ར་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སོགས། ཧཱུྃ་བྷྱོ༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་ནས༔ རྣམ་པར་རྒྱལ་བ་དབྱིངས་ནས་བཞེངས༔ དགྲ་བགེགས༴ ཧཱུྃ་བྷྱོ༔ ཤར་ལྷོ་མེ་ལྷའི་གདན་སྟེང་ནས༔ དབྱུག་པ་སྔོན་པོ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་བ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་དབང་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒན་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང་༔ གློ་བུར་རྩུབ་པའི་ཀེག་རིགས་ཀུན༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་ནས༔ གཤིན་རྗེའི་གཤེད་པོ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི༴ ཧཱུྃ་བྷྱོ༔ ལྷོ་ནུབ་སྲིན་པོའི་གདན་སྟེང་ནས༔ མི་གཡོ་མགོན་པོ་དབྱིངས་ནས་བཞེངས༔ དགྲ་བགེགས༴ ཧཱུྃ་བྷྱོ༔ ནུབ་ཕྱོགས་ཀླུ་དབང་གདན་སྟེང་ནས༔ རྟ་མགྲིན་རྒྱལ་པོ་དབྱིངས་ནས་བཞེངས༔ དགྲ་བགེགས༴ ཧཱུྃ་བྷྱོ༔ ནུབ་བྱང་རླུང་ལྷའི་གདན་སྟེང་ནས༔ འདོད་པའི་རྒྱལ་པོ་དབྱིངས་ནས་བཞེངས༔ དགྲ་བགེགས༴ ཧཱུྃ་བྷྱོ༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་ནས༔ བདུད་རྩི་འཁྱིལ་བ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་བ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒན་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང་༔ གློ་བུར་རྩུབ་པའི་ཀེག་རིགས་ཀུན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བྱང་ཤར་དབང་ལྡན་གདན་སྟེང་ནས༔ ཁམས་གསུམ་རྣམ་རྒྱལ་དབྱིངས་ནས་བཞེངས༔ དགྲ་བགེགས༴ ཧཱུྃ་བྷྱོ༔ འོག་ཕྱོགས་ས་བདག་གདན་སྟེང་ནས༔ མ་ཧཱ་བ་ལ་དབྱིངས་ནས་བཞེངས༔ དགྲ་བགེགས༴ ཧཱུྃ་བྷྱོ༔ ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ནས༔ རིགས་ཀྱི་ཚོམ་བུ་དབྱིངས་ནས་བཞེངས༔ དགྲ་བགེགས༴ ཧཱུྃ་བྷྱོ༔ ཡང་སྤྲུལ་ཁྲོ་བོ་ཁྲོ་མོ་དང་༔ ཟ་གསོད་ཕྲ་མན་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་བ་ཡི༔ ཧཱུྃ་བྷྱོ༔ དྲང་སྲོང་དམོད་པའི་མཚོན་འཆང་བ༔ ལོག་ཏྲི་པ་ལས་སྟོང་ཁམས་ཁེངས༔ དགྲ་བགེགས༴ ཧཱུྃ་བྷྱོ༔ དྲེགས་འདུལ་དྲག་པོའི་དཀྱིལ་འཁོར་ནས༔ རྒྱུད་གསུམ་དྲེགས་པ་ལས་ལ་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་བ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒན་གཞོན་སྲི༔ ནད་སྲི་དར་སྲི་ངན་པ་སོགས༔ གློ་བུར་རྩུབ་པའི་ཀེག་རིགས་ཀུན༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་པའི་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཐུན་ལ་བརྟེན་ནས་བསད་པ་ནི། ལྕགས་ཕྱེ། ཟངས་ཕྱེ། ཡུངས་ཀར། ཡུངས་ནག །ཀེ་ཚེ། ཤང་ཚེ། ཟི་ར་ནག་པོ། རྡོ་ཕྱེ། ཕུང་ས། ལན་ཚྭ། ཚ་བ་གསུམ། ཐང་ཕྲོམ། གཞན་ཡང་དུག་སྣ་དང་ཁྲག་སྣ་རང་གི་དྲི་མས་མགོས་པར་བྱས་ལ། ལྕགས་ཧོམ་དུ་བླུགས་ལ། ཐུན་སྣོད་ཨེ་སྒྲོམ་མེ་འབར་བའི་ཀློང་དུ་ཐུན་རྫས་ནད་མཚོན་དུག་གི་དངོས་པོ་དགྲ་བགེགས་ཁ་ཕུང་རྗེས་མེད་དུ་གཏོང་བའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། སྔགས་མཐར། གློ་བུར་བར་ཆད་ཀེག་སྲི་ངན་པ་ཐམས་ཅད་ཏྲིག་ནན་ཨེ་ཧུར་ཐུམ་ཛཿ གཟིར་ནན་ཀཱ་ཝཱ་ཙི་ཤག་ལིང་མྱོག་རྦད་རྦད༔ ཞེས་བསྒྲུབ་ཏེ་བསད་ལས་ཀྱི་དུས་སུ་བརྡེག །དམིགས་གནད་ཁྱད་པར་ནི། དམིགས་བྱའི་གནས་ལྔར་གནམ་ལྕགས་ཀྱི་ཙཀྲ་རྩིབས་བཞི་སྲ་ཞིང་འཐས་པ་དང༌། མཆོད་རྟེན་ནག་པོས་མནན་པས་བསྐལ་པའི་བར་དུ་གཡོ་འགུལ་མེད་པར་གྱུར་པར་བསམ་ཞིང༌། སྔགས་མཐར། གློ་བུར་བར་ཆད་ཀེག་སྲི་ངན་པ་ཐམས་ཅད་ཨེ་ཡཾ་རཾ་བཾ་ལཾ་བྷྲཱུྃ་སྟྭཱམ་བྷ་ཡ་ཏྲི་གནན༔ ཞེས་རྟགས་མ་བྱུང་གི་བར་དུ་བཟླའོ།། །།

Footnotes

Other Information