གུ་རུ་ཨཱརྱ་ཏཱ་རེའི་བརྒྱུད་འདེབས།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-012
Wylie title gu ru Ar+ya tA re'i brgyud 'debs JKCL-KABUM-06-CHA-012.pdf
Location chos kyi blo gros bka' 'bum
Volume 6, Text 12, Pages 209-210 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gu ru Ar+ya tA re'i brgyud 'debs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 209-210. Bir, H.P.: Khyentse Labrang, 2012.
Genre Lineage Supplications - brgyud 'debs
Deity sgrol ma
Colophon

ཅེས་པ་འདིའང་སྐྱུ་ར་བ་འོད་གསལ་རྡོ་རྗེས་འཕྲལ་དུ་སྤེལ་བས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དགེའོ། །ཚིག་རྐང་འདི་གཉིས་རྟེན་འབྲེལ་གྱི་དབང་གིས་དྷརྨས་ཁ་སབ་པའོ། །སརྦ་མངྒ་ལཾ།།

ces pa 'di'ang skyu ra ba 'od gsal rdo rjes 'phral du spel bas de bzhin du 'grub par gyur cig__/dge'o/__/tshig rkang 'di gnyis rten 'brel gyi dbang gis d+harmas kha sab pa'o/__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
ན་མོ་གུ་རུ་ཨཱརྱ་ཏཱ་རེ་ན་མོ། ཧཱུྃ་ཧྲཱིཿ ཀ་དག་གཏིང་གསལ་ཞིང་ཁམས་ནས༔ ཆོས་སྐུ་རྡོར་འཆང་འོད་དཔག་མེད༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཚོགས༔ རྩེ་གཅིག་གདུང་བས་གསོལ་བ་འདེབས༔ འཇའ་ལུས་འགྲུབ་བར་བྱིན་གྱིས་རློབས༔ ལྷུན་གྲུབ་རང་སྣང་བཀོད་པའི་ཞིང་༔ གར་གྱི་དབང་ཕྱུག་སྤྱན་རས་གཟིགས༔ ཐེག་དགུ་རྒྱུད་བཞི་ཡི་དམ་ལྷ༔ རྩེ་གཅིག་གདུང་བས་གསོལ༴འཇའ་ལུས་འགྲུབ་པར༴རྔ་ཡབ་ཟངས་མདོག་དཔལ་རིའི་ཞིང་༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །རྩེ་གཅིག་གདུང་བས༴འཇའ་ལུས་འགྲུབ་པར༴གནས་ཡུལ་དག་པ་རབ་འབྱམས་ཞིང་༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་གཙོས༔ ༔ ཞིང་སྔགས་ལྷན་སྐྱེས་ཌཱཀྐིའི་ཚོགས༔ རྩེ་གཅིག་གདུང་བས༴ འཇའ་ལུས་འགྲུབ་པར༴ གནས་མཆོག་ཨཱརྱ་ཏཱ་རེའི་ཞིང་༔ གཏེར་ཆེན་འོད་གསལ་རྡོ་རྗེ་ལ༔ བུ་སློབ་རྒྱ་མཚོའི་ཚོགས་དང་བཅས༔ རྩེ་གཅིག་གདུང་བས༴ འཇའ་ལུས་འགྲུབ་པར༴ གཡུ་ལོ་བཀོད་པའི་ཞིང་མཆོག་ནས༔ མཚན་ལྡན་རྗེ་བཙུན་སྒྲོལ་མའི་ཚོགས༔ གནས་ཡུལ་དཔའ་བོ་དཔའ་མོར་བཅས༔ རྩེ་གཅིག་གདུང་བས༴ འཇའ་ལུས་འགྲུབ་པར༴ འདན་སྟོད་སྐྱུ་ར་བྲག་གི་གནས༔ ཨ་ཕྱི་ཆོས་ཀྱི་སྒྲོལ་མ་ཉིད༔ མཆེད་ལྔ་འཁོར་དང་བཅས་པ་ལ༔ རྩེ་གཅིག་གདུང་བས༴ འཇའ་ལུས་འགྲུབ་པར༴ དབེན་གནས་འཇའ་ལུས་གསང་ཕུག་ན༔ མ་མོ་སྔགས་ཀྱི་སྲུང་མས་གཙོ༔ བཀའ་སྲུང་ཆོས་སྲུང་གཏེར་བདག་ལ༔ རྩེ་གཅིག་གདུང་བས་གསོལ་བ་འདེབས༔ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཆོས་ཅན་སྣང་བའི་ཆོ་འཕྲུལ་གྱི༔ དུས་ཀྱི་གཡོ་འཁྲུགས་རང་སར་ཞི༔ ཆོས་ཉིད་སྙིང་པོ་དོན་བརྒྱུད་ཀྱི༔ བསྟན་པ་རིན་ཆེན་མཁའ་ཁྱབ་ཅིང་ཿ ༠གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡི༔ ཕྲིན་ལས་དབྱར་མཚོ་ལྟར་རྒྱས་ཏེ༔ ༠འགྲོ་ཀུན་མཚན་རྟོག་རང་གྲོལ་ནས༔ ཕྱམས་གཅིག་འོད་སྐུར་གྲོལ་གྱུར་ཅིག༔ ཅེས་པ་འདིའང་སྐྱུ་ར་བ་འོད་གསལ་རྡོ་རྗེས་འཕྲལ་དུ་སྤེལ་བས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དགེའོ། །ཚིག་རྐང་འདི་གཉིས་རྟེན་འབྲེལ་གྱི་དབང་གིས་དྷརྨས་ཁ་སབ་པའོ། །སརྦ་མངྒ་ལཾ།། །།
[edit]

na mo gu ru Ar+ya tA re na mo/__hU~M hrIHka dag gting gsal zhing khams nas:__chos sku rdor 'chang 'od dpag med:__phyogs bcu'i sangs rgyas byang sems tshogs:__rtse gcig gdung bas gsol ba 'debs:__'ja' lus 'grub bar byin gyis rlobs:__lhun grub rang snang bkod pa'i zhing :__gar gyi dbang phyug spyan ras gzigs:__theg dgu rgyud bzhi yi dam lha:__rtse gcig gdung bas gsol='ja' lus 'grub par=rnga yab zangs mdog dpal ri'i zhing :__sprul sku pad+ma 'byung gnas la:__rig 'dzin grub thob rgya mtsho'i tshogs/__/rtse gcig gdung bas='ja' lus 'grub par=gnas yul dag pa rab 'byams zhing :__ma gcig ye shes mtsho rgyal gtsos:__:__zhing sngags lhan skyes DAk+ki'i tshogs:__rtse gcig gdung bas='ja' lus 'grub par=gnas mchog Ar+ya tA re'i zhing :__gter chen 'od gsal rdo rje la:__bu slob rgya mtsho'i tshogs dang bcas:__rtse gcig gdung bas='ja' lus 'grub par=g.yu lo bkod pa'i zhing mchog nas:__mtshan ldan rje btsun sgrol ma'i tshogs:__gnas yul dpa' bo dpa' mor bcas:__rtse gcig gdung bas='ja' lus 'grub par='dan stod skyu ra brag gi gnas:__a phyi chos kyi sgrol ma nyid:__mched lnga 'khor dang bcas pa la:__rtse gcig gdung bas='ja' lus 'grub par=dben gnas 'ja' lus gsang phug na:__ma mo sngags kyi srung mas gtso:__bka' srung chos srung gter bdag la:__rtse gcig gdung bas gsol ba 'debs:__'ja' lus 'grub par byin gyis rlobs:__chos can snang ba'i cho 'phrul gyi:__dus kyi g.yo 'khrugs rang sar zhi:__chos nyid snying po don brgyud kyi:__bstan pa rin chen mkha' khyab cing \u0f7f0gter chen chos kyi rgyal po yi:__phrin las dbyar mtsho ltar rgyas te:__0'gro kun mtshan rtog rang grol nas:__phyams gcig 'od skur grol gyur cig:__ces pa 'di'ang skyu ra ba 'od gsal rdo rjes 'phral du spel bas de bzhin du 'grub par gyur cig__/dge'o/__/tshig rkang 'di gnyis rten 'brel gyi dbang gis d+harmas kha sab pa'o/__/sarba mang+ga laM//___//

Footnotes

Other Information