རང་བྱུང་པདྨའི་སྙིང་ཐིག་ལས༔ རྒྱུན་གྱི་གསོལ་འདེབས་པདྨའི་ཕྲེང་བ༔

From Khyentse Lineage - A Tsadra Foundation Project
DKR-KABUM-17-TSA-004
Wylie title rang byung pad+ma'i snying thig las: rgyun gyi gsol 'debs pad+ma'i phreng ba DKR-KABUM-17-TSA-004.pdf
Location dil mgo mkhyen brtse bka' 'bum
Volume 17, Text 4, Pages 13-15 (Folios 1a1 to 3a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Rang byung pad+ma'i snying thig las: rgyun gyi gsol 'debs pad+ma'i phreng ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 13-15. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Supplications - gsol 'debs
Cycle རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig)
Colophon
  • First colophon: ཞེས་པའང་རང་བྱུང་པདྨའི་བྱིན་རླབས་ཀྱི་བདུད་རྩིས་གོ་སྐབས་ཡངས་པོར་ཕྱེས་ཏེ་པདྨ་གར་དབང་མདོ་སྔགས་གླིང་པས་གཏན་ལ་ཕབ་པ་འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག
  • Second colophon: །ཞེས་པའང་རང་སློབ་དད་དམ་རྣམ་དག་ངག་དབང་བསྟན་འཛིན་དང༌། རྣམ་པར་དཀར་བའི་དད་བློ་ཅན་བཤད་ལྡེ་བསོད་ནམས་རྡོ་རྗེ་ཚེ་དབང་ནས་དད་མོས་ཀྱིས་རྗེས་སུ་བསྐུལ་བ་བཞིན་མེ་བྱ་ནག་ཟླའི་དུས་ཚེས་༡༥ རྟེན་འབྱུང་ཤིན་ཏུ་དགེ་བར་ཚོགས་ཀྱི་འཁོར་ལོ་བརྒྱ་ཕྲག་ལྷག་བཅས་ཕུལ་བ་དང་ཆབས་ཅིག་དབུས་གྱུར་སྤྲུལ་པའི་གཙུག་ལག་ཁང་ཆེན་པོའི་ཤར་ཕྱོགས་མེ་ཏོག་ལྡུམ་ར་རིམ་བཞི་ར་རྒྱའི་གཟིམ་ཤག་ནས་པདྨ་མདོ་སྔགས་གླིང་པས་སྤེལ་བའི་དགེ་བས་སྐྱེ་ཀུན་བླ་མའི་གསང་གསུམ་བྱིན་རླབས་བདུད་རྩིས་དབུགས་དབྱུང་བའི་རྒྱུར་གྱུར་ཅིག
  • Third colophon: །ཅེས་རྣམ་དཀར་སྒྲུབ་པ་པོའི་གསུང་བསྐུལ་བཞིན་ཁྱབ་བདག་ཞེ་ཆེན་པའི་བཀའ་འབངས་འགྱུར་མེད་གཞན་ཕན་ཕྲིན་ལས་ཀྱིས་ཤར་མར་བྲིས་པ་དགེ །།
  • First colophon: zhes pa'ang rang byung pad+ma'i byin rlabs kyi bdud rtsis go skabs yangs por phyes te pad+ma gar dbang mdo sngags gling pas gtan la phab pa 'brel tshad don dang ldan par gyur cig
  • Second colophon: /zhes pa'ang rang slob dad dam rnam dag ngag dbang bstan 'dzin dang*/_rnam par dkar ba'i dad blo can bshad lde bsod nams rdo rje tshe dbang nas dad mos kyis rjes su bskul ba bzhin me bya nag zla'i dus tshes 15_rten 'byung shin tu dge bar tshogs kyi 'khor lo brgya phrag lhag bcas phul ba dang chabs cig dbus gyur sprul pa'i gtsug lag khang chen po'i shar phyogs me tog ldum ra rim bzhi ra rgya'i gzim shag nas pad+ma mdo sngags gling pas spel ba'i dge bas skye kun bla ma'i gsang gsum byin rlabs bdud rtsis dbugs dbyung ba'i rgyur gyur cig
  • Third colophon: /ces rnam dkar sgrub pa po'i gsung bskul bzhin khyab bdag zhe chen pa'i bka' 'bangs 'gyur med gzhan phan phrin las kyis shar mar bris pa dge_//
[edit]
༄༅། རང་བྱུང་པདྨའི་སྙིང་ཐིག་ལས༔ རྒྱུན་གྱི་གསོལ་འདེབས་པདྨའི་ཕྲེང་བ་བཞུགས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཕྱོགས་དུས་སྐྱབས་གནས་རྒྱ་མཚོའི་དངོས༔ མ་ཧཱ་གུ་རུར་གསོལ་བ་འདེབས༔ བདེན་གཉིས་དབྱེར་མེད་བྱང་ཆུབ་སེམས༔ རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ངོ་བོ་ཀ་དག་ཆོས་ཀྱི་སྐུ༔ བདེ་གཤེགས་གསུང་གི་རྡོ་རྗེ་ཆོས༔ སྣང་བ་མཐའ་ཡས་གསོལ་བ་འདེབས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས༔ བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་བདག༔ འཇིག་རྟེན་དབང་ཕྱུག་གསོལ་བ་འདེབས༔ འགྲོ་དྲུག་འཁོར་བ་དོང་སྤྲུགས་མཛོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཐུགས་རྗེ་ཡེ་ཤེས་ཀུན་ལ་ཁྱབ༔ སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡང་སྟོན༔ པདྨ་འབྱུང་གནས་གསོལ་བ་འདེབས༔ དོན་གཉིས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཁྱོད་ནི་སྲིད་ཞི་ཀུན་ལ་ཁྱབ༔ ཕན་བདེའི་དངོས་གྲུབ་ཅི་འདོད་སྩོལ༔ སྐྱབས་ཀུན་བདག་ཉིད་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མདོར་ན་འདི་ཕྱི་བར་དོ་ཀུན༔ ཁྱོད་ལས་སྐྱབས་གཞན་མ་མཆིས་པས༔ རྟག་ཏུ་སྙིང་ནས་གསོལ་བ་འདེབས༔ མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ སྐུ་བཞིའི་བདག་ཉིད་བླ་མ་རྗེས༔ འབྲལ་མེད་བྱིན་གྱིས་བརླབས་ནས་ཀྱང༔ ཐུགས་ཡིད་གཅིག་ཏུ་འདྲེས་པ་ཡི༔ བཀྲ་ཤིས་དགེ་མཚན་རྒྱས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བར་རྣམས་བསྙེན་དུས་གསོལ་འདེབས་བྱ༔ སྣང་གྲགས་རིག་པ་སྐུ་གསུང་ཐུགས༔ རྡོ་རྗེའི་རྣལ་འབྱོར་ལམ་བྱས་པས༔ དོན་གཉིས་ཡིད་བཞིན་འགྲུབ་པར་འགྱུར༔ འདི་ནི་གསོལ་འདེབས་རྣལ་འབྱོར་གྱི༔ བསྐྱེད་རྫོགས་མན་ངག་ཀུན་ཚང་བ༔ བྱ་སླ་ཁྱེར་བདེའི་ཚུལ་དུ་གདམས༔ ཡལ་བར་མ་དོར་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའང་རང་བྱུང་པདྨའི་བྱིན་རླབས་ཀྱི་བདུད་རྩིས་གོ་སྐབས་ཡངས་པོར་ཕྱེས་ཏེ་པདྨ་གར་དབང་མདོ་སྔགས་གླིང་པས་གཏན་ལ་ཕབ་པ་འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག ༈ ན་མོ་གུ་རུ་བྷྱཿ དེ་ལ་འདིར་གུ་རུའི་ཐུགས་སྒྲུབ་ལམ་ཟབ་བླ་མའི་སྒྲུབ་སྐོར་ལ་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་པའི་རྣམ་བཞག་བཞི་ཞེས་ཡོངས་སུ་གྲགས་པ་ལས། དང་པོ་ཕྱི་གསོལ་འདེབས་ཀྱི་སྒྲུབ་པ་ནི་གདུལ་བྱ་ཐུན་མོང་དང་ཁྱད་པར་ཐམས་ཅད་ཀྱི་རྒྱུན་གྱི་ཉམས་ལེན་ལ་བསྔགས་པ་ལྟར་འདིར་ཡང་གཙོ་བོ་གསོལ་འདེབས་ཀྱི་ཚུལ་ལ་སྒྲུབ་ཚུལ་བཞི་ཀའི་ཟབ་གནད་ཚང་བར་འདུས་པའི་དོན་ཉམས་སུ་ལེན་བདེ་བའི་ཁྱད་ཆོས་ཅན་འདི་ཉིད་ཀྱི་ཟབ་གནད་མདོ་ཙམ་འཆད་ན། གསོལ་འདེབས་ཚིག་རྐང་དང་པོས་རང་དོན་དུ་སྐྱབས་འགྲོ་དང་གཞན་དོན་དུ་སེམས་བསྐྱེད་ཀྱི་གནད་ཚང་ཞིང་མདོར་བསྟན་པ་སྔོན་དུ་འགྲོ་བས། གཉིས་པས་གང་ལ་གསོལ་བ་གདབ་བྱའི་ཡུལ་རྒྱས་པར་བཤད་པ་ལ་ཆོས་སྐུ་ཚེ་འོད་དཔག་མེད། གསུམ་པས་ལོངས་སྐུ་སྤྱན་རས་གཟིགས། བཞི་པས་སྤྲུལ་སྐུ་སྣང་སྲིད་ཟིལ་གནོན། ལྔ་པས་རྩ་གསུམ་མཆོག་གསུམ་སོགས་སྐྱབས་ཀུན་འདུས་པའི་རང་གཟུགས་ཀྱི་ཚུལ་བསྟན་ནས། དྲུག་པས་གང་ལ་ཇི་ལྟར་གསོལ་བ་གདབ་ཚུལ་གྱི་དངོས་གཞི། བདུན་པས་དབང་དང་དངོས་གྲུབ་གསོལ་ཞིང་འདོད་དོན་ལ་བསྐུལ་ནས་བསྔོ་སྨོན་དང་ཤིས་བརྗོད་བཅས་རྗེས་རིམ་ཚང་བས། བར་གྱི་བསྙེན་བཟླས་རྣམས་ཀྱང་སྐུ་གསུམ་གྱི་ཛབ྄་བཟླས་བསྙེན་པ། ཐོད་ཕྲེང་རྩལ་གྱི་སྒྲུབ་པ་དང་ལས་སྦྱོར་ཏེ་དེ་དག་སོ་སོའི་ཚེ་བསྒོམ་བྱའི་ལྷ་གུ་རུ་རིན་པོ་ཆེ་སྐྱབས་གནས་གཅིག་ཆོག་ཀུན་འདུས་ནོར་བུའི་ལུགས་ལྟར་དུ་སྤྱི་བོར་བསྒོམ་ལ་འཆི་མེད་ཚེ་དང་གཞན་ཕན་ཕྲིན་ལས་སོགས་ཇི་ལྟར་འདོད་པའི་གསོལ་འདེབས་བཟླས་པ་གཙོ་བོར་བྱ། ཁྱད་པར་ཡིད་ཆེས་ཀྱི་དད་པ་བློ་གཏད་རྩེ་གཅིག་པས་ཐུགས་རྒྱུད་བསྐུལ། རང་སེམས་གཞིར་གནས་ཀྱི་ངོ་བོ་རང་བཞིན་ཐུགས་རྗེ་སུམ་ལྡན་དང་མཐར་འབྲས་བླ་མ་སྐུ་གསུམ་གྱི་ཡེ་ཤེས་དབྱེར་མེད་པར་ཤེས་པའི་ངང་ནས་གནས་ལུགས་རང་བབས་ཀྱི་རྒྱུན་བསྐྱང༌། གསོལ་འདེབས་དང་བཟླས་པར་འབད་པ་ནི་ཆེས་གནད་དུ་ཟབ་ལ། སྤྱོད་ལམ་ཐམས་ཅད་བླ་མའི་ཞབས་ཏོག །སྐྱིད་སྡུག་གང་བྱུང་བླ་མའི་རྣམ་རོལ། སྣང་གྲགས་རིག་པ་བླ་མའི་གསང་བ་གསུམ་གྱི་རང་བཞིན་དུ་ཤེས་པས་ཉམས་ལེན་གྱི་རྒྱུན་སྐྱོང་བཞིན་འདི་ཉིད་ཁོ་ནར་གནད་དུ་དྲིལ་བར་གཅེས་སོ། །དེས་ན་ཕྱི་གསོལ་འདེབས་ཀྱི་སྒྲུབ་ཚུལ་གཙོ་བོར་བཏོན་པས་བསྐྱེད་རྫོགས་ཀྱི་སྤྲོས་པ་རྒྱས་པར་མ་བྱས་ཀྱང་རུང་བས་བྱ་སླ་ཁྱེར་བདེ། རིམ་གཉིས་ཀྱི་ཟབ་གནད་ཀུན་འདུས་ཉུང་ངུར་གདམས་པ་འདིས་ཀུན་གོ་གཅིག་ཆོད་དུ་འགྱུར། དེས་ན་མཆོག་དམན་གདུལ་བྱ་ཐམས་ཅད་ཀྱི་ཉམས་ལེན་ལ་འཇུག་པ་བདེ་བས་སྐལ་པ་བཟང་པོ་ཅན་དག་གིས་དད་མོས་ཀྱི་གསལ་འདེབས་སུ་དོན་གནད་ཉུང་བསྡུས་ཚུལ་དུ་ཅུང་ཟད་སྤྲོས་པའོ། །ཞེས་པའང་རང་སློབ་དད་དམ་རྣམ་དག་ངག་དབང་བསྟན་འཛིན་དང༌། རྣམ་པར་དཀར་བའི་དད་བློ་ཅན་བཤད་ལྡེ་བསོད་ནམས་རྡོ་རྗེ་ཚེ་དབང་ནས་དད་མོས་ཀྱིས་རྗེས་སུ་བསྐུལ་བ་བཞིན་མེ་བྱ་ནག་ཟླའི་དུས་ཚེས་༡༥ རྟེན་འབྱུང་ཤིན་ཏུ་དགེ་བར་ཚོགས་ཀྱི་འཁོར་ལོ་བརྒྱ་ཕྲག་ལྷག་བཅས་ཕུལ་བ་དང་ཆབས་ཅིག་དབུས་གྱུར་སྤྲུལ་པའི་གཙུག་ལག་ཁང་ཆེན་པོའི་ཤར་ཕྱོགས་མེ་ཏོག་ལྡུམ་ར་རིམ་བཞི་ར་རྒྱའི་གཟིམ་ཤག་ནས་པདྨ་མདོ་སྔགས་གླིང་པས་སྤེལ་བའི་དགེ་བས་སྐྱེ་ཀུན་བླ་མའི་གསང་གསུམ་བྱིན་རླབས་བདུད་རྩིས་དབུགས་དབྱུང་བའི་རྒྱུར་གྱུར་ཅིག ༈ པཎ་གྲུབ་གཙུག་རྒྱན་བི་མ་ལའི། །རྣམ་འཕྲུལ་བཀའ་བབ་བདུན་གྱི་བདག །མཁྱེན་བརྩེའི་སྒྱུ་འཕྲུལ་མདོ་སྔགས་གླིང༌། །དགོངས་པའི་གཏེར་བྱོན་གསོལ་འདེབས་པར། །གསང་འཛིན་ཌཱ་ཀི་དེ་ཝི་དང༌། །ཆོས་ཀྱི་རྒྱལ་མཚན་གྱིས་བསྐྲུན་དགེས། །གངས་ཅན་བསྟན་འགྲོའི་རྒུད་པ་ཞི། །ཕན་བདེའི་དཔལ་རྒྱས་ལམ་འདི་ལ། །འབྲེལ་ཚད་གནས་སྐབས་མཐར་ཐུག་གི །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་རྣམ་དཀར་སྒྲུབ་པ་པོའི་གསུང་བསྐུལ་བཞིན་ཁྱབ་བདག་ཞེ་ཆེན་པའི་བཀའ་འབངས་འགྱུར་མེད་གཞན་ཕན་ཕྲིན་ལས་ཀྱིས་ཤར་མར་བྲིས་པ་དགེ །། །།
[edit]

@#/__rang byung pad+ma'i snying thig las:_rgyun gyi gsol 'debs pad+ma'i phreng ba bzhugs:


@#/__oM AHhU~M badz+ra gu ru pad+ma sid+d+hi hU~M:_phyogs dus skyabs gnas rgya mtsho'i dngos:_ma hA gu rur gsol ba 'debs:_bden gnyis dbyer med byang chub sems:_rgyud la skye bar byin gyis rlobs:_oM AHhU~M badz+ra gu ru pad+ma sid+d+hi hU~M:_ngo bo ka dag chos kyi sku:_bde gshegs gsung gi rdo rje chos:_snang ba mtha' yas gsol ba 'debs:_tshe dang ye shes dngos grub stsol:_oM a mA ra Ni dzI ban+ti ye swA hA:_rang bzhin 'od gsal longs spyod rdzogs:_bde gshegs zhi khro'i dkyil 'khor bdag:_'jig rten dbang phyug gsol ba 'debs:_'gro drug 'khor ba dong sprugs mdzod:_oM ma Ni pad+me hU~M hrIH_thugs rje ye shes kun la khyab:_sprul pa'i sgyu 'phrul cir yang ston:_pad+ma 'byung gnas gsol ba 'debs:_don gnyis lhun grub dngos grub stsol:_oM AHhU~M badz+ra gu ru pad+ma sid+d+hi hU~M:_khyod ni srid zhi kun la khyab:_phan bde'i dngos grub ci 'dod stsol:_skyabs kun bdag nyid gsol ba 'debs:_bsam pa lhun gyis grub par mdzod:_oM AHhU~M badz+ra gu ru pad+ma sid+d+hi hU~M:_mdor na 'di phyi bar do kun:_khyod las skyabs gzhan ma mchis pas:_rtag tu snying nas gsol ba 'debs:_mchog thun dngos grub kun stsol cig:_oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHsid+d+hi pha la hU~M AH_sku bzhi'i bdag nyid bla ma rjes:_'bral med byin gyis brlabs nas kyang:_thugs yid gcig tu 'dres pa yi:_bkra shis dge mtshan rgyas gyur cig:_oM AHhU~M badz+ra gu ru pad+ma sid+d+hi hU~M:_bar rnams bsnyen dus gsol 'debs bya:_snang grags rig pa sku gsung thugs:_rdo rje'i rnal 'byor lam byas pas:_don gnyis yid bzhin 'grub par 'gyur:_'di ni gsol 'debs rnal 'byor gyi:_bskyed rdzogs man ngag kun tshang ba:_bya sla khyer bde'i tshul du gdams:_yal bar ma dor nyams su longs:_sa ma ya:_rgya rgya rgya:_zhes pa'ang rang byung pad+ma'i byin rlabs kyi bdud rtsis go skabs yangs por phyes te pad+ma gar dbang mdo sngags gling pas gtan la phab pa 'brel tshad don dang ldan par gyur cig__!__na mo gu ru b+h+yaH_de la 'dir gu ru'i thugs sgrub lam zab bla ma'i sgrub skor la phyi nang gsang ba yang gsang gi sgrub pa'i rnam bzhag bzhi zhes yongs su grags pa las/_dang po phyi gsol 'debs kyi sgrub pa ni gdul bya thun mong dang khyad par thams cad kyi rgyun gyi nyams len la bsngags pa ltar 'dir yang gtso bo gsol 'debs kyi tshul la sgrub tshul bzhi ka'i zab gnad tshang bar 'dus pa'i don nyams su len bde ba'i khyad chos can 'di nyid kyi zab gnad mdo tsam 'chad na/_gsol 'debs tshig rkang dang pos rang don du skyabs 'gro dang gzhan don du sems bskyed kyi gnad tshang zhing mdor bstan pa sngon du 'gro bas/_gnyis pas gang la gsol ba gdab bya'i yul rgyas par bshad pa la chos sku tshe 'od dpag med/_gsum pas longs sku spyan ras gzigs/_bzhi pas sprul sku snang srid zil gnon/_lnga pas rtsa gsum mchog gsum sogs skyabs kun 'dus pa'i rang gzugs kyi tshul bstan nas/_drug pas gang la ji ltar gsol ba gdab tshul gyi dngos gzhi/_bdun pas dbang dang dngos grub gsol zhing 'dod don la bskul nas bsngo smon dang shis brjod bcas rjes rim tshang bas/_bar gyi bsnyen bzlas rnams kyang sku gsum gyi dzaba? bzlas bsnyen pa/_thod phreng rtsal gyi sgrub pa dang las sbyor te de dag so so'i tshe bsgom bya'i lha gu ru rin po che skyabs gnas gcig chog kun 'dus nor bu'i lugs ltar du spyi bor bsgom la 'chi med tshe dang gzhan phan phrin las sogs ji ltar 'dod pa'i gsol 'debs bzlas pa gtso bor bya/_khyad par yid ches kyi dad pa blo gtad rtse gcig pas thugs rgyud bskul/_rang sems gzhir gnas kyi ngo bo rang bzhin thugs rje sum ldan dang mthar 'bras bla ma sku gsum gyi ye shes dbyer med par shes pa'i ngang nas gnas lugs rang babs kyi rgyun bskyang*/_gsol 'debs dang bzlas par 'bad pa ni ches gnad du zab la/_spyod lam thams cad bla ma'i zhabs tog_/skyid sdug gang byung bla ma'i rnam rol/_snang grags rig pa bla ma'i gsang ba gsum gyi rang bzhin du shes pas nyams len gyi rgyun skyong bzhin 'di nyid kho nar gnad du dril bar gces so/__/des na phyi gsol 'debs kyi sgrub tshul gtso bor bton pas bskyed rdzogs kyi spros pa rgyas par ma byas kyang rung bas bya sla khyer bde/_rim gnyis kyi zab gnad kun 'dus nyung ngur gdams pa 'dis kun go gcig chod du 'gyur/_des na mchog dman gdul bya thams cad kyi nyams len la 'jug pa bde bas skal pa bzang po can dag gis dad mos kyi gsal 'debs su don gnad nyung bsdus tshul du cung zad spros pa'o/__/zhes pa'ang rang slob dad dam rnam dag ngag dbang bstan 'dzin dang*/_rnam par dkar ba'i dad blo can bshad lde bsod nams rdo rje tshe dbang nas dad mos kyis rjes su bskul ba bzhin me bya nag zla'i dus tshes 15_rten 'byung shin tu dge bar tshogs kyi 'khor lo brgya phrag lhag bcas phul ba dang chabs cig dbus gyur sprul pa'i gtsug lag khang chen po'i shar phyogs me tog ldum ra rim bzhi ra rgya'i gzim shag nas pad+ma mdo sngags gling pas spel ba'i dge bas skye kun bla ma'i gsang gsum byin rlabs bdud rtsis dbugs dbyung ba'i rgyur gyur cig__!__paN grub gtsug rgyan bi ma la'i/_/rnam 'phrul bka' bab bdun gyi bdag_/mkhyen brtse'i sgyu 'phrul mdo sngags gling*/_/dgongs pa'i gter byon gsol 'debs par/_/gsang 'dzin DA ki de wi dang*/_/chos kyi rgyal mtshan gyis bskrun dges/_/gangs can bstan 'gro'i rgud pa zhi/_/phan bde'i dpal rgyas lam 'di la/_/'brel tshad gnas skabs mthar thug gi_/don gnyis lhun gyis grub par shog_/ces rnam dkar sgrub pa po'i gsung bskul bzhin khyab bdag zhe chen pa'i bka' 'bangs 'gyur med gzhan phan phrin las kyis shar mar bris pa dge_//_//

Footnotes

Other Information