བླ་སྒྲུབ་རིག་འཛིན་ཐུགས་ཏིག་གི། དབང་བསྐུར་བྱིན་རླབས་སྙིང་པོ།

From Khyentse Lineage - A Tsadra Foundation Project
Wylie title bla sgrub rig 'dzin thugs tig gi/ dbang bskur byin rlabs snying po JKCL-KABUM-10-THA-011.pdf
Location chos kyi blo gros bka' 'bum
Volume 10, Text 11, Pages 61-68 (Folios 1a to 4b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཉང་རལ་ཉི་མ་འོད་ཟེར་ (nyang ral nyi ma 'od zer)
Citation 'jam dbyangs mkhyen brtse chos kyi blo gros. bla sgrub rig 'dzin thugs tig gi dbang bskur byin rlabs snying po. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 61-68. Bir, H.P.: Khyentse Labrang, 2012.
Genre Empowerment Ritual - dbang chog - dbang skur
Colophon

།དེ་ལྟར་དབང་གི་རིམ་པ་འདི། །བཀའ་གཏེར་གང་ཡང་མ་ཡིན་ཅིང་། །རང་སྣང་གང་ཤར་བྲིས་པ་ལ། །ཉེས་སྐྱོན་མཆིས་ན་བླ་མར་བཤགས། །དགེ་བས་སྐུ་གསུམ་མཆོག་ཐོབ་ཤོག །པདྨ་འོད་གསལ་དད་པའི་སྔས། །བསྐུལ་བ་རིང་དུ་འགྱངས་པ་དང་། །ཆུ་འབྲུག་ཆོ་འཕྲུལ་ཟླ་༢ཚེས་༦ལ། །རིག་ངོར་གང་ཐོན་ཉིད་དུ་ནི། །པདྨ་ཡེ་ཤེས་རྡོ་རྗེས་སྤེལ། །སརྦ་ཛ་ག་ཏཾ།།

/de ltar dbang gi rim pa 'di/__/bka' gter gang yang ma yin cing /__/rang snang gang shar bris pa la/__/nyes skyon mchis na bla mar bshags/__/dge bas sku gsum mchog thob shog__/pad+ma 'od gsal dad pa'i sngas/__/bskul ba ring du 'gyangs pa dang /__/chu 'brug cho 'phrul zla 2tshes 6la/__/rig ngor gang thon nyid du ni/__/pad+ma ye shes rdo rjes spel/__/sarba dza ga taM//

1 Texts in this Section (sde tshan or chos tshan)

[edit]
༄༅། །བླ་སྒྲུབ་རིག་འཛིན་ཐུགས་ཏིག་གི། དབང་བསྐུར་བྱིན་རླབས་སྙིང་པོ་བཞུགས། ། དབེན་པའི་གནས་སུ་དཀྱིལ་འཁོར་ནི། །གཞུང་དང་མཐུན་པ་ལེགས་པར་བཤམས། །དབང་རྫས་ལེགས་པར་ཚོགས་བྱས་ལ། །དཀྱིལ་འཁོར་སྒྲུབ་མཆོད་ཚུལ་བཞིན་བྱ། །བདག་ཉིད་ནུས་པར་ལྡན་སྒྲུབ་སྟེ། གཞུགས་པར་ནོད་ཅིང་སློབ་མ་བོས། །ཁྲུས་བྱས་བགེགས་བསྐྲད་མཎྜལ་ཕུལ། །མིག་དར་མེ་ཏོག་ཅོད་པཎ་གཏད། །དེ་ནས་སློབ་མས་གསོལ་བ་བཏབ། ཨེ་མ་བླ་མ་འགྲོ་བའི་མགོན། །དཀྱིལ་འཁོར་མངའ་བདག་དབང་ཕྱུག་ཆེར། །བདག་ཅག་གུས་པས་གསོལ་བ་འདེབས། །སྨིན་གྲོལ་གདམས་མཆོག་སྩལ་དུ་གསོལ། །བླ་མས། ཁྱེད་རྣམས་འཇུག་པ་སྐལ་བ་བཟང་། །དད་དང་སྤྲོ་བ་རྒྱ་ཆེར་བསྐྱེད། །གསང་སྔགས་དམ་ཚིག་ཐུབ་པར་སྲུངས། །དཀྱིལ་འཁོར་ཆེན་པོར་གཞུག་པར་བྱ། །རྒྱུད་སྦྱང་སྡོམ་བཟུང་སྤྱི་ལྟར་རྗེས། །དམ་ཚིག་བདུད་རྩིའི་ཆུ་ནན་སྦྱིན། །མགོ་བོར་རྡོ་རྗེ་བཞག་བྱས་ཏེ། ཀྱེ་ཧོ། ཁྱེད་རྣམས་གསང་བའི་དམ་ལ་འདིར། །འཇུག་ནས་དམ་ཚིག་ཚུལ་བཞིན་སྲུངས། །དམ་ཚིག་ཉམས་ན་དམྱལ་བར་ལྟུང་། །བསྲུང་ན་དངོས་གྲུབ་ཚེ་འདིར་ཐོབ། །བཛྲ་ས་མ་ཡ་ཨམྲྀ་ཏ་ཋ་ཋ་ཋ། བཛྲ་ན་ར་ཀན། སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ། ཡེ་ཤེས་མྱོང་བ་བརྟན་པར་བྱ། །དངོས་གྲུབ་ལྟས་བརྟགས་མེ་ཏོག་དོར། ཀྱེ་ཧོ། བསྐལ་པ་སྔོན་ནས་འབྲེལ་བ་ཡི། །རིགས་ཀྱི་ལྷ་མཆོག་གང་ཡིན་ལ། །མེ་ཏོག་བཟང་པོ་འདི་ཕུལ་བས། །བརྩེ་བ་ཆེན་པོས་བཞེས་སུ་གསོལ། པྲ་ཏཱིཙྪ་ཧོ། མེ་ཏོག་བླངས་ནས་སྤྱི་བོར་བཀོད། །སྔོན་ནས་སྨོན་པའི་ལྷ་མཆོག་འདི། །ཁྱོད་ཀྱི་སྤྱི་བོར་བསྟིམ་པ་དང་། །དབང་རྟགས་ཅོད་པཎ་འདི་བཟུང་ལ། །ལྷག་པའི་ལྷ་མཆོག་སྒྲུབ་པར་གྱིས། །པུཥྤེ་སིདྡྷི་ཨ་བེ་ཤ་ཡ་སྟྭཾ། མིག་དབྱེ་གསེར་གྱི་ཐུར་མ་ཐོགས། ཀྱེ་ཧོཿཁྱེད་རྣམས་དཀྱིལ་འཁོར་མཐོང་བ་ལ། །སྒྲིབ་བྱེད་མ་རིག་མུན་པ་དབྱེ། །ཡེ་ཤེས་སྤྱན་ནི་ཐོབ་པ་དང་། །གསང་བའི་དཀྱིལ་འཁོར་མཐོང་གྱུར་ཅིག །བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿལྟོས་ཤིག་དཀྱིལ་འཁོར་འདི་ལྟོས་ཤིག །བསྐལ་མང་བསགས་པའི་སྡིག་སྒྲིབ་དག །ཡེ་ཤེས་ལྷ་ཞལ་མཇལ་བ་ལས། །དངོས་གྲུབ་ཆེན་པོ་དེ་རྙེད་དོ། །དཀྱིལ་འཁོར་བརྡ་དོན་ལེགས་པར་བཤད། །མཎྜལ་ཕུལ་ཞིང་གསོལ་བ་བཏབ། ཀྱེ་ཧོ་བླ་མ་རྡོ་རྗེ་འཆང་། །བདག་རྒྱུད་རྡོ་རྗེ་བཞི་སྒྲུབ་ཕྱིར། །དབང་གི་རིམ་པ་མ་ལུས་པ། །དེང་འདིར་བདག་ལ་སྩལ་དུ་གསོལ། །བླ་མས་བུམ་པ་ཐོགས་བྱས་ཏེ། ཧཱུྃ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གནས་ཐོབ་ཕྱིར། །མི་བསྐྱོད་ཆུ་ཡི་དབང་བསྐུར་རོ། །ཧཱུྃ་བཛྲ་ཨཀྵེ་བྷྱཿཨ་བྷི་ཥིཉྩ་ཨོཾ། དབུ་རྒྱན་ཅོད་པན་སྤྱི་བོར་བཅིངས། སྭཱ། གསང་བ་གསང་སྔགས་ཀུན་གྱི་རྗེ། །བདུད་ལས་རྒྱལ་བའི་དཔའ་བོ་ཆེ། །དེ་བཞིན་གཤེགས་པས་རབ་བསྔགས་པ། །རིན་འབྱུང་ཅོད་པཎ་དབང་༴ །ཏྲཾ་རཏྣ་སཾ་བྷ་ཝ་མུ་གུ་ཏྲ་ཨ་བྷི་ཥིཉྩ་ཏྲཾ། སྣང་མཐའ་རྡོ་རྗེའི་དབང་བསྐུར་སྦྱིན། ཧྲཱིཿཡེ་ཤེས་དཔག་མེད་རྒྱལ་པོ་ཆེ། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །རྡོ་རྗེའི་རང་བཞིན་རྡོ་རྗེའི་བདག །སྣང་མཐའ་རྡོ་རྗེས་དབང་༴ །ཨོཾ་པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱིཿདོན་གྲུབ་དྲིལ་བུའི་དབང་བསྐུར་ཏེ། ཨཱཿ ལས་རྣམས་མ་ལུས་ཀུན་སྒྲུབ་ཅིང་། །ལས་ཀྱི་སེམས་དཔའ་ཀུན་གྱི་གཙོ། །དོན་ཡོད་རྒྱལ་པོ་དེ་བཞིན་གཤེགས། །དོན་གྲུབ་དྲིལ་བུའི་དབང་བསྐུར་རོ། །ཧ་ཨ་མོ་གྷ་པ་ཤ་གཎྜེ་ཨ་བྷི་ཥིཉྩ་ཨཱཿ རྣམ་སྣང་མིང་གི་དབང་བསྐུར་སྦྱིན། ཨོཾ། རྣམ་སྣང་འཁོར་ལོས་བསྒྱུར་བ་ཆེ། །སངས་རྒྱས་ཀུན་འབྱུང་དེ་བཞིན་གཤེགས། །རིགས་རྣམས་ཀུན་བདག་སྐུ་ཡི་མཆོག །རྣམ་སྣང་མིང་གི་དབང་༴ །ཨོཾ་བུདྡྷ་བཻ་རོ་ཙཱ་ན་ཆྒཻ་མོ་ཞེས་བྱ་བ་ཨ་བྷི་ཥིཉྩ་ཨ། སླར་ཡང་རྣམ་རྒྱལ་བུམ་པ་ཐོགས། ཨོཾ། བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་ན། །རིག་འཛིན་རྩ་བ་གསུམ་གྱི་ལྷ་ཚོགས་བཞུགས། །འོད་ཞུ་བྱང་ཆུབ་སེམས་ཀྱི་ཆུས་དབང་བསྐུར། །ཕུང་ཁམས་སྐྱེ་མཆེད་ལྷ་སྐུར་སྨིན་པར་ཤོག །སྔགས་མཐར། ཨོཾ་བཛྲི་བྷ་ཝཱ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་ལྷ་ཡི་ཕྱག་རྒྱ་སྦྱིན། ཧྲཱིཿཔདྨ་འབྱུང་གནས་གྲུབ་པའི་གཙོ། །དཀྱིལ་འཁོར་བདག་པོ་ཆོས་ཀྱི་རྒྱལ། །རིག་འཛིན་ཉི་མ་འོད་ཟེར་གྱི། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཟུང་འཇུག་གྲུབ་པ་མངོན་གྱུར་ཤོག །སྔགས། ཨོཾ། རིགས་ཀྱི་བདག་པོ་འོད་དཔག་མེད། །ཆོས་སྐུ་སྣང་བ་མཐའ་ཡས་ཀྱི། །སྐལ་ལྡན་བུ་ལ༴ །ཀ་དག་འོད་སྐུར་གྲོལ་བར་ཤོག །སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿཔདྨ་གར་དབང་ཐུགས་རྗེའི་བདག །འགྲོ་འདུལ་སེམས་དཔའ་སྤྱན་རས་གཟིགས། །སྐལ་ལྡན་བུ་ལ༴ གཞན་དོན་ཕྲིན་ལས་མཐར་ཕྱིན་ཤོག །སྔགས། ཧཱུྃ། དཀྱིལ་འཁོར་ཀུན་གཙོ་རྡོ་རྗེ་འཆང་། །བླ་མ་རིག་འཛིན་གསང་བ་འདུས། །སྟངས་དཔྱལ་གཉིས་སུ་མེད་པ་ཡི། །སྐལ་ལྡན་བུ་ལ༴ །རིག་འཛིན་བྱིན་རླབས་རྫོགས་པར་ཤོག །སྔགས། ཧྲཱིཿདངོས་གྲུབ་རྒྱ་མཚོའི་གཏེར་འཆང་བ། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ། །དྷཱ་ཀི་གསང་བ་ཡེ་ཤེས་ཀྱི། །སྐལ་ལྡན་བུ་ལ༴ །ཕྲིན་ལས་མ་ལུས་ལྷུན་གྲུབ་ཤོག །སྔགས། ཧཱུྃ། གཉིས་མེད་འཆོལ་བའི་ཁྲོ་རྒྱལ་ནི། །རྒྱུད་གསུམ་དྲེགས་པའི་སྡེ་དཔོན་ཆེ། །དཔལ་མགོན་མ་ནིང་ནག་པོ་ཡི། །སྐལ་ལྡན་བུ་ལ༴ །བསྟན་དགྲ་མ་ལུས་ཚར་གཅོད་ཤོག །སྔགས། བྃ། །སངས་རྒྱས་ཀུན་ཡུམ་དབྱིངས་ཕྱུག་མ། །མ་ལུས་རྒྱལ་བ་ཐམས་ཅད་བསྐྱེད། །རྣམ་སྣང་སངས་རྒྱས་མཁའ་འགྲོ་ཡི། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག །སྔགས། བཟླས་པ་སྔགས་ཀྱི་ལུང་སྦྱིན་ནས། །སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག །ཨཱཿ གྲགས་སྟོང་བརྗོད་པ་བྲལ་བའི་གསུང་། །སྔགས་ཀྱི་ཕྲེང་བས་དབང་བསྐུར་བས། །ངག་རླུང་འགྱུ་བ་རང་དག་ནས། །བརྗོད་མེད་གསུང་དུ་སྨིན་པར་ཤོག །ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཐུགས་དགོངས་སྐྱེ་མེད་ངང་དུ་བཞག །མེ་ལོང་དྲངས་པ་སྙིང་གར་གཏད། ཧཱུྃ། མེ་ལོང་དག་ཅིང་གསལ་བའི་ངང་། །སྣ་ཚོགས་གཟུགས་བརྙན་འཆར་བ་བཞིན། །རང་སེམས་ངོ་བོ་དག་ཅིང་གསལ། །ལྷུན་རྫོགས་ཆེན་པོར་དབང་བསྐུར་རོ། །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སློབ་མ་ཁྲིར་བཞག་རྡོར་དྲིལ་གཏད། །དུང་དང་གླེགས་བམ་པོ་ཏི་སྦྱིན། ཨོཾ་ཨཱཿཧཱུྃ། ཐབས་དང་ཤེས་རབ་དབྱེར་མེད་པའི། །རྡོ་རྗེ་དྲིལ་བུ་འདི་བྱིན་ཅིང་། །རྡོ་རྗེ་རྒྱལ་པོར་དབང་བསྐུར་བས། །གཞན་དོན་རབ་འབྱམས་དབང་ཐོབ་ཤོག །བཛྲ་གནྡྷེ་ཨ་ནུ་རཱ་ག་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀཽ྅ཧཾ། མཆོད་ཅིང་བཀྲ་ཤིས་མངའ་གསོལ་བྱ། །དེ་ནས་གསང་བའི་དབང་བསྐུར་སྦྱིན། །པདྨ་བྷཉྫ་ཐོགས་བྱས་ལ། ཨོཾ་ཨཱཿཧཱུྃ་ཧོཿདེ་བཞིན་གཤེགས་པ་ཐམས་ཅད་ནི། །རྗེས་ཆགས་ཞུ་བའི་བདུད་རྩི་འདི། །སྐལ་ལྡན་ལྕེ་ལ་དབང་བསྐུར་བས། །གསང་བའི་དབང་མཆོག་ཐོབ་པར་ཤོག །ཨ་ཧོ་མ་ཧཱ་སུ་ཁ་ཧོཿམེ་ལོང་སིནྡྷུ་སྙིང་གར་བཀོད། ཨཱཿ དགའ་བའི་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་འདི་ལ་རོལ་བ་དང་། །དགའ་བའི་ཡེ་ཤེས་རྒྱས་པར་ཤོག །པདྨ་བྷཉྫ་མོ་ཀྵ་ཧོཿཤེལ་དང་མེ་ལོང་ཐོགས་བྱས་པ། ཧོ། དཔེ་ཡི་ཡེ་ཤེས་མཐར་ཕྱིན་པས། །དོན་དམ་ལྷན་སྐྱེས་ཡེ་ཤེས་ནི། །རྡུལ་བྲལ་མཁའ་ལྟར་རྣམ་དག་པ། །རང་རིག་རྒྱལ་པོ་རང་གཙོའོ། །དྷརྨ་དྷཱ་ཏུ་ཨ་ཏི་ཧོཿརྗེས་ལ་གཏོར་མའི་དབང་བསྐུར་སྦྱིན། ཧཱུྃ་ཧྲཱིཿའགྲོ་བ་འདྲེན་མཛད་ཨོ་རྒྱན་ཐོད་ཕྲེང་རྩལ། །རིག་འཛིན་རྩ་གསུམ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སྐལ་ལྡན་བུ་ལ་བྱིན་གྱིས་བརླབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ། གནས་གསུམ་བཞག་བསྟིམ་དངོས་གྲུབ་སྦྱིན། །དབང་རྗེས་རིམ་པ་སྤྱི་ལྟར་བྱ། །དེ་ལྟར་དབང་གི་རིམ་པ་འདི། །བཀའ་གཏེར་གང་ཡང་མ་ཡིན་ཅིང་། །རང་སྣང་གང་ཤར་བྲིས་པ་ལ། །ཉེས་སྐྱོན་མཆིས་ན་བླ་མར་བཤགས། །དགེ་བས་སྐུ་གསུམ་མཆོག་ཐོབ་ཤོག །པདྨ་འོད་གསལ་དད་པའི་སྔས། །བསྐུལ་བ་རིང་དུ་འགྱངས་པ་དང་། །ཆུ་འབྲུག་ཆོ་འཕྲུལ་ཟླ་༢ཚེས་༦ལ། །རིག་ངོར་གང་ཐོན་ཉིད་དུ་ནི། །པདྨ་ཡེ་ཤེས་རྡོ་རྗེས་སྤེལ། །སརྦ་ཛ་ག་ཏཾ།། །།
[edit]

@#/__/bla sgrub rig 'dzin thugs tig gi/__dbang bskur byin rlabs snying po bzhugs/__/ dben pa'i gnas su dkyil 'khor ni/__/gzhung dang mthun pa legs par bshams/__/dbang rdzas legs par tshogs byas la/__/dkyil 'khor sgrub mchod tshul bzhin bya/__/bdag nyid nus par ldan sgrub ste/__gzhugs par nod cing slob ma bos/__/khrus byas bgegs bskrad maN+Dal phul/__/mig dar me tog cod paN gtad/__/de nas slob mas gsol ba btab/__e ma bla ma 'gro ba'i mgon/__/dkyil 'khor mnga' bdag dbang phyug cher/__/bdag cag gus pas gsol ba 'debs/__/smin grol gdams mchog stsal du gsol/__/bla mas/__khyed rnams 'jug pa skal ba bzang /__/dad dang spro ba rgya cher bskyed/__/gsang sngags dam tshig thub par srungs/__/dkyil 'khor chen por gzhug par bya/__/rgyud sbyang sdom bzung spyi ltar rjes/__/dam tshig bdud rtsi'i chu nan sbyin/__/mgo bor rdo rje bzhag byas te/__kye ho/__khyed rnams gsang ba'i dam la 'dir/__/'jug nas dam tshig tshul bzhin srungs/__/dam tshig nyams na dmyal bar ltung /__/bsrung na dngos grub tshe 'dir thob/__/badz+ra sa ma ya amr-i ta Tha Tha Tha/__badz+ra na ra kan/__slob ma lhar bskyed ye shes dbab/__ye shes myong ba brtan par bya/__/dngos grub ltas brtags me tog dor/__kye ho/__bskal pa sngon nas 'brel ba yi/__/rigs kyi lha mchog gang yin la/__/me tog bzang po 'di phul bas/__/brtse ba chen pos bzhes su gsol/__pra tIts+tsha ho/__me tog blangs nas spyi bor bkod/__/sngon nas smon pa'i lha mchog 'di/__/khyod kyi spyi bor bstim pa dang /__/dbang rtags cod paN 'di bzung la/__/lhag pa'i lha mchog sgrub par gyis/__/puSh+pe sid+d+hi a be sha ya s+t+waM/__mig dbye gser gyi thur ma thogs/__kye hoHkhyed rnams dkyil 'khor mthong ba la/__/sgrib byed ma rig mun pa dbye/__/ye shes spyan ni thob pa dang /__/gsang ba'i dkyil 'khor mthong gyur cig__/badz+ra tsak+Shu pra we sha ya phaTaHltos shig dkyil 'khor 'di ltos shig__/bskal mang bsags pa'i sdig sgrib dag__/ye shes lha zhal mjal ba las/__/dngos grub chen po de rnyed do/__/dkyil 'khor brda don legs par bshad/__/maN+Dal phul zhing gsol ba btab/__kye ho bla ma rdo rje 'chang /__/bdag rgyud rdo rje bzhi sgrub phyir/__/dbang gi rim pa ma lus pa/__/deng 'dir bdag la stsal du gsol/__/bla mas bum pa thogs byas te/__hU~M/__dbang bskur rdo rje chen po ste/__/khams gsum pa yi phyag byas pa/__/sangs rgyas kun gyi gnas thob phyir/__/mi bskyod chu yi dbang bskur ro/__/hU~M badz+ra ak+She b+h+yaHa b+hi Shiny+tsa oM/__dbu rgyan cod pan spyi bor bcings/__swA/__gsang ba gsang sngags kun gyi rje/__/bdud las rgyal ba'i dpa' bo che/__/de bzhin gshegs pas rab bsngags pa/__/rin 'byung cod paN dbang =__/traM rat+na saM b+ha wa mu gu tra a b+hi Shiny+tsa traM/__snang mtha' rdo rje'i dbang bskur sbyin/__hrIHye shes dpag med rgyal po che/__/sems dpa' srid pa gsum gcig pa/__/rdo rje'i rang bzhin rdo rje'i bdag__/snang mtha' rdo rjes dbang =__/oM pad+ma d+hA ra a b+hi Shiny+tsa hrIHdon grub dril bu'i dbang bskur te/__AH__las rnams ma lus kun sgrub cing /__/las kyi sems dpa' kun gyi gtso/__/don yod rgyal po de bzhin gshegs/__/don grub dril bu'i dbang bskur ro/__/ha a mo g+ha pa sha gaN+De a b+hi Shiny+tsa AH__rnam snang ming gi dbang bskur sbyin/__oM/__rnam snang 'khor los bsgyur ba che/__/sangs rgyas kun 'byung de bzhin gshegs/__/rigs rnams kun bdag sku yi mchog__/rnam snang ming gi dbang =__/oM bud+d+ha bai ro tsA na ch+gai mo zhes bya ba a b+hi Shiny+tsa a/__slar yang rnam rgyal bum pa thogs/__oM/__bkra shis rnam par rgyal ba'i bum pa na/__/rig 'dzin rtsa ba gsum gyi lha tshogs bzhugs/__/'od zhu byang chub sems kyi chus dbang bskur/__/phung khams skye mched lha skur smin par shog__/sngags mthar/__oM badz+ri b+ha wA a b+hi Shiny+tsa hU~M/__ye shes lha yi phyag rgya sbyin/__hrIHpad+ma 'byung gnas grub pa'i gtso/__/dkyil 'khor bdag po chos kyi rgyal/__/rig 'dzin nyi ma 'od zer gyi/__/skal ldan bu la dbang bskur ro/__/zung 'jug grub pa mngon gyur shog__/sngags/__oM/__rigs kyi bdag po 'od dpag med/__/chos sku snang ba mtha' yas kyi/__/skal ldan bu la=__/ka dag 'od skur grol bar shog__/sngags mthar kA ya a b+hi Shiny+tsa hU~M/__hrIHpad+ma gar dbang thugs rje'i bdag__/'gro 'dul sems dpa' spyan ras gzigs/__/skal ldan bu la=__gzhan don phrin las mthar phyin shog__/sngags/__hU~M/__dkyil 'khor kun gtso rdo rje 'chang /__/bla ma rig 'dzin gsang ba 'dus/__/stangs dpyal gnyis su med pa yi/__/skal ldan bu la=__/rig 'dzin byin rlabs rdzogs par shog__/sngags/__hrIHdngos grub rgya mtsho'i gter 'chang ba/__/gnas gsum mkha' 'gro'i tshogs kyi rje/__/d+hA ki gsang ba ye shes kyi/__/skal ldan bu la=__/phrin las ma lus lhun grub shog__/sngags/__hU~M/__gnyis med 'chol ba'i khro rgyal ni/__/rgyud gsum dregs pa'i sde dpon che/__/dpal mgon ma ning nag po yi/__/skal ldan bu la=__/bstan dgra ma lus tshar gcod shog__/sngags/__ba~M/__/sangs rgyas kun yum dbyings phyug ma/__/ma lus rgyal ba thams cad bskyed/__/rnam snang sangs rgyas mkha' 'gro yi/__/skal ldan bu la dbang bskur ro/__/bde chen ye shes rgyas par shog__/sngags/__bzlas pa sngags kyi lung sbyin nas/__/sngags kyi phreng ba mgrin par bzhag__/AH__grags stong brjod pa bral ba'i gsung /__/sngags kyi phreng bas dbang bskur bas/__/ngag rlung 'gyu ba rang dag nas/__/brjod med gsung du smin par shog__/wA ka a b+hi Shiny+tsa AH__thugs dgongs skye med ngang du bzhag__/me long drangs pa snying gar gtad/__hU~M/__me long dag cing gsal ba'i ngang /__/sna tshogs gzugs brnyan 'char ba bzhin/__/rang sems ngo bo dag cing gsal/__/lhun rdzogs chen por dbang bskur ro/__/tsit+ta a b+hi Shiny+tsa hU~M/__slob ma khrir bzhag rdor dril gtad/__/dung dang glegs bam po ti sbyin/__oM AHhU~M/__thabs dang shes rab dbyer med pa'i/__/rdo rje dril bu 'di byin cing /__/rdo rje rgyal por dbang bskur bas/__/gzhan don rab 'byams dbang thob shog__/badz+ra gan+d+he a nu rA ga badz+ra swA b+hA wa at+ma kau\u0f85haM/__mchod cing bkra shis mnga' gsol bya/__/de nas gsang ba'i dbang bskur sbyin/__/pad+ma b+hany+dza thogs byas la/__oM AHhU~M hoHde bzhin gshegs pa thams cad ni/__/rjes chags zhu ba'i bdud rtsi 'di/__/skal ldan lce la dbang bskur bas/__/gsang ba'i dbang mchog thob par shog__/a ho ma hA su kha hoHme long sin+d+hu snying gar bkod/__AH__dga' ba'i gnas ster lha mo ni/__/sna tshogs gzugs can yid 'ong ma/__/khyer cig 'di la rol ba dang /__/dga' ba'i ye shes rgyas par shog__/pad+ma b+hany+dza mo k+Sha hoHshel dang me long thogs byas pa/__ho/__dpe yi ye shes mthar phyin pas/__/don dam lhan skyes ye shes ni/__/rdul bral mkha' ltar rnam dag pa/__/rang rig rgyal po rang gtso'o/__/d+harma d+hA tu a ti hoHrjes la gtor ma'i dbang bskur sbyin/__hU~M hrIH'gro ba 'dren mdzad o rgyan thod phreng rtsal/__/rig 'dzin rtsa gsum rgya mtsho'i tshogs rnams kyis/__/skal ldan bu la byin gyis brlab tu gsol/__/mchog dang thun mong dngos grub stsal du gsol/__/sngags mthar/__kA ya wA ka tsit+ta gu Na karma sarba sid+d+hi pha la hU~M/__gnas gsum bzhag bstim dngos grub sbyin/__/dbang rjes rim pa spyi ltar bya/__/de ltar dbang gi rim pa 'di/__/bka' gter gang yang ma yin cing /__/rang snang gang shar bris pa la/__/nyes skyon mchis na bla mar bshags/__/dge bas sku gsum mchog thob shog__/pad+ma 'od gsal dad pa'i sngas/__/bskul ba ring du 'gyangs pa dang /__/chu 'brug cho 'phrul zla 2tshes 6la/__/rig ngor gang thon nyid du ni/__/pad+ma ye shes rdo rjes spel/__/sarba dza ga taM//___//

Footnotes

Other Information