ནཱ་རོ་མཁའ་སྤྱོད་མའི་ཚོགས་མཆོད་བསྐང་བཤགས་བསྡུས་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-022
Wylie title nA ro mkha' spyod ma'i tshogs mchod bskang bshags bsdus pa JKCL-KABUM-07-JA-022.pdf
Location chos kyi blo gros bka' 'bum
Volume 7, Text 22, Pages 403-405 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ནཱ་རོ་པ་ (Nāropa)
Citation 'jam dbyangs mkhyen brtse chos kyi blo gros. nA ro mkha' spyod ma'i tshogs mchod bskang bshags bsdus pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 403-405. Bir, H.P.: Khyentse Labrang, 2012.
Genre Confessions - bshags pa  ·  Feast Offering - tshogs mchod - tshogs kyi 'khor lo  ·  Mending Rituals - bskang chog
Cycle ནཱ་རོ་མཁའ་སྤྱོད་མ་ (na ro mkha' spyod ma)
Deity rdo rje rnal 'byor ma
Colophon

།ཞེས་པའང་ཁྲོམ་ཐར་བསྒྲུབ་བརྩོན་བླ་མ་ངག་དབང་ཤེས་རབ་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།།

/zhes pa'ang khrom thar bsgrub brtson bla ma ngag dbang shes rab nas bskul ngor chos kyi blo gros pas so//

1 Texts in this Section (sde tshan or chos tshan)

[edit]
ནཱ་རོ་མཁའ་སྤྱོད་མའི་ཚོགས་མཆོད་བསྐང་བཤགས་བསྡུས་པ་བྱ་བར་སྤྲོ་ན། །ཐབས་ཤེས་ཀྱི་རྫས་དག་ཅིང་གཙང་བ་ཅི་འབྱོར་པ་བཤམས་ལ། རྣལ་འབྱོར་པ་ལྷ་ཡི་ང་རྒྱལ་ལ་གནས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧུྃ་ཧཱུྃ་ཕཊ། ཅེས་ནང་མཆོད་གཏོར་བས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤདྡྷོ྅་ཧཾ་གིས་སྦྱངས། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། ཨོཾ་ལས་ཆོས་དབྱིངས་དང་མཉམ་ཀ་པཱ་ལར། ཨཱཿལས་ཚོགས་གཏོར་ཤ་ལྔ་བདུད་རྩི་ལྔ། ཧཱུྃ་གིས་ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར། །ཧ་ཧོ་ཧྲཱིཿཡིས་འདོད་ཡོན་མཐའ་རྒྱས་སྤེལ། །ཕྱག་རྒྱ་དང་བཅས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་མང་བརྗོད། འབར་བའི་ཕྱག་རྒྱ་དང་བཅས། ཕཻཾ། འོག་མིན་རྡོ་རྗེ་བཙུན་མོའི་གནས་མཆོག་ནས། །རྒྱལ་ཀུན་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་གུ་རུ་བཛྲ་ཡོ་གི་ནཱི་མཎྜལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿས་མདུན་བསྐྱེད་ལ་གཉིས་མེད་བསྟིམ། ཚོགས་ཕུད་རིམ་པར་མཆོད་དེ། ཨོཾ་ཨཱཿཧཱུྃ། རྒྱལ་བ་ཀུན་གྱི་བརྟེན་བྱའི་གཞིར་གྱུར་པ། །དངོས་གྲུབ་མཆོག་གི་དམ་རྫས་བདུད་རྩི་འདི། །བླ་མ་ཡི་དམ་རྣལ་འབྱོར་མ་དཔལ་དང་། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་ལ་འབུལ། ཨོཾ་ཨཱཿཧཱུྃ། རོ་བརྒྱ་ལྡན་པའི་ཚོགས་གཏོར་འདོད་ཡོན་སྤྲིན། །རྡོ་རྗེའི་དབང་པོ་དྲུག་ལ་དགྱེས་རྒུར་སྟོབས། །ཟག་མེད་བདེ་བ་མཆོག་གིས་རབ་མཉེས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ཨོཾ་གུ་རུ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོཿཨོཾ་ཨཱཿཧཱུྃ། ཕྱི་མཆོད་ཉེར་སྤྱོད་ནང་མཆོད་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་དང་། །དཔག་བསམ་ཤིང་དང་འདོད་འབྱུང་གཏེར་བུམ་སོགས། །རབ་འབྱམས་རྒྱ་མཚོའི་ཞིང་རྡུལ་གྲངས་སྙེད་ཀྱི། །སྲིད་ཞིའི་ཕུན་ཚོགས་ཇི་སྙེད་མཆིས་པ་དང་། །གསང་མཆོད་རྡོ་རྗེའི་རིག་མ་བསམ་ཡས་པས། །སྙོམས་འཇུག་བདེ་ཆེན་དགའ་བཞིའི་རོལ་རྩེད་ཀྱིས། །འདྲེན་པའི་བདེ་སྟོང་ཡེ་ཤེས་ཆེན་པོ་ཡི། །རྨད་དུ་བྱུང་བའི་མཆོད་པ་བླ་མེད་འདིས། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཐུགས་དམ་བསྐང་། །བཅས་དང་རང་བཞིན་ཉེས་པའི་ཚོགས་ཀུན་བཤགས། །གྲུབ་ཆེན་བརྒྱད་དང་དབང་བཅུའི་དངོས་གྲུབ་སྩོལ། །ཡིག་བརྒྱ་བརྗོད། ཚོགས་ལ་རོལ་མཐར་དམ་ཚིག་གཙང་མའི་ལྷག་མ་རྣམས་བསྡུས་ལ་ཆུ་ཆང་གིས་བྲན། ཕཻཾ། དཀྱིལ་འཁོར་ལྷག་ལ་དབང་བ་ཡི། །ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང་། །མ་མོ་གྲུབ་པ་ལ་སོགས་པ། །ལྷག་མའི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨུཥྩི་ཊ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་གཙང་སར་དོར། རྡོ་རྗེའི་རྣལ་འབྱོར་དཀྱིལ་འཁོར་དུ། །བདེ་ཆེན་ཚོགས་ཀྱི་མཆོད་པ་ཡིས། །བདག་ཅག་རྡོ་རྗེའི་རྣལ་འབྱོར་རྣམས། །དམ་ཚིག་ཉམས་ཆག་ཀུན་བྱང་ནས། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །ཞེས་པའང་ཁྲོམ་ཐར་བསྒྲུབ་བརྩོན་བླ་མ་ངག་དབང་ཤེས་རབ་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།། །།

Footnotes

Other Information