བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ལས༔ ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག༔

From Khyentse Lineage - A Tsadra Foundation Project
DKR-KABUM-22-ZA-009
Wylie title bka' brgyad bde gshegs kun 'dus las: yum bka' DA ki'i srog tig DKR-KABUM-22-ZA-009.pdf
Location dil mgo mkhyen brtse bka' 'bum
Volume 22, Text 9, Pages 110-112 (Folios 1a to 3b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་, དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (mchog gyur gling pa, Khyentse, Dilgo)
Citation Khyentse, Dilgo. Bka' brgyad bde gshegs kun 'dus las: yum bka' DA ki'i srog tig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 110-112. Delhi: Shechen Publications, 1994.
Genre Root Treasure - gter gzhung
Cycle ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་ (yum bka' da ki'i srog tig)
Parent Cycle བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ (bka' brgyad bde gshegs kun 'dus)
Deity nam mkha'i dbyings kyi dbang phyug ma
[edit]
༁ྃ༔ བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ལས༔ ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་བཞུགས༔

༁ྃ༔ ༔བརྡ་ཡིག༔ ཁྲག་འཐུང་མངོན་རྫོགས་རྒྱལ་ལ་འདུད༔ བདག་ཉིད་པདྨ་ཐོད་ཕྲེང་ལ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ དུར་ཁྲོད་ཆེན་པོ་བསིལ་བ་ཚལ༔ མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང༔ བདེ་གཤེགས་འདུས་པ་ཆེན་པོ་ཡི༔ རྒྱུད་ལུང་མན་ངག་ཐམས་ཅད་གཏད༔ ཉམས་སུ་བླངས་པས་དངོས་གྲུབ་ཐོབ༔ དབང་གི་ཆུ་བོ་ཆེན་པོ་བཞིའི༔ བཀའ་བབ་ཐུན་མོང་མིན་པ་ཐོབ༔ གྲུབ་པའི་རིག་འཛིན་ཆེ་དགུ་དང༔ བདག་ཉིད་བཅས་པའི་དགོངས་ཉམས་བསྡུར༔ ཀུན་འདུས་སྒྲུབ་ཆེན་བཀའ་བརྒྱད་ཀྱི༔ གསང་མཛོད་མཁས་པ་ང་ཉིད་གྱུར༔ ཀུན་ལ་ཆོས་ཀྱི་སྐྱེས་ཕུལ་ཞིང༔ ཡང་ཟབ་སྙིང་པོའི་ཏི་ཀ་དག༔ ཐུགས་ཀྱི་ཐིག་ལེར་འཆང་བ་ལས༔ གངས་ཅན་བོད་ཡུལ་དབུས་ལྷགས་ཏེ༔ སངས་རྒྱས་བསྟན་པ་སྤེལ་བའི་སྐབས༔ མངའ་བདག་ཆོས་ཀྱི་རྒྱལ་པོ་ཡིས༔ གསང་སྔགས་འཁོར་ལོ་བསྐོར་བ་ཡི༔ གསོལ་འདེབས་ཡང་ནས་ཡང་བསྩལ་ཞིང༔ ཁྱད་པར་གཟུངས་མ་མཚོ་རྒྱལ་གྱིས༔ དབང་རྟེན་ཕུལ་ནས་ཞུས་པའི་ཚེ༔ རྗེ་གཅིག་ཞལ་ངོ་གཉན་པ་དང༔ མཚོ་རྒྱལ་མཚན་ལྡན་ཞབས་ཏོག་ཆེ༔ འབངས་རྣམས་སྐལ་ལྡན་སྣོད་གྱུར་པས༔ བོད་ཡུལ་གླིང་དགུའི་ལྟེ་བའི་ཆ༔ བྲག་དམར་དཔལ་གྱི་མཆིམས་ཕུ་རུ༔ གསང་སྔགས་རྒྱུད་ལུང་མ་ལུས་པའི༔ ཡང་བཅུད་བདག་གི་ཐུགས་དམ་མཐིལ༔ སྙིང་གི་ཟུངས་ཁྲག་ལྟ་བུ་ཡི༔ སྒྲུབ་བཀའ་བརྒྱད་དང་ཀུན་འདྲིལ་བའི༔ སྙིང་པོའི་ཆོས་འཁོར་བསྐོར་བའི་ཚེ༔ བདེ་གཤེགས་འདུས་པའི་ཟབ་གསང་ཀུན༔ མངའ་བདག་ཡབ་སྲས་རྣམ་གཉིས་ལ༔ མེ་ཏོག་ཕོག་པས་བཀའ་བབ་བརྙེས༔ ཉམས་བླངས་གྲུབ་པའི་སར་སོན་ཏེ༔ ཀུན་ཀྱང་བདེ་ཆེན་ལམ་མཐར་སོན༔ དེ་ཚེ་ཐུན་མོང་མ་ཡིན་པའི༔ མན་ངག་ཟབ་ཅིང་འདྲིལ་བའི་ཆོས༔ བདེ་གཤེགས་ཀུན་འདུས་ཡབ་བཀའི་སྐོར༔ གངས་ཅན་ས་ཡི་ཐིག་ལེ་ཆེ༔ མདོ་སྨད་གྲུབ་པའི་གནས་ཀྱི་མཐིལ༔ སྦས་པའི་རྫོགས་ཆེན་སྡེ་གསུམ་གྱི༔ ཆོས་དང་འབྲེལ་བའི་ཟབ་རྒྱས་སྐོར༔ སྦས་ཏེ་སྙིང་པོའི་ཡང་ཕྱུང་དུ༔ ཡུམ་བཀའ་ཌཱ་ཀིའི་སྲོག་གི་ཐིག༔ ཆོས་རྒྱལ་ཡབ་སྲས་མཚོ་རྒྱལ་ལ༔ ལྐོག་ཆོས་གསང་བ་ཆེན་པོའི་ལམ༔ སྔོན་ཆད་རྒྱ་ཆེར་མ་བསྟན་པའི༔ ཐུན་མིན་ཤིན་ཏུ་རྨད་བྱུང་བ༔ བསྟན་པས་རང་གི་ཡེ་ཤེས་རྙེད༔ ཕྱི་མའི་འགྲོ་ལ་ཕན་པའི་ཕྱིར༔ ཡང་ཟབ་ངོ་མཚར་རྨད་བྱུང་བ༔ མཁའ་འགྲོ་བརྡ་ཡི་ཡི་གེར་ཐོབ༔ དུས་ཀྱི་ཐ་མ་བསྟན་པའི་མཇུག༔ སྤྲུལ་པ་ཞིག་གིས་སྣང་བྱེད་པས༔ མདོ་ཁམས་ནམ་མཁའ་མཛོད་ཆེན་པོའི༔ གཡུ་འབལ་བྲག་གི་སུལ་དུ་སྦོས༔ དགའ་འཁྱིལ་གཡུང་དྲུང་རྟགས་ལྡན་པར༔ རྟེན་འབྲེལ་དུས་ལ་བབ་པའི་ཚེ༔ ས་ཡི་སྟེང་དུ་སྣང་བར་འགྱུར༔ དུས་མཐའི་གདུལ་བྱ་ཐམས་ཅད་ཀུན༔ ལྷ་སྲིན་མ་མོ་འཁྲུགས་པ་ཡིས༔ ཕལ་ཆེར་ཆགས་པའི་གདུང་བས་མནར༔ ཕྲ་མེན་ཤ་ཟའི་གཟུགས་དུ་མས༔ བསྟན་པ་འཛིན་ཀུན་བར་དུ་གཅོད༔ སྐྱེ་བོ་བུད་མེད་གཡེམ་ལ་རྒྱུག༔ ཕུང་ཁྲོལ་སྣ་ཚོགས་གཞི་གདེངས་པས༔ ལྷག་པར་དེ་ཡི་གཉེན་པོ་རུ༔ ཆེ་ཐང་བསྔགས་པ་འདི་ཡིན་པས༔ སྐལ་ལྡན་སྙིང་པོའི་ཉམས་ལེན་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ནི་མ་འོངས་དུས་ཀྱི་ཐ༔ སུམ་ཅུ་ཁ་རལ་ཉེ་བའི་ཚེ༔ སྔོན་གྱི་སྨོན་ལམ་ལས་ཀྱི་འཕྲོའི༔ མངའ་བདག་ཆེན་པོ་ཡབ་སྲས་ཀྱི༔ སྤྲུལ་པས་བོད་ཁམས་འདུལ་བའི་ཚེ༔ འཕགས་པའི་ཡེ་ཤེས་སྒྱུ་མ་ལྟར༔ གདུལ་བྱའི་ཡུལ་ལ་སྣང་བའི་སྐབས༔ ཟབ་མོའི་ཆོས་ཀྱི་མཆོག་འདི་ཡང༔ སྣང་ཞིང་རྒྱས་པས་འགྲོ་ལ་ཕན༔ དེ་ཕྱིར་གསང་བའི་མན་ངག་གི༔ གནད་འདི་ཡལ་བར་མ་འདོར་ཅིག༔ ས་མ་ཡ༔ བཀའ་བརྒྱད་ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་ལས༔ ལོ་རྒྱུས་ཁོག་དབུབ་ཀྱི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
[edit]

\u0f01\u0f83:_bka' brgyad bde gshegs kun 'dus las:_yum bka' DA ki'i srog tig bzhugs: \u0f01\u0f83:_:::brda yig__khrag 'thung mngon rdzogs rgyal la 'dud:_bdag nyid pad+ma thod phreng la:_mkha' 'gro las kyi dbang mo ches:_dur khrod chen po bsil ba tshal:_mchod rten bde byed brtsegs pa'i drung:_bde gshegs 'dus pa chen po yi:_rgyud lung man ngag thams cad gtad:_nyams su blangs pas dngos grub thob:_dbang gi chu bo chen po bzhi'i:_bka' bab thun mong min pa thob:_grub pa'i rig 'dzin che dgu dang:_bdag nyid bcas pa'i dgongs nyams bsdur:_kun 'dus sgrub chen bka' brgyad kyi:_gsang mdzod mkhas pa nga nyid gyur:_kun la chos kyi skyes phul zhing:_yang zab snying po'i ti ka dag:_thugs kyi thig ler 'chang ba las:_gangs can bod yul dbus lhags te:_sangs rgyas bstan pa spel ba'i skabs:_mnga' bdag chos kyi rgyal po yis:_gsang sngags 'khor lo bskor ba yi:_gsol 'debs yang nas yang bstsal zhing:_khyad par gzungs ma mtsho rgyal gyis:_dbang rten phul nas zhus pa'i tshe:_rje gcig zhal ngo gnyan pa dang:_mtsho rgyal mtshan ldan zhabs tog che:_'bangs rnams skal ldan snod gyur pas:_bod yul gling dgu'i lte ba'i cha:_brag dmar dpal gyi mchims phu ru:_gsang sngags rgyud lung ma lus pa'i:_yang bcud bdag gi thugs dam mthil:_snying gi zungs khrag lta bu yi:_sgrub bka' brgyad dang kun 'dril ba'i:_snying po'i chos 'khor bskor ba'i tshe:_bde gshegs 'dus pa'i zab gsang kun:_mnga' bdag yab sras rnam gnyis la:_me tog phog pas bka' bab brnyes:_nyams blangs grub pa'i sar son te:_kun kyang bde chen lam mthar son:_de tshe thun mong ma yin pa'i:_man ngag zab cing 'dril ba'i chos:_bde gshegs kun 'dus yab bka'i skor:_gangs can sa yi thig le che:_mdo smad grub pa'i gnas kyi mthil:_sbas pa'i rdzogs chen sde gsum gyi:_chos dang 'brel ba'i zab rgyas skor:_sbas te snying po'i yang phyung du:_yum bka' DA ki'i srog gi thig:_chos rgyal yab sras mtsho rgyal la:_lkog chos gsang ba chen po'i lam:_sngon chad rgya cher ma bstan pa'i:_thun min shin tu rmad byung ba:_bstan pas rang gi ye shes rnyed:_phyi ma'i 'gro la phan pa'i phyir:_yang zab ngo mtshar rmad byung ba:_mkha' 'gro brda yi yi ger thob:_dus kyi tha ma bstan pa'i mjug:_sprul pa zhig gis snang byed pas:_mdo khams nam mkha' mdzod chen po'i:_g.yu 'bal brag gi sul du sbos:_dga' 'khyil g.yung drung rtags ldan par:_rten 'brel dus la bab pa'i tshe:_sa yi steng du snang bar 'gyur:_dus mtha'i gdul bya thams cad kun:_lha srin ma mo 'khrugs pa yis:_phal cher chags pa'i gdung bas mnar:_phra men sha za'i gzugs du mas:_bstan pa 'dzin kun bar du gcod:_skye bo bud med g.yem la rgyug:_phung khrol sna tshogs gzhi gdengs pas:_lhag par de yi gnyen po ru:_che thang bsngags pa 'di yin pas:_skal ldan snying po'i nyams len mdzod:_sa ma ya:_rgya rgya rgya:_'di ni ma 'ongs dus kyi tha:_sum cu kha ral nye ba'i tshe:_sngon gyi smon lam las kyi 'phro'i:_mnga' bdag chen po yab sras kyi:_sprul pas bod khams 'dul ba'i tshe:_'phags pa'i ye shes sgyu ma ltar:_gdul bya'i yul la snang ba'i skabs:_zab mo'i chos kyi mchog 'di yang:_snang zhing rgyas pas 'gro la phan:_de phyir gsang ba'i man ngag gi:_gnad 'di yal bar ma 'dor cig:_sa ma ya:_bka' brgyad yum bka' DA ki'i srog tig las:_lo rgyus khog dbub kyi rim pa'o:_sa ma ya:_rgya rgya rgya:

Footnotes

Other Information