ཟབ་གསང་པདྨའི་ཡང་ཐིག་ལས༔ པདྨ་དྲག་པོའི་ཚེ་སྒྲུབ༔

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-025
Wylie title zab gsang pad+ma'i yang thig las: pad+ma drag po'i tshe sgrub DKR-KABUM-18-TSHA-025.pdf
Location dil mgo mkhyen brtse bka' 'bum
Volume 18, Text 25, Pages 168-170 (Folios 1a to 3a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation 'jam dbyangs mkhyen brtse chos kyi blo gros. Zab gsang pad+ma'i yang thig las pad+ma drag po'i tshe sgrub. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 168-170. Delhi: Shechen Publications, 1994.
Genre Longevity Rituals - tshe sgrub
Cycle ཟབ་གསང་པདྨའི་ཡང་ཏིག་ (zab gsang pad+ma'i yang tig)
Deity pad+ma drag po
Recension Link Other Versions on this site: ཟབ་གསང་པདྨའི་ཡང་ཐིག་ལས༔ པདྨ་དྲག་པོའི་ཚེ་སྒྲུབ༔
Colophon

པདྨ་དྲག་པོའི་ཚེ་སྒྲུབ་འདིས༔ རིག་འཛིན་སྲོག་གི་དཔལ་སྟེར་ཞིང༔ དུས་མིན་འཆི་བའི་དགྲ་ལས་རྒྱལ༔ ཚེ་དབང་རིག་འཛིན་ཐོབ་པར་འགྱུར༔ ས་མ་ཡ༔

pad+ma drag po'i tshe sgrub 'dis:_rig 'dzin srog gi dpal ster zhing:_dus min 'chi ba'i dgra las rgyal:_tshe dbang rig 'dzin thob par 'gyur:_sa ma ya:

[edit]
༄༅། ཟབ་གསང་པདྨའི་ཡང་ཐིག་ལས༔ པདྨ་དྲག་པོའི་ཚེ་སྒྲུབ་བཞུགས༔ པདྨ་དྲག་པོའི་ཚེ་སྒྲུབ་པ༔ ར་བ་བཞི་ཡི་ཚེས་བཟང་པོར༔ སྟེགས་བུར་འོད་དམར་པད་འདབ་བཞི༔ ལྟེ་བར་ཚེ་ཡི་འབྲང་རྒྱས་དང༔ ཚེ་ཡི་རིལ་བུ་བདུད་རྩི་དང༔ མདའ་ལ་དར་སྣས་བརྒྱན་པ་དང༔ མཆོད་ཚོགས་བཤམས་ནས་སྟན་ལ་འཁོད༔ རྩ་བའི་གཞུང་བསྲང་བསྟོད་པའི་མཇུག༔ ཨཱཿ ཐུགས་ཀར་འཆི་མེད་པདྨ་འབྱུང༔ རྡོ་རྗེ་བྷནྡྷ་ཚེ་བུམ་བསྣམས༔ རང་འོད་ཡུམ་མཆོག་ཙཎྜ་ལི༔ དམར་གསལ་པདྨ་ཚེ་བུམ་བསྣམས༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཐུགས་དབུས་ཆུ་སྐྱེས་ཉི་ཟླའི་དབུས༔ ཧྲཱིཿཡིག་ནྲྀ་དང་ཨ་ཡིས་མཚན༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་སྲིད་ཞིའི་ཚེ་བཅུད་བསྡུས༔ བླ་ཚེ་ཡར་བ་རང་སོར་ཚུད༔ འཆི་མེད་རྡོ་རྗེའི་སྲོག་ཐོབ་མོས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་མ་ཧཱ་པདྨ་ཤྲཱི་ཧེ་རུ་ཀ་ཨརྩིཀ་ནིརྩིཀ་བཛྲ་ཛྙཱ་ན་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ་ཐུན་མཚམས་ཚེ་འགུགས་བསྐུལ༔ མདའ་དར་གཡབ་ཅིང་གདུང་ཤུགས་བསྐྱེད༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་ཀུན་ཁྱབ་ཆེན་པོ་ནས༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས༔ ཚེ་འགུགས་སྤྲུལ་པའི་ལྷ་མོ་ནི༔ དཀར་མོ་ཚེ་ཡི་བུམ་པ་བསྣམས༔ ཉི་ཟེར་རྡུལ་ལྟར་འཚུབས་པ་ཡིས༔ འཁོར་འདས་ཚེ་ཡི་དྭངས་བཅུད་དང༔ ཕྱོགས་སྐྱོང་སྡེ་བརྒྱད་ཀྱིས་འཕྲོག་པའི༔ བླ་ཚེ་ཡར་བ་ཐམས་ཅད་ཁུག༔ འཐོར་བ་བསྡུས་ལ་ཟད་པ་བསྲིང༔ འཆི་མེད་རྡོ་རྗེའི་སྲོག་ཀ་བརྟན༔ ཚེ་ཡི་དངོས་གྲུབ་རྫས་ལ་བསྟིམ༔ འཆི་མེད་རྡོ་རྗེའི་བཅུད་དུ་གྱུར༔ རིག་འཛིན་ཚེ་ཡི་སྐུ་ཐོབ་ཤོག༔ སྔགས་བརྗོད་ཚེ་ཡི་པྲ་བརྟགས་ལ༔ ཨཱཿ སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ༔ གཞོམ་གཞིག་བྲལ་བའི་རྒྱ་ཡིས་བཏབ༔ ཀློང་ལྔའི་དབྱིངས་སུ་ཚེ་སྦས་པས༔ རིགས་ལྔའི་རྒྱལ་བས་ཀྱང་མི་གཟིགས༔ དྷརྨ་དྷཱ་ཏུ་བཛྲ་རཀྵ་རཀྵ༔ གཞན་ལ་ཚེ་ཡི་དབང་བསྐུར་ན༔ དད་ལྡན་སློབ་བུ་ཁྲུས་ནས་དབྱུང༔ བགེགས་བསྐྲད་མཚམས་བཅིངས་མཎྜལ་ཕུལ༔ ཀྱེ་ཀྱེ་བླ་མ་འགྲོ་བའི་མགོན༔ དུས་གསུམ་རྒྱལ་བ་འདུས་པའི་དངོས༔ པདྨ་ཚེ་དཔག་མེད་མགོན་གྱི༔ དབང་བསྐུར་དམ་པ་བདག་ལ་སྩོལ༔ ལན་གསུམ་རྒྱུད་སྦྱངས་ལྷར་བསྐྱེད་དབབ༔ བརྟན་བྱས་ཚེ་ཡི་ཕོ་ཉ་བསྐུལ༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་སྦྱིན༔ ཚེ་ཡི་བུམ་པ་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ ཚེ་ཡི་བུམ་པ་འོད་ཀྱི་གཞལ་ཡས་ཁང༔ པདྨ་དྲག་པོ་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ འཆི་མེད་ཚེ་ཡི་བདུད་རྩི་སྦྱིན༔ ཨཱཿ འཁོར་འདས་ཚེ་ཡི་དྭངས་མ་འདུས་པའི་བཅུད༔ འཆི་མེད་ཚེ་ཡི་བདུད་རྩི་འདི་བྱིན་པས༔ འགགས་མེད་ཚངས་དབྱངས་གསུང་གི་དབང་མཆོག་ནི༔ དེང་འདིར་སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ འཆི་མེད་ཚེ་ཡི་རིལ་བུ་སྦྱིན༔ ཧཱུྃ༔ སྲིད་ཞིའི་སྙིང་པོ་མི་འགྱུར་ཚེ་ཡི་ཁམས༔ འཆི་མེད་གྲུབ་པའི་ཐིག་ལེར་འཁྱིལ་བ་འདི༔ མྱོང་བས་མི་ཤིགས་ཐུགས་ཀྱི་ཚེ་ཐོབ་ཅིང༔ རྩ་སྲོག་ཙིཏྟའི་དཀྱིལ་དུ་ཐིམ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་འགུགས་བྱ་ཞིང་རྒྱས་བཏབ་བྱ༔ དབང་རྗེས་རིམ་པ་སྤྱི་ལྟར་རོ༔ པདྨ་དྲག་པོའི་ཚེ་སྒྲུབ་འདིས༔ རིག་འཛིན་སྲོག་གི་དཔལ་སྟེར་ཞིང༔ དུས་མིན་འཆི་བའི་དགྲ་ལས་རྒྱལ༔ ཚེ་དབང་རིག་འཛིན་ཐོབ་པར་འགྱུར༔ ས་མ་ཡ༔

Footnotes

Other Information