ཟབ་གསང་པདྨའི་ཡང་ཏིག་ལས༔ གུ་རུ་དྲག་པོའི་སྒྲུབ་པ༔

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-024
Wylie title zab gsang pad+ma'i yang tig las: gu ru drag po'i sgrub pa DKR-KABUM-18-TSHA-024.pdf
Location dil mgo mkhyen brtse bka' 'bum
Volume 18, Text 24, Pages 163-167 (Folios 1a to 5b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation 'jam dbyangs mkhyen brtse chos kyi blo gros. Zab gsang pad+ma'i yang tig las gu ru drag po'i sgrub pa. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 163-167. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle ཟབ་གསང་པདྨའི་ཡང་ཏིག་ (zab gsang pad+ma'i yang tig)
Deity pad+ma drag po
Recension Link Other Versions on this site: ཟབ་གསང་པདྨའི་ཡང་ཏིག་ལས༔ གུ་རུ་དྲག་པོའི་སྒྲུབ་པ།
Colophon

ཅེས་པའང་སྔགས་རིག་འཛིན་པ་པདྨ་ཡེ་ཤེས་རྡོ་རྗེས་ལྕགས་འབྲུག་ལོར་གྲུབ་དབང་རྫོགས་ཆེན་དྲུག་པ་ཕེབས་སྐབས་རྟེན་ཁྲོད་ཀྱི་དཔའ་བོ་ལས་རབ་རྩལ་གྱི་གཏེར་བྱོན་སྐུ་ཚབ་གདན་མེད་ཀྱི་ཐུགས་ཀའི་བརྡ་ཡི་ཡི་གེའི་རྐྱེན་པས་རིག་པའི་ཀློང་ནས་ཤར་བ་སྟོད་ཀྱི་ཕྲིན་ལས་བྲིས་ནས་འཕྲོ་ལུས་པ། སྨད་ཀྱི་བྱང་བུ་སླར་རྣམ་རྒྱལ་ཆུ་སྦྲུལ་ཟླ་བ་གསུམ་པའི་ཚེས་གསུམ་ལ་སྔར་གྱི་བྲིས་པ་མཐོང་རྐྱེན་གྱིས་རིག་ངོར་གསལ་བ་བཞིན་ཤར་མར་བྲིས་པ་འདིས་ཀྱང་དམ་སྲི་རྒྱལ་འགོང་གི་གནོད་པ་ཐམས་ཅད་ཞི་ཞིང་བསྟན་དང་དེར་འཛིན་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།།

ces pa'ang sngags rig 'dzin pa pad+ma ye shes rdo rjes lcags 'brug lor grub dbang rdzogs chen drug pa phebs skabs rten khrod kyi dpa' bo las rab rtsal gyi gter byon sku tshab gdan med kyi thugs ka'i brda yi yi ge'i rkyen pas rig pa'i klong nas shar ba stod kyi phrin las bris nas 'phro lus pa/_smad kyi byang bu slar rnam rgyal chu sbrul zla ba gsum pa'i tshes gsum la sngar gyi bris pa mthong rkyen gyis rig ngor gsal ba bzhin shar mar bris pa 'dis kyang dam sri rgyal 'gong gi gnod pa thams cad zhi zhing bstan dang der 'dzin dar zhing rgyas pa'i rgyur gyur cig_/sarba mang+ga laM/_/dge'o//

[edit]
༁ྃ༔ ཟབ་གསང་པདྨའི་ཡང་ཏིག་ལས༔ གུ་རུ་དྲག་པོའི་སྒྲུབ་པ་བཞུགས༔

༁ྃ༔ བརྡ་ཡིག ༔༔༔༔༔ གཉིས་མིན་གཉིས་སུ་སྣང་བ་ལས༔ བདག་ཉིད་གདུལ་དཀའི་འགྲོ་བ་རྣམས༔ གདུལ་ཕྱིར་ཡང་གསང་དྲག་པོ་ཡི༔ སྒྲུབ་པ་གནད་ཀྱི་སྙིང་པོར་བསྟན༔ ཨཿ ཆོས་ཀུན་དམིགས་མེད་སྟོང་པའི་ངང༔ སྙིང་རྗེ་སྒྱུ་མའི་རང་རྩལ་ལས༔ རིག་པ་རླུང་དམར་མེ་འོད་འཕྲོས༔ ནམ་མཁའི་དབྱིངས་སུ་ཏལ་གྱིས་བྱུང༔ དེ་ཉིད་ལས་འཕྲོས་ཨེ་ཡཾ་རཾ༔ བྃ་དང་སུྃ་བྷྲཱུྃ་ཆད་པ་ལས༔ འབྱུང་ལྔ་རིམ་བརྩེགས་རི་རབ་སྟེང༔ རྡོ་རྗེའི་སྲུང་གུར་ཡངས་པའི་དབུས༔ དྲག་པོའི་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཉི་རྒྱལ་བསེན་ཕོ་མོ་རྣམས༔ བྱི་ཆིངས་བསྣོལ་བའི་གདན་གྱི་སྟེང༔ ཧཱུྃ་བབས་སྤྲོ་བསྡུས་སྦྱོར་བ་ལས༔ པདྨ་དྲག་པོ་དམར་ནག་འབར༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང༔ དུང་ཁྲག་འཛིན་ཅིང་སྐུའི་གནས་ལྔར༔ སངས་རྒྱས་པདྨ་རྡོ་རྗེ་དང༔ རིན་ཆེན་ལས་ཀྱི་ཁྲོ་བོ་ལྔ༔ རྣམ་པ་སྡིག་པ་རིགས་ཀྱི་མདོག༔ འཇིགས་སུ་རུང་བའི་ཚུལ་གྱིས་རྔམ༔ སྐུ་ལ་དུར་ཁྲོད་དཔལ་ཆས་དང༔ རྡོ་རྗེ་ལྕགས་སྡིག་རྒྱན་གྱིས་བརྒྱན༔ བསྐལ་མེ་འཁྲུགས་པའི་ཀློང་དུ་བཞུགས༔ ཡུམ་མཆོག་མཐིང་འོད་འབར་བ་ནི༔ སྔོ་སྐྱ་པདྨ་ཐོད་ཁྲག་སྟོབ༔ ཁྲོ་མོའི་ཆས་ལྡན་ཡབ་ལ་འཁྲིལ༔ རྩིབས་བཞིར་ཤར་དུ་གསང་བའི་བདག༔ སྔོ་ནག་རབ་ཁྲོས་རྡོར་དྲིལ་འཁྲོལ༔ པད་ཉི་དྲེགས་པའི་གདན་ལ་རོལ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ སེར་ནག་འཁོར་ལོ་བེ་ཅོན་འཛིན༔ པད་ཉི་ཆུ་གླང་སྟེང་ན་འགྱིང༔ ནུབ་ཏུ་རྟ་མགྲིན་དམར་ནག་ནི༔ པདྨ་ཐོད་དབྱུགས་ཞགས་པ་འཛིན༔ པད་ཉི་ཀླུ་བརྒྱད་གདན་ལ་རོལ༔ བྱང་དུ་ཡཀྴ་མེ་དབལ་ནག༔ ཐོ་བ་དང་ནི་ལྕགས་ཀྱུ་འཛིན༔ པད་ཉི་གནོད་སྦྱིན་གདན་ལ་རོལ༔ ཀུན་ཀྱང་དུར་ཁྲོད་དཔལ་ཆས་རྫོགས༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ གནས་གསུམ་ཡིག་འབྲུའི་མཚན་པ་ལས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར༔ སྔོན་བསྐལ་མ་ཡི་སྤྱན་འདྲེན་དང༌། ཧཱུྃ་ཧཱུྃ༔ འོག་མིན་མེ་རི་འབར་བའི་ཞིང༔ དུར་ཁྲོད་ཆེན་པོའི་གཞལ་ཡས་ནས༔ པདྨ་དྲག་པོ་གཤེགས་སུ་གསོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བཛྲ་ས་མ་ཛཿ སྤྱན་དྲངས་བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱིཿ རྔམ་བརྗིད་རོལ་པའི་གཞལ་ཡས་སུ༔ དམ་ཡེ་འདུ་འབྲལ་མེད་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ རང་ལས་སྤྲུལ་པས་བརྡ་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པས་མཆོད༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ རྡོ་རྗེའི་གླུ་ཡིས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་རང་བྱུང་པདྨ་འབྱུང༔ གདུལ་དཀའ་འདུལ་ཕྱིར་དྲག་པོའི་སྐུར་བསྟན་པ༔ རིག་འཛིན་བླ་མ་པདྨ་དྲག་པོ་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཛཔ་ཀྱིས་ཐུགས་དམ་བསྐུལ་བ་ནི༔ གཙོ་མཆོག་པདྨ་ཧེ་རུ་ཀའི༔ ཐུགས་ཀློང་པདྨ་འབྱུང་གནས་ཀྱི༔ ཐུགས་དབུས་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧཱུྃ་དམར་སྔགས་ཀྱིས་བསྐོར༔ འོད་འཕྲོས་བདག་གཞན་དོན་གཉིས་བྱས༔ དྲེགས་ཚོགས་མ་ལུས་དབང་དུ་སྡུད༔ སྣོད་བཅུད་པདྨ་དྲག་པོ་ཡི༔ དཀྱིལ་འཁོར་གསུམ་གྱི་ངོ་བོར་རྫོགས༔ ཨོཾ་ཨཱཿཧཱུྃ་ཨརྩིཀ་ནིརྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ྄༔ ཨ་ཧཱུྃ་ཧཱུྃ་ཕཊ྄༔ ཨ་ཡ་མ་དུ་རུ་ཙ་ཤ་ན་རྦད༔ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ལ༔ དགོངས་པ་མི་འགྱུར་གཟེར་གྱིས་བཏབ༔ དེས་ནི་དྲག་པོ་འགྲུབ་པར་འགྱུར༔ ས་མ་ཡ༔ རྗེས་ཀྱི་ལས་རིམ་ཚོགས་མཆོད་ནི༔ ཐབས་ཤེས་རྫས་རྣམས་བཟང་དུ་བཤམ༔ རྃ་ཡྃ་ཁྃ༔ སྣོད་ནི་བདེ་ཆེན་ཀ་པཱ་ལར༔ བཅུད་ནི་ཤ་ལྔ་བདུད་རྩི་ལྔ༔ རིག་ལྔ་ཡེ་ཤེས་ལྔའི་ངོ་བོ༔ ཚོགས་མཆོད་འདོད་ཡོན་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ཞིང་རྣམས་སྤྱན་འདྲེན་པ༔ ཧཱུྃ་ཧྲཱིཿ འོག་མིན་གསང་པ་ཆེན་པོའི་ཞིང༔ པདྨ་དྲག་པོའི་གཞལ་ཡས་ནས༔ མ་ཧཱ་གུ་རུའི་ལྷ་ཚོགས་རྣམས༔ འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས༔ བཛྲ་ས་མ་ཡ་ཛ་ཛཿ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས༔ ཨོཾ་ཨཱཿཧཱུྃ༔ བཟའ་བཅའ་བཏུང་བ་ཕུན་སུམ་ཚོགས༔ འདོད་ཡོན་མཆོད་པའི་སྤྲིན་འཕྲོ་བ༔ དྲག་པོའི་དཀྱིལ་འཁོར་ལྷ་ལ་འབུལ༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ སརྦ་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ བར་པ་བཤགས་པ་བྱ་བ་ནི༔ ཧོཿ ཚེ་རབས་ཐོག་མེད་ནས་བསགས་པའི༔ སྡོམ་དང་དམ་ཚིག་ཉམས་ཆག་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ཉེས་ལྟུང་བྱང་ཞིང་དག་པར་མཛོད༔ ས་མ་ཡ་ཤུདྡྷེ་ཨ་ཨ་ཨ༔ ཐ་མ་བསྒྲལ་ཞིང་བསྟབ་པ་ནི༔ ཨེ་ལས་ལྕགས་སྒྲོམ་མེ་རླུང་འཁྲུགས༔ འཇིགས་ཤིང་སྐྱི་གཡའི་ནང་ཁོངས་སུ༔ ལིངྒ་དགྲ་བགེགས་དངོས་སུ་གསལ༔ རྣམ་ཤེས་གཟུགས་ཕུང་རྟེན་ལ་དགུག༔ ནྲྀ་ཏྲི་ཨ་ན་ཡ་ཛཿཧཱུྃ་བྃ་ཧོཿ ཧཱུྃ༔ བདག་ཏུ་འཛིན་པའི་རྒྱལ་འགོང་ཚོགས༔ བདག་མེད་རྡོ་རྗེ་ཕུར་པས་བཏབ༔ རྣམ་ཤེས་རྒྱལ་བའི་སྲས་སུ་བསྐྲུན༔ གཟུགས་ཕུང་དུམ་བུར་གཏུབ་པར་བྱ༔ ཨོཾ་པདྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ ཙིཏྟ་གཏུབ་གཏུབ༔ མྱོག་མྱོག༔ སོད་སོད༔ བསྒྲལ་བའི་ལིང་རོ་ཞལ་དུ་བསྟབ༔ ཧཱུྃ༔ དྲག་པོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་གཟུགས་ཕུང་ཤ་ཁྲག་རུས༔ ལྷག་མ་མེད་པར་སྟོབ་པར་བྱ༔ རྔམས་བརྗིད་འབར་བའི་ཞལ་དུ་བཞེས༔ པདྨ་ཤྲཱི་ཧེ་རུ་ཀ་དགྲ་བགེགས་ལྔ་ཕུང་ཁ་ཁ་ཁཱ་ཧི་ཁཱ་ཧི། རྣལ་འབྱོར་ཕོ་མོ་བརྡ་ལན་གྱི༔ ཚོགས་རྫས་བདག་ལུས་བདུད་རྩི་མཆོད༔ དམ་ཚིག་ལྡན་པའི་ལྷག་མ་ལ༔ དཔལ་གྱི་ཕམ་ཕབས་བསྣན་བྱས་ཏེ༔ ཞལ་ཆབ་འབར་བའི་ཕྱག་རྒྱས་སྦར༔ པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ཕཻཾ་ཕཻཾ༔ བྷྱོཿ ལྷག་ལ་དབང་བའི་བཀའ་ཉན་ཚོགས༔ རྡོ་རྗེའི་གར་སྟབས་དང་བཅས་ཏེ༔ རྣལ་འབྱོར་ཕུད་ལྷག་འདི་བཞེས་ལ༔ ཧེ་རུ་ཀ་ཡི་དམ་མ་འདའ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིཿ ཧོ༔ པདྨ་དྲག་པོའི་དཀྱིལ་འཁོར་དུ༔ ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱི༔ ཡེ་ཤེས་སྣང་བ་རབ་རྒྱས་ནས༔ དྲག་པོའི་གོ་འཕང་མྱུར་ཐོབ་ཤོག༔ རྒྱུད་གསུམ་དྲེགས་པའི་ཚོགས་རྣམས་ལ༔ གཏོར་མ་སྦྱིན་ཞིང་ཐ་ཚིག་བསྒྲགས༔ ཧཱུྃ་ཧྲཱིཿ ཐོག་མཐའ་བར་དང་ཐ་མའི་དུས༔ རྒྱུད་གསུམ་དམ་ཅན་དྲེགས་ཚོགས་རྣམས༔ དབང་གི་རྒྱལ་པོ་པདྨ་ཡི༔ དབང་དུ་བསྡུས་ཤིང་དམ་ལ་བཏགས༔ ཐ་ཚིག་བསྒོ་བ་ཇི་བཞིན་དུ༔ ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབས༔ ཟབ་གསང་བསྟན་པ་རྒྱས་པར་མཛོད༔ ཤྲཱི་དྷརྨ་པ་ལ་ནཱི་དྷི་པ་ཏི་སརྦ་ས་མ་ཡ་བཛྲ་རཀྵནྟུ༔ ཨི་དཾ་བ་ལིཾ་ཏ་ཁཱ་ཧིཿ བཤལ་ཆུས་བོད་སྐྱོང་བརྟན་མ་མཆོད༔ བྷྱོ༔ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང༔ མ་སྲིང་བརྟན་མ་བཅུ་གཉིས་རྣམས༔ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་བ་ལིཾ་ཏ་ཁཱ་ཧི༔ དངོས་གྲུབ་གཉན་པོ་གསོལ་བ་ནི༔ ཧོཿ པདྨ་དྲག་པོའི་ལྷ་ཚོགས་རྣམས༔ དེང་འདིར་བསྙེན་ཅིང་བསྒྲུབས་ལགས་ན༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མི་གནས་ཡེ་ཤེས་གསང་བ་གསུམ༔ དེང་འདིར་འགྲུབ་པའི་དངོས་གྲུབ་སྩོལ༔ སྔགས་མཐར་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ དངོས་གྲུབ་བདུད་རྩིར་རོལ་པར་བྱ༔ མཆོད་ཅིང་བསྟོད་ལ་ནོངས་པ་བཤགས༔ དཀྱིལ་འཁོར་ལྷ་ཚོགས་བསྒྲུབས་པ་ལ༔ འགལ་འཁྲུལ་ཉེས་པའི་སྐྱོན་རྣམས་ཀུན༔ སྙིང་ནས་འགྱོད་པས་བཤགས་པར་བགྱི༔ དག་ཅིང་ཚངས་པ་བསྩལ་དུ་གསོལ༔ ས་མ་ཡ་ཨ་ཨ་ཨཿ ལྷར་སྣང་བསྡུ་ཞིང་གསལ་བ་ནི༔ སྣང་སྲིད་དཀྱིལ་འཁོར་ལྷ་ཡི་ཚོགས༔ འོད་གསལ་གཉུག་མའི་དབྱིངས་སུ་ཐིམ༔ སླར་ཡང་སྣང་གྲགས་རིག་པའི་དབྱིངས༔ དྲག་པོའི་སྐུ་གསུང་ཐུགས་སུ་ཤར༔ དགེ་བ་བསྔོ་ཞིང་ཤིས་པ་བརྗོད༔ ཧོཿ དུས་གསུམ་བསགས་པའི་དགེ་ཚོགས་ཀུན༔ དམིགས་མེད་ཆོས་དབྱིངས་ཆེན་པོར་བསྔོ༔ ཟུང་འཇུག་པདྨ་དྲག་པོ་ཡི༔ གོ་འཕང་དམ་པ་མྱུར་ཐོབ་ཤོག༔ ཨོཾ༔ བྱིན་རླབས་ཆར་འབེབས་བླ་མ་དང༔ དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ༔ ཕྲིན་ལས་སྒྲུབ་མཛད་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག༔ དེ་ལྟར་པདྨ་དྲག་པོ་ཡི༔ ཕྲིན་ལས་བྱང་བུ་འདི་ཉིད་ཀྱང༔ རིག་འཛིན་བླ་མའི་བརྡར་བརྟེན་ནས༔ སྐལ་ལྡན་སྐྱེས་བུའི་སྙིང་ལ་སད༔ ལས་ཅན་འགའ་ཡི་དོན་དུ་འགྱུར༔ ས་མ་ཡ༔ ཅེས་པའང་སྔགས་རིག་འཛིན་པ་པདྨ་ཡེ་ཤེས་རྡོ་རྗེས་ལྕགས་འབྲུག་ལོར་གྲུབ་དབང་རྫོགས་ཆེན་དྲུག་པ་ཕེབས་སྐབས་རྟེན་ཁྲོད་ཀྱི་དཔའ་བོ་ལས་རབ་རྩལ་གྱི་གཏེར་བྱོན་སྐུ་ཚབ་གདན་མེད་ཀྱི་ཐུགས་ཀའི་བརྡ་ཡི་ཡི་གེའི་རྐྱེན་པས་རིག་པའི་ཀློང་ནས་ཤར་བ་སྟོད་ཀྱི་ཕྲིན་ལས་བྲིས་ནས་འཕྲོ་ལུས་པ། སྨད་ཀྱི་བྱང་བུ་སླར་རྣམ་རྒྱལ་ཆུ་སྦྲུལ་ཟླ་བ་གསུམ་པའི་ཚེས་གསུམ་ལ་སྔར་གྱི་བྲིས་པ་མཐོང་རྐྱེན་གྱིས་རིག་ངོར་གསལ་བ་བཞིན་ཤར་མར་བྲིས་པ་འདིས་ཀྱང་དམ་སྲི་རྒྱལ་འགོང་གི་གནོད་པ་ཐམས་ཅད་ཞི་ཞིང་བསྟན་དང་དེར་འཛིན་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །།
[edit]

\u0f01\u0f83:_zab gsang pad+ma'i yang tig las:_gu ru drag po'i sgrub pa bzhugs: \u0f01\u0f83:_brda yig_:::::_gnyis min gnyis su snang ba las:_bdag nyid gdul dka'i 'gro ba rnams:_gdul phyir yang gsang drag po yi:_sgrub pa gnad kyi snying por bstan:_aH_chos kun dmigs med stong pa'i ngang:_snying rje sgyu ma'i rang rtsal las:_rig pa rlung dmar me 'od 'phros:_nam mkha'i dbyings su tal gyis byung:_de nyid las 'phros e yaM raM:_ba~M dang su~M b+h+rU~M chad pa las:_'byung lnga rim brtsegs ri rab steng:_rdo rje'i srung gur yangs pa'i dbus:_drag po'i gzhal yas mtshan nyid rdzogs:_de dbus 'khor lo rtsibs bzhi'i dbus:_pad nyi rgyal bsen pho mo rnams:_byi chings bsnol ba'i gdan gyi steng:_hU~M babs spro bsdus sbyor ba las:_pad+ma drag po dmar nag 'bar:_zhal gcig phyag gnyis rdo rje dang:_dung khrag 'dzin cing sku'i gnas lngar:_sangs rgyas pad+ma rdo rje dang:_rin chen las kyi khro bo lnga:_rnam pa sdig pa rigs kyi mdog:_'jigs su rung ba'i tshul gyis rngam:_sku la dur khrod dpal chas dang:_rdo rje lcags sdig rgyan gyis brgyan:_bskal me 'khrugs pa'i klong du bzhugs:_yum mchog mthing 'od 'bar ba ni:_sngo skya pad+ma thod khrag stob:_khro mo'i chas ldan yab la 'khril:_rtsibs bzhir shar du gsang ba'i bdag:_sngo nag rab khros rdor dril 'khrol:_pad nyi dregs pa'i gdan la rol:_lho ru 'jam dpal gshin rje gshed:_ser nag 'khor lo be con 'dzin:_pad nyi chu glang steng na 'gying:_nub tu rta mgrin dmar nag ni:_pad+ma thod dbyugs zhags pa 'dzin:_pad nyi klu brgyad gdan la rol:_byang du yak+sha me dbal nag:_tho ba dang ni lcags kyu 'dzin:_pad nyi gnod sbyin gdan la rol:_kun kyang dur khrod dpal chas rdzogs:_me dpung 'bar ba'i klong na bzhugs:_gnas gsum yig 'bru'i mtshan pa las:_ye shes spyan drangs dbyer med gyur:_sngon bskal ma yi spyan 'dren dang*/_hU~M hU~M:_'og min me ri 'bar ba'i zhing:_dur khrod chen po'i gzhal yas nas:_pad+ma drag po gshegs su gsol:_mos pa'i bu la byin gyis rlobs:_badz+ra sa ma dzaH_spyan drangs bzhugs su gsol ba ni/_hU~M hrIH_rngam brjid rol pa'i gzhal yas su:_dam ye 'du 'bral med par bzhugs:_sa ma ya tiSh+Tha lhan:_rang las sprul pas brda phyag 'tshal:_phyi nang gsang ba'i mchod pas mchod:_oM badz+ra ar+g+haM nas/_shab+da rU pa shab+da gan+d+he rA sa spar+she ma hA pany+tsa a mr-i ta rak+ta ba liM ta kha kha khA hi:_rdo rje'i glu yis bstod pa ni:_hU~M hrIH_ngo bo 'od gsal rang byung pad+ma 'byung:_gdul dka' 'dul phyir drag po'i skur bstan pa:_rig 'dzin bla ma pad+ma drag po la:_gus pas bstod do mchog thun dngos grub stsol:_dzapa kyis thugs dam bskul ba ni:_gtso mchog pad+ma he ru ka'i:_thugs klong pad+ma 'byung gnas kyi:_thugs dbus rdo rje rtse lnga pa'i:_lte bar hU~M dmar sngags kyis bskor:_'od 'phros bdag gzhan don gnyis byas:_dregs tshogs ma lus dbang du sdud:_snod bcud pad+ma drag po yi:_dkyil 'khor gsum gyi ngo bor rdzogs:_oM AHhU~M artsika nirtsika na mo b+ha ga wa te hU~M hU~M phaTa?:_a hU~M hU~M phaTa?:_a ya ma du ru tsa sha na rbad:_bsnyen sgrub las gsum chig dril la:_dgongs pa mi 'gyur gzer gyis btab:_des ni drag po 'grub par 'gyur:_sa ma ya:_rjes kyi las rim tshogs mchod ni:_thabs shes rdzas rnams bzang du bsham:_ra~M ya~M kha~M:_snod ni bde chen ka pA lar:_bcud ni sha lnga bdud rtsi lnga:_rig lnga ye shes lnga'i ngo bo:_tshogs mchod 'dod yon sprin du gyur:_oM AHhU~M:_tshogs kyi zhing rnams spyan 'dren pa:_hU~M hrIH_'og min gsang pa chen po'i zhing:_pad+ma drag po'i gzhal yas nas:_ma hA gu ru'i lha tshogs rnams:_'dir gshegs tshogs la spyan 'dren gshegs:_badz+ra sa ma ya dza dzaH_tshogs phud rim pa gsum du spros:_oM AHhU~M:_bza' bca' btung ba phun sum tshogs:_'dod yon mchod pa'i sprin 'phro ba:_drag po'i dkyil 'khor lha la 'bul:_mchod bzhes dbang dang dngos grub stsol:_sarba ga Na tsakra pU tsa khA hi:_bar pa bshags pa bya ba ni:_hoH_tshe rabs thog med nas bsags pa'i:_sdom dang dam tshig nyams chag kun:_zhal zas tshogs kyi mchod pas bshags:_nyes ltung byang zhing dag par mdzod:_sa ma ya shud+d+he a a a:_tha ma bsgral zhing bstab pa ni:_e las lcags sgrom me rlung 'khrugs:_'jigs shing skyi g.ya'i nang khongs su:_ling+ga dgra bgegs dngos su gsal:_rnam shes gzugs phung rten la dgug:_nr-i tri a na ya dzaHhU~M ba~M hoH_hU~M:_bdag tu 'dzin pa'i rgyal 'gong tshogs:_bdag med rdo rje phur pas btab:_rnam shes rgyal ba'i sras su bskrun:_gzugs phung dum bur gtub par bya:_oM pad+ma kro d+ha kI li kI la ya sarba sha trUM mA ra ya rbad:_tsit+ta gtub gtub:_myog myog:_sod sod:__bsgral ba'i ling ro zhal du bstab:_hU~M:_drag po'i lha tshogs zhal phyes shig:_dgra bgegs gzugs phung sha khrag rus:_lhag ma med par stob par bya:_rngams brjid 'bar ba'i zhal du bzhes:_pad+ma shrI he ru ka dgra bgegs lnga phung kha kha khA hi khA hi/_rnal 'byor pho mo brda lan gyi:_tshogs rdzas bdag lus bdud rtsi mchod:_dam tshig ldan pa'i lhag ma la:_dpal gyi pham phabs bsnan byas te:_zhal chab 'bar ba'i phyag rgyas sbar:_pany+tsa a mr-i ta hU~M ha ho hrIH_phaiM phaiM:_b+h+yoH_lhag la dbang ba'i bka' nyan tshogs:_rdo rje'i gar stabs dang bcas te:_rnal 'byor phud lhag 'di bzhes la:_he ru ka yi dam ma 'da':_bcol ba'i phrin las grub par mdzod:_uts+tshiSh+Ta ba liM ta khA hiH_ho:_pad+ma drag po'i dkyil 'khor du:_tshogs mchod phul ba'i bsod nams kyi:_ye shes snang ba rab rgyas nas:_drag po'i go 'phang myur thob shog:_rgyud gsum dregs pa'i tshogs rnams la:_gtor ma sbyin zhing tha tshig bsgrags:_hU~M hrIH_thog mtha' bar dang tha ma'i dus:_rgyud gsum dam can dregs tshogs rnams:_dbang gi rgyal po pad+ma yi:_dbang du bsdus shing dam la btags:_tha tshig bsgo ba ji bzhin du:_sha khrag mchod gtor 'di bzhes la:_rnal 'byor bcol ba'i phrin las sgrubs:_zab gsang bstan pa rgyas par mdzod:_shrI d+harma pa la nI d+hi pa ti sarba sa ma ya badz+ra rak+Shan+tu:_i daM ba liM ta khA hiH_bshal chus bod skyong brtan ma mchod:_b+h+yo:_dpal gyi bka' nyan bod khams skyong:_ma sring brtan ma bcu gnyis rnams:_'dir byon gtor ma'i bshal chu bzhes:_bcol ba'i phrin las grub par mdzod:_ma ma ba liM ta khA hi:_dngos grub gnyan po gsol ba ni:_hoH_pad+ma drag po'i lha tshogs rnams:_deng 'dir bsnyen cing bsgrubs lags na:_dngos grub stsol ba'i dus la bab:_mi gnas ye shes gsang ba gsum:_deng 'dir 'grub pa'i dngos grub stsol:_sngags mthar kA ya wAka tsit+ta sarba sid+d+hi pha la ho:_dngos grub bdud rtsir rol par bya:_mchod cing bstod la nongs pa bshags:_dkyil 'khor lha tshogs bsgrubs pa la:_'gal 'khrul nyes pa'i skyon rnams kun:_snying nas 'gyod pas bshags par bgyi:_dag cing tshangs pa bstsal du gsol:_sa ma ya a a aH_lhar snang bsdu zhing gsal ba ni:_snang srid dkyil 'khor lha yi tshogs:_'od gsal gnyug ma'i dbyings su thim:_slar yang snang grags rig pa'i dbyings:_drag po'i sku gsung thugs su shar:_dge ba bsngo zhing shis pa brjod:__hoH_dus gsum bsags pa'i dge tshogs kun:_dmigs med chos dbyings chen por bsngo:_zung 'jug pad+ma drag po yi:_go 'phang dam pa myur thob shog:_oM:_byin rlabs char 'bebs bla ma dang:_dngos grub mchog stsol yi dam lha:_phrin las sgrub mdzad mkha' 'gro dang:_chos skyong srung ma'i bkra shis shog:_de ltar pad+ma drag po yi:_phrin las byang bu 'di nyid kyang:_rig 'dzin bla ma'i brdar brten nas:_skal ldan skyes bu'i snying la sad:_las can 'ga' yi don du 'gyur:_sa ma ya:_ces pa'ang sngags rig 'dzin pa pad+ma ye shes rdo rjes lcags 'brug lor grub dbang rdzogs chen drug pa phebs skabs rten khrod kyi dpa' bo las rab rtsal gyi gter byon sku tshab gdan med kyi thugs ka'i brda yi yi ge'i rkyen pas rig pa'i klong nas shar ba stod kyi phrin las bris nas 'phro lus pa/_smad kyi byang bu slar rnam rgyal chu sbrul zla ba gsum pa'i tshes gsum la sngar gyi bris pa mthong rkyen gyis rig ngor gsal ba bzhin shar mar bris pa 'dis kyang dam sri rgyal 'gong gi gnod pa thams cad zhi zhing bstan dang der 'dzin dar zhing rgyas pa'i rgyur gyur cig_/sarba mang+ga laM/_/dge'o//__//

Footnotes

Other Information