ཕུར་པའི་ཚེ་སྒྲུབ་ཀྱི་བཟླས་དམིགས།

From Khyentse Lineage - A Tsadra Foundation Project
DKR-KABUM-21-ZHA-006
Wylie title phur pa'i tshe sgrub kyi bzlas dmigs DKR-KABUM-21-ZHA-006.pdf
Location dil mgo mkhyen brtse bka' 'bum
Volume 21, Text 6, Pages 68 (Folios 1a1 to 1b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Phur pa'i tshe sgrub kyi bzlas dmigs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 68. Delhi: Shechen Publications, 1994.
Genre Longevity Rituals - tshe sgrub
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
[edit]
ཕུར་པའི་ཚེ་སྒྲུབ་ཀྱི་བཟླས་དམིགས་ནི། བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་སྲོག་ས་བོན་ལ་ནྲྀ་ཡིག་དམར་ལྗང་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱི་འབྱུང་བ་བཞིའི་དྭངས་བཅུད། ནང་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་དྭངས་མ་ཐམས་ཅད་དང༌། གསང་བ་རྒྱལ་བ་སྲས་བཅས་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་དྭངས་བཅུད། ཁྱད་པར་རང་གི་བླ་ཚེ་སྲོག་གསུམ་འཁྱམས་པ། ཡར་བ། འཐོར་བ། སྡེ་བརྒྱད་ཀྱིས་བརྐུས་འཕྲོག་བཅོམ་པ། བན་བོན་མཐུ་བོ་ཆེས་བྱད་དུ་བཅུག་པ་སོགས་ཐམས་ཅད་འོད་ཟེར་ཐིག་ལེ་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ནས་རང་གི་སྒོ་གསུམ་དང༌། མདུན་གྱི་ཚེ་རྫས་ལ་ཐིམ་པས་བླ་ཚེ་ཉམས་པ་གསོས། ཡར་བ་བསྡུས། སྙིང་དབུས་དྭངས་མའི་ཐིག་ལེ་བཀྲག་མདངས་གཟི་བརྗིད་དང་ལྡན་པར་མོས་ལ། ཕུར་པའི་རྩ་སྔགས་མཐར། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛཿ ཞེས་བཏགས་པ་བཟླ། ཐུན་མཐར་ཚེ་འགུགས་ནི། མདའ་དར་གཡབ་སྟེ། ཧཱུྃ། བསྙེན་ཅིང་སྒྲུབ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཐུགས་རྗེ་ནུས་པ་མཐུ་དང་དཔུང་བསྐྱེད་ལ། །འོད་ཟེར་ཕོ་ཉ་ཕྱག་མཚན་འཕྲོ་འདུ་ཡིས། །བདག་གི་བླ་ཚེ་ཆད་ཉམས་ཡར་བ་དང༌། །འཁོར་འདས་བརྟན་གཡོའི་ཚེ་བཅུད་དྭངས་མ་ཀུན། །འོད་ཟེར་ཐིག་ལེ་ཡིག་འབྲུའི་རྣམ་པར་བཀུག །བདག་ལ་བསྟིམ་པས་བཀྲག་མདངས་གཟི་བརྗིད་རྒྱས། །འཆི་མེད་རྡོ་རྗེའི་ཚེ་མཆོག་གྲུབ་པར་གྱུར། །ཕུར་པའི་རྩ་སྔགས་མཐར། ཚེ་བྷྲཱུཾ་གཡུ་བྷྲཱུཾ། གཡུ་ཚེ་བྷྲཱུཾ། ཨཱ་ཡུ་ཛྙཱ་ན་གཡུ་ཚེ་བྷྲཱུཾ། ཨཱཿ སྤྲོས་པས་སྲིད་ཞི་ཀུན་ལ་ཁྱབ། །བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༌། །འཕོ་འགྱུར་མེད་པར་རྒྱས་བཏབ་པས། །ཡེ་ཤེས་ཆེན་པོའི་སྲོག་ཐོབ་གྱུར། །དྷརྨ་དྷཱ་ཏུ་རཀྵ་རཀྵ་ཨཱཿ ཞེས་སྦྱར་རོ།། །།

Footnotes

Other Information