སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་རྣམ་བཤད་སྙིང་པོར་དྲིལ་བ་ཟིལ་གནོན་གྲུབ་པའི་དགོངས་གསལ།

From Khyentse Lineage - A Tsadra Foundation Project
DKR-KABUM-14-PHA-004
Wylie title snyan brgyud 'jam dpal gshin rje'i thugs tig gi rnam bshad snying por dril ba zil gnon grub pa'i dgongs gsal DKR-KABUM-14-PHA-004.pdf
Location dil mgo mkhyen brtse bka' 'bum
Volume 14, Text 4, Pages 172-234 (Folios 1a to 63a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People འཇམ་དཔལ་བཤེས་གཉེན་ (Mañjuśrīmitra)
Citation Khyentse, Dilgo. Snyan brgyud 'jam dpal gshin rje'i thugs tig gi rnam bshad snying por dril ba zil gnon grub pa'i dgongs gsal. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 14: 172-234. Delhi: Shechen Publications, 1994.
Genre Detailed Explanation - rnam bshad
Cycle འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ ('jam dpal gshin rje'i thugs tig)
Deity 'jam dpal gshin rje
Recension Link Other Versions on this site: སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་རྣམ་བཤད་སྙིང་པོར་དྲིལ་བ་ཟིལ་གནོན་གྲུབ་པའི་དགོངས་གསལ།
Colophon
  • Author colophon page 233: །ཅེས་པའང་རྒྱལ་ཀུན་ཡེ་ཤེས་ཕུང་པོ་འཇམ་མགོན་རྡོ་རྗེ་རྣོན་པོ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོའི་བརྫུ་ལ་ཞུགས་པའི་བཀའ་བབས་བདུན་གྱི་ཤིང་རྟ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྲིན་ལས་ཀྱི་རང་གཟུགས་བཀའ་དྲིན་མཉམ་མེད་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག་ནས་སྨིན་བྱེད་དང་གཏེར་གཞུང་རྡོ་རྗེའི་ཚིག་རྐང་གི་བཤད་བཀའི་ཁྲིད་རིམ་ཟབ་མོས་རྗེས་སུ་བཟུང་ཞིང༌། སྙན་བརྒྱུད་ཀྱི་སྐོར་འདི་རྣམས་ལ་རྣམ་བཤད་རེ་བྲི་བར་འོས་པའི་བཀའ་ལུང་གུར་གུམ་གཞོན་ནུའི་ཕྲེང་བ་ཚངས་པའི་གནས་སུ་བཅིངས་པ་ལ། སླད་ནས་ལུང་རྟོགས་མཁྱེན་བརྩེའི་བདག་ཉིད་གཅེན་སངས་རྒྱས་མཉན་པ་མཆོག་སྤྲུལ་དབྱངས་ཅན་དགའ་བའི་གོ་ཆ་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་ལྷ་རྫས་ཀྱི་སྐྱེས་དང་བཅས་ཏེ་ཐུགས་དམ་ཉམས་བཞེས་ཀྱི་གསལ་འདེབས་སུ་གསུང་གིས་བསྐུལ་བ་བཞིན། འཇམ་དཔལ་ཁྲོས་པའི་དུག་ཆུ་ཅུང་ཟད་སྙིང་ལ་འཁྱིལ་བར་རློམས་པའི་རྙིང་སྔགས་ཧྲུལ་པོ་འཇམ་དཔལ་དགའ་བའི་བཤེས་གཉེན་ཚངས་སྲས་དགྱེས་པའི་རྡོ་རྗེའམ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མི་ཕམ་རྣམ་པར་རྒྱལ་བའི་གཟིམས་སྐྱིལ་བཀྲ་ཤིས་དཔལ་འབར་གླིང་དུ་བྲིས་པ་འདིས་ཀྱང་འགྲོ་ཀུན་སྲིད་ཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་གོ་འཕང་དཀའ་བ་མེད་པར་བགྲོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་ཤྲེ་ཡནྟུ།
  • Contributor colophon page 234: །ཅེས་པའི་སྤར་བྱང་སྨོན་ཚིག་འདི་ཡང་རྣམ་དཀར་བྱེད་པོ་རྨུགས་སངས་མཆོག་སྤྲུལ་ཉིད་ཀྱི་གསུང་ངོར་ཆོས་ཀྱི་བློ་གྲོས་པས་སྨོན་པ་སྲིད་གསུམ་དགྲ་ལས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།
  • Author colophon page 233: ces pa'ang rgyal kun ye shes phung po 'jam mgon rdo rje rnon po 'jigs bral gyi slob dpon chen po'i brdzu la zhugs pa'i bka' babs bdun gyi shing rta pad+ma 'od gsal mdo sngags gling pa'i phrin las kyi rang gzugs bka' drin mnyam med 'jam dbyangs chos kyi blo gros mchog nas smin byed dang gter gzhung rdo rje'i tshig rkang gi bshad bka'i khrid rim zab mos rjes su bzung zhing*/__snyan brgyud kyi skor 'di rnams la rnam bshad re bri bar 'os pa'i bka' lung gur gum gzhon nu'i phreng ba tshangs pa'i gnas su bcings pa la/__slad nas lung rtogs mkhyen brtse'i bdag nyid gcen sangs rgyas mnyan pa mchog sprul dbyangs can dga' ba'i go cha nas khams gsum chos kyi rgyal por mnga' gsol ba'i lha rdzas kyi skyes dang bcas te thugs dam nyams bzhes kyi gsal 'debs su gsung gis bskul ba bzhin/__'jam dpal khros pa'i dug chu cung zad snying la 'khyil bar rloms pa'i rnying sngags hrul po 'jam dpal dga' ba'i bshes gnyen tshangs sras dgyes pa'i rdo rje'am 'gyur med theg mchog bstan pa'i rgyal mtshan gyis kun mkhyen chos kyi rgyal po mi pham rnam par rgyal ba'i gzims skyil bkra shis dpal 'bar gling du bris pa 'dis kyang 'gro kun srid zhi'i g.yul las rnam par rgyal ba'i 'jam dpal phyag rgya zil gyis gnon pa'i go 'phang dka' ba med par bgrod pa'i rgyur gyur cig__/sarba dA mang+ga laM shre yan+tu/
  • Contributor colophon page 234: ces pa'i spar byang smon tshig 'di yang rnam dkar byed po rmugs sangs mchog sprul nyid kyi gsung ngor chos kyi blo gros pas smon pa srid gsum dgra las rnam par rgyal bar gyur cig__/sarba dA mang+ga laM
[edit]
༄༅། །སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི །རྣམ་བཤད་སྙིང་པོར་དྲིལ་བ་ཟིལ་གནོན་གྲུབ་པའི་དགོངས་གསལ་ཞེས་བྱ་བ་བཞུགས་སོ།

༄༅། །གུ་རུ་ཡ་མཱ་རི། རྡུལ་བྲལ་འོད་གསལ་ཡེ་ཤེས་གར་གྱིས་རབ་འབྱམས་རྒྱལ་བའི་རྣམ་ཐར་འཛིན། །རང་བྱུང་བརྩེ་བས་སྲིད་འདི་གནས་པར་མཁའ་ཁྱབ་འགྲོ་ལ་སྙིང་རྗེས་འཁྱུད། །ཟུང་འཇུག་གཞོན་ནུའི་གཟུགས་ཅན་ཉིད་ཀྱང་ཐམས་ཅད་མཐར་བྱེད་ཧེ་རུ་ཀ །དེང་འདིར་བླ་མ་མཆོག་གི་རོལ་པས་བྱང་ཆུབ་བར་དུ་རྗེས་འཛིན་མཛོད། །སྙིང་རྗེས་རབ་མྱོས་མཐུ་སྟོབས་བེ་ཅོན་གྱིས། །ཚེ་འཆི་སྲོག་གི་གནད་ལ་དབང་ཐོབ་པས། །ཟླ་གསང་ཏནྟྲའི་ཆུ་ཀླུང་བྱེ་བའི་གཏེར། །བློ་ལྡན་མཆོག་སྲེད་རྒྱལ་བ་གཉིས་པས་སྐྱོངས། །མཁྱེྃན་གཉིས་སྤྱན་གྱིས་ཆོས་ཀུན་དེ་ཉིད་གཟིགས། །བརྩེྃ་ཆེན་སྣང་བས་ཡོངས་རྫོགས་བསྟན་འགྲོའི་གཉེན། །མཁས་གྲུབ་དབྃང་པོྃ་རྒྱལ་ཀུན་སྐྱེད་པའི་ཡབ། །པདྨ་འོད་གསལ་མདོ་སྔགས་གླིང་པ་རྒྱལ། །རྡོ་རྗེའི་ཚིག་གི་གཞོམ་མེད་གསང་བའི་གནད། །འཕགས་མིན་བློ་ཡི་ཡུལ་ལས་འདས་ན་ཡང༌། །བླ་མའི་བཀའ་དང་ཟོལ་མེད་ལྷག་བསམ་གྱིས། །གྲུབ་པའི་མན་ངག་བཞིན་དུ་འདིར་གསལ་བྱ། །དེ་ཡང་སྲས་བཅས་རྒྱལ་བ་ཀུན་གྱི་ཟག་མེད་རྣམ་ཐར་རྒྱ་མཚོའི་འབྱུང་གནས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པར་ངེས་པ་དོན་གྱི་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོར་གཉིས་སུ་མེད་པར་མངོན་པར་བྱང་ཆུབ་པའི་དགོངས་པ་ལས་ནམ་ཡང་མི་གཡོ་བས། ཕྱོགས་དུས་ཀྱི་ཁྱོན་ན་གང་འདུལ་སྒྱུ་མའི་རོལ་པས་མཁའ་ཁྱབ་ཀྱི་འགྲོ་ཀུན་སྒྲོལ་བའི་བདག་ཉིད་ཆེན་པོ་རྒྱལ་སྲས་ཐུ་བོ་མཁྱེན་པའི་བདག་པོ་ཉིད་རྩོད་ལྡན་སྙིགས་མའི་དུས་འདིར་འཇིགས་བྲལ་གྱི་སློབ་དཔོན་པདྨ་འོད་གསལ་མདོ་སྔགས་གླིང་པ་གང་གི་དག་ཆེན་ཡེ་ཤེས་ཀྱི་སྣང་ཆར་དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱད་དང་མཚོ་སྐྱེས་པདྨའི་འཕྲུལ་མཚན་བརྒྱད་རྣམ་དབྱེར་མེད་པས་རྒྱུད་ལུང་མན་ངག་གི་སྙན་བརྒྱུད་ཟབ་ཅིང་གསང་བའི་གནད་ཏིག་དུ་མ་བསྩལ་བའི་བྱེ་བྲག་རྒྱུད་མ་ཧཱ་ཡོ་ག་ལ་ངོ་མཚར་སྒྲུབ་སྡེ་བརྒྱད་ལས་ཡེ་ཤེས་ལྷ་ཡི་སྒྲུབ་བཀའ་ལྔ་ཡི་ཐོག་མ་སྐུ་རྡོ་རྗེ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྡོ་རྗེའི་གསང་བ་ཟབ་མོའི་ཐུགས་ཀྱི་ཏི་ལ་ཀ་དོན་གྱི་དབྱིངས་རྒྱ་ཆེ་ཡང་ཚིག་གི་སྦྱོར་བ་ཆེས་ཉུང་ངུའི་ཚུལ་གྱིས་སྙན་བརྒྱུད་རྨད་དུ་བྱུང་བའི་དགོངས་གནད་ཅུང་ཟད་བཤད་པ་ལ་གཉིས། སྔོན་འགྲོ་སྣོད་རུང་དུ་བྱ་བ་དང༌། དངོས་གཞི་འཁོར་ལོ་བཞིའི་གྲུབ་མཐའ་དབྱིངས་སུ་བསྐྱལ་བའོ། དང་པོ་ལའང་གསུམ། ངེས་འབྱུང་གིས་བློ་བཅོས་པ། སྐྱབས་སེམས་ཀྱིས་གཞི་འདིང་བ། བླ་མའི་བྱིན་རླབས་ཀྱིས་ཡེ་ཤེས་འབེབས་པའོ། །དང་པོ་ནི། གཏེར་གཞུང་རྩ་བ་ལས། མཆོག་གི་ཡེ་ཤེས་ལམ་བྱེད་པ༔ འཇམ་དཔལ་དོན་གྱི་སྙིང་པོ་ནི༔ ངེས་འབྱུང་དྲག་པོས་རང་རྒྱུད་སྦྱངས༔ ཞེས་པ་སྟེ་ཐོག་མར་གཏེར་ཆེན་བླ་མས་མཛད་པའི་སྔོན་འགྲོའི་ངག་འདོན་སྙིང་པོའི་རྣལ་འབྱོར་ལྟར་ཐུན་གྱི་སྔོན་འགྲོས་རྒྱུད་སྦྱངས་པའི་རྗེས་སུ་ཆོས་ལ་འཇུག་པའི་རྒྱུ་ལྷ་བས་ལྷག་པའི་མི་ཡི་ལུས་ངོ་བོ་དལ་བ་བརྒྱད་ལ་ཁྱད་ཆོས་འབྱོར་པ་བཅུ་ཚང་བའི་བདག་ཉིད་ནི་སྔོན་བསགས་དཀར་པོའི་ལས་ཀྱི་ནུས་པས་རྟེན་ཁྱད་པར་ཅན་ད་ལྟ་མངོན་སུམ་དུ་རྙེད། ད་རེས་འདིའི་སྟེང་ནས་དོན་དང་ལྡན་པར་མ་བྱས་ན་ཕྱིས་ནས་ངན་འགྲོ་ཁ་བརྒྱུད་དེ་ཆོས་ཀྱི་སྒྲ་ཙམ་ཡང་ཐོས་པ་དང་བསྒྲུབ་པར་དཀའ། རྒྱུ་མཚན་དེས་ན་མི་ལུས་རིན་པོ་ཆེ་ཐོབ་པ་འདི་ཐེངས་གཅིག་ཁོ་ན་ཡིན་པས་ཅིས་ཀྱང་ཆོས་འབའ་ཞིག་བསྒྲུབ་པར་བྱ་དགོས། ཐེག་པ་ཆེ་ཆུང་བསྟན་པ་ཡོངས་རྫོགས་ཀྱི་སྣོད་དུ་རུང་བའི་ལུས་ད་རེས་ཙམ་ཞིག་ལ་ཐོབ་པ་འདི་དབུལ་པོས་ནོར་བུ་རྙེད་པ་ལྟར་འཕྲལ་དང་ཡུན་དུ་དོན་ཆེ་བས་མྱུར་དུ་ཆོས་ལ་མ་འབད་ན། ཕྱི་སྣོད་ནང་བཅུད། བདེ་སྐྱིད་དཔལ་འབྱོར། མཆོག་དམན་འབྲིང་གསུམ་གང་ལ་བསམས་ཀྱང་སོས་ཀའི་སྤྲིན་ལྟར་སྐད་ཅིག་གཅིག་ཀྱང་མི་བརྟན་པ་འཕོ་ཞིང་འགྱུར་བ་མངོན་སུམ་ཚད་མས་གྲུབ་པས་ན། རང་རེ་སྤྱིར་འདུས་བྱས་ཀྱི་མཚན་ཉིད། སྒོས་སྙིགས་མའི་འགྲོ་བ་ལ། རྐྱེན་ངན་དང་བར་ཆད་མང༌། ཚེ་དང་བསོད་ནམས་ཀྱི་བསགས་པ་ཆེས་ཉུང་བས་གང་ལའང་ཡིད་བརྟན་དང་བྲལ་བ་སྲིན་མོའི་གླིང་ལྟ་བུ་འདིར་ཉི་མ་གཅིག་གི་ཐོག་མཐའ་ལའང་བདེ་བར་གནས་པ་དཀའ་བས་ན་དོན་དང་ལྡན་ངེས་ཆོས་ལ་བརྩོན་དགོས་སྙམ་དུ་ཆོས་ལ་འཇུག་པའི་རྐྱེན་མི་རྟག་པའི་འདུ་ཤེས་ཀྱིས་མ་བསྐུལ་ན་འཆི་བས་གཏུགས་ཏེ་འཇིག་རྟེན་ཕྱི་མར་ཆས་པའི་ཚེ། ལས་དཀར་ནག་གི་འབྲས་བུ་མཐོ་རིས་དང་ངན་སོང་གི་གནས་སུ་འཕེན་པ་ལས་རང་ལ་རང་དབང་མི་འདུ། ད་ལྟ་བསགས་པའི་དགེ་སྡིག་ཕྲ་མོ་ཡང་ཕྱི་མའི་དུས་སུ་འབྲས་བུ་མི་ཟད་པ་རྒྱ་ཆེན་པོ་བསྐྱེད། འཁོར་བའི་སེམས་ཅན་ནི་བློ་རྒྱུད་ཐར་པ་དང་ངང་གིས་འཛོལ་བས་དངོས་དང་བརྒྱུད་ནས་ལས་ངན་སྡིག་པ་ཚབས་པོ་ཆེ་ཚེགས་མེད་པར་བསགས། ཐོག་མ་མེད་པ་ནས་བསགས་པའི་རྣམ་སྨིན་གྱི་ཁུར་པོ་ཁྱེར་བ་མི་ཤེས་པ་དེའི་སྟེང་དུ་ད་དུང་སྡིག་པ་སྟོབས་ཆེན་བྱེད་པ་ལ་བག་མི་ཚ། ད་སྟེ་བསམ་མནོ་ཞིག་བཏང་ན་འཁོར་བའི་བདེ་སྡུག་ལས་སྣང་ཐམས་ཅད་ནི་ལས་ལས་བྱུང་ཞིང་ལས་ཀྱིས་སྤྲུལ་པས་ཆོས་ལ་འཇུག་པའི་འབྲས་བུ་དྲན་ཤེས་ཀྱིས་རྒྱུད་བསྡམས་ནས་དགེ་སྡིག་བླང་དོར་མ་ནོར་བར་བརྩོན་དགོས། དེ་ལྟར་དགེ་བ་འབའ་ཞིག་སྒྲུབ་པ་ཡང་ངེས་འབྱུང་གི་བློ་དང་སེམས་བསྐྱེད་ཀྱིས་འཕེན་པས་མ་ཟིན་ན་སྲིད་པ་མཐོ་དམན་ཐམས་ཅད་ཟག་བཅས་ཀུན་ཉོན་གྱི་རྒྱ་ལས་མ་འདས་པས་སྡུག་བསྔལ་འབའ་ཞིག་པའི་རང་བཞིན་ལ་སྦྱོར། ཟག་བཅས་ཀྱི་རྣམ་དཀར་ཕྲ་མོས་མཐོ་རིས་ཙམ་ཐོབ་པས་བདེ་བ་ལྟར་སྣང་ཡང་ཚེ་འདིའི་བདེ་བའི་ཕྱིར་ལས་བྱས་ཚད་སྲིད་པའི་ས་བོན་ཏུ་བསྐྲུན་པས་འགྱུར་བའི་སྡུག་བསྔལ་ལས་མ་འདས། ཁམས་གོང་མར་བསམ་གཟུགས་ཀྱི་ཏིང་འཛིན་གྲུབ་ཀྱང་རྩ་བ་རུལ་བའི་སྡོང་པོ་ལྟར་ཀུན་གཞིའི་ཁམས་ལས་བག་ཆགས་ཀྱི་ནུས་པས་ནམ་ཞིག་ཕྱིར་ལྡོག་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་ཏུ་འདུག་ཕྱིར། ངན་སོང་གི་གནས་རིས་རྣམས་ནི་སྡུག་བསྔལ་ཉིས་བརྩེགས་ཀྱི་ཟུག་རྔུས་གཅན་གཟན་གྱི་མཆེ་བ་ན་གནས་པའི་སྦལ་པ་ལྟར་གྱུར་པས་ཇི་ལྟར་བསམས་ཀྱང་ཆོས་བྱས་པའང་སྲིད་པ་ལས་གྲོལ་བའི་ངེས་འབྱུང་གི་རྩིས་མ་ཟིན་ན་ཕན་པ་ཅི་ཡོད་སྙམ་པས་ཐར་ལམ་བཅོས་མིན་ལ་བློ་འཇུག་པའི་རྒྱུ་སྲིད་པའི་སྡུག་བསྔལ་ལ་བསམས་པ་སྟེ་ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི་པོ་རྣམས་རེ་རེ་བཞིན་ཐུན་དུ་བཅད་དེ་མྱོང་བ་ཐོན་པ་དང༌། རྒྱུད་ལས་སུ་རུང་ནས་ཀྱང་དངོས་གཞིའི་ལམ་གང་ཉམས་སུ་ལེན་དགོས་པ་ཐམས་ཅད་ཀྱི་ཐོག་མར་བློ་འཁུལ་ངེས་སུ་རྣལ་འབྱོར་དུ་བྱ་བས་འབད་དགོས་སོ། །གཉིས་པ་ནི། འཁོར་བའི་གནས་ལས་ཐར་འདོད་ཀྱི་བློ་ཡོད་ཀྱང་སྐྱབས་གནས་ཁྱད་པར་ཅན་ལ་མ་བསྟེན་ན་རང་ཉིད་ཉོན་མོངས་ཀྱིས་བཅིངས། ལས་ཀྱིས་མནར། སྡུག་བསྔལ་གྱི་ཟུག་རྔུས་ནོན་པ་ཟུངས་ཟད་པའི་ནད་པ་ལྟར་གྱུར་པས་ཐར་པའི་སྟོབས་ཟད་པ་ལ། རྒྱབ་བརྟེན་བསླུ་བ་མེད་པའི་སྐྱབས་ནི་རང་ཉིད་སྲིད་པའི་སྡུག་ཀུན་ལས་གྲོལ་ཞིང༌། སྤངས་རྟོགས་ཕུན་སུམ་ཚོགས་པས་གསང་གསུམ་མཛེས་པ་ཐར་པའི་གནས་སུ་བཞུགས་ཏེ་སེམས་ཅན་ཀུན་ལ་བརྩེ་བའི་བདག་ཉིད་དཀོན་མཆོག་གསུམ་ལས་གཞན་མ་མཆིས་པས་དེ་ལ་སྐྱབས་སུ་བཅོལ་དགོས་ཕྱིར། སྤྱིར་རྒྱུ་འབྲས་ཀྱི་ཐེག་པ་ཆེ་ཆུང་གི་སྐྱབས་འགྲོའི་རྣམ་བཞག་དུ་མ་ཡོད་ཀྱང༌། སྐབས་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་སྐྱབས་འགྲོ་ལྟར་ཉམས་སུ་ལེན་དགོས་པ། རང་གི་མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས་སུ་པད་ཉི་དྲེགས་པ་མ་ཧེ་ཉི་ཟླའི་གདན་ལ་བླ་མ་འཇམ་དཔལ་ཁྲག་འཐུང་ཆེན་པོ་མཆོག་གསུམ་ཀུན་འདུས་གཅིག་ཆོག་ནོར་བུའི་ལུགས་ལྟར་གསལ་བས་རང་གཞན་སེམས་ཅན་ཀུན་གྱི་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བ་ནི་ཐེག་པ་སྤྱིའི་ལམ་གྱི་འཇུག་སྒོ་དང༌། དེ་ཉིད་དཔང་པོའི་ཚུལ་གྱིས་འགྲོ་ཀུན་ཕ་མའི་རང་བཞིན་གྱི་སེམས་ཅན་རྣམས་རྨོངས་ཤིང་འཁྲུལ་ནས་རང་གིས་རང་ལ་ཕན་པར་བསམ་བཞིན་གནོད་པ་སྒྲུབ་པ་ལ་སྙིང་རྗེའི་ཡིད་ཀྱིས་དེ་ཐམས་ཅད་སྲིད་ཞིའི་མཐའ་ལས་འདས་པའི་འཇམ་དཔལ་ཁྲག་འཐུང་ཆེན་པོའི་གོ་འཕང་ལ་འགོད་ཕྱིར་རིམ་གཉིས་ཀྱི་ལམ་ལ་བརྩོན་པར་བྱ་སྙམ་པ་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དག་ཅི་རིགས་ཉམས་སུ་བླངས་མཐར་སྐྱབས་ཡུལ་རང་ལ་བསྟིམ་ཞིང་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་བཞག་པས་ལམ་གྱི་གཞི་ཚུགས་པར་བྱའོ། །གསུམ་པ་ནི། སྐྱབས་སེམས་བླ་མའི་བྱིན་རླབས་དབབ༔ ཅེས་པ་ལྟར་གོང་བཞིན་སྐྱབས་སེམས་སྔོན་དུ་འགྲོ་བས་ཀ་དག་གི་དབྱིངས་ལས་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་ཆ་སྣོད་བཅུད་དག་པའི་ཞིང་གི་དབུས་སུ་རྩ་བའི་བླ་མ་ཞི་བ་འཇམ་དཔལ་དབྱངས་ཡབ་ཡུམ་གྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དྲག་པོ་ཕྱག་རྒྱ་ཟིལ་གནོན་ཞལ་གཅིག་ཕྱག་གཉིས་འཁོར་ལོ་དང་བེ་ཅོན་འཛིན་ཅིང་ཡུམ་དང་བཅས་པ་ཡབ་ཡུམ་གཉིས་ཀ་དུར་ཁྲོད་ཀྱི་རྒྱན་ཆས་ཡོངས་རྫོགས་སྐྱབས་གནས་ཀུན་འདུས་སུ་གསལ་ལ་སྡིག་ལྟུང་སྦྱང་ཞིང་ཚོགས་གཉིས་བསག་པའི་སྒོ་རྨད་དུ་བྱུང་བ་ཡན་ལག་བདུན་གྱི་རྣལ་འབྱོར་སྤྱི་དང༌། བྱེ་བྲག་ལུས་ཕྱག་དངོས་སུ་འཚལ་བ་དང༌། རྣམ་པ་ཕྱི་ནང་གསང་བའི་མཎྜལ་ཡོངས་སུ་རྫོགས་པ་ལ། ངོ་བོ་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་བདག་ཉིད། བྱེད་ལས་སྐྱབས་ཡུལ་ལ་ཟག་མེད་ཀྱི་བདེ་བ་བསྐྱེད་པའི་རང་བཞིན་དུ་དམིགས་ཏེ་མཎྜལ་ཅི་ནུས་སུ་འབུལ་བ་མཐུན་རྐྱེན་ཚོགས་བསགས་དང༌། བླ་མ་ཞི་ཁྲོའི་སྐུ་ལས་བབས་པའི་བདུད་རྩིས་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྣག་དུད་སོལ་ཁུའི་རྣམ་པར་བ་སྤུའི་བུ་ག་ནས་ཕྱིར་ཐོན་ཏེ་སྦྱངས་བས་ལྷག་མེད་དུ་དག་པར་བསམས་ཏེ་རྩ་སྔགས་བཟླ་ཞིང༌། སྡིག་ལྟུང་ལ་འགྱོད་སྡོམ་བརྟན་པོ་བསྐྱེད་པས་འགལ་རྐྱེན་སྦྱང་པ་དང༌། སྐྱབས་གནས་ཀུན་འདུས་བླ་མ་ལ་བློ་གཏད་གཅིག་ཆོག་གི་ངེས་ཤེས་དང༌། བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་ངང་ཚུལ་རྗེས་སུ་དྲན་པས་བཟོད་མེད་ཀྱི་མོས་གུས་རྩལ་དུ་བཏོན་ནས་བློ་གཏད་ལིང་བསྐྱུར་གྱིས་གསོལ་བ་ཕུར་ཚུགས་སུ་འདེབས་པ་བླ་མའི་རྣལ་འབྱོར་རྣམས་གནད་གཅིག་དྲིལ་གྱི་མྱོང་རྟགས་ཐོན་ངེས་སུ་ཉམས་ལེན་བྱ་ཞིང༌། རྗེས་ཐུན་གཤམ་དུ་དབང་བཞི་ལེན་པའི་དམིགས་གནད་དང་སྦྱར་བ་ཀུན་རྫོབ་དང༌། ཐུགས་ཡིད་བསྲེ་ཞིང་མཉམ་བཞག་དོན་དམ་གྱི་རྣལ་འབྱོར་ཟུང་དུ་ཆུད་པ་བཅས་ཐུན་མིན་ནང་གི་སྔོན་འགྲོ་སྟེ་ཞིབ་པར་གཞུང་རྩ་བའི་ངག་འདོན་གཏེར་ཆེན་བླ་མའི་གསུང་ལྟར་ཤེས་པར་བྱའོ། །གཉིས་པ་ལ་གཉིས། འཁོར་ལོ་བཞིའི་གནད་སྤྱིར་བསྟན་པ་དང༌། སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། སྣོད་དུ་གྱུར་ནས་རྣལ་འབྱོར་ནི༔ འཁོར་ལོ་རྣམ་པ་བཞི་ཡིན་ཏེ༔ ཞེས་པ་ལྟར་མདོ་སྔགས་ཐུན་མོང་གི་སྔོན་འགྲོའི་རིམ་པས་བློ་རྒྱུད་ལེགས་པར་སྦྱངས་ནས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཐུན་མོང་དང་ཐུན་མིན་གྱི་རྣལ་འབྱོར་བསྒོམ་པའི་སྣོད་རུང་གི་རྒྱུད་ཞི་དུལ་དུ་གྱུར་པའི་ཚེ་ལམ་ཟབ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དགོངས་གནད་འཁོར་ལོ་རྣམ་པ་བཞི་རུ་གསུངས་ཏེ། གཤིན་རྗེ་འདུས་པ་རྩ་བའི་རྒྱུད་ལས། གནས་སྲིད་སྤྲུལ་བས་ཡོངས་སུ་གཅོད༔ ཅེས་པ་ལྟར་འཁོར་ལོ་བཞི་སྤྱིའི་དོན་བཤད་པ་ལ། ཟླ་གསང་ནག་པོའི་རྒྱུད་ལས། དེ་ལ་འཁོར་ལོ་ཞེས་གྲགས་པ། །ངོ་བོ་ངེས་ཚིག་རྣམ་གྲངས་སོ། །ཞེས་གསུངས་པ་ལྟར་བཞི་ལས། དང་པོ་ནི། དེ་ཡང་འཁོར་ལོ་ནི་ལྟེ་བ་ལ་བརྟེན་པའི་འཕྲུལ་འཁོར་གྱིས་སྐད་ཅིག་ཙམ་ཡང་མི་གནས་པར་རྣམ་པ་གཞན་དུ་འགྱུར་ཏེ་འཁོར་ཞིང༌། ཤིང་རྟ་དང་ཟོ་ཆུ་རྫ་མཁན་གྱི་འཕྲུལ་འཁོར་སོགས་ཐམས་གང་ལ་བསྐོར་ཀྱང་དེའི་བྱེད་ལས་ཅན་དུ་སྣང་བ་ལྟར་གཞི་ལམ་འབྲས་བུ་སྣ་ཚོགས་པའི་རང་བཞིན་ཅན་དུ་འགྱུར་ཞིང་སྐབས་དེ་དག་ཏུ་སྲིད་ཞིའི་རྣམ་པ་ཅིར་ཡང་སྣང་བ་སྟེ། དེ་ཉིད་ལས། ངོ་བོ་སྤྱི་ཡི་མཚན་ཉིད་ནི། །རྣམ་པ་གཞན་དུ་འགྱུར་ཞིང་འགྲོ། །སོ་སོ་རང་གི་མཚན་ཉིད་ནི། །གང་ལ་བཏབ་པ་དེ་ལྟར་སྣང༌། །ཞེས་སོ། །གཉིས་བ་ངེས་ཚིག་ནི། ལྟེ་བ་དང་མུ་ཁྱུད་ཀུན་ནས་ཟླུམ་ཞིང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས་ཀྱི་དཔུང་ཚོགས་ཡན་ལག་བཞིའི་སྣ་འདྲེན་པ་དང༌། མཚོན་ཆའི་འཁོར་ལོའི་རྩིབས་ཀྱིས་ཐམས་ཅད་གཅོད་པ་དང༌། བར་མ་ཆད་དུ་འཁོར་བ་ལྟར་འཁོར་ལོ་བཞི་རང་རང་གི་སྐབས་སུ་ནུས་པ་མ་རྫོགས་བར་རྒྱུན་མི་ཆད་དུ་འཁོར་ཞིང༌། སྣང་བ་དེ་དག་གི་གཞིའམ་རྩ་བར་གྱུར་པས་སྣ་འདྲེན་པ་དང༌། རང་རང་གི་མི་མཐུན་པའི་ཕྱོགས་གཅོད་པར་བྱེད་པས་ཏེ། སྔ་མ་ལས། ངེས་པའི་ཚིག་ཀྱང་དེ་བཞིན་ཏེ། །རྣམ་པར་འགྱུར་ཞིང་འགྲོ་བ་དང༌། །ལྟེ་བ་འཁོར་ཞིང་རྩེ་མོས་གཅོད། །ཅེས་སོ། །གསུམ་པ་རྣམ་གྲངས་ཀྱང་གཞི་དང༌། གཞི་སྣང༌། ལམ། འབྲས་བུའི་དབྱེ་བས་བཞིར་གསུངས་ཏེ། དེ་ལས། ཐུགས་རྗེ་སྤྲུལ་པའི་འཁོར་ལོ་དང༌། །ལས་དང་སྲིད་པའི་འཁོར་ལོ་དང༌། །འཇིག་རྟེན་ཕན་གནོད་བྱེད་པ་ནི། །བྱ་བ་སྒྲུབ་པའི་འཁོར་ལོའོ། །ཞེས་པ་ལྟར་བཞི་ལས། དང་པོ་སྦྱང་གཞི་གནས་པའི་འཁོར་ལོ་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཕྱི་མ་ལས། འཇམ་དཔལ་ཡེ་ཤེས་རྡོ་རྗེ་རྫོགས། །སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་འདི། །མྱ་ངན་འདས་དང་འཁོར་བ་ལ། །མི་གནས་རྡོ་རྗེ་རྩེ་མོ་སྟེ། །བསམ་ཚུལ་སྒྲུབ་པ་མེད་པ་ཡི། །དབྱིངས་ཉིད་བཞག་ན་ཡོངས་སུ་གནས། །ཞེས་པ་ལྟར་ངོ་བོ་སྤྲོས་པའི་མཐའ་བརྒྱད་ལས་འདས་པའི་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཀ་དག་དང༌། རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ་སྐུ་དང་ཡེ་ཤེས་རྒྱ་མཚོའི་འབྱུང་གནས་སུ་ལྷུན་གྱིས་གྲུབ་པའི་ཚུལ་གཉིས་ཟུང་དུ་འཇུག་པའི་ཡེ་ཤེས་ཆེན་པོ་འཁོར་འདས་ཀུན་ལ་ཁྱབ་པའི་བདག་ཉིད་མཁའ་ཁྱབ་ནམ་མཁའི་རྡོ་རྗེ་རུ་འཕོ་འགྱུར་སྤྲོས་པ་ཀུན་བྲལ་གྱི་བདག་ཉིད་འདུས་མ་བྱས་སུ་ཡེ་ནས་གནས་པ་ནི་སྲིད་ཞི་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་གནས་པ་གཞི་ཡི་འཁོར་ལོ་ཞེས་བྱ་བ་སྟེ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྣང་སྲིད་ཡེ་ནས་མྱ་ངན་འདས། །སྤྲོས་བྲལ་མི་འགྱུར་གདོད་ནས་དག །དག་པ་ཉིད་ན་ཐམས་ཅད་གསལ། །ཤེས་བྱ་ཤེས་བྱེད་ངང་གིས་སྟོང༌། །ཆུ་ཟླའི་དཀྱིལ་འཁོར་བཞིན་དུ་གསལ། །འདི་ན་ཡིད་བཞིན་རིན་པོ་ཆེ། །ཐམས་ཅད་རེ་བ་རྫོགས་བྱེད་པའོ། །ཞེས་སོ། །ཆོས་ཉིད་དེའི་རང་རྩལ་འགགས་མེད་དུ་ཤར་བ་ལ་རང་སྣང་དུ་ངོམ་ཤེས་པ་གཟུང་བའི་ཡུལ་དང་འཛིན་པའི་སེམས་སུ་ཞེན་པའི་བག་ཆགས་ཀྱིས་རིག་པའི་རང་ཞལ་བསྒྲིབས་ཏེ་འཁྲུལ་པ་ཨ་འཐས་སུ་ཤར་ནས། ཕྱི་ཁམས་གསུམ། ནང་སྒོ་གསུམ། གསང་བ་རྩ་ཐིག་རླུང་གི་སྲིད་པ་གསུམ་དུ་གྲུབ་ནས་སྐྱེ་ཤི་བདེ་སྡུག་གི་གཤེད་པོས་ལས་ཉོན་འཁྲུལ་པའི་སྡུག་བསྔལ་སྣ་ཚོགས་སུ་བསྐྱེད་པས་གནས་ལུགས་ཀྱི་ཡོན་ཏན་མངོན་དུ་མི་སྣང་བའི་སྒྲིབ་པ་ལ་སྦྱང་བྱ་སྲིད་པའི་འཁོར་ལོ་ཞེས་བྱ་བ་སྟེ། ཡ་མཱནྟ་ཀའི་རྩ་རྒྱུད་ལས། སྲིད་པའི་འཁོར་ལོ་ཞེས་བྱ་བ༔ ཀུན་གྱི་ལྟོ་བར་གནས་པ་སྟེ༔ གནས་འཇིག་པ་ཡི་མཁར་ལྟ་བུ༔ དབང་གལ་གནད་བཅུད་རྫོགས་པ་སྟེ༔ ཞེས་སོ། །དེ་ལྟ་བུའི་འཁྲུལ་པ་དེ་ལམ་བསྒོམས་སྟོབས་ཀྱིས་སྦྱངས་ནས་ཆོས་ཉིད་ངོ་བོའི་གནས་ཚུལ་མངོན་དུ་གྱུར་ན་ཉི་མ་སྤྲིན་ལས་གྲོལ་བ་ལྟར་འཁྲུལ་སྣང་དབྱིངས་སུ་དག་ཅིང༌། གཞི་ལ་བཞུགས་པའི་ཡོན་ཏན་མངོན་དུ་བྱེད་པ་ལ་ཚེགས་མེད་པའི་གནད་ཀྱིས། ཕྱི་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་གྱིས་གཟུང་ཡུལ། ནད་རླུང་སྔགས་གཏུམ་མོའི་ལམ་གྱིས་འཛིན་རྟོག །གསང་བ་མངོན་སུམ་ཡེ་ཤེས་ལམ་བྱེད་ཀྱིས་སྣང་གསུམ་འཕོ་བའི་བག་ཆགས་ཆ་དང་བཅས་པ་སྦྱོང་པའི་ལམ་ལ་འདུལ་ཐབས་སྤྲུལ་པའི་འཁོར་ལོ་སྟེ། ཧེ་བཛྲ་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བསྒོམས་ན། །སྤྲོས་པ་ཉིད་ཀྱིས་སྤྲོས་མེད་བྱེད། །ཅེས་པ་ལྟར་རོ། །ལམ་དེ་དག་གིས་གློ་བུར་གྱི་དྲི་མ་ཆ་དང་བཅས་པ་ཡོངས་སུ་དག་ནས་གཞིའི་གནས་ལུགས་ཇི་བཞིན་པ་མངོན་གྱུར་དུ་ཤར་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་སངས་རྒྱས་ཀུན་གྱི་གསང་བ་ལ་ཚུལ་བཞིན་སྤྱོད་པས་ངེས་པ་དོན་གྱི་འཇམ་དཔལ་གདོད་མའི་མགོན་པོའི་སྐུ་དང་ཡེ་ཤེས་ལྔ་ཡི་ཁྱབ་བདག་གི་གོ་འཕང་མངོན་དུ་བྱེད་པ་འབྲས་བུ་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་གསུངས་སོ། །གཉིས་པ་ལ་བཞི། སྦྱང་གཞི་གནས་པའི་འཁོར་ལོ་ལྟ་བས་གཏན་ལ་འབེབས། སྦྱང་བྱ་སྲིད་པའི་འཁོར་ལོ་བསམ་པས་སྒྲོ་འདོགས་བཅད། སྦྱོང་བྱེད་སྤྲུལ་པའི་འཁོར་ལོ་དབང་བཞིའི་རྣལ་འབྱོར་བསྒོམ་པས་ཉམས་སུ་ལེན། སྦྱངས་འབྲས་ཡེ་ཤེས་ཀྱི་འཁོར་ལོ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་བསྟན་པའོ། །དང་པོ་ནི། རང་བཞིན་འོད་གསལ་བྱང་ཆུབ་སེམས༔ སོགས་ནས། ཁྱབ་པར་བཞུགས༔ ཞེས་པ་སྟེ་གདོད་ནས་འཕོ་འགྱུར་མེད་པའི་ཆོས་རྣམས་ཀུན་གྱི་གནས་ལུགས་འདུས་མ་བྱས་པ་ནི་འཁོར་འདས་ཀུན་ལ་སྙོམས་པར་བརྡལ་བས་གཉིས་སུ་མེད་པའི་རང་བཞིན་འོད་གསལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་སྟེ། སྙིང་པོ་རབ་ཏུ་བསྟན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། འདི་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་སོ། དེ་ལྟ་བུའི་གནས་ལུགས་ཀྱི་ངོ་བོ་ལ་སྟོང་པའི་ཆས་གཞལ་ན་དངོས་པོ་དང་མཚན་མ། ཡོད་མེད་རྟག་ཆད། བཅིངས་གྲོལ་འཁོར་འདས་སོགས་གཉིས་ཆོས་གང་གིའང་ཕྱོགས་སུ་མ་ལྷུང་བའི་མཐའ་བརྒྱད་སྤྲོས་པ་ཀུན་ལས་འདས་པའི་བདག་ཉིད་དེ། དེའི་ངང་དུ་ལས་ཉོན་སྒྲིབ་པའི་ཟུག་རྔུའི་འཆིང་བ་ཐམས་ཅད་ཉེ་བར་ཞི་ཞིང་འཇམ་པའི་བདག་ཉིད་རྟག་ཆད་འགྲོ་འོང་སོགས་སྤྲོས་པའི་མཐའ་ཐམས་ཅད་ཉེ་བར་ཞི་བའི་ངོ་བོ་སྟོང་ཉིད་རྣམ་ཀུན་མཆོག་ལྡན་གྱི་གཤིས་ལུགས་ལ། གཉིས་ཆོས་ཀྱི་བློས་བརྟགས་པའི་དངོས་པོའི་འཛིན་རྟོག་ཐམས་ཅད་བྲལ་བའི་མཚན་མ་མེད་པའི་ཆོས་དབྱིངས་ཀུན་ཏུ་ཁྱབ་པའི་བདག་ཉིད་གཅིག་གིས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་བསྡུས་པ་ལ། སྒྲིབ་པ་སྦྱང་བྱ་དང་ཡོན་ཏན་འཐོབ་པར་བྱ་བའི་རེ་དོགས་ཀྱི་མདུད་པ་ཐམས་ཅད་ལས་འདས་པའི་ཕྱིར་འབྲས་བུ་གསར་ཐོབ་ཀྱི་སྨོན་པ་མེད་པའི་ཚུལ་ཏེ་རྣམ་ཐར་སྒོ་གསུམ་དང་གཟོད་ནས་འདུ་འབྲལ་མེད་པའི་ཞི་བའི་དབྱིངས་དམ་པ་མཐར་ཐུག་སྟེ། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་གནས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཞེས་དང༌། རྩ་བ་ཤེས་རབ་ལས། སྟོང་པ་ཉིད་ཀྱི་མཚན་ཉིད་ནི། །དམིགས་པ་མེད་པར་རྣམ་དབེན་ཉིད། །མཚན་མ་མེད་པས་ཞི་ཉིད་དེ། །གསུམ་པའི་མཚན་ཉིད་སྡུག་བསྔལ་དང༌། གཏི་མུག་ཅེས་ནི་བཤད་ཕྱིར་རོ། །ཞེས་དང༌། གསང་སྙིང་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང༌། །ཞེས་དང༌། མུ་ཏིག་ཕྲེང་བ་ལས། རང་བཞིན་གནས་པའི་ངོ་བོ་ལ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མ་རིག་མེད་ཅིང་འཁྲུལ་པ་མེད། །སེམས་མེད་ཡིད་ཀྱང་ཡོད་མ་ཡིན། །ཞེས་སོགས་གསུངས་པའི་སྟོང་པ་ཉིད་ཀྱི་རང་བཞིན་དེའང་མྱ་ངན་འདས་མདོ་ལས། ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། གཞན་མུ་སྟེགས་ཅན་རྣམས་ཀྱིས་དངོས་པོ་ལ་མངོན་པར་ཞེན་པ། བདག་ཏུ་ལྟ་བ་ཅན་འདུ་ཤེས་ཀྱི་འཛིན་པས་བཅིངས་པ་རྣམས་ལ་ཕན་གདགས་པའི་ཕྱིར་གསུངས་ཀྱི། དེ་ཁོ་ན་ཉིད་དུ་ན་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་བཞིན་ཉིད་ཀྱི་དོན་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཞེས་པ་ལྟར་ཅི་ཡང་མེད་པའི་ཕྱང་ཆད་ཕྱི་རོལ་རྒྱང་འཕེན་པ་སོགས་ཀྱི་ཆད་ལྟ་ལྟ་བུ་མ་ཡིན་པ་ངོ་བོ་འོད་གསལ་གྱི་འཆར་ཆ་དང་ལྡན་པ་སྟེ། རིག་པ་རང་ཤར་གྱི་རྒྱུད་ལས། ཆོས་སྐུ་ཁ་དོག་མ་འདྲེས་འཇམ། །དཀྱིལ་འཁོར་འདུ་འབྲལ་མེད་ཕྱིར་དཔལ། །ཞེས་གསུངས་པ་ལྟར་འཁོར་བའི་བག་ཆགས་རྒྱུ་འབྲས་དང་བཅས་པ་རང་ངོའི་རང་རྩལ་ལས་གཞན་དུ་མ་དམིགས་ཤིང༌། མྱང་འདས་ཀྱི་སྐུ་དང་ཡེ་ཤེས་ཟག་མེད་ཆོས་ཁམས་རྒྱ་མཚོའི་ཡོན་ཏན་དང་ངོ་བོ་ལ་རྟག་ཏུ་འདུ་འབྲལ་མེད་པས་སངས་རྒྱས་ཀུན་གྱི་གསང་བ་ཟབ་མོ་རང་བྱུང་ལྷུན་གྲུབ་ཏུ་རྫོགས་པ་སྟེ། ཀློང་དྲུག་པ་ལས། སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཞེས་དང༌། འཕགས་པ་ཀླུའི་དབང་པོའི་ཞལ་ནས། དེ་བཞིན་གཤེགས་པའི་རང་བཞིན་གང༌། །འགྲོ་བ་འདི་ཡི་རང་བཞིན་ཡིན། །ཞེས་པ་ལྟར་ཆོས་ཉིད་ཀྱི་གཤིས་འོད་གསལ་ལྷུན་གྱིས་གྲུབ་པས་སྤངས་རྟོགས་རྒྱ་མཚོའི་དཔལ་ཀུན་ཡེ་རྫོགས་གཞི་འབྲས་གཉིས་སུ་མེད་པའི་བདག་ཉིད་ཀྱིས་འཁོར་འདས་ཀུན་ལ་ཕྱོགས་ལྷུང་མེད་པས་ཁྱབ་པར་བརྡལ་བ་སྟེ། ཆོས་དབྱིངས་བསྟོད་པ་ལས། ས་ཡི་དཀྱིལ་ན་གནས་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོ། དེས་ན་སྟོང་གསལ་གཉིས་སུ་མེད་པ་རང་བཞིན་ཀུན་ཁྱབ་ཀྱི་ཡེ་ཤེས་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ནི་སོ་སོ་རང་རིག་པའི་ཡེ་ཤེས་རྣམ་པར་དག་པའི་སྤྱོད་ཡུལ་འབའ་ཞིག་ལས་འཁྲུལ་པའི་བློས་དཔྱད་པས་ཤིན་ཏུ་རྟོག་པར་དཀའ་བའི་བདག་ཉིད་དོན་དམ་འཕགས་པའི་བདེན་པ་ཉག་གཅིག་གི་རང་བཞིན་ཏེ། དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་དེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཉིད་དེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་དང༌། རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་བརྙེས། །སུ་ལ་བསྟན་ཀྱང་ཤེས་པར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་དང༌། མངོན་རྟོགས་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཅེས་བྱ། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་དང༌། ཀྱེ་རྡོ་རྗེ་ལས། ཨེ་ཡི་ཆ་བྱད་བཟང་པོ་གང༌། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་དང༌། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། རྟག་མེད་ཆད་མེད་བདེ་བ་ཆེ། འགྱུར་མེད་རྩོལ་མེད་རང་བྱུང་གནས། །ང་མེད་བདག་མེད་ཕྱོགས་རིས་མེད། །ཅེས་དང༌། རིག་པ་རང་ཤར་ལས། ཟབ་ཅིང་རྒྱ་ཆེ་འཇམ་དཔལ་ཉིད་ཀྱི་མིང༌། །གཏིང་དཔག་དཀའ་འོ་འཇམ་དཔལ་ཆོས་ཀྱི་མཆོག །ཅེས་པ་ལྟར་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ་དུས་གསུམ་འཕོ་འགྱུར་ལས་འདས་པའི་བདག་ཉིད་དེ། ཀུན་གཟིགས་རོང་ཟོམ་པ་ཆེན་པོས། བྱང་ཆུབ་སེམས་ཀྱི་རྡོ་རྗེ་ནི། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། ཞེས་གསུངས་པ་ལ་དེ་ནི་ངེས་པ་དོན་གྱི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་ཀྱང་བྱ་སྟེ། བསྟོད་པ་གླུར་བླང་གི་རྡོ་རྗེའི་རྒྱུད་ལས། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །ཞེས་དང༌། འཇམ་དཔལ་གྲུབ་པའི་སློབ་དཔོན་ཆེན་པོ་ཨ་ཛི་ཏས། རང་སེམས་ཀ་དག་མཐའ་དབུས་བྲལ་བས་འཇམ། །ལྷུན་གྲུབ་འགགས་མེད་ཀུན་ཏུ་གསལ་བས་དཔལ། །རིག་སྟོང་དབྱེར་མེད་ཆེན་པོར་ཡེ་གནས་པ། སྤོབས་པའི་གཏེར་ཆེན་བརྒྱད་ཀྱི་འབྱུང་གནས་ཡིན། །ཞེས་པ་ལྟར་ཟབ་ཞི་སྤྲོས་བྲལ་ཆོས་དབྱིངས་ཀུན་ཏུ་ཁྱབ་པའི་སངས་རྒྱས་ཀུན་གྱི་ཐུགས་དཔལ་བེའུའི་དབྱིངས་སུ་གཟུངས་དང་མངོན་ཤེས་བློ་གྲོས་སྤོབས་པ་ཏིང་ངེ་འཛིན་སོགས་ཟག་མེད་ཀྱི་ཆོས་རྣམས་རྒྱ་མཚོ་ལྟ་བུ་དང་འདུ་འབྲལ་མེད་པས་དུས་གསུམ་དུས་མེད་སྲིད་ཞི་མཉམ་ཉིད་ཆེན་པོ་རུ་བཞུགས་ཤིང༌། ནམ་མཁའི་མཐའ་དང་སེམས་ཅན་གྱི་སྲིད་དང་མཉམ་པའི་རྣམ་ཐར་མཛད་པ་བསམ་མི་ཁྱབ་པར་དེ་སྙེད་དུ་སྟོན་པ་སྟེ། གནས་ལུགས་དེ་ཉིད་ལས་སྒྲིབ་དང་བཅས་པའི་སྐབས་སུ་གཞི་ཡི་སྒྲར་བརྗོད་པས་རྒྱུ་འབྲས་ཐེག་པའི་བསྟན་བྱ་ཐམས་ཅད་ཀྱི་མཐར་ཐུག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། འདི་ནི་ཆོས་གཏེར་མཆོག་དང་ཆོས་མཛོད་དམ་པ་ཡིན། སངས་རྒྱས་རིགས་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །འདས་དང་མ་བྱོན་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་འགྱུར། །ཞེས་དང༌། ཀུན་གཟིགས་མི་ཕམ་རྣམ་པར་རྒྱལ་བའི་དགོངས་ཀློང་ལས་བྱོན་པའི་གནས་ལུགས་ཡངས་པ་ཆེན་པོའི་རྒྱུད་ལས། མཐར་ཐུག་གི་གནས་ལུགས་འདི་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཡིན་པས་འདིའི་གནད་ལ་འདྲིས་ཤིང་གོམས་པར་བྱས་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པ་གདོད་མའི་དབྱིངས་སུ་འབྲས་བུའི་གཏན་སྲིད་ཟིན་པར་འགྱུར་བས་ན། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་ནས་བརྗོད་ཀྱང༌། མཐར་ཐུག་བརྗོད་དུ་མེད་པར་ལ་བཟླ་བ། ཐེག་པ་དང་གྲུབ་མཐའ་རྒྱ་མཚོ་ལྟ་བུར་ཞུགས་ཀྱང་མཐར་ཐུག་བླང་དོར་མེད་པའི་ཟད་པ། དངོས་གྲུབ་དང་ཕྲིན་ལས་བསྐལ་པ་རྒྱ་མཚོར་བསྒྲུབས་ཀྱང་མཐར་ཐུག་གྲུབ་བསལ་མེད་པའི་ལྷན་སྐྱེས་ཆོས་སྐུ། ཐམས་ཅད་དེའི་རང་བཞིན། ཡེ་ནས་བབས་ཀྱི་གནས་པ། ཤེས་པས་ཆོག་པ། ཤེས་ནས་སླར་མི་ལྡོག་པ། བྱ་བ་ཐམས་ཅད་དུས་གཅིག་ལ་ཟིན་པ། དངོས་གྲུབ་ཐམས་ཅད་གཞི་གཅིག་གིས་ཐོབ་པ། ཐམས་ཅད་ཡེ་ནས་རྫོགས་པས་རྫོགས་པ་ཆེན་པོ། རྒྱུད་དང་ལུང་དང་མན་ངག་ཐམས་ཅད་དུས་གཅིག་ཏུ་རིག་པ་རྩལ་གྱིས་དབང་གིས་ཐོབ་པ་ཨེ་མ་ཧོ། ཞེས་གསུངས་པ་ལྟར་དོན་གྱི་གནད་འདི་ནི་ཐོས་བསམ་གྱི་དཔྱད་པ་དང་བླ་མའི་མན་ངག་ཟབ་མོའི་བསྒོམས་སྟོབས་ཀྱིས་ཚུལ་བཞིན་རྟོགས་པར་བྱ་བའི་གནད་གཅིག་པུ་སྲས་བཅས་རྒྱལ་བའི་དགོངས་ཉམས་གཅིག་ཤེས་ཀུན་གྲོལ་གྱི་ཟབ་དོན་མཐར་ཐུག་པ་སྟེ། ཀུན་ཏུ་བཟང་པོ་ཆེ་བ་རང་གནས་ཀྱི་རྒྱུད་ལས། དོན་དམ་བདེན་པ་མ་ཤེས་ཤིང༌། །རང་བྱུང་ཡེ་ཤེས་མ་ཤར་ན། །དུག་ཏུ་མ་སོང་གང་ཡང་མེད། །དགྲས་ཀྱང་མི་གནོད་གང་ཡང་མེད། །བདེ་བ་ཆེན་པོའི་དོན་རྟོགས་ཤིང༌། །བྱང་ཆུབ་སེམས་ཀྱི་སྒོ་ཕྱེ་ན། །འབྲས་བུ་མ་ཐོབ་གཅིག་ཀྱང་མེད། །སངས་རྒྱས་མིན་པ་གཅིག་ཀྱང་མེད། །ཅེས་གསུངས་པའི་གནད་ཤེས་པས་རབ་མངོན་སུམ་གྱི་མྱོང་བ། འབྲིང་ཐོས་བསམ་གྱི་ངེས་ཤེས་ཟབ་མོ། ཐ་ནའང་མོས་ཤིང་དད་པ་ཙམ་ནི་ལམ་གྱི་རྐང་རྡོ་མེད་དུ་མི་རུང་བས་གཞི་གནས་པའི་འཁོར་ལོ་ཞེས་ཐོག་མ་ཉིད་དུ་ལྟ་བས་གཏན་ལ་དབབ་པའི་ཡུལ་དུ་དྭངས་དད་རྟོགས་པའི་དགོས་པ་ཁྱད་པར་བཅས་གསུངས་པ་སྟེ། རྒྱལ་ཚབ་མ་ཕམ་པས། བློ་ལྡན་རྒྱལ་བའི་ཡུལ་དེ་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱི་གནོན། །ཞེས་གསུངས་སོ། །ཀ་དག་ཟུག་རྔུ་འཇམ་པའི་དེ་བཞིན་ཉིད། །འོད་གསལ་ལྷུན་གྲུབ་རང་བྱུང་རིག་པའི་དཔལ། ཟུང་འཇུག་སྲིད་ཞིའི་ཁྱབ་བདག་ཡེ་ཤེས་སྐུ། །མཚུངས་མེད་དུས་གསུམ་རྒྱལ་བའི་དགོངས་པའི་མཐིལ། །ཞེས་ངོ་མཚར་བའི་གནས་ལ་ཆེད་དུ་བརྗོད་པའོ། །གཉིས་པ་སྦྱང་བྱ་སྲིད་པའི་འཁོར་ལོ་བསམ་པས་སྒྲོ་འདོགས་བཅད་ཚུལ་ལ་གཉིས། རྒྱུ་ཐོག་མའི་འཁྲུལ་ཚུལ་དང༌། འབྲས་བུ་སྦྱང་བྱ་དངོས་བཤད་པའོ། །དང་པོ་ནི། དེ་ཉིད་མ་རྟོགས་གཟུང་འཛིན་གྱི༔ སྲིད་པའི་འཁོར་ལོ་སྣ་ཚོགས་པ༔ ཞེས་པ་སྟེ་སྦྱང་གཞི་བདེ་གཤེགས་སྙིང་པོའི་དབྱིངས་སུ་འཁྲུལ་པའི་དྲི་མས་རྡུལ་ཙམ་མ་གོས་པ། སྐྱོན་ཡེ་དག །ཡོན་ཏན་ལྷུན་རྫོགས་སུ་གནས་པ་སྟེ། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་ངོ་བོ་ལ་འཁྲུལ་པ་མེད་ཀྱང་ནང་གསལ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་ཆ་ཕྱིར་གསལ་དུ་གཡོས་ཏེ། གཞིའི་གནས་ལུགས་ཀྱི་ངོ་བོ་མ་འགྱུར་ཡང་གཞི་སྣང་རིགས་པའི་གདངས་ཕྱིར་མཆེད་པ་སྟེ། བཀྲ་ཤིས་མཛེས་ལྡན་ལས། ཀྱེ་མ་ང་ལ་འཁྲུལ་པ་མེད་ཀྱང་ངའི་རྩལ་ལས་འཁྲུལ་པ་བྱུང་སྟེ། གཞི་མི་འགྱུར་བ་ལས་རང་བཞིན་མ་འགགས་པར་ཤར་ནས་ཐུགས་རྗེ་མ་ངེས་པ་ལས་མ་རིག་པ་རང་བྱུང་སྟེ་དཔེར་ན་ནམ་མཁའ་ལ་སྤྲིན་ཡང་དག་པར་ཡོད་པ་མ་ཡིན་ཏེ་གློ་བུར་དུ་སྤྲིན་བྱུང་བ་དང་འདྲ་བར། གཞི་ལ་མ་རིག་པ་ཡོད་པ་ཅང་མ་ཡིན་ཏེ་ཐུགས་རྗེ་ལྟར་ཤར་བ་ལས་མ་རིག་པ་བྱུང་སྟེ། གཞི་ལྷུན་གྲུབ་ཀྱི་གནས་ལུགས་ཞེས་བྱ་བ་ཆགས་སོ། །དེ་ཡང་མ་ངེས་པའི་སྣང་བ་ཆེན་པོ་ཞིག་ཏུ་གནས་སོ། །ཞེས་པ་ལྟར། རིག་པའི་སྙིང་པོ་ངོ་བོ་སྐུ། རང་བཞིན་གསུང༌། ཐུགས་རྗེ་རིག་པའི་བདག་ཉིད་ཅན་གྱི་ལྷུན་གྲུབ་ཀྱི་གདངས་ཕྱིར་གསལ་དུ་ཤར་བའི་ཚེ་རང་སྣང་ཡིན་པར་ངོ་མ་ཤེས་ཤིང་འཁྲུལ་པ་མཆེད་རུང་གི་ཆ་ལུང་མ་བསྟན་པ་ནི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་དང༌། དེ་ལས་འཁྲུལ་པའི་བག་ཆགས་ཀྱི་ནུས་པ་སྨིན་ཏེ་རང་སྣང་རང་རྩལ་དུ་ངོམ་ཤེས་ཤིང༌། དཔྱོད་བྱེད་ཀྱི་ཤེས་པ་ཕྲ་མོ་ལྡང་བས་འཁོར་བར་ཕྱིར་ལྡོག་པའི་མགོ་རྩོམ་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང༌། གཞི་སྣང་ལ་ཡུལ་ཕྱི་རོལ་དང༌། ཡུལ་ཅན་ནང་རང་སེམས་གཉིས་སུ་འཛིན་པའི་བློས་ཞེན་ཅིང་རྟོག་པ་ཀུན་བརྟགས་ཀྱི་མ་རིག་པ་སྟེ། དེ་གསུམ་ཚོགས་པའི་ཚེ་གཟུང་འཛིན་གྱི་སྣང་བ་ཆེས་རགས་པའང་མ་མཆེད། འཁྲུལ་པའི་རྒྱུ་རྐྱེན་གྱི་ནུས་པ་ནི་ཚོགས་པའི་ཚེ་གཞི་ཁྱིམ་ལྟར་གནས་པ་ཞེས་འཁྲུལ་པའི་རྒྱུ་ཡི་རྐྱེན་དང༌། དེ་ལས་ཀྱང་སྣང་པ་ཆེར་མཆེད་པས་གཞི་སྣང་གི་ཡུལ་བཟང་ངན་ལ་ཆགས་སྡང་གི་སེམས་ཀྱིས་དགག་སྒྲུབ་ཀྱི་རྟོག་དཔྱོད་ཞུགས་པས་འཁྲུལ་པ་ཕྱི་མ་རྣམས་ཀྱི་འབྱུང་གནས་སུ་གྱུར་པ་བདག་པོའི་རྐྱེན། རྐྱེན་སྔ་མ་དེ་གཉིས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་སུ་འཛིན་ཏེ་ཡུལ་དབང་ཤེས་གསུམ་གྱི་རིག་པ་དང༌། ཚོར་བ་བདེ་སྡུག་གི་འབྲས་བུ་བྱུང་སྟེ་དེ་རྣམས་ལ་དམིགས་པའི་ཞེན་རྟོག་སྐྱེས་པ་དམིགས་པའི་རྐྱེན། དེ་དག་དུས་གཅིག་ཏུ་ཚོགས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏེ་དེ་བཞི་ཚོགས་པའི་བྱེད་ལས་ཀྱིས་གློ་བུར་དུ་འཁྲུལ་པའི་སྣང་བ་མཆེད་པ་སྟེ། རྒྱུད་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། སྣ་ཚོགས་ལུས་དང་ལོངས་སྤྱོད་དང༌། །གནས་དང་སྡུག་བསྔལ་སོ་སོར་སྣང༌། །ཞེས་སོ། །རྒྱུ་དེ་དག་གིས་འབྲས་བུ་སྲིད་པའི་གནས་ལུས་ལོངས་སྤྱོད་སྣ་ཚོགས་སུ་ཤར་ཞིང༌། བདེ་སྡུག་བར་མའི་སྣང་བ་མ་ངེས་པ་ལ་ལོངས་སྤྱོད་པར་ནང་སེམས་ཀྱི་བག་ཆགས་ཀྱི་རྟོག་བའི་རང་གཟུགས་སུ་སྣང་བ་སྟེ། པདྨོ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུ་པདྨོ་རྣམ་པར་རོལ་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཕྱི་རོལ་གྱི་ཡུལ་འདི་དག་བྱེད་པ་པོས་བྱས་པའམ། ཇི་ལྟར་བལྟ་བར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ་སེམས་སམ་རྟོག་པའི་བག་ཆགས་ཀྱིས་སྣང་བ་ཡིན་ནོ། །ཞེས་སོ། །དེ་ལྟར་སྲིད་པའི་སྣང་བ་སྣ་ཚོགས་པ་གང་དང་ཅི་ཤར་ཡང་རགས་པ་དཔེས་མཚོན་ན་ཡུལ་དེ་དང་དེའོ་སྙམ་པས་ངོས་ཟིན་པ་ནི་གཟུང་རྟོག་དང༌། སླར་ཡང་དེ་ལ་བཟང་ངན་དང་ཆགས་སྡང་གི་དཔྱད་པ་ཞུགས་ཤིང་དགག་སྒྲུབ་ཏུ་ཞེན་པ་ནི་འཛིན་པའི་རྟོག་པ་སྟེ། རྣམ་རྟོག་དེ་གཉིས་ཀྱི་བྱེད་པས་སྲིད་པའི་འཁོར་ལོ་མི་ཟད་པ་བསྐྱེད་པའི་ཚུལ་ཡང༌། གསང་སྙིང་ལས། རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་པ་ལྟར་ཕྱི་རོལ་གྱི་སྣང་བ་ཕྱི་ནང་གང་དུའང་བདེན་པར་གྲུབ་པ་མེད་བཞིན་དེར་འཛིན་གྱི་འཁྲུལ་སེམས་གློ་བུར་དུ་ཤར་བའི་རང་གཟུགས་ཏེ་གཟུང་འཛིན་དུ་ཞེན་པའི་བློར་མ་བརྟགས་ཉམས་དགའ་བ་ཙམ་དུ་བདེན་དངོས་སུ་ཡོད་པར་ཞེན་ཀྱང་རྒྱུ་རྐྱེན་རྟེན་འབྱུང་གི་རོལ་པ་ཙམ་ཞིག་གི་སྣོད་བཅུད་ལས་ཉོན་བདེ་སྡུག་གི་རང་བཞིན་སྣ་ཚོགས་པ་སྣང་བ་ལས་དངོས་སུ་ཞེན་སྣང་ལྟར་གྲུབ་པར་ཡོད་པ་མ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། མེ་ལོང་ངོས་སམ་འབྲུ་མར་སྣོད་དག་ཏུ། །བུད་མེད་ཁ་བཞིན་བརྒྱན་པས་བལྟས་པ་ན། །དོན་དུ་བཞིན་གྱི་དཀྱིལ་འཁོར་དངོས་མཐོང་ཡང༌། །ཡོད་པ་མ་ཡིན་མེད་པའང་མ་ཡིན་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལྟར་ལ། དེས་ན་སྣང་ཡུལ་སྣོད་བཅུད་སོགས་སྒྱུ་མ་དང་ཆུ་ཟླ་ལྟ་བུའི་སྣང་ཙམ་མ་འགགས་པ་རྒྱུ་རྐྱེན་ཚོགས་པའི་བྱེད་ལས་ཙམ་ཞིག་ལས་ཤར་བའི་དབང་གིས་འཁྲུལ་པ་ཁོ་ནའི་རྟེན་བྱེད་པའི་ངེས་གཟུང་ཅི་ཡང་མེད་དེ། གཟུང་འཛིན་ལས་གྲོལ་བའི་འཕགས་པ་རྣམས་ལ་སྣོད་བཅུད་སྒྱུ་མའི་སྣང་ཆ་མ་འགགས་པ་ཡོད་ཅིང༌། སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡུལ་དུ་འཁོར་བའི་འཁྲུལ་སྣང་གཟིགས་ཏེ་ཐུགས་རྗེ་གཡོས་པས་བྱིན་རླབས་འཇུག་པའི་ཚུལ་སྣང་བ་སོགས་སྣང་དུ་རུང་བ་དང༌། སྣང་ཡུལ་དེ་ལ་གཟུང་འཛིན་གྱིས་དགག་སྒྲུབ་འཁྲུལ་རྟོག་གི་ཞེན་སྣང་ཐམས་ཅད་སེམས་སུ་འདུས་ཤིང༌། རྩ་བ་དེ་ལས་འཁོར་བའི་འཁྲུལ་པ་ཐམས་ཅད་བྱུང་བས་གཟུང་འཛིན་གྱི་རྩ་བ་དབྱིངས་སུ་ཆོད་པས་སྲིད་པའི་བག་ཆགས་རང་དག་ལ་འགྲོ་བ་སྟེ། མུ་ཏིག་ཕྲེང་བ་ལས། སེམས་ནི་བག་ཆགས་ཀུན་གྱི་ས། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དང་བྲལ་ན་སངས་རྒྱས་པ། །ལུས་ཅན་ཀུན་གྱི་དྲི་མ་ཟད། །ཅེས་སོ། །གཉིས་པ་ནི། རྩ་དང་རླུང་དང་བྱང་ཆུབ་སེམས༔ ཀུན་གཞི་ཡེ་ཤེས་ཅིར་ཡང་སྣང་༔ ཞེས་པ་སྟེ། དེ་ཡང་ཟླ་གསང་ལས། དེ་ཡི་འཛིན་རྟོག་དབང་གིས་ནི། །འཇིག་རྟེན་གསུམ་པོ་རིམ་གྱིས་ཆགས། །ཞེས་པ་ལྟར་གཉིས་སྣང་དེའི་རྒྱུ་ལས་བསྐྱེད་པའི་འབྲས་བུ་ཕྱི་སྣོད་ཀྱི་སྲིད་པ་ས་འོག་ས་སྟེང་ས་བླའི་འཇིག་རྟེན་ནམ་མཁའི་དབྱིངས་སུ་འབྱུང་ལྔའི་སྟེང་དུ་རི་གླིང་རྒྱ་མཚོ་ཉི་ཟླ་གཟའ་སྐར་ལྷའི་གྲོང་ཁྱེར་དང་བཅས་པའི་དག་དང་མ་དག་སྣ་ཚོགས་མ་ངེས་བསམ་གྱིས་མི་ཁྱབ་པར་མནར་མེད་ནས་སྲིད་རྩེའི་བར་གྱི་ཐེམ་སྐས་བཀྲམ་པ་ལྟ་བུའི་གནས་དང༌། ནང་སྲ་གཤེར་དྲོ་གཡོ་གོ་འབྱེད་པའི་རྒྱུ་འབྱུང་གི་དྭངས་མ་ལས་རགས་པ་གདོས་བཅས། ཕྲ་བ་ཡིད་ལུས། ཆེས་ཕྲ་བ་ཀུན་གཞིའི་སྟེང་དུ་གནས་པའི་བག་ཆགས་ཙམ་གྱི་ལུས་གསུམ་གྱི་སྣང་བའི་ལུས་ངག་ཡིད་ཀྱི་རྟེན་གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་ཕྲ་རགས་ཀྱི་ཚུལ་དུ་འགྲོ་བ་རིགས་དྲུག་གི་ལུས་སུ་གྲུབ་པས་ཀུན་ཉོན་ཟག་བཅས་སྡུག་བསྔལ་ལ་ལོངས་སྤྱོད་པའི་རྟེན་དུ་སྣང་བའི་ལུས་དང༌། དེ་ལ་གནས་པའི་ཤེས་པ་ངོ་བོ་བླང་དོར་ལ་ རྨོངས་ཤིང་གཏི་མུག་པའི་མ་རིག་པ་ལ། རྣམ་པ་སྣང་ཡུལ་གང་དང་ཡང་མ་འབྲེལ་པའི་རྟོག་མེད་ལུང་མ་བསྟན་གྱི་བདག་ཉིད་ནི་བག་ཆགས་ཐམས་ཅད་ཀྱི་ས་བོན་བཞག་པའི་རྟེན་གྱི་ཀུན་གཞི་དང༌། དེ་ལས་སྔ་མ་དང་མི་མཚུངས་པའི་གསལ་རིག་གི་ཆ་དང་ལྡན་ལ། ཡུལ་གང་དང་ཡང་མ་འབྲེལ་བའི་འཁྲུལ་རྟོག་མཆེད་མ་རག་ནི་ཀུན་གཞིའི་རྣམ་ཤེས། ཡུལ་ལྔ་འཛིན་པའི་དབང་པོ་སྒོ་ལྔའི་རྣམ་ཤེས་རྟོག་མེད་དང་ཡིད་ཤེས། ངར་འཛིན་ཏུ་རློམས་སེམས་པའི་ཉོན་ཡིད་བཅས་རྣམ་ཤེས་ཚོགས་བརྒྱད་ཀྱི་གནས་དོན་ལུས་ཀྱི་སྣང་བ་གསུམ་རྟེན་དང་བརྟེན་པ་བཅས་པའི་ཁམས་གསུམ་འཁོར་བའི་གྲོང་ཁྱེར་ཆེན་པོ་བཀོད་པའི་ཚུལ་ཡང༌། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང༌། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་དང༌། སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་དང༌། ཟླ་གསང་ལས། ལས་དང་སྲིད་པའི་འཁོར་ལོ་ནི། །ལས་ཀྱི་འཕེན་པས་སྲིད་པར་འཁོར། །ཕྱི་ནང་རྟེན་འབྲེལ་འཇིག་རྟེན་བསྐྱེད། །ཉོན་མོངས་ལས་དང་སྡུག་བསྔལ་གྱི། །རྣམ་པ་གསུམ་དང་འཁོར་ཞིང་འགྲོ། །ཞེས་སོ། །འཁྲུལ་པའི་རྩ་བ་དེ་དག་ལ་བདེན་པར་ཞེན་ཅིང་སྡུག་བསྔལ་དང་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་པས་ཁམས་གསུམ་འཇིག་རྟེན་དྲུག་གི་གནས་རིས་མཐའ་ཀླས་པར་འཁྱམས་པའི་ཡིད་ཅན་རྣམས་ནི། རང་ལ་ཡོད་པའི་གནས་ལུགས་ཀྱི་བཞུགས་ཚུལ་ནི་ཆ་ཙམ་ཡང་མ་རྟོགས་པས་ཤི་བ་གཤིན་པོའི་རོ་དང་འདྲ་བར་འཁྲུལ་པ་སེལ་ཞིང་ཡོན་ཏན་མངོན་གྱུར་དུ་བརྟས་པའི་དོན་བྱེད་མི་ནུས་པར་ལྐོག་གྱུར་དུ་གནས་པས་ཕན་གནོད་བྲལ་ཞིང༌། ད་ལྟ་མངོན་གྱུར་དུ་སྣང་བའི་གཉིས་སྣང་གི་ཞེན་འཛིན་ཆེས་ཆེར་རགས་པས་དབང་བསྒྱུར་ཏེ་མ་དག་སྲིད་པའི་གནས་སུ་སྐྱེ་ཤི་བདེ་སྡུག་གི་སྣང་བ་བར་མ་ཆད་པས་མནར་ཞིང་གདུང་བར་བྱེད་པ་སྟེ། དཀོན་མཆོག་ཏཱ་ལ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་དང༌། ཏིང་འཛིན་རྒྱལ་པོ་ལས། རྟོག་ཅན་དག་གིས་ཡོད་དང་མེད་ཅེས་བརྟགས། །དེ་ལྟར་དཔྱོད་པས་སྡུག་བསྔལ་ཞི་མི་འགྱུར། །ཞེས་དང༌། གཞན་ཡང་མདོ་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །ཞེས་སོགས་གསུངས་པ་ལྟར་ལ། །འོན་ཀྱང་འཁྲུལ་པ་ཞེས་སུ་བཏགས་པའང་དཔྱད་ན་ཐོག་མའི་གཞི་ལའང་མི་གནས། མཐར་གཞིའི་གནས་ལུགས་མངོན་གྱུར་གྱི་ཚེའང་མེད་བཞིན་སྣང་བས་གློ་བུར་གྱི་སྤྲིན་དང་འདྲ་བས་སྒྲིབ་པའི་ཚུལ་བླ་མའི་མན་ངག་དང་ལྡན་པས་དོན་གནད་ཇི་བཞིན་དུ་རྟོགས་ན་མྱ་ངན་ལས་འདས་པ་འབྲས་བུའི་ཡོན་ཏན་ཀྱང་གཞན་དུ་ཚོལ་བྱར་མ་དམིགས་ཏེ། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་ལ། དེར་མ་ཟད་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ནས་གཞིའི་གནས་ལུགས་དོན་དམ་གྱི་བདེན་པའི་ངོ་ཁ་ཙམ་ཞིག་མ་ཡིན་པ་འཁྲུལ་སྣང་ཀུན་རྫོབ་ཀྱི་སྣང་བ་རྣམས་ཀྱང་སྣང་གྲགས་རིག་པ་རྡོ་རྗེ་གསུམ་གྱི་འཁོར་ལོར་གདོད་ནས་རྫོགས་པས་སྣང་སྲིད་ཕྱག་རྒྱ་ཆེན་པོ་འཇམ་དཔལ་ཡེ་ཤེས་ཀྱི་འཁོར་ལོ་ལས་གཞན་དུ་མ་དམིགས་པའི་གནས་ཚུལ་ཇི་བཞིན་དུ་རྟོགས་ན་སྡུག་བསྔལ་ཀུན་གྱི་བདག་ཉིད་སྤང་བྱ་དང་འཁྲུལ་པའི་རང་བཞིན་ཅན་དུ་མ་གསུངས་ཏེ། འཇམ་དཔལ་དྲི་མེད་གསང་རྒྱུད་ལས། གཟུགས་སྣང་སྒྲ་གྲགས་སེམས་རྟོག་ཀུན། །གཤེད་པོ་གཙོ་འཁོར་སྐུ་གསུང་ཐུགས། །ཀུན་རྫོབ་དཀྱིལ་འཁོར་ཐབས་སུ་བལྟ། །དོན་དམ་རང་བཞིན་མེད་པར་བལྟ། །ཞེས་དང༌། གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་རྣམས་ཉིད་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་དང༌། བསྡུས་རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཞེས་གསུངས་ལ། མདོར་ན་ཆོས་ཉིད་ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་བ་ཟུང་འཇུག་མཉམ་པ་ཆེན་པོའི་གནད་ཀྱིས་འོད་གསལ་བདེ་གཤེགས་སྙིང་པོའི་བཞུགས་ཚུལ་རང་ངོ་མ་ཤེས་པ་ལས་འཁྲུལ་པ་དང༌། ངོ་ཤེས་པ་ལས་གྲོལ་བ་ཞེས་བརྡར་བཏགས་པ་ལས་གཉིས་སུ་མ་དམིགས་ཏེ། རྣལ་འབྱོར་མའི་རྒྱུད་ཀུན་ཏུ་སྤྱོད་པ་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང༌། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ནི་དུ་མའི་གར་མཛད་དོ། །ཞེས་དང༌། རྒྱུད་གཞན་ལས་ཀྱང༌། ཉོན་མོངས་ཡེ་ཤེས་དབྱེར་མི་ཕྱེད། །མ་ཤེས་པ་ལ་ཁམས་གསུམ་སྟེ། །དེ་ཤེས་པ་ལ་སྐུ་གསུམ་ཀློང༌། །ཡེ་ནས་ཡིན་པས་བཙལ་མི་དགོས། །ཞེས་སོགས་གསུངས་པ་ལྟར་དོན་གྱི་གནས་ལུགས་སྒྲ་ཇི་བཞིན་པ་མངོན་དུ་གྱུར་པ་དག་ལ་ནི་སྣང་བའང་དེ་བཞིན་དག་པ་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་འཆར་བ་སྟེ། དཔལ་ས་སྐྱ་པ་ཆེན་པོའི་དབང་བཞིའི་ངོ་སྤྲོད་ལས། རང་བྱུང་ཡེ་ཤེས་སྐྱེས་པ་ལ། །རྟོགས་པ་ཀུན་ཀྱང་ཡེ་ཤེས་སུ། ངོ་བོ་ཉིད་ཀྱིས་འཆར་བ་ཡིན། །ཞེས་དང༌། རྣལ་འབྱོར་དབང་ཕྱུག་བཞད་པ་རྡོ་རྗེས། དེ་ལྟར་གནས་པའི་རྣལ་འབྱོར་པས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང༌། །ཞེས་གསུངས་པས་ན། གནས་ལུགས་ཡང་དག་པ་མངོན་སུམ་རྟོགས་པས་རྗེ་བོས་འབངས་ལ་དབང་བསྒྱུར་བ་ལྟར་འཁྲུལ་སྣང་རྒྱུ་དང་བཅས་པ་ཡེ་ཤེས་ཀྱི་དབྱིངས་སུ་དབང་བསྒྱུར་ཅིང༌། དེའི་བྱེད་ལས་ཀྱིས་ཀུན་ཉོན་སྲིད་པའི་འཁོར་ལོ་མིང་མེད་དུ་གཅོད་ཅིང་སྒྲིབ་པ་ཐམས་ཅད་རྣམ་པར་དག་པས་སྡུག་བསྔལ་དང་ཀུན་འབྱུང་གི་གཤེད་དུ་ཁྲོས་པ་ལྟར་སྟོན་པ་སྟེ་སྦྱངས་འབྲས་མཐར་ཐུག་གི་ཟག་མེད་ཀྱི་ཡོན་ཏན་ཀྱང་རྒྱུ་རྐྱེན་གྱིས་གསར་དུ་བསྐྲུན་པ་མ་ཡིན་ཏེ། འཁོར་ལོ་སྡོམ་པ་ལས། རང་བཞིན་ལྷུན་གྱིས་གྲུབ་པ་ལ། །རྒྱུ་དང་རྐྱེན་གྱིས་བསྐྱེད་པ་འཁྲུལ། །ཞེས་དང༌། ཀླུ་སྒྲུབ་ཀྱིས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་སོ། །དེ་ལྟར་སྦྱང་གཞི་བདེ་གཤེགས་སྙིང་པོ་རང་ལ་ཡེ་ནས་གནས་པ་དང༌། སྦྱང་བྱ་སྲིད་པའི་བག་ཆགས་རྒྱུ་དང་བཅས་པས་སྔ་མའི་གནས་ལུགས་བསྒྲིབས་པ་ལ། སྦྱོང་བྱེད་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་གྱི་རིམ་པ་ཟབ་མོའི་ཐབས་ལ་གནད་དུ་བསྣུན་པས་འཁྲུལ་པ་མིང་མེད་དུ་དག་ནས། སྦྱངས་འབྲས་སྐུ་བཞི་ཡེ་ཤེས་ལྔ་ལྡན་དོན་གཉིས་ལྷུན་རྫོགས་ཀྱི་དཔལ་ལ་སྤྱོད་ནུས་པའི་ཕྱིར་མདའ་འཕེན་པ་ལ་འབེན་ངོས་ཟིན་དགོས་པ་ལྟར་ཐོག་མའི་གཞི་ཡི་བཞུགས་ཚུལ་དང༌། དེ་མ་རྟོག་པ་ལས་འཁྲུལ་ཚུལ་ཉིད་བསམ་བྱུང་གི་ཤེས་རབ་ཟབ་མོས་སྒྲོ་འདོགས་བཅད་པ་མཆོག་ཏུ་གཅེས་པའོ། །ཐོག་མེད་སྲིད་རྩའི་ཟུག་རྔུ་འབྱིན་པའི་སྨན། །འཇམ་དཔལ་ཀུན་བྱེད་རྒྱལ་པོའི་བདུད་རྩིའི་ཞལ། མངོན་སུམ་འབྱེད་ཕྱིར་འཁྲུལ་སྣང་སྤྲིན་རྒྱའི་སྦུབས། །འབྱེད་པའི་མན་ངག་རླུང་ཤུགས་ད་སྐྱེད་ཅིག །གསུམ་པ་འདུལ་ཐབས་སྤྲུལ་པའི་འཁོར་ལོ་སྒོམ་པས་ཉམས་སུ་ལེན་ཚུལ་ལ་གཉིས། རྒྱུ་དབང་གིས་སྨིན་ཚུལ། འབྲས་བུ་ལམ་བྱེད་བཞིའི་རྣལ་འབྱོར་རོ། །དང་པོ་ནི། དབང་བསྐུར་བྱེད་ན་སྣོད་ལྡན་པའི༔ སློབ་མ་སོགས་ནས། སྨིན་བྱེད་དབང་གི་སྙིང་པོའོ༔ ཞེས་པ་སྟེ་ཀུན་གཞི་རྒྱུ་རྒྱུད་ཀྱི་ལྟ་བའི་གནས་ལུགས་ཡང་དག་པ་གཏན་ལ་ཕེབས་མ་ཕེབས་ཀྱི་སྐྱོན་དང་ཡོན་ཏན་ལེགས་པར་ཤེས་པའི་རྗེས་སུ། ལམ་ཐབས་རྒྱུད་ཀྱི་བསྐྱེད་རྫོགས་ཟུང་འཇུག་དང་བཅས་པ་ལ་བསླབ་དགོས་ཤིང༌། དེའི་ཐོག་མ་ཉིད་དུ་རིམ་པ་དབང་གི་ཆོ་ག་སྔོན་དུ་མ་སོང་བར་ལམ་ཉམས་སུ་ལེན་མི་རུང་སྟེ། ཟླ་གསང་ལས། དབང་བསྐུར་གནང་བ་མ་ཐོབ་པར། །གང་ཞིག་སྔགས་ལ་འཇུག་བྱེད་ཅིང༌། །ཉན་ཅིང་སྒྲུབ་པ་བྱེད་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དང༌། དབང་ཐོབ་པ་ལས་དོན་དུ་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་ཡོངས་སུ་རྫོགས་པ་ལ་སྤྱོད་ནུས་པའི་གདེང་ཐོབ་པ་དང༌། གཞན་དོན་དུ་ལས་བཞིའི་ཕྲིན་ལས་འབད་མེད་དུ་སྒྲུབ་པས་བསྟན་འགྲོའི་དོན་རླབས་པོ་ཆེ་རུང་བ་སྟེ། སྔ་མ་ལས། དབང་བསྐུར་གནང་བ་ཐོབ་གྱུར་ཅིང༌། །རིམ་པ་ཡན་ལག་རྫོགས་པ་ཡིས། །ལས་རྣམས་མ་ལུས་འགྲུབ་པར་འགྱུར། །ཞེས་གསུངས་ལ། དབང་དེ་ལའང་རྒྱུད་དང་མན་ངག་གི་ངེས་པས་དབྱེ་བསྡུའི་རྣམ་གྲངས་མང་དུ་གསུངས་ཀྱང༌། སངས་རྒྱས་མདུད་པ་ལས། ཇི་ལྟར་གསུངས་ཀྱང་རྣམ་པ་བཞི། །བུམ་པའི་དབང་དང་གསང་བའི་དབང༌། །ཤེས་རབ་ཡེ་ཤེས་དབང་མཆོག་དང༌། །དེ་བཞིན་བཞི་པའི་དབང་དུ་གསུངས། །ཞེས་པ་ལྟར་སེམས་ཅན་རྣམས་ལས་ཉོན་གྱི་གཞི་རྟེན་ལུས་ཡིན་ཅིང༌། ལུས་སྐྱེད་བྱེད་རྩ་ཡི་སྒྲིབ་པ་ཐོག་མར་སྦྱང་དགོས་པས། དེ་དང་རྣམ་པ་མཐུན་པའི་བླ་མ་སྐུ་རྡོ་རྗེས་བུམ་པའི་དབང་ཐོག་མར་བསྐུར་ཏེ། གཞི་འབྲས་ལྟོ་སྦྱར་བའི་བསྐྱེད་རིམ་དབྱིབས་ཀྱི་ལམ་བསྒོམས་པས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་སྐུ་མངོན་དུ་བྱེད་པ་དང༌། རྩ་དེ་ལ་གཡོ་བྱེད་ཀྱི་རླུང་བརྟེན་ཅིང་རླུང་དེས་ངག་སྒྲིབ་བསྐྱེད་པ་སྦྱང་ཕྱིར་བླ་མ་གསུང་རྡོ་རྗེ་སྲོག་རྩོལ་དག་པ་གསང་དབང་བསྐུར་བས། རླུང་ལམ་དུ་བྱེད་པ་སྔགས་ཀྱི་རྣལ་འབྱོར་གནད་དུ་བསྣུན་ཏེ། གསུང་རྡོ་རྗེ་ལོངས་སྐུ་མངོན་དུ་བྱེད་པ་དང༌། རྩ་ཁམས་སུ་རླུང་གིས་ཁྲིད་པའི་ཐིག་ལེ་འཕོ་འཛག་གི་སྒྲིབ་པའི་གཉེན་པོར། ཐུགས་རྡོ་རྗེས་ཐིག་ལེ་བདེ་ཆེན་དུ་སྨིན་ཕྱིར་ཤེར་དབང་བསྐུར་ཞིང༌། རང་ལུས་ཐབས་ལྡན་དང་གཞན་ལུས་གསང་རྩའི་གནད་ལ་བསྣུན་པའི་མཐུས། ཐུགས་རྡོ་རྗེ་ཆོས་སྐུ་བདེ་བ་ཆེན་པོའི་གནས་ལུགས་རྟོགས་པར་བྱེད་པ་དང༌། དེ་དག་གི་སྒྲིབ་པའི་ལྷག་མ་ཆེས་ཕྲ་བ་སྣང་གསུམ་འཕོ་བའི་བག་ཆགས་སྦྱང་ཕྱིར། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུས་བཞི་པ་དོན་དམ་གྱི་དབང་བསྐུར་ནས། ཀ་དག་དང་ལྷུན་གྲུབ་ཀྱི་སྣང་བ་ལམ་བྱེད་རྩོལ་མེད་ཟུང་འཇུག་གི་རྣལ་འབྱོར་གྱིས། མཐར་ཐུག་སྐུ་གསུམ་དབྱེར་མེད་པའི་གོ་འཕང་མངོན་དུ་ཐོབ་པའི་དབང་གིས་དབང་རྣམ་གྲངས་བཞིར་མཛད་པ་སྟེ། འདིར་ཡང་སྤྱིའི་ཁོག་སྔ་མ་ལྟར་ལ་བུམ་དབང་གི་རྗེས་འབྲེལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་རྫོགས་པའི་དབང་དང༌། མཐའ་རྟེན་བཀའ་སྲུང་མ་གཤིན་དྲེགས་པའི་སྲོག་དབང་དང༌། བཀྲ་ཤིས་ཚེ་ཡི་དབང་བཅས་ཁྱད་པར་གྱི་ཆོས་སུ་མཛད་པ་སྟེ། དེ་ལྟར་སྐུར་བ་པོ་སློབ་དཔོན་གྱི་མཚན་ཉིད་ཀྱང་རྒྱུད་ལས། ཤེས་རབ་ཡངས་པས་ཆོས་རྣམས་སྟོན། །ལྟ་བ་ཡངས་པས་ཕྱོགས་དང་བྲལ། །སྤྱོད་པ་མ་འགགས་ཐབས་སུ་སྤྱོད། །སྒོམ་པ་སྲན་ཆེ་འགྱུར་བ་མེད། །དམ་ཚིག་གང་ཡང་མ་ཉམས་པ། །དེ་ནི་དབང་ནོད་སློབ་དཔོན་ནོ། །ཞེས་དང༌། དབང་བསྐུར་བའི་ཡུལ་སློབ་མའི་མཚན་ཉིད་ཀྱང༌། སྐུ་གསུང་ཐུགས་ཀྱི་སྲས་བྱེད་པ། །སེར་སྣ་མེད་པའི་ཡོན་གྱིས་བསླུ། །འཁུ་ལྡོག་མེད་པའི་རྣལ་འབྱོར་པ། །དེ་ལ་དབང་རྣམས་རྫོགས་པར་བསྐུར། །ཞེས་གསུངས་ལ། དེ་ལྟ་བུའི་སྣོད་དང་བཅུད་ཐམས་ཅད་ཚོགས་པས་ཀུན་རྫོབ་བརྡ་ཡི་དབང་གིས་དོན་དམ་ཆོས་ཉིད་ཀྱི་དབང་གི་ནུས་པ་རྒྱུད་ལ་སད་པའི་མཐུས་རྡོ་རྗེའི་རྣལ་འབྱོར་ལ་རྫོགས་པར་སྤྱོད་པའི་སྐལ་བཟང་དུ་སྦྱོར་བ་སྟེ། སངས་རྒྱས་ཀུན་གྱི་བདག་ཉིད་ཆེ། །རྒྱལ་བ་ཀུན་གྱི་བྱིན་གྱིས་བརླབས། །དབང་བསྐུར་གནང་བ་ཐོབ་པས་སོ། །ཞེས་པ་ལྟར་སྤྱིའི་གནད་དེ་བཞིན་ཁོང་དུ་ཆུད་པས་ཇི་ལྟར་བསྐུར་པའི་ལས་འགྲིགས་དངོས་ནི་དྲག་སྔགས་རྒྱ་མཚོའི་ཤིང་རྟ་ཀུན་མཁྱེན་འཇིག་རྟེན་མིག་གཅིག་འཇམ་མགོན་གུ་ཎ་སཱ་རའི་གསུང་ཕྱག་རྒྱ་གསང་བའི་བཅུད་འདུས་ལྟར་ཤེས་བར་བྱ་བ་ཁོ་ནའོ། །ཡོན་ཏན་ཁྱད་པར་དང་ལྡན་པའི་དབང་དེའི་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་འབའ་ཞིག་ལ་རག་ལས་པས། ཐུན་མོང་ཁྱད་པར་རྩ་བ་ཡན་ལག་གི་དམ་ཚིག་རྣམ་པར་དག་པ་ཁོ་ན་འབད་པར་བྱ་དགོས་པ་སྟེ། ཟླ་གསང་ཐིག་ལེ་ལས། སྔགས་ཀྱི་དངོས་གྲུབ་དོན་འདོད་པས། དམ་ཚིག་སྲུང་ལ་བརྩོན་པར་བྱ། །གཞན་དུ་བྱས་ན་སྔགས་མཁན་གྱིས། །སྔགས་ལ་སོགས་པས་དོན་མི་འགྲུབ། །ཅེས་པ་ལྟར་རོ། །གཉིས་པ་ལ་བཞི། འཁྲུལ་སྣང་སྦྱོང་བྱེད་དབྱིབས་ཀྱི་རྣལ་འབྱོར། ཀུན་བརྟགས་ཀྱི་ཞེན་པ་སྦྱོང་བྱེད་སྔགས་ཀྱི་ཐབས། ཉོན་མོངས་ཀྱི་རྩ་བ་གསང་རྩའི་གནད། ཆོས་ཀུན་ཟད་སར་བསྐྱལ་བ་ཀ་དག་དང་ལྷུན་གྲུབ་ཀྱི་ལམ་ཁྱེར་རོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། འདུལ་ཐབས་སྤྲུལ་པའི་འཁོར་ལོ་ནི༔ སྣང་བ་སྦྱངས་སོགས་ནས། ཕྱག་རྒྱར་སྒོམ༔ ཞེས་པ་སྟེ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་འཁྲུལ་རྒྱུ་འཁོར་བའི་བག་ཆགས་སྦྱངས་ཤིང༌། བྲལ་འབྲས་མཐར་ཐུག་གི་ཡོན་ཏན་མངོན་དུ་བྱེད་པ་ལ་གནད་གཅིག་ཀྱང༌། སྦྱོང་བྱེད་ལམ་གྱི་མན་ངག་ལ་ཐབས་དང་ལྟ་བ་རྒྱ་ཆེ་ཆུང་གི་ཁྱད་པར་ཤིན་ཏུ་ཆེ་བ་སྟེ། ཧེ་རུ་ཀ་གལྤོ་ལས། མཚན་ཉིད་རྒྱུ་ཡིས་ཐེག་པ་ཡིས། །སེམས་ཅན་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་རྡོ་རྗེ་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་སྒོམ། །ཞེས་པ་ལྟར་མདོ་ལས་དོན་དམ་མཐའ་བརྒྱད་ལས་འདས་པའི་དེ་བཞིན་ཉིད་སྐྱེ་འགག་དང་བྲལ་བ་དང་ཀུན་རྫོབ་སྒྱུ་མ་ལྟར་བལྟ་བ་དང་མི་མཚུངས་པ་ཀུན་རྫོབ་བདེན་པའི་སྣང་ཆ་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་རང་བཞིན་ལྷུན་གྱིས་གྲུབ་པ་གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ་ད་ལྟ་ནས་མ་བཅོས་མ་བསྒྱུར་བ་ལྷག་པའི་ཀུན་རྫོབ་ཀྱི་བདེན་པ་དང༌། དེ་ཐམས་ཅད་ཀྱི་གནས་ལུགས་བསམ་གྱིས་མི་ཁྱབ་པ་རང་བཞིན་འོད་གསལ་གྱི་ཡེ་ཤེས་དག་པ་གཉིས་ལྡན་དང་འདུ་འབྲལ་མེད་པ་ལྷག་པའི་དོན་དམ་བདེན་པ་སྟེ། བདེན་པ་གཉིས་ཀ་རྣམ་པ་ལྷ་རུ་དག་ཅིང་རང་བཞིན་དབྱེར་མེད་དུ་མཉམ་པའི་དཀྱིལ་འཁོར་ཆེན་པོའི་དགོངས་པ་ནི་མཐར་ཐུག་གི་རྟོགས་བྱའི་ལྟ་བ་ཟབ་མོ་སྟེ། ཀུན་མཁྱེན་ཆོས་རྗེས། ངེས་པའི་སྙིང་པོ་བདེན་པ་དབྱེར་མེད་དེ། །སངས་རྒྱས་ཀུན་གྱི་གསང་བའི་མཛོད་ཁང་ཡིན། །ཞེས་དང༌། གཤིན་རྗེའི་རྩ་རྒྱུད་ལས། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ ལྷ་ཀླུ་མི་ཡི་སྲིད་པ་དང་༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ དབང་པོ་ལུས་ངག་ཡིད་གསུམ་དང་༔ ཐིག་ལེ་གནས་དང་ལོངས་སྤྱོད་གསུམ༔ རྟག་ཆད་དབུ་མ་མཐའ་དང་བཅས༔ སྐྱེ་འཇིག་གནས་པ་རང་རིག་གཞི༔ མ་ལུས་སྐུ་གསུམ་འདུལ་ཞིང་རྫོགས༔ རང་གིས་དབང་བསྒྱུར་སྤྱོད་པས་ན༔ གལ་དབང་རྫོགས་པའི་སྤྱོད་པའོ། ཞེས་སོ། རྒྱུ་མཚན་དེའི་དབང་གིས་སྤང་བྱ་འཁོར་བའི་གནས་ཚུལ་དང་མཐུན་པའི་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཉིད་ལྷ་དང་གཞལ་ཡས་རྟེན་བརྟེན་པའི་སྤྲོ་བསྡུའི་རྣམ་པ་གང་འདུལ་སྒྱུ་མའི་རོལ་པ་ཅིར་ཡང་འབད་མེད་ལྷུན་གྲུབ་ཏུ་སྣང་བ་ལྟར་བསྒོམས་ཏེ་ལམ་དུ་བྱས་པས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་གནས་ཚུལ་སྒྲ་ཇི་བཞིན་མངོན་གྱུར་དུ་དག་པ་གདུལ་བྱའི་དོན་མཛད་པ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །ཞེས་པ་ལྟར་ལྷ་སྐུ་ཞལ་ཕྱག་སྤྲོས་པ་ཅན་དབྱིབས་དང་ཁ་དོག་གི་རྣམ་པར་རོལ་པ་འཇམ་དཔལ་ཟིལ་གནོན་ཁྲག་འཐུང་འབར་བའི་རྗེ་བཙན་གྱི་སྐུ་བསྐྱེད་པ་ཕྱག་རྒྱའི་རྣལ་འབྱོར་འདུལ་ཐབས་སྤྲུལ་པའི་འཁོར་ལོ་ཞེས་གསུངས་པའོ། །གཉིས་པ་ལ་གཉིས། སྒྲུབ་པའི་ཐབས་དང༌། མན་ངག་ངེས་པའོ། །དང་པོ་ནི། ཨཿ རང་བཞིན་གདོད་ནས་མཉམ་པ་ཉིད༔ སྐྱེ་བ་མེད་པའི་སོགས་ནས། འཁོར་འདས་ཡོངས་རྫོགས་ཆེན་པོར་གསལ༔ ཞེས་པ་སྟེ་དེ་ཡང་ཟླ་གསང་རྒྱུད་སྡེའི་ཤིང་རྟ་གཅིག་པུ་ཀུན་མཁྱེན་ཟིལ་གནོན་དགྱེས་པ་རྩལ་གྱིས། སྙིང་པོ་དོན་གྱི་སྲུང་བ་ལས། ཨྱེ་ཨྱེ་ཨྱེ་ཞེས་རིགས་གསུམ་བརྗོད། །ཆོས་སྐུ་ཁྱབ་བརྡལ་ཆེན་པོ་ལས། །ཨྱེ་གཉིས་ལོངས་སྤྱོད་རྫོགས་པའི་སྐུ། །ཀུན་ཏུ་སྣང་ལ་མ་འགག་པར། །རོལ་པ་ཆེན་པོའི་རང་བཞིན་ལས། །ཨྱེ་གསུམ་སྤྲུལ་པའི་ཆོ་འཕྲུལ་ལས། །ཞེས་གསུངས་པ་ལྟར། གཞི་ལྟར་ན་སྟོང་པ་སྣང་བ་ཟུང་འཇུག་གསུམ། ལམ་ཏིང་འཛིན་གསུམ། འབྲས་བུ་སྐུ་གསུམ་སོགས་ལྷུན་གྱིས་གྲུབ་པར་མཚོན་པའོ། །དེས་ན་ཨེ་ཉིད་ནི་གནས་ལུགས་ཀྱི་དོན་ཏེ་ཡོད་མེད་སོགས་མཐའ་ཀུན་གྱི་སྟོང་པའི་ཆོས་དབྱིངས་སྣང་སྲིད་ཀྱི་ཆོས་ཀུན་གྱི་འབྱུང་གནས་སུ་གྱུར་པའོ། །དེའི་རང་བཞིན་ཇི་ལྟ་བུ་ཞེ་ན་གདོད་ནས་མ་སྐྱེས་པས་སྟོང་པ་དང༌། མ་འགགས་པའི་གསལ་བ་དབྱེར་མེད་པའི་ངང་ཚུལ་དུ་རང་བཞིན་གྱིས་གནས་པ་སྟེ། གདོད་ནས་རྣམ་པར་དག་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཐིག་ལེ་ཉག་གཅིག་ཅེས་བྱའོ། །འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དེའི་ངང་དུ་རྫོགས་ཤིང་འུབ་ཆུབ་པར་རྟོག་པ་ན། མ་ཧཱ་ཡོ་ག་མན་ཆད་ལྟར་རྒྱུ་རྐྱེན་ལས་ལྷ་བསྒོམ་པ་དང༌། ཨ་ནུ་ལྟར་སྔགས་བརྗོད་པ་ཙམ་ལའང་མི་ལྟོས་པར། ལྷུན་གྱིས་གྲུབ་པའི་རོལ་པ་ཆེན་པོའི་སྐུ་རུ་ཤར་བའི་ཚུལ་གྱིས་རྟེན་དང་བརྟེན་པ་གསལ་འདེབས་པའོ། །ཞེས་གཤིན་རྗེའི་བསྙེན་ཡིག་གི་ལྷན་ཐབས་དངོས་གྲུབ་སྒོ་འབྱེད་དུ་གསུངས་པ་ལྟར་འདིར་ཡང་གཞལ་ཡས་ཁང་ལྷུན་གྲུབ། ལྷ་ལྐོག་བཞེངས། སྔགས་ཐུག་ཕྲད་དུ་བགྲངས་པ་རང་བཞིན་ལྷུན་གྱིས་གྲུབ་པ་སྤྲོས་མེད་ཨ་ཏི་ཡོ་གའི་མ་ཧཱའི་བསྐྱེད་ཚུལ་ལྟར་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལས། ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་དང༌། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་གཉིས་འཛིན་རྣམ་པར་རྟོག་པའི་ཆ་ཐམས་ཅད་ཨ་ཞེས་ཆོས་ཉིད་སྐྱེ་མེད་མཚོན་པའི་ཡི་གེ་བརྗོད་པའི་སྒྲ་གདངས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ངང་དུ་ཐིམ་པ་ལས། ཡེ་ཤེས་ཀྱི་མཁྱེན་ཆ་འགགས་མེད་དུ་གསལ་བའི་རང་བྱུང་སྐྱེ་བའི་ཆོ་འཕྲུལ་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་དུ་སླར་ཤར་བ་གཉིས། ཟུང་འཇུག་མཉམ་པ་ཆེན་པོ་བློ་འདས་འོད་གསལ་བསམ་གྱིས་མི་ཁྱབ་པ་དོན་གྱི་གནས་ལུགས་མངོན་སུམ་དུ་རྟོགས་པ་ནི་སྣོད་བཅུད་བརྟན་གཡོ་འཁོར་འདས་ཐམས་ཅད་འདུས་པའི་སྟོང་སྲོག་ཐིག་ལེ་ཉག་གཅིག་སྟེ། ཨ་ཡིག་དེ་ཉིད་ཨེ་ཞེས་བསྒྱུར་བས་ཨེ་ཀ་ནི་གཅིག་པུ་སྟེ་འཁོར་འདས་ཐམས་ཅད་སྟོང་ཉིད་གཅིག་གི་ཆོ་འཕྲུལ་འགགས་མེད་ཀྱི་རང་རྩལ་ལས། ཇི་ལྟར་སྣང་ཡང་རང་བཞིན་སྐྱེ་མེད་ཀྱི་མཁའ་ལས་མ་འདས་པས་ཆོས་ཉིད་དེའི་རྣམ་རོལ་གང་འདུལ་རོལ་པའི་ཆོ་འཕྲུལ་རྡོ་རྗེའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཕྱི་འབྱུང་ལྔ། ནང་རང་ལུས་ཀྱི་སྲ་གཤེར་དྲོ་གཡོ་བུ་གའི་ཁམས། དེ་ཁོ་ན་ཉིད་སེམས་ཀྱི་རང་བཞིན་གསལ་སྟོང་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་རྣམ་པར་དག་པ་དབྱིངས་ཀྱི་ཡུམ་ཆེན་ལྔའི་མཁའ་ཀློང་མཚོན་པའི་ནམ་མཁའ་གྲུ་གསུམ། རླུང་དཀྱིལ་རྒྱ་གྲམ། མེ་དཀྱིལ་གྲུ་གསུམ། རཀྟའི་མཚོ་ཟླུམ་པོ། ཤ་ཆེན་གྱི་ས་དཀྱིལ་གྲུ་བཞི། ཀེང་རུས་ཀྱི་རི་རབ་བང་རིམ་བཞི་ལྡན་རྣམས་བརྩེགས་མར་གནས་པའི་སྟེང་པདྨ་ཉི་མ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ནམ་མཁའ་དང་མཉམ་པའི་འཇམ་དཔལ་ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབ་བརྒྱད་ལྡན། རིན་པོ་ཆེ་དང་ཐོད་པ་སྐམ་རློན་རྙིང་པའི་རྩིག་པ་རིམ་གསུམ་གྱི་སྟེང་ནས་ཐོད་པའི་དབྱིབས་ཅན་གྱི་ཕ་གུ་འཕྱར་ཐབས་སུ་གནས་པ་ལ། སྦྲུལ་གྱི་ཆུན་པོར་བརྒྱུས་པའི་ཐོད་ཕྲེང་གི་དྲྭ་བ་དྲྭ་ཕྱེད། རྒྱུ་མའི་ལྡ་ལྡི། ཙིཏྟའི་ཕོ་ལོང༌། རོ་རས་ཀྱི་མདའ་ཡབ། རུས་ཆེན་གྱི་མཆོད་རྟེན་མི་མགོའི་ཏོག་ཅན་བསྒྲིགས་པའི་པུ་ཤུ། འདོད་སྣམ་ལ་མཆོད་པའི་ལྷ་མོ་གར་བྱེད་པ། ནང་དུ་ཞིང་ཆེན་གྱི་ཀ་བ། ལྷ་བརྒྱད་ཀྱི་གདུང་མ། ཉི་ཟླའི་ཀ་གཞུ། ཀླུ་བརྒྱད་ཀྱི་ཕྱམ། རྒྱུ་སྐར་གྱི་དྲལ་མ། བ་དན་གྱི་ཀ་རྒྱན། བདུད་རྩི་ལྔས་ཐོག་ཞལ་བྱས་པ། ཞིང་གི་སྒོ་འགེགས། སྤྲུལ་གྱི་སྒོ་ཡི་སྐྱེས་བུ། ཁྱུང་གི་ཡ་ཕུབ། ཆུ་སྲིན་གྱི་མ་ཐེམས། གནམ་ལྕགས་ཀྱི་ཁོག་གཟེར་བཏབ་པ། དབུས་ཀྱི་གཙང་ཁང་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ་སོགས་མདོར་ན་དྲག་པོའི་གཞལ་མེད་ཁང་ཆེན་པོའི་ཚད་དང་མཚན་ཉིད་བརྡ་དོན་བཀོད་པ་རྒྱན་ཆས་ཐམས་ཅད་ཀུན་ཡོངས་སུ་རྫོགས་པས་འཇིགས་ཤིང་རྔམས་པ་སྐྱེ་གཡའ་བས་ཁོར་ཡུག་ཀུན་ཏུ་ཁྱབ་པར་བརྡལ་བ། མཐའ་སྐོར་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ་གྲུ་གསུམ་ཨེ་ཡི་ད་ལར་ཀླུ་མཐོང་བའི་དུག་ཅན་སྦྲུལ་འབུམ། གཉན་རྭ་ཡི་དུག་ཅན་ལྕོང་མོ་ཁྲི། ས་བདག་མཆེ་བའི་དུག་ཅན་སྦལ་ནག་པོ་སྟོང་སྟེ་དུག་གསུམ་རང་གནད་ཀྱི་ཁྲི་དྲེགས་པ་སྡེ་བརྒྱད་དང་བཅས་བའི་སྟེང་ཕྱོགས་སྐྱོང་བཅུ་མགོ་བོ་རང་རང་གི་ཕྱོགས་སུ་བསྟན་ཅིང་རྐང་པ་ནང་དུ་བསྣོལ་བའི་སྟེང་རཱུ་ཏྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་ལ་མ་ཧེ་བཞི་དང༌། གླང་རྒོད་བཞི་སྟེ་བརྒྱད་ཀྱིས་བརྫིས་པའི་གཉའ་བར་པདྨ་ཉི་ཟླའི་གདན་ལ་ཨ་ཡིག་ནམ་མཁར་གནས་པ་བབས་པ་སྐད་ཅིག་དྲན་རྫོགས་ཀྱིས་ཡོངས་སུ་གྱུར་པ་ལས་མཐའ་བརྒྱད་སྤྲོས་བྲལ་གྱི་དབྱིངས་སྟོང་པའི་ངོ་བོ་འགགས་མེད་རང་བྱུང་གི་ཕྱག་རྒྱ་རྟགས་ཀྱི་ཧེ་རུ་ཀ་འཁོར་འདས་ཐམས་ཅད་ཟིལ་གནོན་འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་ཆེན་པོ་ཐུགས་ཆོས་སྐུའི་ཀློང་ལས་མི་འགྱུར་བའི་སྐུ་མདོག་མཐིང་ནག་དུག་ཆེན་ཧ་ལའི་མདོག་ཅན། ཞལ་གསུམ་གཡས་ཞལ་དཀར་ལ་བཞད་པས་ཀླུ། གཡོན་ཞལ་དམར་ལ་གཤེ་བས་གཉན། དབུས་ཞལ་མཐིང་ལ་རྔམས་པས་ས་བདག་དང་དགྲ་བགེགས་ཐམས་ཅད་ཆེམ་ཆེམ་དུ་གསོལ་བ། རྒྱུ་དྲུག་དབྱིངས་སུ་སྒྲོལ་བའི་ཡེ་ཤེས་དྲུག་གི་ཕྱག་གཡས་གསུམ་གྱི་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་པས་བེ་ཅོན་གཏུན་ཤིང་སྡིགས་མཛུབ་སྟེ་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་ཅིང་ལྷག་མ་རྣམས་ཐད་ཀར་བརྐྱངས་ཏེ་འཛིན་པ། ཞབས་བཞི་དོར་སྟབས་ཀྱིས་རཱུ་ཏྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་དཔྱི་དང་སོག་ཕྲག་ཏུ་བརྫིས་པའི་སྐུ་ཡི་བ་སྤུ་ལས་རྡོ་རྗེའི་ཚྭ་ཚྭ་དང༌། བུ་ག་དགུ་ནས་ཐོག་དང་མེའི་འཚུབ་མ་འཕྲོ་ཞིང་དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཡོངས་སུ་རྫོགས་པ། དབུ་ལ་བདུད་སྲིན་བཙན་རྒྱལ་མུ་སྟེགས་ཀྱི་མགོ་ལྔའི་ཐོད་སྐམ་ལ་རིགས་ལྔ་ཁྲོ་བོ་ཡབ་ཡུམ་གྱིས་བརྒྱན་པ། དྲེགས་པའི་སྙིང་དང་ཀླུ་བདུད་ཀྱི་མགོ་ཕྲེང་གི་དོ་ཤལ་ཚར་གསུམ་སོགས་ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས་པའི་བདག་ཉིད་བདེ་བ་ཆེན་པོ་ཡེ་ཤེས་རིག་པའི་སྐུ་ཅན་ལ། དབྱིངས་དེ་བཞིན་ཉིད་གཟོད་ནས་སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་རང་བྱུང་ལྷུན་གྲུབ་ཀྱི་དམིགས་མེད་ཐུགས་རྗེའི་རང་རྩལ་སྲིད་རྩའི་ཉོན་མོངས་དུག་གསུམ་གྱི་གཤེད་དུ་ཡེ་ནས་ཁྲོས་པའི་ཤེས་རབ་ཡུམ་གྱི་ཕྱག་རྒྱ་བེ་ཏ་ལི་ཆེན་མོ། དམིགས་རྟོག་མཚན་མའི་འདུ་བྱེད་ལས་འདས་པའི་བརྡར་སྐུ་མདོག་མཐིང་ནག །ཐོད་སྐམ་གྱི་ཕྲེང་བའི་དོ་ཤལ་དང་དབུ་རྒྱན། གཟིག་ཤམ་སོགས་ཁྲོ་མོའི་ཆས་ཀུན་ཡོངས་སུ་རྫོགས་ཤིང༌། ཕྱག་གཡས་གྲི་གུག་དང་བཅས་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང༌། གཡོན་པས་ཐོད་པ་ཁྲག་གིས་གང་བའི་དབུས་སུ་སྙིང་གིས་མཚན་པ་ཡབ་ཀྱི་ཞལ་གཡས་སུ་སྟོབ་པ། ཞབས་གཡས་ཡབ་ཀྱི་སྐེད་དུ་འཁྲིལ་ཞིང་གཡོན་པ་བརྐྱངས་ཏེ་བདེ་སྟོང་མཉམ་པར་སྦྱོར་བའི་བདག་ཉིད་ཅན་གྱི་ཡབ་ཧེ་རུ་ཀའི་ཐུགས་ཀར་མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་ཡ་མ་རཱ་ཛ་སྐུ་མདོག་སྨུག་ནག །གཡས་འཁོར་ལོ་རྩིབས་བཅུ་དང་གཡོན་ཙིཏྟ་འཛིན་པ་ཉི་གདན་ལ་རོལ་པ། དེའི་ཐུགས་ཀར་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཕྱག་རྡོར་དྲེགས་པ་ཀུན་འདུལ་ལྗང་ནག་རྡོ་རྗེ་དང་སྙིང་ཕྲེང་བསྣམས་ཤིང་ཟླ་བའི་གདན་ལ་བཞུགས་པ། དེའི་ཐུགས་ཀར་བྱ་གྲུབ་ཡེ་ཤེས་འཁོར་འདས་ཀུན་གྱི་ཚེ་སྲོག་འཆང་བ་འཇིགས་བྱེད་ཆེན་པོ་རུས་སྦལ་སེར་པོ་དུག་ཁྲག་གི་ཐིག་ལེ་ཅན་ཡན་ལག་ལ་མཆོད་རྟེན་གྱི་རི་མོ་དང༌། སྡེར་མོ་ལྕགས་ཀྱུ་ཅན། ཉི་ཟླའི་མིག་བགྲད་ཅིང་ཁྲོས་པའི་ཞལ་ཐུར་དུ་བལྟ་བ་པད་གདན་གྱི་སྟེང་ན་གནས་པ་དང༌། གཙོ་བོའི་སྤྱི་གཙུག་ཏུ་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་ནམ་མཁའ་ལྡིང་དཀར་པོ་སྦྲུལ་ཟ་བ་དང༌། ཕྲག་གོང་གཉིས་སུ་ཁྱུང་སྨུག་ནག་གཉིས་ལྡིང་བ། སོག་ཁར་སྟག་མོ་རོ་ཟན་རྔམས་པ་གཉིས། ནུ་མའི་སྟེང་དུ་སེང་གེ་རལ་པ་སྤྲུགས་པ། སྟ་ཟུར་གཡས་གཡོན་དུ་དུག་སྦྲུལ་འཁྱིལ་ཞིང༌། སྤྱི་གཙུག་ཏུ་ཧཱུྃ་མཛད། ལྟག་པར་རྣམ་རྒྱལ། དཔུང་གཡས་གཤིན་རྗེ། མགྲིན་པར་རྟ་མགྲིན། དཔུང་གཡོན་བདུད་རྩི་འཁྱིལ་པ་བཅས་ཞལ་ནང་བསྟན་སྲུང་བའི་ལས་མཛད་པ། བརླ་གཡས་དབྱུག་སྔོན། གཡོན་དུ་གཞན་གྱིས་མི་ཐུབ་པ། ལྟེ་བར་མི་གཡོ། དཔྱི་གཉིས་ཀྱི་བར་དུ་ཁམས་གསུམ་རྣམ་རྒྱལ། གསང་གནས་སྟོབས་ཆེན་ལྔ་ལྗང་ནག་ཞལ་ཕྱིར་བསྟན་བྱད་བཤིག་གི་ལས་མཛད་པ། ཀུན་ཀྱང་འཁོར་ལོ་དང་སྡིགས་མཛུབ་ཅན། སྙིང་དབུས་སུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཞི་བའི་ཆས་ཅན་སེར་པོ་འཁོར་ལོ་དང་པདྨ་བསྣམས་པ། མགུལ་ནས་ཞབས་ཀྱི་ལོང་བུའི་བར་ཁྲོ་ཆུང་ཉི་རྡུལ་ལྟར་འཁྲིགས་པ་སོགས་རྒྱན་གྱི་ལྷ་དང༌། ཐུགས་ཙིཏྟ་རིན་པོ་ཆེ་གྲུ་གསུམ་གྱི་དབུས་སུ་ཟིལ་གནོན་ཡབ་ཡུམ་རྒྱན་ལྷ་དང་བཅས། རྩ་བར་ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། སྙིང་གི་རྩ་བཞིའི་མདུན་རྩར་ཡ་མ་རཱ་ཛཿ གཡས་མྱོས་བྱེད་འབར་བ། རྒྱབ་ཨཱརྻ་དམར་པོ། གཡོན་རལ་པ་ཚར་དགུ་ཡུམ་དང་བཅས་པ། དེའི་ཕྱི་རིམ་དུ་མུན་བདུད་ཡབ་ཡུམ། ལྟེ་བར་འཆི་བདག་བཅུ་གཉིས། ལྟོ་བ་ཁྲག་ཁྱམས་འོབས་སྲུང་བཅུ་དྲུག་སོགས་དང༌། ལག་གཡས་ཀྱི་མཐིལ་ལ་དཀར་པོ་སྙིང་འབྱིན། གཡོན་མཐིལ་མགོན་པོ་ནག་པོ། རྐང་གཡས་ཀྱི་མཐིལ་ལ་ཡབ་རྗེ་ནག་པོ། གཡོན་མཐིལ་དུ་སྐུ་མཆོག་དམར་པོ་སྟེ་ཕྱི་ནང་གི་གཙོ་བོའི་སྐུའི་རྒྱན་གྱི་ཚུལ་དུ་བཞུགས་པ་དང༌། ཡེ་ཤེས་ཀྱི་རོལ་རྩལ་ལས་སྤྲུལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་པ་ཀུན་ཀྱང་རྣམ་རོལ་གཙོ་འཁོར་སྤྲུལ་པ་སྣ་ཚོགས་སུ་དེ་བཞིན་དུ་སྣང་བ་ལས། དགོངས་ཀློང་ལ་བཟང་ངན་མ་མཆིས་པ་ཉི་མ་དང་འོད་ཟེར་བཞིན་དུ་ཤར་ཞིང༌། དེ་ལྟར་ཤར་བའི་དུས་ཉིད་ནས་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ཡེ་ཤེས་ཉིད་གང་འདུལ་སྒྱུ་མའི་བཀོད་པ་རང་བྱུང་རང་ཤར་གྱི་སྣང་སྟོང་གཉིས་མེད་མཁའ་ཁྱབ་ནམ་མཁའི་རྡོ་རྗེའི་བདག་ཉིད་ཁྲག་འཐུང་རོལ་པ་ཆེན་པོ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་འཆར་བ་འཁོར་འདས་ཡོངས་རྫོགས་མ་སྤངས་ལྷུན་གྲུབ་ཀྱི་བཀོད་པ་ལྷུན་རྫོགས་ཆེན་པོའི་བདག་ཉིད་དུ་གསལ་གདབ་པར་བྱའོ། །དེ་ལྟར་འཁོར་རྣམས་ལས་བྱང་ལས་དངོས་སུ་མ་བསྟན་པ་ཤུགས་ཀྱིས་གསལ་བ་བཞིན་འདིར་ཡང་མཚན་ཙམ་ལས་ཕྱག་མཚན་སོགས་ཞིབ་པར་ཡི་གེས་འཇིགས་ཏེ་མ་སྤྲོས་ལ། ཤེས་པར་འདོད་ན་གཞན་དུ་བལྟ་བར་བྱའོ། །གཉིས་པ་མན་ངག་གི་ངེས་པ་ལ་གསུམ། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པའོ། །དང་པོ་ནི། གཟུང་འཛིན་དྲེགས་པའི་གཤིན་རྗེ་ཡི༔ གཤེད་པོ་སེམས་ཉིད་འོད་གསལ་བ༔ རོལ་པ་འགགས་མེད་ལྷ་སྐུ་ཤར༔ དེ་ཉིད་སྒྲུབ་པའི་རྣལ་འབྱོར་ནི༔ ཞེས་པ་སྟེ་མ་དག་གཞན་དབང་གི་ཀུན་བརྟགས་འཁྲུལ་པའི་བློ་ཡི་སྣང་ངོར་ཤར་བའི་སྣོད་བཅུད་རྟེན་བརྟེན་པའི་ཀུན་རྫོབ་ཀྱི་སྣང་བ་འདི་དག་ཀུན་སྡུག་བསྔལ་བདེན་པའི་བདག་ཉིད་སྤང་བྱའི་རང་བཞིན་ལས་ཉོན་སྐྱེ་ཤིའི་འཁྲུལ་འཁོར་ཆེན་པོ་མི་ཟད་པ་བསྐྱེད་པའི་ཀུན་འབྱུང་འཁོར་བའི་ཆོས་ཀྱིས་ཡེ་ནས་རྣམ་པར་དག་པ་འབྱུང་ལྔ་ཡུམ་ལྔ། ཕུང་ལྔ་རིགས་ལྔ་སོགས་ལྷག་པའི་ཀུན་རྫོབ་དང༌། ཟབ་གསལ་གཉིས་མེད་ལྷག་པའི་དོན་དམ་སྟེ་བདེན་གཉིས་དག་མཉམ་ཆེན་པོའི་དོན་གྱི་གནས་ལུགས་མི་སྣང་བར་བསྒྲིབས་ཏེ་འཁོར་བའི་འཁོར་ལོ་གཟུང་འཛིན་རང་རྒྱུད་ལ་ཞེན་པས་དུག་གསུམ་ཐ་མལ་དུ་སྤྱོད་པའི་ཁམས་གསུམ་གྱི་མ་གཤིན་དྲེགས་པའི་རཱུ་ཏྲ་སྡེ་དང་བཅས་པ་བསྒྲལ་བའི་གཤེད་དུ་སྙིང་རྗེས་བཞེངས་པའི་འཇམ་དཔལ་ཡ་མཱནྟ་ཀའི་དཀྱིལ་འཁོར་ཆེན་པོའི་གསང་བ་གསུམ་གྱི་རྣམ་རོལ་ལས་གཞན་དུ་མ་དམིགས་པའི་བདག་ཉིད་གདན་གསུམ་ལྷའི་འཁོར་ལོ་ཆེན་པོའི་གནས་ཚུལ་དང་མཐུན་པའི་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་ལ་གནད་དུ་བསྣུན་པས། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་གདོད་ནས་དག་མཉམ་ཡེ་ཤེས་ཀྱི་ངོ་བོ་མངོན་དུ་གྱུར་ནས་ལྷག་པའི་ཆོས་སྐུ་ཆེན་པོའི་ཀློང་དུ་རྫོགས་ཏེ། འཁོར་བ་དང་མྱ་ངན་འདས་པའི་སྟོང་སྲོག་ནས་ཟིན་པས་སྣང་སྲིད་ཕྱག་རྒྱས་ཟིལ་གྱིས་གནོན་པའི་འཇམ་དཔལ་ཡ་མཱནྟཀའི་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པའི་བསྐྱེད་རིམ་སྣང་སྲིད་གཞིར་བཞེངས་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུར་འགྱུར་བའི་གནད་ཟབ་མོ་སྟེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། རྣལ་འབྱོར་ཆེན་པོ་ཆོས་ཀུན་མཉམ་པའི་ངང༌། །དབུ་མ་ཆེན་པོ་རོ་མཉམ་དག་པ་ལས། །ཁྱད་པར་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །དཀྱིལ་འཁོར་གཅིག་ཏུ་ཤེས་པས་རྣམ་བསྒོམས་ཏེ། །གང་ཡང་ཐབས་མཆོག་རྒྱལ་པོའི་གྲོགས་སུ་བསྒྱུར། །བསྐྱེད་རྫོགས་ཟུང་འཇུག་བདེན་པ་དབྱེར་མེད་ཉིད། །བསྒོམས་པས་ཚེ་འདིར་དངོས་གྲུབ་ཐོབ་པར་བཞེད། །ཅེས་དང༌། སྒྱུ་འཕྲུལ་དྲྭ་བ་ལས། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །ཞེས་གསུངས་ལ། སྙིང་པོའི་གནད་དོན་དེ་ལྟར་ཤེས་པས་ཐ་མལ་གྱི་སྣང་ཞེན་རགས་པ་སྦྱང་བའི་ཕྱིར་གོང་དུ་བསྟན་པའི་ལས་ཀྱི་བྱང་བུས་འཇམ་དཔལ་ཡ་མཱ་ནྟ་ཀའི་དཀྱིལ་འཁོར་གྱི་སྣོད་བཅུད་སྤྱི་ལ་སེམས་ཅི་ནུས་སུ་འཛིན་ཅིང༌། དེ་ལ་གོམས་པ་བརྟན་པའི་ཚེ་ཐ་མལ་གྱི་འཛིན་རྟོག་ཕྲ་བ་ནས་སྦྱང་ཕྱིར་དབུས་ཞལ་གྱི་སྤྱན་དབུས་མ་ནས་བཟུང་ཞལ་ཕྱག་ཕྱག་མཚན་སོགས་སྐུའི་རྣམ་པ། རྒྱན་ཆ་ཕྲ་མོའི་བར་རེ་རེ་ནས་སེམས་འཛིན་གྱིས་རིམ་ཅན་དུ་གསལ་བཏབ། བྱིང་རྒོད་ཀྱི་སྐྱོན་བསལ་བ་སོགས་བསམ་གཏན་གྱི་གེགས་སེལ་བོགས་འདོན་པའི་མན་ངག་རྣམས་ཚོགས་པར་བྱས་ཏེ། དང་པོ་གཙོ་བོ་ཡབ་ཡུམ། རྒྱན་དང་གོ་ཆའི་ལྷ་རྣམས་དང༌། དེ་ནས་འཁོར་དང་བཀའ་སྡོད་གཞལ་ཡས་ཁང་བཅས་མཐའ་ནས་དབུས། དབུས་ནས་མཐའ་སོགས་ཐབས་སྣ་ཚོགས་དང་ལྡན་པའི་སྒོ་ནས་ཉམས་སུ་བླང་བས། གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པར་འགྱུར་ཏེ། སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་ནུས་པས་ས་ལེ། དེ་ལ་ལྷག་མཐོང་རིག་པའི་གསལ་ཆའི་ངར་དང་ལྡན་པས་སང་ངེ༌། བ་སྤུའི་ཁུང་བུ་དང་དབུ་སྐྲའི་ཉག་མ་ཙམ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པ་ལས་ཐ་མལ་གྱི་བཞིན་ལག་ལྟ་བུ་མ་ཡིན་པས་ལྷག་གེ །རྗེས་དཔག་གི་བློས་རྒྱས་འདེབས་ཙམ་མ་ཡིན་པར་ཡིད་ངོར་མངོན་སུམ་བཞིན་དུ་འཆར་བས་ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི་དང༌། ལེ་ལོ་དང་བྱིང་རྒོད་སོགས་སྐྱོན་གྱིས་མི་གཡོ། མི་གསལ་བའི་མོག་པོ་དང་རབ་རིབ་སོགས་སུ་མི་འགྱུར། ཇི་ཙམ་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲ་མོས་ཀྱང་མི་བརྫི། སྐུ་མདོག་མ་ངེས་པས་ལྷ་གཙོ་འཁོར་བྱོན་བཞུགས་བཞེངས་ཉལ་སོགས་ཇི་ལྟར་བསྒོམས་ཀྱང་ཏིང་ངེ་འཛིན་གྱི་རྩལ་འབྱོང་བས་དེ་བཞིན་གསལ་ཐེབས་པས་ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ་བརྟན་པའི་ཚད་བཞི་བཅས་མཐར་ཕྱིན་གྱི་བར་བསླབ་པ་སྟེ། དེ་ལྟར་བསྒོམས་པའི་དགོས་པ་ཡང་པདྨའི་ལམ་རིམ་ཆེན་པོ་ལས། ཐ་མལ་གྱི་ཞེན་པ་སྦྱང་བ་ལ། རྣམ་པ་གསལ་བར་བསྒོམས་པས་ཐུན་མོང་གི་ཡོན་ཏན་ཐམས་ཅད་འབྱུང་སྟེ། གདན་ཆེ་ལ་བརྟན་པས་ཚེ་རིང༌། ཞབས་བགྲད་ཁམས་ཆེ་བས་སྡོད་ཚུགས། སྐུ་ལང་ཚོ་རྒྱས་ཤིང་ཡིད་དུ་འོང་བ་བསྒོམས་པས་ནད་ཉུང་ཁམས་བཟང༌། ཕྱག་མཚན་གསལ་བས་བསམ་པ་འགྲུབ། རྒྱན་ཚང་བས་འབྱོར་བ་བརྟན། ཞལ་དང་མཆེ་བ་སྐུ་མདོག་གསལ་བར་བསྒོམས་པས་ཐམས་ཅད་བཀའ་ལ་ཉན་ཅིང་སྣང་བ་དབང་དུ་འདུས་པའི་རྟེན་འབྲེལ་ལོ། །དེས་ན་གཙོ་འཁོར་སྐུ་མདོག་ཞལ་ཕྱག་ཐམས་ཅད་མ་ལུས་ཤིང་གསལ་བར་བསྒོམས་པས་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང་ཐུན་མོང་གི་ཡོན་ཏན་ཐམས་ཅད་འབྱུང༌། གསལ་བ་གང་ཡང་མེད་ན་ཡོན་ཏན་གང་ཡང་མི་འབྱུང་ངོ༌། །ཞེས་གསུངས་པ་ལྟར་བསླབ་པས་ཐ་མལ་སྣང་ཞེན་གྱི་བག་ཆགས་རྒྱུ་འབྲས་དང་བཅས་པ་ཡེ་ཤེས་ཀྱི་རོལ་པ་རུ་འཆར་བའི་ཐབས་བླ་ན་མེད་པའོ། །སྤྱིར་གོང་དུ་སྨོས་པ་ལྟར་གཞུང་འདིའི་དངོས་བསྟན་སྤྲོས་མེད་ཨ་ཏིའི་མ་ཧཱའི་བསྐྱེད་རིམ་ལྟར་གཞལ་ཡས་ཁང་ལྷ་དང་བཅས་པ་སྐད་ཅིག་དྲན་རྫོགས་སུ་བསྒོམ་པ་ལས་རིམ་གྱིས་པའི་བསྐྱེད་ཚུལ་ལྟར་རྟེན་བརྟེན་པ་རེ་རེ་ནས་མི་དགོས་ཀྱང་དང་པོའི་ལས་ཅན་གྱིས་ལྷ་གཙོ་འཁོར་དང༌། གཞལ་ཡས་ཁང་གི་བཞུགས་ཚུལ་གྱི་གོ་དོན་ཙམ་ངེས་ན་ལེགས་པར་སེམས་ཏེ་ཅུང་ཟད་སྤྲོས་ཏེ་བཤད་པའང་འགལ་བ་མེད་པར་ཤེས་པར་བྱའོ། །གཉིས་པ་ནི། སྟོང་ཉིད་མ་སྐྱེས་རང་བཞིན་ལ་སོགས་ནས། རང་ལ་རྫོགས༔ ཞེས་པ་སྟེ། སྡིག་པ་སྙིང་འཛིང་གི་རྒྱུད་ལས། སྣང་སྟོང་གཉིས་མེད་ཡེ་ཤེས་སྒྱུ་མའི་སྐུ། །རྟག་ཆད་མཐའ་ལས་འདས་པའི་ཡེ་ཤེས་ཉིད། །ཁོ་ན་ཉིད་དུ་གཉུག་མ་རྡོ་རྗེའི་སྐུ། །ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པར་གནས། །ཞེས་པ་ལྟར་རྣམ་པར་མི་རྟོག་པའི་སངས་རྒྱས་ཀྱི་ཡེ་ཤེས་སྲིད་ཞི་ཀུན་ཁྱབ་ཆེན་པོ་ལ། ཁ་མིག་རྣ་བ་ལ་སོགས་དབང་པོ་དང་གདོས་བཅས་ཀྱི་ལུས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་དེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། གང་གི་ཆོས་རྣམས་མ་སྐྱེས་པ། ནམ་མཁའ་འདྲ་བར་མཐོང་བ་དང༌། །མ་བཅིངས་པ་དང་མ་གྲོལ་བ། །དེ་ཡི་ཤེས་རབ་བླ་ན་མེད། །ཅེས་དང༌། ཧེ་རུ་ཀ་འདུས་པའི་རྒྱུད་ལས། མ་བཅོས་མི་གནས་དམིགས་དང་བྲལ། །བསམ་དཔྱོད་ཡོད་འཛིན་རྟོག་ལས་འདས། །ཅིར་ཡང་འདུ་ཤེས་མི་འཇུག་པ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ། །ཞེས་པ་ལྟར་ཡིན་ཀྱང༌། སྙན་བརྒྱུད་ཡང་ཕུར་ཟབ་ཏིག་ལས། རྡོ་རྗེའི་རང་བཞིན་སྟོང་པ་སྟེ༔ གཞོན་ནུ་ཡེ་ཤེས་སྒྱུ་མའི་སྐུ༔ ཟུང་འཇུག་ཤིན་ཏུ་རྣམ་དག་པ༔ ཆོས་སྐུའི་ཡོན་ཏན་ཐམས་ཅད་ཉིད༔ གཟུགས་ཀྱི་རྣམ་པ་ཤར་བ་ཉིད༔ ཅེས་པ་ལྟར་སྒྱུ་འཕྲུལ་རྩ་རྒྱུད་ལས། ཨ་ནི་སྟོང་དང་མི་སྟོང་གི །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །ཞེས་གསུངས་པའི་དོན་བཞིན་རང་བཞིན་སྐྱེ་བ་མེད་པ་ཀ་དག་སྟོང་པ་ཉིད་ཀྱི་གནས་ལུགས་ཀྱི་དོན་མཚོན་པར་བྱེད་པའི་ཡི་གེ་ཨ་ཉིད། གདངས་མ་འགགས་པའི་ཆོ་འཕྲུལ་སྣ་ཚོགས་པ་སྟོང་པ་ཉིད་ལས་ཤར་བ་ལྟར་ཨ་ཡི་གདངས་ཨེར་ཤར་བ་ནི་འཇམ་དཔལ་དྲག་པོའི་ས་བོན་ཏེ། དེ་ཡང་ཨེ་ཞེས་དབྱིབས་གྲུ་གསུམ་ཆོས་འབྱུང་དུ་སྣང་བའང་རྣམ་ཐར་སྒོ་གསུམ་དབྱིངས་ཀྱི་དཀྱིལ་འཁོར་དུ་མཚོན་པས་སྣང་སྲིད་ཀུན་ཀྱང་བདེ་སྟོང་ཡུམ་གྱི་མཁའ་ཀློང་ལས་མི་འདའ་བའི་དོན་དང༌། འབྱུང་བ་ནམ་མཁའི་ས་བོན་དུ་རང་གྱུར་པས་སྣང་སྲིད་ཀྱི་དངོས་པོ་ཐམས་ཅད་ནམ་མཁའི་ངང་དུ་ཚུད་ཀྱང་ནམ་མཁའ་ནི་དངོས་པོ་གང་གིའང་ཕྱོགས་སུ་མ་ལྷུང་ཞིང༌། ནམ་མཁའ་ཉིད་དངོས་མེད་སྟོང་རྐྱང་ཁོ་ན་མིན་པ་གོ་འབྱེད་པས་ཐམས་ཅད་ལ་ཁྱབ་པ་ལྟར་ཆོས་སྐུ་སྐྱེ་མེད་ཀྱི་དབྱིངས་སུ་འཁོར་འདས་ཐམས་ཅད་ཀྱང་ཚུད་པ་ལ་གནས་ལུགས་ནི་དེ་གཉིས་གང་གི་ཕྱོགས་སུའང་མ་ལྷུང་ཞིང༌། ཐམས་ཅད་དེ་ལས་མི་གཡོ། དེས་མ་ཁྱབ་པའང་མེད་པ་བཞིན་གདུལ་བྱའི་སྣང་ངོར་རྟོག་བྲལ་བདེ་བ་ཆེན་པོ་འོད་གསལ་ལྷུན་གྲུབ་ཀྱི་གཟུགས་སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་པ་ལ་འགལ་འདུར་མི་གནས་ཏེ། ཉང་གཏེར་བཀའ་བརྒྱད་རྩ་སྒྲུབ་ལས། དེ་ལྟར་སེམས་ཀྱི་ངོ་བོ་དེ༔ མ་རྟོག་འཁྲུལ་པ་འཁོར་བ་ཡིན༔ དེ་ཤེས་རྟོགས་པ་མྱ་ངན་འདས༔ ལྷ་སྐུ་སེམས་ཀྱི་རང་རྩལ་ཏེ༔ དངོས་པོར་བཟུང་ན་འཁྲུལ་པའི་ཕྱིར༔ ལྷ་ཡང་སེམས་ཉིད་ཆོས་སྐུར་གསལ༔ ཞེས་པ་ལྟར་སྣང་སྟོང་དབྱེར་མེད་མཁའ་ཁྱབ་ནམ་མཁའི་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་ཟག་མེད་འབྲས་བུའི་ཆོས་ཁམས་ཀྱི་སྤངས་རྟོག་ཟབ་མོའི་གསང་བ་རྗེས་སུ་མཚོན་པའི་ཕྱག་རྒྱར་བཞེངས་པ་སྟེ། དེ་ཡང་སྐུ་འབར་ཁྲོ་རྔམས་པའི་ཆ་ལུགས་སུ་བསྟན་ཀྱང་ཐུགས་ཆོས་ཉིད་རྟོག་བྲལ་གྱི་དབྱིངས་ལས་འགྱུར་བ་མེད་པའི་བརྡར་གཙོ་བོའི་སྐུ་མདོག་མཐིང་ག །གཏི་མུག་གནས་དག་ཆོས་སྐུ་སྤྲོས་བྲལ་གྱི་ཡེ་ཤེས་རྣམ་པར་མི་རྟོག་པ་རང་གི་ངོ་བོ་དམིགས་བསམ་མཐའ་བརྒྱད་ལས་འདས་པའི་སྟོང་པ་ཉིད་མཚོན་པས་དབུས་ཞལ་སྔོན་པོ། འདོད་ཆགས་གནས་དག་ལོངས་སྐུ་འགགས་མེད་ཀྱི་རང་རྩལ་བདེ་ཆེན་ཁ་སྦྱོར་བདུན་གྱི་སྒྱུ་འཕྲུལ་ཅིར་ཡང་འཕྲོ་བཞིན་མཚན་མའི་འདུ་བྱེད་ཀྱི་རྟོག་པའི་སྣང་བ་ཐམས་ཅད་དང་བྲལ་བ་མཚོན་པའི་གཡོན་ཞལ་དམར་པོ། །ཞེ་སྡང་གནས་དག་སྐུ་གཉིས་ཟུང་འཇུག་གི་གཤིས་ལ་སྤང་གཉེན་མཐའ་དག་ལས་འདས་པའི་སྲིད་ཞི་ཀུན་ཁྱབ་ཀྱི་ཐུགས་རྗེ་སྤྲུལ་པའི་རོལ་གར་དམིགས་གཏད་ཀྱི་སྨོན་པ་མེད་པ་གང་འདུལ་དུ་སྣང་བའི་མཚོན་བྱེད་གཡས་ཞལ་དཀར་པོ་སྟེ་རྣམ་ཐར་སྒོ་གསུམ་མཚོན་པའི་དབུ་གསུམ། སྲིད་པ་གསུམ་གྱི་བླ་མར་གྱུར་པས་གསང་གསུམ་ཆེ་བཙན་འགྲན་བྲལ་གྱི་རྟགས་སུ་དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ། ས་དགུའི་རྟོག་པ་དབྱིངས་སུ་འཇོམས་ཤིང་ཡེ་ཤེས་ཀློང་དགུའི་གཟིགས་པ་རྣམ་པར་དག་པས་སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིར་བ། སྐྱེ་བཞིའི་བག་ཆགས་དབྱིངས་སུ་གཅོད་པའི་བརྡར་མཆེ་བ་བཞི་གཙིགས་པ། དུག་ལྔ་ཡེ་ཤེས་ལྔའི་རྒྱན་དུ་རྫོགས་པས་ཐོད་སྐམ་རིགས་ལྔའི་དབུ་རྒྱན། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གདུལ་བྱའི་དོན་རྒྱུན་མི་ཆད་པའི་བརྡར་ཕྱག་དྲུག །སངས་རྒྱས་ཀུན་གྱི་ཟབ་ཅིང་རྒྱ་ཆེ་བའི་གསང་བ་ཟབ་མོའི་ཆོས་ཀྱི་མཛོད་ལ་དབང་བསྒྱུར་པའི་བརྡར་གཡས་ཀྱི་དང་པོས་གནམ་ལྕགས་འབར་བའི་འཁོར་ལོ། གདུལ་དཀའི་སེམས་ཅན་ཀུན་གྱི་ལས་ཉོན་སྡུག་བསྔལ་གྱི་འཆིང་བ་དྲན་པ་ཙམ་གྱིས་གཅོད་པའི་བརྡར་གཉིས་པས་རལ་གྲི། ཡེ་ཤེས་ལྔ་ལྡན་གྱིས་སྲིད་ཞིའི་མཐའ་ལས་འདས་པའི་བརྡར་གསུམ་པས་རྡོ་རྗེ་དང༌། ཁམས་གསུམ་ཚེ་འཆིའི་སྲོག་ལ་དབང་བསྒྱུར་བའི་འཇིག་རྟེན་དྲེགས་པའི་གཤིན་རྗེ་ཡོངས་ཀྱི་རྗེ་བཙན་དུ་གྱུར་པའི་བརྡར་གཡོན་གྱི་དང་པོས་བེ་ཅོན། ཆོས་ཉིད་སྟོང་པའི་དབྱིངས་སུ་ཆོས་ཅན་མཚན་མའི་རྟོག་པ་རྡུལ་དུ་འཐག་བའི་བརྡར་གཉིས་པས་གཏུན་ཤིང༌། དུག་གསུམ་རང་རྒྱུད་དུ་སྤྱོད་པའི་གདུག་པ་ཅན་ཐམས་ཅད་འདུལ་བའི་བརྡར་གསུམ་པས་སྡིག་མཛུབ་མཛད་པ། མཚན་གྱི་བཀའ་རྟགས་ཙམ་གྱིས་ཡེ་ཤེས་འཇིག་རྟེན་ཀུན་གྱི་སྟོང་སྲོག་ལ་མངའ་དབང་བསྒྱུར་བའི་བརྡར་རྡོ་རྗེ་རིན་པོ་ཆེའི་གཤོག་པ་ལ་སོགས་པའི་དཔལ་གྱི་ཆས་བརྒྱད་དང༌། རྣམ་ཐར་བརྒྱད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་ཚོགས་བརྒྱད་གནས་སུ་དག་པའི་དུར་ཁྲོད་བརྒྱད་ཀྱི་དཔའ་བོ་ཌཱ་ཀི་དབང་དུ་འདུས་པའི་རྟགས་སུ་གླང་ཆེན་གྱི་ཀོ་རློན་གྱི་ཕྱི་གོས་སོགས་དུར་ཁྲོད་ཀྱི་ཆས་བརྗིད་པར་སྤྲས་པ། ཚད་མེད་པ་བཞིས་ནམ་མཁའ་སྲིད་དུ་སེམས་ཅན་གྱི་དོན་མཛད་པ་ལ་རྒྱལ་དང་རྒྱལ་སྲས་ཀུན་གྱི་རྣམ་ཐར་ལས་རྨད་དུ་བྱུང་བའི་བརྡར་ཞབས་བཞི་བརྐྱང་བསྐུམ་དུ་བགྲད་པ། སྟོང་ཉིད་ཤེས་རབ་ཀྱི་དབྱིངས་ལས་འཕགས་བཞི་བསྐྱེད་པའི་བརྡར་ཡུམ་བེ་ཏ་ལི་མཐིང་སྐྱ། སྤྲོས་ཀུན་དབྱིངས་སུ་གཅོད་པའི་གཡས་པས་གྲི་གུག་དང༌། རྒྱུད་དྲུག་སྐྱེ་མེད་དུ་བསྒྲལ་ཞིང་གདུལ་དཀའ་ཐུགས་ཀྱིས་མི་འདོར་བའི་གཡོན་པས་བྷནྡྷ་སྙིང་གིས་སྤྲས་པ་འཛིན་པ། སྣང་སྲིད་བདེ་སྟོང་གི་རྒྱན་དུ་བཞེས་པས་ལང་ཚོས་སྒེག་ཅིང་རྒྱན་ཐམས་ཅད་ཀྱིས་སྤྲས་པ་གཉིས་ཀ་སྒེག་པ་དཔའ་བ་སོགས་གར་གྱི་ཉམས་དགུ་དང་ཁྲོ་བོའི་ཆས་ཐམས་ཅད་དོན་རྟགས་ཀྱི་ཚུལ་གཞན་ལས་འབྱུང་བ་ལྟར་དང༌། འདོད་ཆགས་གནས་དག་སྤྱི་བོའི་བྱ་ཁྱུང༌། ཕྲག་དོག་དག་པའི་ཕྲག་གོང་ཁྱུང་གཉིས། གཏི་མུག་དག་པའི་སོག་ཁར་སྟག་མོ། ང་རྒྱལ་དག་པའི་ནུ་སྟེང་སེང་གེ །ཞེ་སྡང་དག་པའི་སྟ་ཟུར་དུ་དུག་སྦྲུལ་བཅས་དང༌། མ་དག་འཁོར་བའི་སྐབས་སུ་ལུས་ངག་ཡིད་གསུམ་དང༌། དག་པ་མྱང་འདས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་རོལ་པ་སྤྲུལ་པ་གསུམ། འཁོར་བའི་ཕུང་པོ་ལྔ་གནས་སུ་དག་ཅིང་ཡེ་ཤེས་ལྔས་གདུལ་བྱ་འདུལ་བ་དང་འབྱུང་ལྔ་དག་སྟེ་སྤང་བྱའི་བདུད་བཞི་དབྱིངས་སུ་བཅོམ་ཞིང་འདུལ་བཞིའི་ཕྲིན་ལས་བསམ་མི་ཁྱབ་པའི་རྟགས་སུ་གཤེད་ཆེན་བཞི། ཡུལ་དབང་རྣམ་ཤེས་ཚོགས་བརྒྱད་རྟོག་པ་ཡེ་ཤེས་ཀྱི་ཀློང་དུ་རོལ་པའི་མོན་བདུད་བརྒྱད། རྟེན་འབྲེལ་བཅུ་གཉིས་དག་པའི་བདེན་དོན་འཕོ་བ་ཡན་ལག་བཅུ་གཉིས་མངོན་དུ་གྱུར་བའི་གཤེད་ཆེན་བཅུ་གཉིས། ལས་བཞིར་དབང་འབྱོར་སྒོ་བ་བཞི་སོགས་གང་འདུལ་དེར་སྣང་གི་དོན་རྟགས་ཡོངས་སུ་རྫོགས་ཤིང༌། དེ་ཐམས་ཅད་ཀྱང་ཐུགས་ཆོས་དབྱིངས་ཡེ་ཤེས་ཆོས་ཅན་ཐམས་ཅད་ལ་ཁྱབ་ཀྱང་ཕྱོགས་ལྷུང་མེད་པ་སྣོད་བཅུད་ཀུན་གྱི་རྟེན་གཞི་ནམ་མཁའ་ལྟ་བུ་ཆོས་དབྱིངས་ཡེ་ཤེས། ཆུས་དྲི་མ་ཐམས་ཅད་འཁྲུད་ཅིང་དྭངས་བསིལ་རྙོགས་པ་མེད་པ་བཞིན་མེ་ལོང་ཡེ་ཤེས་འབད་རྩོལ་མེད་པ་ཆོས་ཅན་ཐམས་ཅད་མཁྱེན་པས་མཁྱེན་ཆ་དྲི་མེད་དུ་གསལ་བ་དང༌། ས་ཡིས་བཟང་ངན་བླང་དོར་མེད་པའི་འདེགས་པ་བཞིན་མཉམ་ཉིད་ཡེ་ཤེས་ཀྱིས་སྲིད་ཞི་དབྱེར་མེད་དུ་མཁྱེན་པ། མེ་ཡིས་དངོས་སྣང་ཕྲ་རགས་ཐམས་ཅད་སྣང་ཞིང་གསལ་བར་བྱེད་པ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་སྲིད་ཞི་ཀུན་ལ་མཁྱེན་པ་གཉིས་ལྡན་གྱིས་ཁྱབ་པ། རླུང་ནི་ཀུན་ལ་ཁྱབ་ཅིང་ཐོགས་མེད་དུ་ཡུད་ཙམ་གྱིས་རྒྱུ་བ་ལྟར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་གདུལ་བྱའི་ཡུལ་ཀུན་ལ་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་ཟབ་མོ་ཐོགས་མེད་དུ་གཡོ་བས་དོན་མཛད་པ་སྟེ། དེ་ལྟར་འབྱུང་བ་ལྔ་དང་རྗེས་སུ་མཐུན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་འདུས་པའི་མཁྱེན་རབ་ཀྱི་དབང་ཕྱུག་ངེས་པ་དོན་གྱི་འཇམ་དཔལ་གཞོན་ནུ་ཉིད་འཁོར་འདས་བརྟན་གཡོ་ཀུན་གྱི་སྲོག་ཏུ་བཞུགས་པ་སྟེ། མཚན་བརྗོད་ལས། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང༌། །དངོས་པོ་ཀུན་གྱི་རང་བཞིན་མཆོག །སྐྱེ་མེད་ཆོས་དེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་དང༌། ཐམས་ཅད་མཁྱེན་པ་ཤཱནྟ་པུ་རིས། ཁམས་ཀྱི་རང་བཞིན་བདེ་གཤེགས་སྙིང་པོ་ཉིད། །ཐོག་མའི་མགོན་པོ་ཡེ་ཤེས་སྐུར་བཞུགས་ཀྱང༌། །ཕྲ་རགས་རྡུལ་གྱི་ཆོས་ཉིད་ལས་འདས་ཤིང༌། །ས་བཅུའི་དབང་ཕྱུག་གིས་ཀྱང་མཐོང་མི་ནུས། །དུས་གསུམ་རྒྱལ་བ་ཁོ་ནའི་རང་བཞིན་ནོ། །ཞེས་པ་ལྟར་ལ། གནས་ལུགས་དེའི་དོན་མངོན་དུ་གྱུར་པས་སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟར་སྲིད་ཞིའི་ཆོས་ཀུན་ལ་འདོད་དགུར་རང་དབང་བསྒྱུར་བ་སྟེ། བཀའ་བརྒྱད་གསང་རྫོགས་ལས། ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་གྲོལ་ལོ། །ཞེས་པ་ལྟར་ཡིན་ལ། ཆོས་ཉིད་དེ་ཁོ་ནའི་ངོར་གཞི་ལམ་འབྲས་བུའི་ཡོན་ཏན་ཐམས་ཅད་དབྱེར་མེད་གཅིག་ཏུ་ཚང་ལ་མ་འདྲེས་ལྷུན་གྱིས་གྲུབ་པས་རྫོགས་པ་སྟེ། བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། མདོར་ན་རྒྱུད་ཅེས་བྱ་བའི་དོན༔ དངོས་པོའི་གནས་ལུགས་གཞི་ཡིན་ཏེ༔ གཞི་ལས་གཞན་པའི་འབྲས་བུ་མེད༔ འབྲས་བུའི་ཚུལ་ལས་འདས་པ་ཡི༔ ལམ་གྱི་དགོས་པ་ག་ལ་མཆིས༔ དེ་བས་རྒྱུད་དང་འབྲས་བུ་དང༔ ལམ་ཞེས་གྲགས་པ་གདགས་པ་ཙམ༔ ཞེས་པའི་དོན་བཞིན་ཡིན་པའི་གནད་ཀྱིས་ད་ལྟ་བསྐྱེད་རིམ་གྱི་སེམས་འཛིན་ལ་ཡང་གཞི་འབྲས་གཉིས་མེད་ཀྱི་དག་པ་དྲན་པས་རྒྱས་འདེབས་ཉིད་མེད་དུ་མི་རུང་བ་སྔགས་བླ་མེད་ཀྱི་རྣལ་འབྱོར་ཐམས་ཅད་ལས་གསུངས་ཤིང༌། དེ་དག་ཀྱང་རྣམ་རྟོག་གི་ལྷན་པ་འདེབས་པའི་སྤྲོ་བསྡུ་ཁོ་ན་ཙམ་མ་ཡིན་པར་ཆོས་ཉིད་ཀྱི་ལྟ་བས་ཟིན་དགོས་ཏེ། དགྱེས་པ་རྡོ་རྗེའི་རྩ་རྒྱུད་ལས། ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་དང་ལྷན་ཅིག་སྐྱེས་པ་ལ། །སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས། །སེམས་ཉིད་བླ་མ་ལྷ་རུ་གནས། །ཞེས་གསུངས་པས་དགོངས་པ་མི་འགྱུར་བའི་གཟེར་ནི་བསྐྱེད་རིམ་གྱི་མདོ་འགག་ཟབ་མོ་མཐར་ཐུག་པར་གསུངས་ཤིང་དེ་ལྟར་དག་དྲན་དང༌། དགོངས་པའི་གཟེར་ཟུང་འབྲེལ་དུ་ཉམས་སུ་བླངས་པས་འཁོར་ཆོས་ཐམས་ཅད་ལྷར་དག །ལྷ་སྣང་ཡེ་ཤེས་སུ་དག །ཡེ་ཤེས་མངོན་དུ་གྱུར་པས་བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུར་འགྱུར་བ་སྟེ། ཀུན་གཟིགས་འཇམ་དཔལ་དགྱེས་པས། དེ་ལྟ་བུའི་ལྟ་བ་ཟབ་མོའི་གདེང་གིས་ཟིན་པའི་བསྐྱེད་རིམ་རྣམས་ཀྱང་ལྷུན་གྲུབ་སྣང་སྟོང་ཟབ་མོའི་བསྐྱེད་རིམ་ཞེས་རྫོགས་རིམ་དང་རོ་གཅིག་ཏུ་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ནི། ཡུལ་གསུམ་གྱད་དུ་གྱུར་པ་དང་༔ ཞེས་པ་སྟེ་དེ་ལྟར་གཞི་འབྲས་གཉིས་སུ་མེད་པའི་ལྷ་སྒོམ་པ་དེ་ཡང་རང་ཉིད་སྐྱོན་དང་བཅས་ཤིང་ལྷ་མ་ཡིན་པ་ཞིག་ལ་དག་སྣང་ལམ་བྱེད་ཀྱིས་ལྷ་ཡིན་པར་རྒྱས་འདེབས་ཙམ་ཡང་མ་ཡིན། ལྷར་འགྱུར་རུང་གི་བག་ཆགས་ཙམ་རང་རྒྱུད་དུ་ཡོད་པ་སད་བྱེད་ཀྱིས་ལམ་དུ་བསྒྱུར་བ་ལྟ་བུ་གང་ཡང་མིན་པར་འབྲས་བུའི་ཡོན་ཏན་མངོན་གྱུར་གྱི་བཅོམ་ལྡན་འདས་ཡ་མཱནྟ་ཀ་དང༌། སྒྲིབ་བཅས་རང་གི་གཉུག་མའི་རྡོ་རྗེ་གསུམ་གྱི་ངོ་བོ་ལ་ད་ལྟའི་དུས་ཉིད་ནས་སྤང་བླང་གཉིས་སུ་མ་དམིགས་ཏེ། རྨད་བྱུང་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལ། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་སོ། །ཡེ་ཤེས་དེའི་རང་རྩལ་ལས་ཤར་བའི་སྣང་སྲིད་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ཀྱང་ལྷའི་ཕྱག་རྒྱ་ལས་ནམ་དུའང་མི་འདའ་བས་བྲལ་སྨིན་འབྲས་བུའི་སྤང་རྟོགས་ལ་དབང་བསྒྱུར་བའི་སྲིད་ཞིའི་སྤྱི་དཔལ་འཇིགས་མཛད་ཧེ་རུ་ཀ་དངོས་ཉིད་ངའོ་སྙམ་པའི་ང་རྒྱལ་གྱི་ངེས་ཤེས་ཤུགས་དྲག་པོ་རྒྱུད་ལ་བསྐྱེད་པ་སྟེ་འཁྲུལ་པའི་རྩ་བ་ངར་འཛིན་གྱི་རྟོག་པ་ཉིད་ཆེད་དུ་མི་སྤོང་བར་ལམ་དུ་བྱས་པས་ཡེ་ཤེས་དག་པའི་ང་རྒྱལ་དུ་བསྒྱུར་བ་ཡིན་ལ། དེ་ལྟར་གསལ་བརྟན་དག་པ་དྲན་པ་དང་བཅས་པའི་ལམ་ངེས་རྫོགས་མཐར་ཕྱིན་པའི་རྣལ་འབྱོར་ལ་བརྩོན་པ་དང༌། དང་པོ་འཁྲུལ་རྟོག་གིས་ཏིང་འཛིན་དཀྲུགས་པ་ངོས་ཟིན་པ་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ། སྔ་མ་ལས་རྣམ་རྟོག་ཞི་གནས་ཀྱིས་མགོ་ནོན་པས་ངལ་སོས་ཤིང་ཏིང་འཛིན་རེས་གསལ་རེས་མི་གསལ་བ་ཐོབ་པའི་ཉམས་རོང་ཁུང་གི་ཆུ་ལྟ་བུ། དེ་ལས་ཀྱང་རྣམ་རྟོག་རྣམས་ཐང་ཆད་དེ་ཏིང་ངེ་འཛིན་ལ་བརྟན་པ་ཅུང་ཟད་ཐོབ་པ་གོམས་པའི་ཉམས་མི་རྒན་པོའི་སྤྱོད་པ་ལྟ་བུ། རྣམ་རྟོག་གིས་ཅུང་ཟད་བསྐྱོད་ཀྱང་ཏིང་འཛིན་ལ་རང་བཞིན་གྱིས་ནུས་པ་ཐོབ་པ་བརྟན་པའི་ཉམས་མཚོ་ཆུང་བསིལ་བུས་བསྐྱོད་པ་ལྟ་བུ། བྱིང་རྒོད་གང་གིས་ཀྱང་བསྐྱོད་དུ་མེད་པས་ཏིང་འཛིན་ལ་རང་དབང་ཐོབ་པ་མཐར་ཕྱིན་གྱི་ཉམས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་སྟེ་ཉམས་ལྔ་མཐར་སོན་གྱི་བར་གོམས་པས། རང་གི་ཡིད་ངོར་རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་སུམ་མ་འདྲེས་གསལ་རྫོགས་ཀྱིས་བཀོད་པ་ལྟར་གསལ་ནུས་པ་དང་པོ། དེ་ལྟར་ཡང་ཡང་སྦྱངས་པས་རང་གི་དབང་པོའི་སྤྱོད་ཡུལ་དུ་ལྷ་ཡི་འཁོར་ལོ་ཡོངས་རྫོགས་སུ་གསལ་བ་གཉིས་པ་དང༌། དེ་ལས་ཀྱང་གོམས་པ་ཆེར་བརྟས་ཏེ་རླུང་སེམས་ཀྱི་དྭངས་མ་ལྷ་སྐུར་སྨིན་པས་ཕྱི་རོལ་གཞན་གྱི་སྣང་ངོར་ཡང་རང་ལུས་ལྷའི་སྐུ་རུ་མངོན་སུམ་དུ་སྟོན་ནུས་པ་གསུམ་པ་ལུས་ཀྱི་ཡུལ་དུ་གསལ་བ་སྟེ། དེ་ལྟར་མཐར་ཕྱིན་པས་ཡུལ་གསུམ་གྱད་དུ་གྱུར་པ་ཞེས་བསྐྱེད་རིམ་ལ་བརྟན་པ་མཆོག་ཏུ་ཐོབ་པས་རྣམ་སྨིན་རིག་འཛིན་གྱི་ས་ལ་སྦྱོར་ནུས་པའོ། །དེ་ནི་ད་ལྟ་འཁྲུལ་པའི་སྐབས་སུ་ཕྱི་ནང་སྣོད་བཅུད་སྡུག་ཀུན་གྱི་སྣང་བ་མ་དག་པའི་ཞེན་འཛིན་གྱི་གཉེན་པོར་དག་པ་ཡེ་ཤེས་ཀྱི་གཟིགས་པ་དོན་གྱི་བཞུགས་ཚུལ་དང་མཐུན་པར་ལམ་དུ་བྱེད་པའི་སྐྱེད་རིམ་ལ་བརྩོན་པའི་ཚུལ་བསྟན་པས་སྣང་བའི་ཞེན་པ་སྦྱོང་བྱེད་ཅེས་གསུངས་པའོ། །གཉིས་པ་ཀུན་བརྟགས་ཀྱི་ཞེན་པ་སྦྱོང་བྱེད་སྔགས་ཀྱི་ཐབས་བཤད་པ་ལ་གཉིས། ཕྱི་རགས་པ་ངག་བཟླས། ནང་རླུང་རྡོ་རྗེའི་བཟླས་པའོ། །དང་པོ་ལའང་གསུམ། ཞི་བར་བསྙེན་པ། ཁྲོ་བོ་སྒྲུབ་པ། ལས་ལ་སྦྱར་བའོ། །དང་པོ་ནི། ལྷ་སྐུའི་ཏིང་འཛིན་བརྟན་པ་ན༔ ཐུགས་ཀར་འཇམ་དཔལ་སོགས་ནས། འབུམ་ཕྲག་དྲུག༔ ཅེས་པ་སྟེ་དེ་ཡང་སྔ་མ་བསྐྱེད་རིམ་ལ་བརྩོན་པའི་སྐབས་སུ་ལྷའི་གསལ་སྣང་གི་ཏིང་ངེ་འཛིན་གྱིས་སྐྱོ་བའི་ཚེའམ། བོགས་འབྱིན་ཐུགས་དམ་བསྐུལ་ཕྱིར་བསྙེན་པའི་རྣལ་འབྱོར་ལ་འཇུག་པ་སྟེ། དེ་ཡང་ལམ་འདི་ཉིད་ཀྱི་བསྙེན་སྒྲུབ་བྱེད་པའི་གང་ཟག་གིས་རྟེན་གནས་དུས་དང་ཡོ་བྱད་ཆོ་ག་སྟེ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང་བཅས་ཏེ། ཐོག་མར་ཉིན་ཁ་ཤས་ལ་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོས་རྒྱུད་སྔར་མ་སྦྱངས་པ་ཡིན་ན་སྐྱབས་སེམས་མཎྜལ་ཕྱག་དང་བླ་མའི་རྣལ་འབྱོར་རྣམས་གྲངས་འབུམ་ཕྲག་བསགས་པ་སོགས་སྤྱི་ལྟར་དང༌། རྒྱུད་འབྱོངས་ཟིན་གྱིས་ཀྱང་གསལ་འདེབས་ཀྱི་ཚུལ་དུ་ནན་ཏན་བསྒོམས་རྗེས། དཀར་ཕྱོགས་ཀྱི་འཕེལ་ཚེས་འཕྲོད་སྦྱོར་བཟང་པོའི་དགོང་ཐུན་ནས་བསྙེན་པའི་དབུ་འཛིན་པ་ལ། སྒྲུབ་གཏོར་སོགས་སྤྱི་བྱེ་བྲག་གི་ཕྱག་ལེན་རྣམས་འཇམ་དཔལ་དྲག་པོ་གཏེར་བྱོན་གང་ལྟར་བྱས་ཀྱང་འགལ་བ་མེད་མོད་ལས་བྱང་ཡེ་ཤེས་གསང་བའི་འཁོར་ལོའི་དགོངས་པ་ལྟར། ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པའི་གཏེར་བྱོན་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་གཞུང་ལྟར་ཚོགས་པར་བྱས་རྗེས། བརྒྱུད་འདེབས་སྐྱབས་སེམས་ཚོགས་བསགས་ཀྱི་རྗེས་མཚམས་ལྷའི་ང་རྒྱལ་གྱིས་གཞི་བགེགས་ཀྱི་གཏོར་མ་གཞུང་ལྟར་བྱིན་གྱིས་བརླབས། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿས་དཀར་ཕྱོགས་ཀྱི་མགྲོན་བཀུག་ལ། ཨ་ཀཱ་རོས་བསྔོས་ཏེ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཕྱོགས་སྐྱོང་སྡེ་བརྒྱད་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །འཇམ་དཔལ་གཤིན་རྗེའི་གཤེད་བསྙེན་ཅིང་སྒྲུབ་པའི་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས་ཤིག །ཅེས་དཀར་གཏོར་ཕྱི་རོལ་དུ་མཆོད། སླར་ཡང་བགེགས་གཏོར་མགྲོན་བཀུག་པ་སོགས་གཞུང་ལྟར་བྱས་རྗེས་བགེགས་བསྐྲད་ཟིན་པ་དང༌། རྒྱལ་ཐོ་ལ་མཆོད་གཏོར་འབུལ་ཞིང་ཕྲིན་ལས་བཅོལ། བརྟན་བཞུགས་བྱ། ལས་བྱང་གི་སྲུང་འཁོར་ནས་བཟུང་བསྙེན་དམིགས་ཀྱི་བར་སྤྱི་ལྟར་ལ། བསྙེན་པའི་ཐོག་མར་ལས་མཐུན་གྱི་བགྲང་ཕྲེང་བྱིན་རླབས་ཀྱང་བྱས་མཐར། བསྙེན་དམིགས་དངོས་ལ་གཙོ་བོའི་ཐུགས་ཀློང་འཇིགས་བྱེད་ཆེན་པོའི་ཐུགས་ཀར་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཞི་བ་སྐུ་མདོག་དམར་སེར་ཕྱག་གཡས་པས་རལ་གྲི། གཡོན་པས་ཨུཏྤལ་མཐེབ་སྲིན་གྱིས་བཟུང་བའི་སྟེང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གྱིས་མཚན་པ། ལོངས་སྤྱོད་རྫོགས་སྐུའི་ཆས་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཟེར་གྱི་ཀློང་ན་བཞུགས་པའི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་ཕུབ་པ་ལྟ་བུའི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཧཱུྃ་ཡིག་མཐིང་གསལ་ནམ་མཁའི་མདོག་ཅན་ཁ་དོག་གསལ་འཚེར་འབར་བའི་ཧཱུྃ་གི་ནཱ་ད་ལས་རྩ་སྔགས་འབྲུ་དྲུག་པའི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རང་སྒྲ་དང་བཅས་ཏེ་ཐོན་པ་ཡེ་ཤེས་སེམས་དཔའི་དབུའི་གཙུག་ཏོར་ནས་ཐོན་ཕྱག་རྡོར་དང་ཡ་མ་རཱ་ཛ་བཅས་པའི་དབུ་གཙུག་ནས་ཕར་འཕྲོས། གཙོ་བོའི་སྐུ་ཡི་ནང་ཐམས་ཅད་སྔགས་ཀྱི་ཕྲེང་བས་ཤིགས་སེ་ཁེངས། དེའི་བྱེད་ལས་ཀྱིས་གསལ་སྟོང་བདེ་ཆེན་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས། དེ་ལས་འོད་ཟེར་དཔག་མེད་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ལ་མཉེས་མཆོད་ཕུལ་ཏེ་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཐིམ་པས་སྔ་མ་ལས་ཀྱང་འོད་ཆེར་འབར་བས་ཁྱབ་ཏེ་ཡིད་ཅན་རྣམས་ཀྱི་སྒྲིབ་གཉིས་བསལ་ཞིང་སྣོད་བཅུད་རྣམ་པར་དག་པ་འཇམ་དཔལ་རྡོ་རྗེ་རྣོན་པོའི་གོ་འཕང་ལ་བཀོད། ཚུར་འདུས་པས་རང་རྒྱུད་ཀྱི་ཀུན་རྨོངས་མི་ཤེས་པའི་མ་རིག་གཙོ་བོར་གྱུར་པའི་ལས་ཉོན་མཐའ་དག་སྦྱངས་ཤིང༌། མཆོག་ཐུན་གྱི་དངོས་གྲུབ་སྤྱི་དང་ཁྱད་པར་མཁྱེན་གཉིས་ཀྱི་སྣང་བ་རབ་ཏུ་རྒྱས་པར་བྱས་མཐར། སླར་སྔགས་ཕྲེང་རྣམས་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་ཞུགས་ཏེ་ཧཱུྃ་གི་ཞབས་ཀྱུ་ལ་འདུས་པར་བསམས་ཏེ། ཨོཾ་ཝཱ་གཱི་ཤྭ་རི་མཱུྃ་ཞེས་པའི་རྩ་སྔགས་ཉིད་ཏིང་འཛིན་གྱི་རྩི་དང་མ་བྲལ་བས་བཟླས་པར་བྱའོ། །དེ་ཡང་བཟླ་བྱའི་སྔགས་ཀྱི་དོན་ནི། ཐོག་མར་ཞི་བ་ལ། ཨོཾ་ཝཱ་གཱི་ཤྭ་རི་མཱུྃ། །ཞེས་པ་སྟེ་ཨོཾ་ནི་སྐུ་ལྔ་ཡེ་ཤེས་ལྔ་ཡི་ཁྱབ་བདག་འཇམ་དཔལ་རྡོ་རྗེའི་ཐུགས་ཡེ་ཤེས་ཀྱི་གསང་བ་ཟབ་མོ་སེམས་དཔའ་གཞོན་ནུའི་ཚུལ་དུ་བསྟན་པ་དང༌། ཝཱ་གཱི་ཞེས་པ་ངག་སྟེ་འཁོར་འདས་བརྟན་གཡོའི་སྒྲ་དབྱངས་ཐམས་ཅད་ཀྱི་དཔྱིད་དཔལ། སངས་རྒྱས་ཀུན་གྱི་གསུང་རྣམ་པ་ཐམས་ཅད་པའི་བདག་ཉིད་ངག་གི་ལྷ་ནི་སྨྲ་བའི་སེང་གེ་ཉིད་ལས་གཞན་དུ་མ་དམིགས་པ་དང༌། ཨི་ཤྭ་ར་ཞེས་པ་དབང་ཕྱུག་སྟེ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་མཁའ་ཁྱབ་ནམ་མཁའི་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་གཅིག་ལ་ཕྱོགས་དུས་རྒྱལ་བའི་སྐུ་དང་ཞིང་གི་བཀོད་པ་བསམ་མི་ཁྱབ་པ་འཛིན་ཞིང་སྟོན་པའི་བྱེད་བོའམ་དབང་ཕྱུག་སྟེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་རྣམ་པ་ཐ་དད་པ་ལྟར་སྟོན་ཀྱང་ངོ་བོ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གཅིག་ཉིད་དུ་མར་ཤར་བ་ཙམ་ལས་མ་མཆིས་པས་ཐུགས་སྲོག་ཡེ་ཤེས་ཀྱི་ས་བོན་མཱུྃ་ཞེས་སྟོན་པ་སྟེ། མདོར་ན་མཚན་དང་སྐུ་ཡི་བཀོད་པ་རྒྱ་མཚོ་ལྟ་བུས་འཇམ་དཔལ་དབྱངས་ཀྱི་ལྷ་སྔགས་རྣམ་རོལ་བསམ་མི་ཁྱབ་པ་སྟོན་པ་ཐམས་ཅད་བསྡུ་ན་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་ལས་མ་འདས་པས་དེའི་ཡོན་ཏན་རྫོགས་པར་སྟོན་པའི་རིག་པའི་གསང་སྔགས་སུ་འདི་ཉིད་གསུངས་པས་ན། འཇམ་དཔལ་ཞི་བའི་སྔགས་ཐམས་ཅད་ཀྱི་རྒྱལ་པོ་རུ་གྱུར་པ་སྐབས་འདིར་བཟླ་བྱའི་སྔགས་སུ་བསྟན་པའོ། །དེ་ལ་སྤྱིར་ཟླ་གསང་ནག་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། དེ་ནས་འཇམ་དཔལ་འཇིགས་བྱེད་དེས། །ཞི་བ་མཉམ་ཉིད་སྔོན་འགྲོ་བཤད། །ཅེས་པ་ལྟར་ཡི་དམ་དྲག་པོའི་རིགས་དག་ལ་ཞི་བའི་བསྙེན་པ་སྔོན་དུ་སོང་བས་དགེ་ཞིང་ཤིས་པ་དང༌། ཁྱད་པར་མ་གཤིན་ཕུར་གསུམ་སོགས་དྲག་སྔགས་ཀྱི་སྐོར་རྣམས་ལྟ་དགོངས་ཏིང་འཛིན་དམན་པས་ཐོག་མ་ནས་བསྒྲུབས་ན་བར་ཆད་དང་འཁུ་ལྡོག་མང་ཞིང་ཆེ་བས་ཐོག་མར་ཞི་བའི་བསྙེན་པ་ཚད་དུ་འཁྱོལ་བས་བསྒྲུབ་པ་མན་ངག་གི་གནད་ཡིན་པ་དང༌། འདིར་ནི་ཞི་སྒྲུབ་ལོགས་སུ་མི་དགོས་པ་ཡི་དམ་གྱི་གཞུང་གཅིག་ལ་བརྟེན་ནས་ཞི་ཁྲོ་སྦྲག་སྒྲུབ་ཏུ་གསུངས་པས་བྱ་སླ་ཞིང་ཟབ་ཁྱད་དང་ལྡན་པའོ། །གཉིས་པ་ནི། བཟླས་ཏེ་ཁྲོ་བོར་སྒྲུབ་པ་ནི༔ སོགས་ནས། ནུས་པ་རྫོགས༔ ཞེས་པ་སྟེ་ཞི་བསྙེན་གྱི་ཚད་རྫོགས་པ་དང་ཁྲོ་བོའི་བསྙེན་པའི་སྒྲུབ་པ་ལ་འཇུག་དགོས་པས་དེའི་དམིགས་པ་ནི། སྔར་ལྟར་འཇམ་དཔལ་ཞི་བའི་ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐའ་བསྐོར་དུ་ཨེ་ཀ་ཧེ་དུན་སོགས་ཁྲོ་བོའི་རིག་སྔགས་ཀྱི་ཕྲེང་བ་ཤིན་ཏུ་ཕྲ་བ་འོད་ཟེར་ལྔ་ལྡན་འཕྲོ་ཞིང་རང་མདོག་མཐིང་ཞུན་གྱིས་བྲིས་པ་ལྟ་བུ་གཡས་སུ་འཁོར་བ་ལས་རང་འདྲའི་སྐུ་དང་སྔགས་ཕྲེང་འཁོར་ལོ་དང་བེ་ཅོན་སོགས་ཕྱག་མཚན་དང༌། འབར་བའི་མེ་ལྕེའི་ཕྲེང་བ། འོད་ཟེར་ལྔ་ལྡན་དང་བཅས་པ་མུ་མེད་དུ་སྤྲོས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ་པར་འཕྲོས། རྩ་གསུམ་རྒྱལ་བ་རབ་འབྱམས་ལ་མཉེས་མཆོད་ཕུལ། དེ་དག་གི་མཁྱེན་བརྩེ་ནུས་པའི་མཐུ་དབང་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུས། སླར་མ་དག་པའི་འཇིག་རྟེན་རྣམས་སུ་འཕྲོས། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས་ནས་བདེ་ཆེན་ཧེ་རུ་ཀའི་ས་ལ་བཀོད། ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་དཔག་ཏུ་མེད་པ་བསྒྲུབས། བརྟན་གཡོའི་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ནས་མཚོ་ལ་ཆར་བབས་པ་བཞིན་སྔགས་ཕྲེང་ལ་ཐིམ་པས་འཁོར་འདས་ཀྱི་ཡོན་ཏན་འདུས་པའི་དབྱིག་ཏུ་གྱུར་པ་དང༌། གཙོ་འཁོར་ཐམས་ཅད་ཀྱི་ཞལ་དང་བརྟན་གཡོའི་དངོས་པོ་ཀུན་ཀྱང་ལྷ་སྔགས་གཉིས་མེད་རང་བྱུང་གསང་བ་ཆེན་པོའི་སྒྲ་གདངས་སུ་འུ་རུ་རུ་བུང་བ་ཚང་ཞིག་པ་ལྟར་གྲགས་སྟོང་དབྱེར་མེད་དུ་སྒྲོགས་པས་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འགྲུབ་པར་མོས་ཏེ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ཞེས་པ་ཉིད་ཆུ་བོའི་རྒྱུན་ལྟར་བཟླ་བ་སྟེ། འདི་ལ་སྒྲུབ་པའི་སྐབས་སུ་གཞུང་གཞན་བཞིན་བཟླས་པའི་མགོར་ཛཔ་ཁང་ཕྱེས་ཏེ་བདག་མདུན་གྱི་ཞལ་དང་སྐུ་ཡི་དབྱིབས་བརྒྱུད་པའི་དོ་ལིའི་བཟླས་པ་བྱས་ཀྱང་རུང་བར་སེམས་ཤིང༌། དེ་ཡང་སྤྱིར་སྔགས་ཀུན་ཆོས་ཉིད་མ་བཅོས་རྣལ་མ་བརྗོད་པ་ཐམས་ཅད་དང་བྲལ་བའི་དོན་བརྗོད་པ་ཀུན་གྱི་སྲོག་ཏུ་ཞུགས་པས་ཐབས་དང་ཤེས་རབ་གཉིས་མེད་དུ་འབྲེལ་བའི་ཡི་གེ་འཁོར་ལོའི་སྤྲིན་ཆེན་པོ་རུ་ཤར་བས་ལྷ་སྔགས་གཉིས་སུ་མེད་པའི་འཁོར་ལོ་གྲུབ་པ་བཞི་ལྡན་གྱི་ཚུལ་དུ་རང་ཤར་བ་སྟེ། སྔགས་ཀྱི་ཡིག་འབྲུ་ཐམས་ཅད་བརྗོད་བྱའི་རྣམ་པ་རུ་ཤར་ཡང་ཤར་བའི་དུས་ཉིད་ནས་རང་བཞིན་སྐྱེ་མེད་སྟོང་པའི་དབྱིངས་སུ་མ་གཡོས་པར་གནས་པ་སྲོག་ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ། སྔགས་རང་རང་གིས་དང་པོ་ལྷའི་ཐུགས་དམ་བསྐུལ་བ་དང༌། བར་དུ་ལྷ་དང་གཉིས་མེད་དུ་སྒྲུབ་པ། མཐར་ལྷ་སྔགས་གཅིག་འདྲེས་ཀྱི་ཐུན་མོང་མིན་པའི་གྲུབ་པ་གང་ཞིག་བསྒྲུབ་པར་བྱ་བ་རྟེན་འབྲེལ་གྱི་ནུས་པས་བསླུ་མེད་དུ་སྒྲུབ་ནུས་པ་མཚན་ཉིད་ཆོས་ཅན་རང་བཞིན་གྱིས་གྲུབ་པ། སངས་རྒྱས་ཀྱི་ཡེ་ཤེས་གདུལ་བྱའི་དོན་དུ་གང་འདུལ་སྔགས་ཀྱི་རོལ་པ་འབད་མེད་ལྷུན་གྲུབ་ཏུ་བསྟན་པས་རྣམ་པ་བྱིན་གྱི་རླབས་ཀྱིས་གྲུབ་པ། མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་ནུས་པ་སྔགས་དེ་དག་ལ་ནོར་བུའི་མཆོག་བཞིན་ཡོད་པས་བྱེད་ལས་ནུས་པའི་མཐུས་གྲུབ་པ་སྟེ། དེ་ལྟར་གྲུབ་པ་བཞི་ལྡན་གྱི་སྔགས་དེ་ཡང་ལས་དང་པོ་བའི་དུས་སུ་ལྷ་ཉིད་སྔགས་ཀྱི་རྣམ་པར་རོལ་པས་དངོས་གྲུབ་སྒྲུབ་པའི་ཐབས་སུ་སྣང་བ་ལ་བརྟེན་ནས་བཟླས་པས། མཐར་སྔགས་ཉིད་ལྷའི་རོལ་པ་རུ་ཤར་ཏེ་ཞལ་བསྟན་པ་སོག་དངོས་གྲུབ་ལ་སྦྱོར་བས་ལྷ་སྔགས་གཉིས་སུ་མེད་པའི་གནད་འདི་ཤེས་པར་བྱ་དགོས་ཏེ། ཇི་སྐད་དུ། ཀུན་ཀྱང་ཆོས་ཉིད་མ་བཅོས་པའི། །མ་འགགས་རང་སྣང་རོལ་པའི་རྩལ། །ཆོས་ཀུན་སྙིང་པོར་གྱུར་པ་ཡི། །འཇམ་དཔལ་གཞོན་ནུ་ཡིན་པར་བཤད། །ཅེས་གསུངས་ལ། །བྱེ་བྲག་ཏུ་སྐབས་སུ་བབ་པའི་བཟླ་བྱའི་སྔགས་ཀྱི་དོན་ཡང་ཀུན་མཁྱེན་གཉིས་པའི་དགོངས་གཏེར་གཤིན་རྗེ་འཆི་བདག་ཟིལ་གནོན་ལས། ཨེ་ནི་ཕྱག་རྒྱ་ཟིལ་གནོན་ཏེ༔ ཀ་ནི་ཚེ་བདག་ནག་པོར་རྫོགས༔ མ་ནི་ཡ་མ་ར་ཙ་སྟེ༔ མ་ནི་རྡོ་རྗེ་ཁྲོས་མའོ༔ ཧེ་ནི་བྱ་ཁྱུང་རྒྱལ་པོ་སྟེ༔ དུན་ནི་ལས་ཀྱི་འཆི་བདག་གོ༔ སྙིང་ནི་ཁྱུང་མོ་རྣམ་གཉིས་ཏེ༔ ཁྲག་ནི་དྲེགས་པ་འཇོམས་བྱེད་དོ༔ ར་ནི་ཞེ་སྡང་སྦྲུལ་ནག་སྟེ༔ ཡ་ནི་བདུད་མོ་ཁྲག་རལ་ཅན༔ ཙ་ནི་སྲོག་བདག་རུས་སྦལ་རྔམས༔ ཡ་ནི་སྲོག་བདག་ལས་གཤིན་ཚོགས༔ མི་འགྱུར་རྩ་བའི་སྙིང་པོར་བཤད༔ ཅེས་ལྷ་སྔགས་སྦྱར་ཏེ་གསུངས་པ་ལྟར་དེ་ཐམས་ཅད་ཀྱི་སྲོག་གི་ཡང་སྙིང་གཅིག་ཏུ་དྲིལ་ནས་བཟླས་པས་དངོས་གྲུབ་ཁྱད་པར་ཅན་འཐོབ་པར་བྱེད་ནུས་ལ། དེ་ཡང་སྐབས་འདིའི་རྩ་སྔགས་ནི་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཨ་ཛི་ཏས། དེ་ནས་སྐུ་ཡི་སྔགས་དྲག་པོ་སྔགས་ཀྱི་འབྲུ་བཅུ་གཉིས་པ་དེ་ནི་ཞལ་གྱི་དམོད་པ་དྲག་པོ་མངོན་དུ་ཕྱུང་བ་གསང་ཆེན་རིགས་གཅིག་ཏུ་དྲིལ་བའི་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ་ཀུན་གྱི་མགོ་ལ་བགྲང་བར་བྱའོ། །ཞེས་གསུངས་པ་ལྟར་གཤིན་རྗེའི་དྲག་སྔགས་ཐམས་ཅད་ཀྱི་རྩ་བ། ལྷ་སྔགས་ཀུན་འདུས་པའི་བདག་ཉིད་ལྟ་བུ་ཡིན་ཞིང༌། བསྙེན་པའི་ཚད་ཀྱང་ཟླ་གསང་ལས། ཚང་ཞིང་རྫོགས་པའི་གྲངས་བསྙེན་ལ། །འཁོར་ཞིང་ཕྱིན་པ་དུས་བསྙེན་ཡིན། །མཐོང་ངམ་ཐོས་སམ་ཉམས་སུ་ལེན། མཚན་མའི་བསྙེན་པ་རྫོགས་པ་དང༌། །ཞེས་པ་ལྟར་དུས་གྲངས་མཚན་མའི་བསྙེན་པ་གསུམ་ལས། དང་པོ་ནི་ཟླ་བ་དྲུག་གི་ཁྱོན་ལ་གསུམ་ཞི་བསྙེན། གསུམ་དྲག་བསྙེན་བཟླས་པའམ། གཉིས་པ་ཞི་བསྙེན་འབུམ་ཕྲག་དྲུག་དང༌། ཁྲོ་བསྙེན་འབུམ་ཕྲག་བཅུ་དྲུག་ཅེས་གཞུང་གི་དངོས་བསྟན་དང༌། རྩོད་དུས་ལ་དེ་ལས་བཞི་འགྱུར་སོགས་སྤྱི་ལྟར་དང༌། གསུམ་པ་ནི་ལྷས་ཞལ་མཐོང་བ་དང༌། ལུང་བསྟན་པ། རྟོགས་པའི་གདེང་ཚད་རྙེད་པ་སོགས་ཐུན་མོང་དང་ཐུན་མིན་གྱི་རྟགས་ཀྱི་རིམ་པ་རྣམས་དངོས་ཉམས་རྨི་ལམ་དུ་རྫོགས་ཀྱི་བར་ཉམས་སུ་ལེན་པའོ། །བསྙེན་སྒྲུབ་ཀྱི་སྐབས་སུ་སྤྱི་དང་བྱེ་བྲག་གི་སྤང་བླང་རྣམས་སྤྱི་ལྟར་ཤེས་པས་ཉམས་སུ་ལེན་པ་མཆོག་ཏུ་གཅེས་ལ། བསྙེན་པ་གསུམ་པོ་གང་རུང་ཚད་དུ་འཁྱོལ་བའི་ཚེ། མཚམས་གྲོལ་རྒྱུའི་སྔ་ཉིད་ནས་མཆོད་གཏོར་རྙིང་པ་གསོ་ཞིང་གསར་པ་ཡང་བཤམས། མདུན་གྱི་གཏོར་མ་སོགས་སྒྲུབ་རྟེན་རྣམས་ཀྱང་ལྷ་དང་དབྱེར་མེད་དུ་གསལ་ཞིང་སྤྲོ་བསྡུས་དམིགས་པ་གཙོ་བོ་དེ་ལ་གཟིར་ཏེ། རྩ་སྔགས་ལ་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་ཅི་ནུས་སུ་བཟླ། གྲོལ་རྒྱུའི་ཐོ་རངས་ཀྱི་ཐུན་ལ་ལས་བྱང་རྒྱས་པར་བཏང་ཞིང་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ། སྐོང་བཤགས། ཚོགས་མཆོད། ཆད་བརྟན་རྣམས་ལས་གཞུང་ལྟར་གྲུབ་པའི་རྗེས་སུ་སྒྲུབ་གཏོར་ལྷར་གསལ་ལ། མཆོད་བསྟོད་གཞུང་ལྟར་དང༌། ཡིག་བརྒྱ་མང་དུ་བཟླས་མཐར། ཧོཿ འཇམ་དཔལ་དཔའ་བོ་ཧེ་རུ་ཀ་སོགས་དངོས་གྲུབ་བསྐུལ་བས་ལྷ་ཡི་གནས་གསུམ་ལས་འཕྲོས་པའི་འོད་ཟེར་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་ཅིང༌། མཐར་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ཏེ་གཏོར་མ་གནས་གསུམ་དུ་བཞག་ཅིང༌། གཏོར་རྫས་ཀྱང་རོལ་ལ། རྗེས་ཀྱི་ལས་རིམ་མཐར་དབྱུང་ཞིང༌། སྲུང་ཟློག་བསད་པའི་ལས་ཀྱིས་མཐའ་བསྡུ་བ་དང༌། མཚམས་ལས་གྲོལ་བ་སོགས་གསང་བ་སྤྱིའི་འགྲོས་ལྟར་ཤེས་པར་བྱའོ། །གསུམ་པ་ནི། སྲུང་དང་བཟློག་སོགས་ནས། འབུམ་ཕྲག་ཀུན་གྱི་སྙིང་པོའོ༔ ཞེས་དང༌། ལས་ཀྱི་སྦྱོར་སྡེ་སྣ་ཚོགས་སོགས་ནས། བཅུད་ལེན་འགྲུབ༔ ཅེས་པའི་བར་ཏེ་དེ་ཡང་ལས་ཀྱི་ཚོགས་རབ་འབྱམས་ཐམས་ཅད་བསྡུ་ན་བཞིར་འདུ་བས་སྐབས་འདིར་ཡང༌། པུ་རི་དཀར་པོ་ལ་བརྟེན་པའི་སྡིག་སྒྲིབ་བར་ཆད་ཞི་བ། བུམ་པ་ལ་བརྟེན་པའི་བྱབས་ཁྲུས་དང༌། ཚེའི་བཅུད་ཀྱི་རྫས་ལ་བརྟེན་པའི་ཚེ་བསོད་རྒྱས་པའི་སྒྲུབ་པ། མཚན་ལྡན་བྷནྡྷ་ལ་བརྟེན་པའི་དབང་སྡུད་དང༌། དྲག་པོ་ལའང་འཁོར་ལོ་ལ་བརྟེན་པའི་སྲུང་བ། གཏོར་མ་ལ་བརྟེན་པའི་ཟློག་པ། ཉམས་པ་ཁ་སྦྱོར་དབྱེ་བའི་ཆོ་གས་བསད་པ་དང༌། སྟོབས་ཆེན་ཡོངས་རྫོགས་ཀྱི་མཆོད་རྟེན་གྱིས་མནན་བསྲེགས་ཀྱི་ལས་རིམ་བཅས་གཏེར་གཞུང་རྩ་བའི་དངོས་བསྟན་དང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཡ་མ་བྲལ་བས་ཉམས་སུ་བླང་བར་བྱ་དགོས་སོ། །གཉིས་པ་ནི། རླུང་ལམ་རྡོ་རྗེའི་བཟླས་པར་སྦྱང་༔ ཞེས་པ་སྟེ་དེ་ཡང་སྨིན་གཏེར་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ལས་གཞུང་ལས། དང་པོ་རླུང་ལ་བསླབ་བྱ་སྟེ༔ རྔུབས་པ་ཨོཾ་ལ་གནས་པ་ཨཱཿ འབྱིན་པ་ཧཱུྃ་ལ་སྦྱར་ཏེ་བྱ༔ ཞེས་གསུངས་པ་ལྟར་རླུང་འབྱིན་འཇུག་གནས་གསུམ་རྡོ་རྗེའི་ཡི་གེ་འབྲུ་གསུམ་གྱི་རང་བཞིན་དུ་གནས་པ་ལམ་དུ་ཁྱེར་བ་སྟེ། ལུས་གནད་ཆོས་བདུན་དང་ལྡན་པས་རང་ཉིད་འཇམ་དཔལ་ཡ་མཱནྟ་ཀ་ཡབ་ཡུམ་སྣང་སྟོང་སྒྲིབ་གཡོགས་དང་བྲལ་བའི་སྐུ་ཅན་ཡེ་ཤེས་སེམས་དཔའ་བཅས་སྔར་ལྟར་གསལ་ཏེ་ཐོག་མར་རླུང་རོ་སུམ་ཕྲུགས་སུ་བསལ་རྗེས་སྣ་བུག་གཉིས་ནས་རླུང་ཕྱིར་འབྱིན་པའི་ཚེ་ཐུགས་ཀའི་ཧཱུྃ་གི་ནཱ་ད་ལས་འཇམ་དཔལ་ཞི་བའི་རྩ་སྔགས་ཀྱི་ཕྲེང་བ་དམར་སེར་བདེ་བ་ཆེན་པོའི་རང་བཞིན་ཅན་ནར་གྱིས་བྱུང་བ་དང༌། སྣ་བུག་གཡས་ནས་ཕར་སོང་ཕྱི་རོལ་སོར་བཅུ་དྲུག་གི་ནམ་མཁའ་ལ་ཀྱི་ལི་ལི་གཡས་སུ་འཁོར་ཏེ་གནས་པ་ཧཱུྃ་གི་རང་བཞིན་དང༌། སླར་ཨོཾ་གྱི་རང་བཞིན་དུ་ནང་དུ་རྔུབས་པ་དང་བསྟུན་སྔགས་ཕྲེང་ཨོཾ་ནས་བཟུང་ནར་གྱིས་སྣ་བུག་གཡོན་ནས་བྱུང་ནང་དུ་ཞུགས་ཏེ་ཧཱུྃ་ལ་ཐིམ་པས་སྙིང་གའི་ས་བོན་འོད་ལྷག་པར་འབར་བ་ལྷ་ཡི་རང་བཞིན་དུ་བསམས་ལ་སྔགས་ཕྲེང་གི་འོད་ཀྱིས་ལུས་ཀྱི་ནང་ཁེངས་པར་དམིགས་ཏེ་ཡང་ཡང་སྦྱངས་ཤིང༌། དེའི་ཚེ་སྔགས་དེ་ལས་ལས་བཞི་དང་བསྟུན་པའི་འོད་ཟེར་དང་སྔགས་སྒྲ་བཅས་སྐབས་ཐོབ་སྦྱོར་ཞིང༌། འོད་ཀྱི་འཕྲོ་འདུས་སྲིད་ཞིའི་དྭངས་བཅུད་བསྡུ་བ་སོགས་ཀྱང་རུང་ལ། དེ་ལྟར་ཡང་ཡང་གོམས་པ་དང་བུམ་ཅན་དང་སྦྲགས་ནས་ཉམས་སུ་ལེན་པར་བྱ་དགོས་སོ། །དེ་ནི་ཞི་བ་ལ་གཙོ་བོར་སྦྱར་བ་བཞིན་ཁྲོ་བོའི་རྩ་སྔགས་ལའང་དེ་བཞིན་སྦྱར་ཏེ་ཉམས་སུ་བླང་ངོ༌། །དེ་ལྟ་བུའི་ངག་བཟླས་དང་རྡོ་རྗེའི་བཟླས་པ་དེ་གཉིས་ཀྱང་རེས་མོས་སུ་ཉམས་ལེན་བྱས་པས་རྡོར་བཟླས་ཀྱིས་ཞི་གནས་ཀྱང་ངང་གི་འགྲུབ་པར་བྱེད་ཅིང༌། གཞན་ཡང་ཚེ་རིང་ཞིང་ནད་ཉུང་རླུང་སེམས་དབང་དུ་འདུ་བ་སོགས་ཡོན་ཏན་ཚད་མེད་པར་གསུངས་ལ། དེས་སྐྱོ་ན་ངག་བཟླས་བྱས་པས་ལྷའི་ཐུགས་དམ་བསྐུལ་ཞིང་དངོས་གྲུབ་ལ་མྱུར་དུ་སྦྱོར་བས་དེ་གཉིས་ཀ་རེས་མོས་སུ་ཉམས་སུ་བླང་བས་ལས་རླུང་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་ཅིང་མི་བརྗེད་པའི་གཟུངས་དང་བློ་གྲོས་སོགས་ཡོན་ཏན་དུ་མ་འགྲུབ་ཅིང༌། དེར་མ་ཟད་ལས་ཀྱི་ཚོགས་རབ་འབྱམས་སྒྲུབ་པའི་རྩ་བའང་ཡིན་པར་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་གསུངས་སོ། །དེ་ཡང་རིམ་ལྔ་ལས། སེམས་ཅན་ཀུན་གྱི་སྲོག་གྱུར་པ། རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་པ་ལྟར་ཕྱི་རོལ་གྱི་ཡུལ་ལ་རྣམ་ཤེས་གཟུང་འཛིན་དུ་ཞེན་པས་གཡོ་བའི་རྟ་སྲིད་པ་ལས་ཀྱི་རླུང་འདི་ཁོ་ནས་བྱེད་ཅིང༌། ལས་རླུང་སྟོབས་ཇི་ཙམ་ཆེ་བཞིན་འཁྲུལ་པའི་རྣམ་རྟོག་གི་བག་ཆགས་ཀྱི་འགྱུར་བ་རགས་ཤིང༌། འཁོར་བའི་བག་ཆགས་སྐྱེད་སྡུད་ཀྱི་རྩ་བ་ལས་རླུང་ཡིན་ལ། ལས་ཀྱི་རླུང་དེ་ཐབས་ཀྱིས་ལམ་དུ་བྱས་པས་རྣམ་རྟོག་ཀྱང་རང་བཞིན་གྱིས་མགོ་ནོན་ཏེ་རྣམ་ཤེས་གཡོ་བར་མི་ནུས་ཤིང་ཡེ་ཤེས་ཀྱི་རླུང་གིས་སྤྱན་དང་མངོན་ཤེས་དྭངས་མའི་སྐུ་སོགས་འགྲུབ་པར་བྱེད་པས་མྱང་འདས་ཀྱི་ཡོན་ཏན་འཛིན་པ་ལས་རླུང་དེ་ཉིད་གཉེན་པོས་སྦྱངས་ནས་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་བའི་ཐབས་ཟབ་མོ་སྔར་བསྟན་པ་འདི་ཡིས་འཁྲུལ་རྟོག་ལས་རླུང་དང་བཅས་པ་རྣམ་པར་དག་པའི་བདག་ཉིད་གསུང་རྡོ་རྗེར་སྒྲུབ་པའི་མན་ངག་ཏུ་ངེས་པའི་ཕྱིར་ཀུན་བརྟགས་ཀྱི་ཞེན་པ་སྦྱངས་པ་སྔགས་ཀྱི་ཐབས་ཞེས་གསུངས་པའོ། །གསུམ་པ་ཉོན་མོངས་ལམ་དུ་བྱེད་པ་གསང་རྩའི་གནད་བཤད་པ་ལ་གཉིས། རླུང་དང་གཏུམ་མོའི་མན་ངག་དང༌། །གསང་རྩའི་གནད་དངོས་བཤད་པའོ། །དང་པོ་ནི། ཁ་སྦྱོར་བུམ་པ་སྲོག་རྩོལ་བཙུད༔ སོགས་ནས། ཀ་དག་ངང་དུ་བཞག༔ ཅེས་པའི་བར་ཏེ་གོང་དུའང་བཤད་པ་ལྟར་ཐོག་མར་རླུང་ལས་སུ་རུང་བར་བྱ་ཕྱིར་རྡོ་རྗེའི་བཟླས་པ་ལྟ་བུའི་སྦྱོར་བ་བཞི་ལྡན་གྱི་བུམ་ཅན་ལ་གནད་དུ་བསྣུན་པས་བུམ་ཅན་འབྱོང་བའི་གཞི་བཏིང་སྟེ་ལུས་ཀྱི་དབུས་སུ་གནས་པའི་རྩ་གཙོ་མོ་གསུམ་དང༌། འཁོར་ལོ་ལྔ། དེ་དག་ལ་གནས་པའི་ཁམས་དཀར་དམར། རླུང་དང་བཅས་པ་ལ་ལམ་དུ་བྱེད་པས་བསྒོམས་པ་སྟེ། སྒྱུ་འཕྲུལ་རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། མེ་རླུང་འགྲོ་བ་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་པ་ལྟར་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་རང་ཉིད་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀ་ཆེན་པོ་ཡུམ་དང་བཅས་པའི་སྐུ་སྣང་སྟོང་སྒྲིབ་གཡོགས་དང་བྲལ་བ་བར་སྣང་གི་འཇའ་ཚོན་ལྟ་བུར་གསལ་བའི་ལུས་དབུས་དྲང་པོར་མཚན་ཉིད་བཞི་དང་ལྡན་པའི་དབུ་མ་སྟེ། སཾ་བྷུ་ཊི་ལས། རྩ་ཡི་མཛེས་སྤྱི་ལས་བྱུང་བ། དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པའི་ཤེལ་གྱི་འོད་དང་མཉམ། །ཞེས་སོ། །དེའི་གཡས་གཡོན་དུ་རོ་མ་དཀར་པོ་དང་རྐྱང་མ་དམར་པོ་སྟེ་རྩ་དེ་གསུམ་ཕྱི་རུ་སྒོ་གསུམ་དང༌། ནང་དུ་དུག་གསུམ། གསང་བ་སྐུ་གསུང་ཐུགས་ཀྱི་རྟེན་བྱེད་པའི་བདག་ཉིད་ཅན་ཏེ་རོ་རྐྱང་གི་མར་སྣ་གཉིས་དབུ་མའི་ནང་དུ་ཚུད་ཅིང་ཡར་སྣེ་སྣ་བུག་གཡས་གཡོན་གཉིས་སུ་རྣ་ལྟག་ནས་གུག་སྟེ་ཟུག་པ་དང༌། དབུ་མ་ནི་མར་སྣ་ལྟེ་འོག་དང་ཡར་སྣ་ཚངས་པའི་བུག་པར་ཟུག་ཅིང་དེ་ལས་གྱེས་པའི་འཁོར་ལོ་རྣམ་པ་ལྔ་དང་ལྡན་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། རོ་མ་རྐྱང་མ་ཀུན་འདར་མ། །འཁོར་ལོ་སོ་སོའི་དཀྱིལ་དག་ན། ཀ་བའི་ཚུལ་དུ་གནས་པ་ལ། །ཡལ་གའི་འདབ་མ་གྲངས་ལས་འདས། །ཞེས་སོ། །དེ་ལྟར་གནས་པའི་དབུ་མའི་མར་སྣ་རྩ་གསུམ་འདུས་མདོ་རུ་གཞིར་གནས་ཀྱི་གཏུམ་མོ་ཤེས་རབ་སྟོང་པའི་བདག་ཉིད་ཨ་ཤད་དམར་པོ་མཚན་ཉིད་བཞི་ལྡན་དང༌། ཡར་སྣེ་བདེ་ཆེན་ཐབས་ཀྱི་བདག་ཉིད་ཧྃ་ཡིག་དཀར་པོ་མགོ་བོ་ཐུར་བསྟན་ཏུ་གནས་པར་བསྒོམས་ཏེ། རླུང་རོ་སུམ་ཕྲུགས་སུ་བསལ་བའི་རྗེས་སྣ་བུག་གཉིས་ནས་རླུང་ནང་དུ་རྔུབས་པའི་རྐྱེན་གྱིས་ལྟེ་བའི་མེ་སྦར་ཏེ། རིམ་གྱིས་འཁོར་ལོ་བཞིར་བརྒྱུད་སྤྱི་བོའི་ཧྃ་ལ་རེག །དེ་ལས་བྱང་ཆུབ་སེམས་ཀྱི་རྒྱུན་བྱུང་མེ་ཡི་གསོས་བྱས། དེ་ལས་ཀྱང་ཆེར་འབར་ཧྃ་ལས་བདུད་རྩི་ཆེས་ཆེར་གཡོས་ཤིང་དྭངས་མ་དཀར་དམར་གཅིག་ཏུ་འདྲེས་པའི་རྒྱུན་གྱིས་ནི། ཟླ་གསང་ཤན་པ་སྤུ་གྲི་ལས། སྤྱི་བོ་ཚངས་པའི་བུ་ག་ན། །མེ་ཡི་དབང་པོ་དྲོད་འཕྲོག་གནས། །མིད་པ་གྲེ་བའི་རྒྱ་ལམ་ན། །ཁྲག་གི་སྡིག་པ་ཁྲག་འཐུང་གནས། །ལུས་ཀྱི་གཞི་རྟེན་ལྟེ་བ་ན། །རླུང་གི་སྡོམ་ནག་དབུག་འཕྲོག་གནས། །ཙིཏྟ་སྲོག་གི་གའུ་ན། དུག་གི་མི་བོ་སྲོག་གཅོད་གནས། །དེ་དག་རང་བྱུང་གཤེད་ཆེན་ཏེ། །ནང་གི་གཤེད་ཆེན་བཞི་ཡིན་ཏེ། །ཁམས་གསུམ་སེམས་ཅན་སྲོག་ལེན་ཡིན། །ཞེས་པ་ལྟར་གནས་བཞིའི་འཁོར་ལོ་བཞིར་གནས་པའི་གཤེད་ཆེན་བཞི་དང༌། །གཞན་ཡང་སྙིང་རྩ་ཟུར་གསུམ་ཨེ་ཡི་ད་ལར་འཇམ་དཔལ་ཡ་མཱནྟ་ཀ ཙིཏྟའི་རྩ་བ་ཟླུམ་པོའི་ཟླ་གམ་གསུམ་དུ་སྤྲུལ་པ་གསུམ། དེ་ལས་གྱེས་པའི་མདུན་རྒྱབ་གཡས་གཡོན་གྱི་རྩ་ལས་བཞིའི་དབྱིབས་ཅན་གྱི་གཤེད་བཞི་ཡབ་ཡུམ། སླར་ཡང་རྩ་བཞི་པོ་གཉིས་གཉིས་སུ་གྱེས་པའི་འདབ་མ་ལ་མོན་བདུད་ཡབ་ཡུམ་བརྒྱད་དེ་སྙིང་ག་ཆོས་ཀྱི་འཁོར་ལོ་དང༌། ལྟེ་བར་འཕོ་བ་བཅུ་གཉིས་ཀྱི་རྩ་འཆི་བདག་བཅུ་གཉིས། ལྟོ་བར་འོབས་སྲུང་དང་ཤ་ཟ་ཀིཾ་ཀང་མ་མོའི་རྩ་དང༌། ཡན་ལག་བཞིའི་རྩ་ཆེན་སྒོ་བ་བཞིའི་བདག་ཉིད་དེ་མདོར་ན་ལུས་ལ་གནས་པའི་ཡེ་ཤེས་དང་འཇིག་རྟེན་གྱི་གཤིན་རྗེ་མ་ལུས་པའི་རྩ་གནས་ཐམས་ཅད་དུ་ཁྱབ། དེ་དག་ན་གནས་པའི་དྭངས་མ་རྣམས་ཉམས་པ་གསོས་པས་བདེ་སྟོང་གི་ཉམས་རྩལ་ལྷག་པར་རྒྱས། མ་དག་པའི་རྩ་རླུང་ཐིག་ལེའི་སྙིགས་མ་ཐམས་ཅད་བསྲེགས་ཤིང༌། ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་རྣམ་པར་རྒྱས་པའི་བྱེད་ལས་ཀྱི་བདེ་གསལ་རྣམ་པར་མི་རྟོག་པ་ལྷན་ཅིག་སྐྱེས་པ་དོན་གྱི་ཡེ་ཤེས་ཟབ་མོ་མངོན་དུ་གྱུར་པར་མོས་ཏེ། རླུང་ཁ་སྦྱོར་གྱིས་ཐུབ་ཐང་དུ་འཛིན་པས་ལྟེ་བར་བསྐྱིལ་ཅིང༌། མཐར་སངས་ཀྱིས་འབུད་པ་སྟེ་དེ་ལྟར་ཡང་ཡང་སྦྱངས་པས་རྩ་ཡི་མདུད་པ་ཉི་ཤུ་རྩ་གཅིག་གྲོལ་བས་ས་བཅུ་ལམ་ལྔའི་སྤངས་རྟོགས་རྒྱུད་ལ་སྐྱེ། ལས་རླུང་གི་རྒྱུ་བ་དབྱིངས་སུ་འཆིང་བས་རྩ་ཁམས་ཡི་གེ་འཁོར་ལོའི་སྤྲིན་དུ་དག །ཐིག་ལེ་བདེ་ཆེན་དུ་སྨིན་པས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱང་མངོན་དུ་བྱེད་པར་འགྱུར་བ་སྟེ། ངེས་བརྗོད་རྩེ་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །མདུད་པ་འཁོར་བའི་འཁྲུལ་སྣང་སྟེ། །གྲོལ་བས་ཡེ་ཤེས་མྱ་ངན་འདའ། །ཞེས་གསུངས་སོ། །དེའི་ཚེ་བདེ་ཆེན་གྱི་ཉམས་ཁྱད་པར་ཅན་སྐྱེས་པ་དང་བདེ་བ་ལ་ཞེན་པའི་མཐའ་འགོག་པའི་ཕྱིར་ཉམས་དེ་ཀའི་ངང་དམིགས་བསམ་ཞེན་འཛིན་དང་བྲལ་བའི་ཀ་དག་སྟོང་པའི་དབྱིངས་སུ་མཉམ་པར་བཞག་པས་བདེ་སྟོང་གཉིས་མེད་དོན་གྱི་ཡེ་ཤེས་ཆེན་པོ་མངོན་དུ་འགྱུར་བར་བྱེད་དེ། བྲམ་ཟེ་ཆེན་པོས། རླུང་དང་འགྱུར་བ་རྩལ་ཆེན་སྲོག་རྩར་ཆུད་ནས། །ཐ་མལ་ཤེས་པ་ངང་གིས་འགག་པར་འགྱུར། །ཞེས་དང༌། མཉམ་སྦྱོར་ལས། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་དངོས་སེམས་དཔའ་ནི། །་རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པ་ལྟར་རོ། །གཉིས་པ་ནི། སྣང་ཞེན་ལས་སུ་རུང་བ་ནི༔ སོགས་ནས། མཉམ་པ་ཉིད་དུ་བཞག༔ ཅེས་པ་སྟེ་དེ་ལྟར་རང་ལུས་ཐབས་ལྡན་གྱི་ལམ་ལ་འབད་པ་གནད་དུ་ཆུད་པས་ལུས་ཀྱི་རྩ་དྲང༌། རླུང་བྱང༌། ཐིག་ལེ་གནས་སུ་ཚུད་དེ་ཚོགས་དྲུག་གི་སྣང་བ་བཟང་ངན་ཐམས་ཅད་བདེ་ཆེན་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་གི་བདག་ཉིད་དུ་ལམ་དུ་ཁྱེར་ནུས་ཤིང༌། སྲིད་པའི་བག་ཆགས་ཀུན་གྱི་རྩ་བ་འཛག་བདེའི་ཞེན་པ་བདེ་ཆེན་གྱི་ལམ་དུ་སློང་བའི་གཞན་ལུས་ཀྱི་རྣལ་འབྱོར་ལ་སྦྱོར་བ་སྟེ། རྒྱུད་ལས། མ་ཆགས་པ་ལ་ཆགས་པ་དང༌། ཆགས་པ་ཉིད་ནས་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་དང༌། ཀྱཻ་རྡོ་རྗེ་ལས། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱའི་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་པ་ལྟར་པདྨ་ཅན་དང༌། གླང་ཆེན་མ། དུང་ཅན། རི་དྭགས་ཅན། རི་མོ་ཅན་ཏེ་རིགས་ཀྱི་ཡུམ་ལྔ་མཆོག་གི་མཚན་ཉིད་ཡོངས་སུ་རྫོགས་ཤིང་བདེ་བའི་རྟེན་དུ་རུང་བ་དག་བཙལ་ཞིང་དངོས་གྲུབ་ཀྱི་གྲོགས་སུ་བསྟེན་པར་བྱ་དགོས་པའང༌། འཇམ་དཔལ་ཞལ་ལུང་ལས། གསལ་ཞིང་རབ་དགའ་མཁའ་མཉམ་པ། །གཞན་དུ་རིག་པར་མི་འགྱུར་བས། །སྒྱུ་མ་ཀུན་ལས་ཁྱད་པར་དུ། བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་དང༌། དབང་རྣམ་པར་བཀོད་པ་ལས། སྦྱོར་བར་བྱས་ན་དངོས་གྲུབ་རབ། །བསྟེན་པས་དངོས་གྲུབ་འབྲིང་དུའོ། །བསམ་པས་འགྲུབ་པ་ཐ་མའོ། །མཐོང་བས་གསུམ་ཀའི་གྲོགས་སུ་བསྟེན། །ཞེས་སོ། །དེ་ལྟར་གྲོགས་སུ་འོས་པ་དེ་ཡང་ཐོག་མར་ཐུན་མོང་དང༌། ཐུན་མིན་གྱི་ཆོས་བཤད་ཅིང་ཉམས་སུ་བླང་དུ་གཞུག་པས་རྒྱུད་སྦྱངས་ཏེ་རིམ་གཉིས་ཀྱི་གདེང་རྣལ་འབྱོར་པ་རང་དང་མཉམ་པའམ། ཅུང་ཟད་དམན་པ་ཙམ་གྱི་གནས་ཐོབ་ཀྱི་བར་འབད་པར་བྱ་དགོས་ཏེ། སྒྲོལ་མ་རྣལ་འབྱོར་མ་ལས། དང་པོར་འདུས་པ་བྱས་ནས་ནི། །རྡོ་རྗེ་ཆོ་ག་རབ་ཏུ་སྒྲུབ། །དེ་བཞིན་གཤེགས་པའི་བཙུན་མོའི་མཆོག །དམ་ཚིག་ཆེན་པོར་བྱིན་གྱིས་བརླབ། །ཅེས་སོ། དེ་ནས་རང་ཉིད་འཇམ་དཔལ་བདེ་བ་ཆེན་པོ་ཡབ་ཧེ་རུ་ཀ་ཕྱག་རྒྱ་ཟིལ་གནོན་དང༌། རིག་མ་ཤེས་རབ་སྟོང་པའི་བདག་ཉིད་གསང་བའི་ཡུམ་མཆོག་ཟ་བྱེད་བེ་ཏ་ལི་གསལ་བའི་ཡབ་ཀྱི་གསང་བ་རྡོ་རྗེ་རྩེ་ལྔ་བུ་ག་ཧཱུྃ་གིས་མཚན་པ་དང༌། ཡུམ་མཁའ་པདྨ་འདབ་བཞི་ཨེས་མཚན་པ་གསལ་བས། མཉམ་སྦྱོར་གྱི་བདེ་ཆེན་ལྷན་ཅིག་སྐྱེས་པ་མངོན་དུ་བྱེད་པའི་འདུ་ཤེས་གསུམ་དང་ལྡན་པས་ཕན་ཚུན་སྦྱོར་ཏེ་གསང་གནས་གཉིས་སྤྲད་དེ་བསྲུབས་པས་རང་ལུས་ཀྱི་སྐབས་སུ་བཤད་པ་ལྟར་འབར་འཛག་གི་ཏིང་འཛིན་དང༌། ཁྱད་པར་ཡུམ་མཁའ་རུ་བདེ་ཆེན་གྱི་རྩ་མཆོག་ཀཱ་ཀ་མཱུ་ཁའི་རྩེ་མོ་ཡབ་ཀྱི་རྡོ་རྗེའི་བུག་པར་སྤྲད་དེ་སྦྱོར་བས་བདེ་ཆེན་གྱི་ཉམས་སྐྱེས་པའི་རང་ངོ་ལ་བལྟས་པས་སྐྱེ་འགག་གནས་དམིགས་དང་བྲལ་བའི་སྟོང་ཉིད་ངོས་བཟུང་སྟེ་དེ་ཀས་བདེ་བ་ལ་རྒྱས་བཏབ་པས་བདེ་ལ་ཞེན་པ་མེད། སྟོང་ལ་དེར་འཛིན་དང་བྲལ་བའི་ཟུང་འཇུག་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་དོན་ངོས་ཟིན་པའི་ངང་དུ་མཉམ་པར་བཞག་པ་སྟེ། འཁོར་ལོ་སྡོམ་པ་གསང་བ་བསམ་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ་ལས། རྟག་ཆད་སྐྱེ་འགག་ལ་སོགས་པའི། མཐའ་སྤངས་སེམས་ཉིད་རང་རིག་ཅིང༌། གདོད་ནས་སྤྲོས་བྲལ་བདེ་བ་ཉིད། །དེ་དོན་བསམ་གྱིས་མི་ཁྱབ་ངེས། །ཞེས་སོ། །དེ་ལྟར་བདེ་ཆེན་རྒྱུད་ལ་འདྲེན་པའི་གནད་ལ་མཁས་པས་ཀུན་རྟོག་སྲིད་རྩའི་འཛག་བདེ་མ་ཡིན་པའི་དག་པའི་རྩ་གནས་རྣམས་སུ་རྒྱུ་བའི་ཡེ་ཤེས་ཀྱི་རླུང་ཟིན། རླུང་དེས་དྲངས་པའི་དྭངས་མའི་ཐིག་ལེ་འཕོ་མེད་དུ་འཆིང་བར་ནུས། དེའི་དབང་གིས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་དངོས་སུ་ཉམས་སུ་མྱངས་ཏེ། རྒྱུ་འཛག་བདེ་ལས་རླུང་གིས་གཡོས་པ་ལས་འབྲས་བུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་བཅས་པ་སྐད་ཅིག་གིས་གནས་སུ་དག་སྟེ་དྭངས་མའི་རླུང་དང་གཏུམ་མོ་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོར་འཆིང་བས་སྣང་གསུམ་འཕོ་བའི་བག་ཆགས་ཆེས་ཕྲ་པའང་བདེ་སྟོང་བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་སྒྲིབ་གཉིས་ཉོན་མོངས་ཀྱི་འཆིང་བ་ལས་གྲོལ་བའི་ལྷན་སྐྱེས་འཕོ་མེད་ཕྱག་རྒྱ་ཆེན་པོའི་གོ་འཕང་མངོན་དུ་བྱེད་པ་སྟེ། བརྟག་གཉིས་ལས། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་ཉིད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་དང༌། དུས་འཁོར་ལས། འགྱུར་མེད་དག་གིས་བསྐྱེད་ཅིང་འགྱུར་པ་ཉམས་པར་གྱུར་པ་མཆོག་གི་དབང་པོ་དག་དང་ལྡན་པ་ནི། །རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ། །ཞེས་དང༌། ཇི་སྐད་དུ། རང་བཞིན་རྣམ་དག་ལ་གོམས་པ། །གཉིས་མེད་དོན་ནི་དམ་པ་གང༌། །མ་སྐྱེས་པ་དང་མི་འཇིག་པ། །དེ་ནི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་སོ། །དེར་མ་ཟད་ལས་རྒྱ་དངོས་སུ་བསྟེན་པའི་ནུས་པ་མ་ཐོབ་ཀྱང་བསྐྱེད་རིམ་གྱི་སྐབས་སུ་ལྷ་ཡབ་ཡུམ་གྱི་གསལ་སྣང་གིས་ཡིད་རིག་ལ་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པས་ཞུ་བདེའི་ཉམས་མྱོང་རྒྱུད་ལ་དྲངས་ཏེ་ལུས་སེམས་བདེ་བར་ཤར་བའི་ངང་ལས་ལྷ་སྐུའི་རྣམ་པ་གསལ་ཞིང༌། དེ་གའི་ངང་འཛིན་པས་མ་བསླད་པར་ཆོས་ཉིད་མཉམ་པ་དང་བསྲེ་བའི་ལྟ་བས་རྒྱས་ཐེབས་ན་དཀྱིལ་འཁོར་ཐམས་ཅད་ཆོས་སྐུ་མཉམ་ཉིད་ཀྱི་རོལ་བ་རུ་འཆར་བས་བོགས་འབྱིན་གྱི་ཐབས་རྨད་དུ་བྱུང་བ་སྟེ། སྒྱུ་འཕྲུལ་མེ་ལོང་ལས། ཐབས་དང་ཤེས་རབ་གཉིས་མེད་པའི། །ཐིག་ལེ་ཟག་མེད་སྐྱེས་པའི་དུས། །བསམ་མེད་ལྷན་ཅིག་སྐྱེས་པའི་ཚེ། །བདེ་བ་ཆེན་པོའི་དུས་སུ་འདོད། །ཅེས་དང༌། རིན་ཆེན་དྲྭ་བའི་མཛོད་ལས། སྣང་སྲིད་རྣམ་དག་རང་བཞིན་དཀྱིལ་འཁོར་ན། །རང་བྱུང་མ་བཅོས་རྡོ་རྗེ་སྙིང་པོའི་སྐུ། །དུས་གསུམ་འགྱུར་བ་མེད་པར་རྟག་པར་བཞུགས། །བདེ་བ་ཆེན་པོ་བདེ་བ་རྟག་སྤྱོད་པ། །ཞེས་དང༌། ཧེ་བཛྲ་ལས། རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །ཅེས་པ་ལྟར་ལམ་དུ་ཁྱེར་བས་ཀྱང་མཆོག་ཏུ་ཟབ་པ་རིག་འཛིན་བརྒྱུད་པའི་མན་ངག་ཟླ་མེད་པའོ། །དེ་ལྟར་སྦྱངས་པས་མདོ་ལམ་ནས་ཉོན་མོངས་དགྲ་རུ་བལྟ་བས་སྤང་བ་དང༌། ཉོན་མོངས་ཐབས་ཀྱིས་ལམ་དུ་བསྒྱུར་བ་ཙམ་མ་ཡིན་པར་ཉོན་མོངས་ཉིད་ཡེ་ཤེས་སུ་གནས་པའི་དོན་ཤེས་པས་ཆེད་དུ་སྤང་མི་དགོས་པར་ཉོན་མོངས་ཉིད་ལ་བརྟེན་ནས་ཉོན་མོངས་ཀྱི་འཆིང་ལས་གྲོལ་བའི་གསེང་ལམ་དུ་བསྟན་པས་ཉོན་མོངས་ལམ་དུ་བྱེད་པ་གསང་རྩའི་གནད་ཅེས་གསུངས་སོ། །བཞི་པ་ཆོས་ཀུན་ཟད་སར་བསྐྱལ་བ་ཀ་དག་དང་ལྷུན་གྲུབ་ཀྱི་ལམ་ཁྱེར་ལ་གསུམ། སྔོན་འགྲོ་འཁྲུལ་གཞི་རྩད་གཅོད། དངོས་གཞི་འཁྲུལ་པ་རང་གྲོལ། རྗེས་འཁྲུལ་སྣང་ཡེ་ཤེས་སུ་འཆར་བའི་ཐབས་བཤད་པའོ། །དང་པོ་ལ་གཉིས། སྔོན་འགྲོ་སྤྱིར་བཤད་པ་དང༌། སེམས་སྦྱོང་གི་གནད་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི། འདི་ལྟར་འཁྲུལ་སྣང་འཁོར་བའི་བག་ཆགས་ཐམས་ཅད་ཀྱི་གཞི་དང་རྩ་བར་གྱུར་པ་ནི་སྒོ་གསུམ་སྟེ། དེ་དག་ཀྱང་གཅིག་ལ་གཅིག་རྟེན་དང་བརྟེན་པའི་ཚུལ་དུ་གནས་པས་ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོ་མངོན་སུམ་ཡེ་ཤེས་ལམ་དུ་བྱེད་པའི་སྐབས་སུའང་ཉམས་ལེན་གྱི་དངོས་གཞི་རྩོལ་མེད་རང་བྱུང་གི་དགོངས་པ་ཉིད་ཡིན་ཀྱང་དེའི་རྟེན་དུ་གྱུར་པ་ལུས་ངག་གཉིས་ཀྱང་དང་པོའི་སྐབས་སུ་གནད་ཀྱིས་གཅུན་པ་མཆོག་ཏུ་གཅེས་པར་གསུངས་ཏེ། དེའི་རྒྱུ་མཚན་ཡང་ལུས་གྲོང་ཁྱེར་དང་འདྲ། དེ་ལ་གནས་པའི་རྩ་ལམ་སྲང་དང་འདྲ། དེར་རྒྱུ་བའི་རླུང་དང་ཐིག་ལེ་སེམས་རྣམས་སྐྱེས་བུ་དང་འདྲ་བས་དེ་དག་གཟུང་འཛིན་འཁྲུལ་པའི་རྟེན་དུ་རྒྱུ་བའི་མ་དག་པའི་རྩ་གནས་ཀྱི་སྲང་ལམ་རྣམས་དགག་སྟེ་ཡེ་ཤེས་ཀྱི་སྣང་བ་འཆར་བའི་སྒོ་འབྱེད་པར་བྱེད་པའི་ཕྱིར་སྒོ་གསུམ་རུ་ཤན་དུ་དབྱེ་བ་དང༌། ལུས་ངག་ཡིད་གསུམ་སྦྱང་བ་རྣལ་དུ་དབབ་པའི་ཚུལ་བཅས་ཉམས་སུ་ལེན་དགོས་པས་ཐེག་རྩེའི་ལམ་གྱི་ཁྲིད་རིམ་གཞན་ལས་འབྱུང་བ་ལྟར་ཐོག་མར་ཉམས་སུ་ལེན་པ་གལ་ཆེའོ། །གཉིས་པ་ནི། དོན་གྱི་གཤེད་པོ་སྒྲུབ་པ་སོགས་ནས། ངང་དུ་བཞག༔ ཅེས་པ་སྟེ་སྒོ་གསུམ་ལས་ཀྱང་སེམས་ནི་དགེ་སྡིག་ཀུན་གྱི་བྱེད་པ་པོར་གྱུར་པས་ཐོག་མར་སེམས་ཀྱི་གནས་ལུགས་གཏན་ལ་དབབ་པའི་གནད་མ་ཤེས་ན་རྒྱལ་པོ་དབང་དུ་མ་འདུས་ན་ཡུལ་ཁམས་འབངས་སུ་མི་ཁོལ་བ་ལྟར་དོན་གྱི་ཡིན་ལུགས་ངོ་མི་འཕྲོད་པས་དེ་ཉིད་ཤེས་པར་བྱ་བ་ཡང༌། འཇམ་དཔལ་མཚན་བརྗོད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་གསུངས་པའི་དོན་སྔར་ཡང་སྨོས་པ་ལྟར་ཐོག་མའི་སྤྱི་གཞི་བདེ་གཤེགས་སྙིང་པོ་སྲིད་ཞི་ཀུན་ཁྱབ་ཆེན་པོའི་ཚུལ་དུ་རང་ལ་གནས་ཀྱང༌། གློ་བུར་འཁྲུལ་པའི་སྤྲིན་གྱིས་དོན་གྱི་ཡིན་ལུགས་བསྒྲིབས་ཏེ་འཆིང་བ་ལ་རང་ལ་བཞུགས་པའི་ཆོས་ཉིད་མངོན་དུ་བྱས་པས་འཁོར་བའི་རྒྱུ་འབྲས་ཀྱི་གཤེད་པོ་ལྟར་སྣང་བའི་ཡོན་ཏན་མངོན་སུམ་དུ་བྱེད་ཅིང་འཁོར་བའི་འཁྲུལ་སྣང་རང་སར་དག་པའི་ལམ་གྱི་གཙོ་བོར་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ལྟར་བཤད་པ་ལ། འདི་ལྟར་ཕྱོགས་དུས་ཀྱི་མུ་དང་མཉམ་པའི་འཁྲུལ་སྣང་སྲིད་པའི་འཁོར་ལོ་མི་ཟད་པ་སྣང་བའི་རྒྱུ་ནི་ལས་དཀར་ནག་མི་གཡོ་བ་གསུམ་ལས་བྱུང་ཞིང༌། ལས་ཀྱང་རྒྱུ་ཉོན་མོངས་དུག་གསུམ་དང་འདྲེས་མ་འདྲེས་ཀྱིས་བསྐྱེད་པའི་རྟེན་འབྲེལ་གྱི་སྣང་བ་མེད་བཞིན་རྒྱུ་རྐྱེན་གྱིས་བཀོད་པ་ཡིན་ལ། རྒྱུ་རྐྱེན་འབྲས་བུ་དང་བཅས་པ་ཡང་རང་སེམས་ཡུལ་ལ་གཡོ་བ་གཟུང་འཛིན་དུ་ཞེན་ནས་ཡིད་དུ་འོང་བ་ལ་ཆགས་པ། མི་འོང་བ་ལ་སྡང་བ། བར་མ་ལ་གཏི་མུག་གིས་ཞེན་ཅིང་འཁྲུལ་པའི་སེམས་འདི་ཡིན་ལ། སེམས་དེ་ཉིད་དང་པོ་གང་ལས་བྱུང༌། བར་དུ་གང་ན་གནས། ཐ་མར་གང་དུ་འགྲོ། དེ་ལ་བྱུང་ས་བྱུང་མཁན། འགྲོ་ས་འགྲོ་མཁན། གནས་ས་གནས་མཁན་ཇི་ལྟར་འདུག་ཞིབ་ཏུ་དཔྱད་པས་ཐོག་མར་བྱུང་བའི་གནས་དང༌། བྱུང་རྒྱུའི་གནས་གཉིས་སུ་གྲུབ་པ་མེད་པ་ཆོས་ཉིད་སྟོང་པ་ལས་མི་འདའ་སྟེ་བྱུང་རྒྱུའི་སེམས་ཉིད་ལ་དབྱིབས་ཁ་དོག་སོགས་ཡོད་དང་མེད། ཡོད་ན་དངོས་པོ་ཞིག་ལས་མི་འདའ་བས་སེམས་གདོས་བཅས་སུ་གྲུབ་དགོས་ཕྱིར་ས་རྡོ་རི་བྲག་གི་དངོས་པོ་བཞིན་སེམས་ལ་འདི་ཞེས་བྱར་འདུག་གམ་བལྟ། དེ་དག་ཅི་ཡང་སྨྲ་རྒྱུ་མི་འདུག་སྙམ་ན་དངོས་མེད་དུ་ཐལ་ལ། སེམས་དངོས་མེད་ཡིན་ཕན་ཆད་སྣང་རིག་གི་དོན་བྱེད་མི་ནུས་ཏེ་རི་བོང་གི་རྭས་ས་བརྐོ་བ་དང༌། ནམ་མཁའི་ཨུཏྤལར་དྲི་སྣོམ་པ་སོགས་མི་རུང་བ་བཞིན་ལ། དེས་ན་དངོས་དང་དངོས་མེད་ཐམས་ཅད་ལས་འདས་པའི་བདག་ཉིད་དུ་ཕུ་ཐག་ཆོད་ཀྱི་བར་དཔྱད་པས་གནས་སྐབས་སྐྱེ་འགག་གནས་པ་ལྟར་སྣང་ཡང་དོན་ལ་སྐྱེ་འགག་གནས་དམིགས་དང་བྲལ་བར་མཐོང་བ་སྟེ། གདན་བཞི་ལས། དངོས་དང་དངོས་མེད་རྣམ་པར་བྲལ། །དག་དང་མ་དག་རབ་ཏུ་སྤང༌། །དངོས་པོ་གཉིས་ནི་རབ་སྤངས་པས། །གཉིས་མེད་ཆོས་ཞེས་བྱ་བ་སྟེ། །ཞེས་སོ། །ཚུལ་དེས་མཚོན་ནས་གནས་ས་གནས་མཁན། འགྲོ་ས་འགྲོ་མཁན་གང་ལ་དཔྱད་ཀྱང་སྐྱེ་འགག་གནས་དམིགས་ཐམས་ཅད་ལས་འདས་པ་སྔ་མ་ལྟར་དོན་མཐོང་གི་བར་དཔྱད་བས་གོང་ལྟར་འཁྲུལ་པ་ལྟར་སྣང་གི་རྫུན་ཕུག་བརྡིབས་ཏེ་ཡེ་ཤེས་ཀྱི་ཡིན་ལུགས་རྟོགས་པ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང༌། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་སེམས་ནི་ཞིག་གྱུར་ཀྱང༌། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་སོ། །དེ་ལྟར་མཐོང་པའི་ཚེ་གཤིས་ཀྱི་དོན་དམ་གཉིས་ཆོས་མཐའ་དག་དང་བྲལ་བར་རྟོགས་པ་སྟེ། གསང་སྙིང་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང༌། །ཞེས་དང༌། རྡོ་རྗེ་སེམས་དཔའ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཉིད་རང་བྱུང་རྡོ་རྗེ་ལ། །མ་སྐྱེས་པས་ན་འཇིག་པ་མེད། །འདུ་འབྲལ་མཁའ་ལྟར་དག་པ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་སོ། །འོ་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་འདིའི་ངང་ལས་སྐྱེ་འགག་གནས་པ་ལྟར་ཇི་ལྟར་སྣང་ཞེན། རིག་པ་རང་ཤར་ལས། འཇམ་དཔལ་ངང་ལས་ཡང་དག་བདེ་བ་སྐྱེས། །འཇམ་དཔལ་ཉིད་ལ་ཟད་ཅིང་སྟོང་པ་མེད། །ཅེས་པ་ལྟར་ཉི་མ་ནམ་མཁའ་ལས་མ་གཡོས་པར་འོད་ས་གཞིར་བབ་པ་ལས་སྤྲིན་དང་ན་བུན་བྱུང་སྟེ་སྒྲིབ་བྱེད་དུ་ཤར་ཡང་ཉི་མ་རང་གི་ངོ་བོའི་འོད་ཟེར་ལ་བྲི་གང་དང་བྲལ་བས་གནས་པ་ལྟར་ཆོས་ཉིད་སྨྲ་བསམ་བརྗོད་མེད་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ལས་ཆ་ཙམ་མ་གཡོས་པར་རང་རྩལ་ཅིར་ཡང་འཕྲོ་བ་ལ་ང་བདག་ཏུ་ཞེན་པས་འཁྲུལ་ཀྱང་དོན་གྱི་གནས་ལུགས་མི་གཡོ་བར་གནས་པ་སྟེ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། འཁོར་འདས་ཀུན་ལ་དབང་བསྒྱུར་ཀྱང༌། །མཉམ་པའི་དོན་ལས་གཡོས་པ་མེད། །ཐམས་ཅད་ཀུན་ཏུ་བཟང་པོར་གཅིག །ཅེས་སོ། །གཞིའི་གནས་ལུགས་དེའི་ངང་དུ་རྒྱུ་འབྲས་རྟེན་འབྲེལ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རྒྱུན་ཆད་པས་གཟུང་འཛིན་དུ་ཞེན་པ་སོ་སྐྱེའི་བློས་བསམ་གྱིས་མི་ཁྱབ་པ་སྟེ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། རྟག་མེད་ཆད་མེད་བདེ་བ་ཆེ། །འགྱུར་མེད་རྩོལ་མེད་རང་བྱུང་གནས། །ང་མེད་བདག་མེད་ཕྱོགས་རིས་མེད། །ཅེས་དང༌། རྫོགས་ཆེན་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བྱུང་ཆོས་སྐུ་རྟོགས་གྱུར་ན། །བྱ་བའི་ལས་རྣམས་མི་དགོས་ཏེ། །ནོར་བུ་རིན་ཆེན་རྙེད་པ་འདྲ། །མཛད་པ་ཕྲིན་ལས་རང་ལས་བྱུང༌། །ཞེས་གསུངས། དེས་ན་ཆོས་ཉིད་དེས་འཁོར་འདས་སྣང་སྲིད་ཐམས་ཅད་ལ་ཁྱབ་ཀྱང་གང་གིའང་ཕྱོགས་སུ་མ་ལྷུང་ཞིང་མཉམ་པར་གནས་པ། དེ་དོན་མངོན་དུ་གྱུར་ན་སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟར་ཐམས་ཅད་རང་གིས་རང་དབང་དུ་བསྒྱུར་ནུས་པ་རྒྱལ་པོས་འབངས་ལ་བཀའ་རྟགས་ཀྱི་ཕྱག་རྒྱས་བཏབ་པ་བཞིན་ནམ་ཡང་འདའ་བ་མེད་པས་ཕྱག་རྒྱ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་སྟེ། ཟླ་གསང་ཤན་པ་སྤུ་གྲིའི་རྒྱུད་ལས། མཁའ་ཀློང་རྣམ་པར་དག་པ་སྣོད། །རང་རིག་རང་ལ་ཤར་བ་བཅུད། །སྣོད་བཅུད་ལྷ་ཡི་དཀྱིལ་འཁོར་ནི། ཆོས་ཉིད་མཉམ་ལས་མ་གཡོས་པར། །སྲིད་གསུམ་སྐད་ཅིག་དབང་དུ་འདུས། །ཞེས་གསུངས་པའི་དོན་མངོན་དུ་གྱུར་པའི་ཚེ་གློ་བུར་གྱི་འཁྲུལ་སྣང་མཁའ་ལ་སྤྲིན་ལྟར་དེངས་ནས་གཞིའི་གནས་ལུགས་མངོན་དུ་རྟོགས་ཏེ་གྲོལ་བར་ཞེས་བྱ་བ་སྟེ། །གསང་བ་རིན་པོ་ཆེའི་རྒྱུད་ལས། ཚོགས་བདུན་ཀུན་གཞིའི་རྣམ་ཤེས་སུ། །ཐིམ་པས་ཀུན་གཞི་དབྱིངས་སུ་དག །དེ་ཚེ་གདོད་མའི་ལྷན་ཅིག་སྐྱེས། །སྟོང་གསལ་རང་བྱུང་ཡེ་ཤེས་སོ། །དེ་ཉིད་རྣལ་འབྱོར་པས་ཤེས་བྱ། །ཞེས་སོ། །གཉིས་པ་དངོས་གཞི་འཁྲུལ་པ་རང་སར་གྲོལ་བ་ཀ་དག་གི་ལམ་གནད་བཤད་པ་ནི། །འཁོར་བ་རྣམ་པར་རྟོག་པ་སྟེ༔ སོགས་ནས། དེ་ལ་བྱ༔ ཞེས་གསུངས་པ་སྟེ་ཐོག་མ་མེད་པའི་དུས་ནས་གོམས་ཤིང་འཁྲུལ་པའི་འཁོར་བ་ཞེས་བྱ་བ་འདིའི་རྩ་བ་ཆོད་ན་གཟུང་འཛིན་གྱི་རྣམ་པར་རྟོག་པའི་བློ་སྐད་ཅིག་མའི་ཕྲེང་བ་རྒྱུན་མཐུད་པ་ཙམ་ལས་གཞན་དུ་མ་དམིགས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་ལས་མ་གཏོགས་པ། །འཁོར་བ་ཞེས་བྱ་གང་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རབ་ཏུ་མྱ་ངན་འདས། །ཞེས་སོ། །དེས་ན་ཕྱི་རོལ་ཡུལ་དུ་གྱུར་པ་ཚོགས་དྲུག་གི་སྣང་བ་ཐམས་ཅད་ཀྱང་ནང་རང་སེམས་ཀྱི་འཛིན་པས་ཕན་གནོད་ཀྱི་ཡུལ་དུ་བློས་རང་མཚན་པར་ཞེན་ཅིང་སྒྲོ་བཏགས་པ་ཁོ་ན་མ་གཏོགས་རང་ངོས་ནས་ཕན་གནོད་ཀྱི་ཡུལ་དུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མ་མཆིས་ཤིང༌། དེ་དེར་འཛིན་མཁན་གྱི་བློ་ཡང་རྣམ་པར་དཔྱད་ན་དུས་གསུམ་ཀུན་ཏུ་མ་གྲུབ་པས་མདོར་ན་ཀུན་རྫོབ་འཁྲུལ་པའི་སྣང་བ་ཐམས་ཅད་ཇི་ལྟར་དཔྱད་ཀྱང་མཐར་ཐུག་སྐྱེ་བ་མེད་པའི་བདག་ཉིད་ལས་ནམ་ཡང་མ་འདས་ཏེ། རྒྱལ་སྲས་ཞི་བ་ལྷས། འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མི་འགག་ཉིད། །འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །ཞེས་དང༌། འཇུག་པ་ལས། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །ཞེས་དང༌། དཔལ་ལྡན་ཨ་ཏི་ཤས། ཀུན་རྫོབ་ཇི་ལྟར་གནས་པ་འདི། །རིག་པས་དཔྱད་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ལྟར་ཡང་ཡང་བརྟགས་པས་ཀུན་རྫོབ་འཁྲུལ་པའི་དངོས་པོའི་རྫུན་ཕུག་བརྡིབས་སྟེ་དེ་ཁོ་ན་ཉིད་ཀྱི་སྐྱེ་བ་མེད་པའི་སྟོང་པ་མངོན་དུ་གྱུར་པ་ལ་དོན་དམ་པའི་བདེན་པ་ཞེས་བྱ་སྟེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང༌། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལས། །གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང༌། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང༌། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་སོ། །སྣང་སྟོང་དེ་གཉིས་ཀྱང་འགལ་འདུར་མི་གནས་པས་ཟུང་འཇུག་མཉམ་པ་ཉིད་ཀྱི་དོན་ཞེས་བྱ་བ་སྟེ། ལངྐར་གཤེགས་པ་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །དེ་ལྟར་འཇིག་རྟེན་ནམ་མཐོང་ན། །དེ་ཚེ་སེམས་ཀྱང་རྣམ་ལྡོག་སྟེ། །བདག་མེད་པ་ཡང་རྟོགས་པར་འགྱུར། །ཞེས་དང༌། འཕགས་པ་ཀླུས། སྣང་བ་དང་ནི་སྟོང་པ་དག །སོ་སོའི་ཆར་ནི་ཤེས་གྱུར་ཏེ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས། དེ་ལྟ་བུའི་རྣམ་པར་རྟོག་པ་ཀུན་ལས་འདས་པའི་སྟོང་ཉིད་མངོན་དུ་གྱུར་པ་ནི་མྱ་ངན་ལས་འདས་པའི་ལམ་མཐར་ཐུག་པ་སྟེ། ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྟོག་མེད་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སོ། །ཆོས་ཉིད་དེའི་གནས་ལུགས་མངོན་དུ་བྱ་བའི་ཕྱིར་རྩོལ་མེད་རྫོགས་པ་ཆེན་པོའི་སྐབས་སུ་རང་སེམས་མ་བཅོས་རྣལ་མའི་གཤིས་ལུགས་སྤང་བླང་བསྒྱུར་བཀོད་དང་བྲལ་བར་བབ་ཀྱིས་བསྐྱངས་བས་ཡོད་མེད་རྟག་ཆད་ཀུན་བྲལ་གྱི་ཆོས་ཉིད་གསལ་དྭངས་རྒྱུན་ཆད་མེད་པ་དམིགས་གཏད་མཚན་འཛིན་ལས་འདས་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་འཁྲུལ་སྣང་སེམས་ཀྱི་ཁང་བུ་བཤིག་པ་ལས་རང་བྱུང་རིག་པའི་གནས་ལུགས་མ་བཅོས་པ་མངོན་དུ་གྱུར་པས་སེམས་དང་ཡེ་ཤེས་ཤན་འབྱེད་པའི་གདམས་པ་ལྟ་བ་རི་བོ་ཅོག་བཞག་ཅེས་གསུངས་ཏེ། རིག་པ་རང་ཤར་ལས། སངས་རྒྱས་ཀུན་གྱི་ས་བོན་ནི། །སེམས་མེད་རིག་ཅེས་ཀུན་ཏུ་གྲགས། །ཞེས་དང༌། བསྡུས་པའི་རྒྱུད་ལས། སེམས་ནི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོ་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་སོ། །དེ་ཀའི་ངང་དུ་རྣལ་མ་མ་བཅོས་གཤིས་ཀྱི་གནས་ལུགས་སུ་བབ་ཀྱིས་ཀློད་པས་བསྒོམ་པར་བྱ་བའི་དམིགས་གཏད་ཀྱི་མཚན་འཛིན་ཀུན་ལས་འདས་ཤིང༌། ཡེངས་སུའང་མེད་པའི་རང་བཞིན་བབ་ཀྱི་བསམ་གཏན་ལ་མཉམ་པར་འཇོག་པས་གོམས་སུ་འཇུག་པ་ནི་སྒོམ་པ་རྒྱ་མཚོ་ཅོག་བཞག་སྟེ། རྫོགས་ཆེན་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ཡེ་ནས་གནས་པའི་རང་བྱུང་སྙིང་པོ་འདི། །རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་སྐྱེས་པས། །རྩོལ་བ་གང་ཡང་མ་བྱས་ཆོས་སྐུ་རུ། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །ཞེས་སོ། །དེ་ལྟར་ཡང་དག་རིག་པའི་དོན་ལ་མཉམ་པར་བཞག་པའི་ཚེ་ཕྱི་ཡུལ་ལྔའི་སྣང་བ། ནང་གཟུང་འཛིན་གྱི་རྟོག་པ་གང་དང་ཇི་ལྟར་ཤར་ཡང་ཆེད་དུ་འབད་པས་མི་དགག །རྩོལ་བས་སྒྲུབ་པའང་མ་ཡིན་བཅོས་བསྒྱུར་སྤང་བླང་དང་བྲལ་བའི་ངང་དུ་གློད་པས་ཕན་གནོད་ཀུན་ལས་འདས་ཤིང༌། མ་བཅོས་ཟང་ཐལ་ཆེན་པོའི་རྒྱན་དུ་འཆར་བས་ན་སྤྱོད་པ་སྣང་བ་ཅོག་བཞག་ཅེས་གསུངས་ཏེ། སངས་རྒྱས་མཉམ་སྦྱོར་ལས། ཆོས་དབྱིངས་མཉམ་དང་མི་མཉམ་པའི། ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །དངོས་པོ་ཐམས་ཅད་དེ་ཡིན་ཏེ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །ཞེས་སོ། །ཆོས་ཉིད་དེའི་གོམས་པ་ཀློང་དུ་གྱུར་ཏེ་རིག་སྟོང་དགོངས་པའི་རྩལ་ཤུགས་ཡོངས་སུ་རྫོགས་པས་སྣང་སྲིད་ཀུན་ཀྱང་མ་བཅོས་ཆོས་སྐུའི་རང་བཞིན་ལས་རྡུལ་ཙམ་ཡང་འདའ་བ་མེད་པ་འོད་གསལ་ཐིག་ལེ་ཉག་གཅིག་ཏུ་ཟླུམ་པའི་མཐུས། གཟུང་འཛིན་དང་འཁོར་འདས་སྤང་བླང་གི་གཉིས་ཆོས་ཐམས་ཅད་རྒྱུན་ཆད་པའི་བློ་བྲལ་གདོད་མའི་མགོན་པོའི་གོ་འཕང་མ་བཙལ་རང་ལས་རྙེད་པས་ཀ་དག་དོན་གྱི་དགོངས་པ་གདིང་དུ་ཁེལ་བ་འབྲས་བུ་རིག་པ་ཅོག་བཞག་གི་དོན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་དང༌། སྒྱུ་འཕྲུལ་མེ་ལོང་ལས། བདག་གཞན་ཆོས་རྣམས་མ་ལུས་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །དངོས་པོ་མ་ཡིན་དངོས་མེད་མིན། །བདག་གཞན་གཉིས་ཀ་གཉིས་མེད་མིན། །ཞེས་སོ། །དེ་ལྟར་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་པ་བཞིར་ཕྱེས་ཀྱང་དབྱེ་གཞི་རིག་སྟོང་ལྷུན་མཉམ་ཆེན་པོའི་དགོངས་པ་ཉག་གཅིག་ལས་ཐ་དད་དུ་ཅང་མ་མཆིས་ཏེ། རིག་པ་རང་ཤར་གྱི་རྒྱུད་ལས། འཇམ་དཔལ་ཡེ་ཤེས་སྤྲུལ་པ་ཉིད། །གང་ལྟར་བལྟས་པ་དེ་ལྟར་སྣང༌། །འཇམ་དཔལ་དངོས་པོའི་ཆོས་ལས་འདས། །ཡང་དག་འཇམ་དཔལ་ཡེ་ཤེས་ཉིད། །ཅེས་སོ། །དེས་ན་མདོ་རྒྱུད་ཐམས་ཅད་ཀྱི་བསྟན་བྱའི་མཐར་ཐུག་ཆོས་ཉིད་འདི་ཁོ་ན་ཡིན་ཅིང་བགྲང་ཡས་ཐེག་པའི་སྒོ་འཕར་བསམ་མི་ཁྱབ་པ་ཀུན་ཀྱང་འདི་ཉིད་རྟོགས་པའི་ཐབས་འབའ་ཞིག་ཏུ་གསུངས་པས་ན་མཐའ་བྲལ་དབུ་མ་ཆེན་པོ། ལྷན་སྐྱེས་ཕྱག་རྒྱ་ཆེན་པོ། གཉུག་མ་སེམས་ཀྱི་རྡོ་རྗེ། ཆོས་ཉིད་དེ་བཞིན་ཉིད། ཟབ་གསལ་བསམ་གྱིས་མི་ཁྱབ་པ། བདེ་གཤེགས་སྙིང་པོ། རང་བཞིན་རྫོགས་པ་ཆེན་པོ་སོགས་མཚན་གྱི་རྣམ་པ་དུ་མས་བསྟན་པར་མཛད་ཅིང༌། དེ་ལྟ་བུའི་གནས་ལུགས་དེའི་དོན་རྟོགས་པ་ཙམ་གྱིས་གཟུང་འཛིན་སྲིད་པའི་འཁྲུལ་འཁོར་སྐད་ཅིག་ལ་འཇིག་སྟེ་སྐུ་གསུམ་དོན་གྱི་ས་ལ་བཙན་ས་ཟིན་པར་བྱེད་པས་བདུད་བཞི་དབྱིངས་སུ་བཅོམ། གསང་བའི་དགྲ་གསུམ་སོད། སྐུ་དང་ཡེ་ཤེས་རྒྱ་མཚོའི་འབྱུང་གནས་ཆོས་དབྱིངས་རྣམ་པར་མི་རྟོག་པའི་བདག་ཉིད་དཔལ་ཧེ་རུ་ཀ་ཕྱག་རྒྱ་ཟིལ་གནོན་གྱི་གོ་འཕང་མངོན་དུ་བྱེད་པ་སྟེ། འཇམ་དཔལ་དྲི་མེད་གསང་རྒྱུད་ལས། གཤིན་རྗེ་གཤེད་པོའི་གཙོ་འཁོར་དེ། །རང་བྱུང་ཡེ་ཤེས་རོལ་པའི་སྐུ། །ལོངས་སྤྱོད་རང་ལ་རྫོགས་པའི་རྒྱན། །ཡོན་ཏན་ཐམས་ཅད་འབྱུང་བའི་གཏེར། །རང་བཞིན་ལྷུན་གྱིས་རྫོགས་པའི་སྐུ། །རྫོགས་པ་ཆེན་པོའི་རྣལ་འབྱོར་བལྟ། །ཞེས་དང༌། གསང་ཆེན་ཆོས་ཀྱི་འབྱུང་གནས་འཇིགས་བྲལ་ཨ་ཛི་ཏས། འདི་དོན་གང་གིས་རིག་པ་དེས། །སྲིད་གསུམ་ཟ་བ་གཤིན་རྗེའི་ཚོགས། །མ་ལུས་དབྱིངས་སུ་ཟ་བ་ཡི། །ཡ་མཱནྟ་ཀའི་དོན་མཐོང་ཡིན། །ཞེས་སོ། །དེས་ན་འདི་ནི་སངས་རྒྱས་ཀུན་གྱི་གསང་བ་མི་ཟད་པའི་མཛོད་ཆེན་པོར་གདོད་ནས་གྲུབ་པས་ངེས་པ་དོན་གྱི་འཇམ་དཔལ་གཞོན་ནུའང་ཡིན་ཏེ། ཇི་སྐད་དུ། ཉི་མའི་སྣང་བས་ཁྱབ་པའི་ནམ་མཁའ་བཞིན། །སྟོང་གསལ་འདུས་མ་བྱས་པའི་རིག་པ་འདི། །ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་ཡི། །འཇམ་དཔལ་གཞོན་ནུ་སྙིང་པོ་ཉིད་ཅེས་གསུངས། །ཞེས་སོ། །གསུམ་པ་རྗེས་འཁྲུལ་སྣང་ཡེ་ཤེས་སུ་འཆར་བ་ལྷུན་གྲུབ་ཀྱི་གསེང་ལམ་བཤད་པ་ལ་གཉིས། ཉམས་ལེན་གྱི་ཆིངས་དང༌། ལམ་གྱི་རྣམ་བཞག་བསྟན་པའོ། །དང་པོ་ནི། ལུས་གནད་བྱེད་བཅིངས་སོགས་ནས། ཚུལ་འདིར་འགྲུབ༔ ཅེས་པ་སྟེ་དེ་ཡང་སྙིང་དབུས་གཞོན་ནུ་བུམ་པའི་སྦུབས་སུ་བཞུགས་པའི་འོད་གསལ་རིན་པོ་ཆེའི་གསང་བའི་མཛོད་ཐབས་ཀྱིས་གཅུན་ཏེ་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་སྣང་བ་ལམ་དུ་བྱ་བའི་ཕྱིར། དང་པོ་ལུས་མི་གཡོ་བ་ཆོས་སྐུ་སེང་གེའི་བཞུགས་སྟངས། ལོངས་སྐུ་གླང་ཆེན་གྱི་བཞུགས་སྟངས། སྤྲུལ་སྐུ་དྲང་སྲོང་གི་བཞུགས་སྟངས་གསུམ་གང་རུང་དང་ལྡན་པས་འབྱུང་བ་རང་སར་དག །གཡོ་བྱེད་ཀྱི་རླུང་ཟིན། དྲོད་བསྐྱེད་ཅིང་འབྱུང་བཞི་ཆ་སྙོམས། མཐར་ཐུག་སྐུ་གསུམ་དུ་གྲོལ་བར་བྱེད་ལ། དེའི་ངང་ནས་གཙུག་ཏོར་རྣམ་པར་བལྟ་བ། མདའ་མཁན་སྙུག་མ་བསྲང་བ། དྲང་སྲོང་བསམ་གཏན་ལ་གནས་པ་ལྟ་བུ་སྟེ་སྐུ་གསུམ་གྱི་གཟིགས་སྟངས་གང་རུང་བྱས་པས་དབྱིངས་རིག་གི་སྣང་བ་ཚད་ལ་ཕེབས་ཤིང༌། དངོས་འཛིན་འཁྲུལ་སྣང་ཡེ་ཤེས་སུ་འཆར་བའི་དགོས་པ་དང་ལྡན་པ་ཡིན་ལ། ལྟ་སྟངས་དེ་གཏད་པའི་ཡུལ་ནམ་མཁའ་སླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཚེ་ཉི་མ། ཟླ་བ། མར་མེ་རྣམས་ལ་རྟེན་བྱས་ཏེ་མིག་དང་རིག་པ་ཡུལ་སྣང་གསུམ་དབྱེར་མེད་པས་ཀ་དག་གི་རང་ངོ་ལས་མི་ཡེངས་པར་བལྟ་ཞིང༌། དེའི་ཚེ་རླུང་རབ་ཏུ་དལ་བས་དང་པོའི་དུས་སུ་འཇམ་རླུང་ཅུང་ཟད་བཟུང་ཞིང༌། གོམས་པའི་ཚེ་རྩོལ་བ་ལྷོད་དེ་གནད་དུ་གཅུན་པས་ནམ་མཁའ་སྤྲིན་བྲལ་གྱི་དབུས་སུ་དབྱིངས་རྣམ་དག་གི་སྒྲོན་མ་འོད་གདངས་ཁ་དོག་ལྔ་ལྡན་དང་མཐིང་ག་ཁྱབ་པ་ཆེན་པོ་ཟུང་འབྲེལ་ཕྱི་ནང་གི་དབྱིངས་ཀྱི་སྣང་བ་དང༌། དབྱིངས་སྣང་དེའི་སྟེང་དུ་འོད་ཟེར་ཁ་དོག་ལྔ་ལྡན་གྱི་ཐིག་ལེ་མུ་ཁྱུད་ཅན་ཀོ་མོག་ཆུ་ལ་རྡོ་བོར་བའི་རྣམ་པ་ལྟ་བུ་ཐིག་ལེ་སྟོང་པའི་སྒྲོན་མ་དང༌། ཤེས་རབ་རང་བྱུང་གི་སྒྲོན་མ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཤེལ་གྱི་སྐུད་པ་བསྒྲེངས་བ་ལྟ་བུ་རྣམས་རིམ་ཅན་དུ་འཆར་བ་ལ་དབྱིངས་ཀྱི་ར་བ་ཐིག་ལེ་དང༌། དེའི་ནང་དུ་རྡོ་རྗེའི་ལུག་རྒྱུད་གཞན་དུ་མི་འགྲོ་བར་བཙུད་དེ་གོམས་སུ་འཇུག་དགོས་ལ། དེ་དག་ཀྱང་ཕྱིའི་སྣང་བ་དང༌། ནང་གི་རིག་པ་ཡ་མ་བྲལ་བའི་དབྱིངས་རིག་ཟུང་འཇུག་གི་ལམ་ལ་གནད་དུ་བསྣུན་པས་སྣང་བཞིའི་རྟགས་སྣང་རྣམས་རྫོགས་ཏེ་འཇམ་དཔལ་ཡེ་ཤེས་དཔའ་སྣང་སྟོང་སྒྱུ་མའི་སྐུ་མཆོག་མངོན་དུ་འཐོབ་པར་བྱེད་དོ། །གཉིས་པ་ནི། གསང་བའི་ལམ་ནས་ཡེ་ཤེས་གདངས༔ སོགས་ནས༔ སྡུད་ཅིང་ཟད༔ ཅེས་པ་སྟེ་དེ་ལྟར་སྣང་བ་དེ་དག་ཀྱང་ནང་རིག་པའི་ཀློང་དུ་ཡེ་ནས་གནས་པའི་འོད་གསལ་ལྷུན་གྲུབ་ཀྱི་སྣང་ཆ་མ་འགགས་པའི་རང་གདངས་གང༌། མན་ཤེལ་ཉི་མ་དང་འཕྲད་པས་འཇའ་ཟེར་ཕྱིར་མངོན་པ་ལྟར་སྒོ་ཡུལ་རླུང་རིག་གི་གནད་ཀྱིས་གཅུན་པས་ཕྱིར་ཤར་བ་ཉིད། སྙིང་ནས་མིག་ཏུ་འབྲེལ་བའི་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་གྱི་གདངས་ཕྱིར་འཕོས་པ་བཞིན་དུ་བྱས་པས་ནང་དུ་རིག་པའི་རྩལ་རྫོགས་ཆེ་ཆུང་ལ་བརྟེན་པའི་ཕྱི་སྣང་བའང་རིམ་གྱིས་འཕེལ་བའི་མཐུས་དབྱིངས་སྣང་རེས་སྣང་རེས་མི་སྣང་བའི་འགུལ་འཕྲིགས་ཅན་ཐོག་མར་མངོན་པ་ནས་ཐིག་ལེ་སུམ་སྦྲེལ་དུ་ཤར་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བ་དང༌། དེ་ལྟར་ཡང་ཡང་གོམས་པས་འཇའ་འོད་ཐིག་ལེ་རྟག་ཏུ་མངོན་ཞིང༌། འོད་ལྔའི་སྣང་བ་ཆེས་གསལ་བས་གྱེན་འགྲེང་རྩིབས་ཤར་སོགས་ཟ་འོག་གི་བེར་ཁྱིམ་བཀྲམ་པ་ལྟ་བུའི་ཆེས་མཆེད་ཅིང༌། དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་སྣང་བ་དང༌། ཐིག་ལེ་ཟླུམ་སྐོར་གྱི་ལྟེ་བར་པད་འདབ་བཞིས་བརྒྱན་པའི་སྣང་བ་དང༌། རིག་པའང་ཤ་ར་ཎ་དལ་གྱིས་འགྲོ་བ་ཙམ་དུ་འཆར་བ་ནི་ཉམས་གོང་འཕེལ་དང༌། སྣང་ཡུལ་ཐམས་ཅད་འོད་ལྔས་ཁྱབ་ཅིང་ཐིག་ལེ་མུ་ཁྱུད་ལྔ་ལྡན་མཐའ་དབུས་ཚོམ་བུར་འབྲེལ་བའི་ནང་དུ་སྐུ་གཙུག་ཏོར་དང༌། དབུ་ཕྱེད་སྐུ། སྐུ་རྐྱང༌། མཆོག་གི་སྤྲུལ་སྐུ། ལོངས་སྐུ། ཚོམ་བུ་ལྔ་ལྡན། ཡབ་ཡུམ་འཁྲིལ་སྦྱོར་སོགས་ཀྱི་འཇམ་དཔལ་སྐུ་རིགས་གཅིག་དང༌། རིགས་ལྔ་ལ་སོགས་པ་ཞི་བ་དང་ཁྲོ་བོར་སྣང་བ་ཐམས་ཅད་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབས་ཏེ་ཁམས་གསུམ་ཐམས་ཅད་ཁྱབ་པར་གང་བར་སྣང་ཞིང༌། རིག་པའང་བུང་བ་བཅུད་ལ་འཁོར་བ་ལྟ་བུའི་དལ་བྲེལ་དང༌། ཞི་ཁྲོའི་ལྷ་ཡི་སྐུ་རུ་སྨིན་པས་རིག་པ་ཚད་ཕེབས་ཀྱི་སྣང་བ་དང༌། སྣང་བ་ཐམས་ཅད་ཀྱི་འཕེལ་རྫོགས་ཏེ་ཀུན་ཀྱང་ནང་དབྱིངས་སུ་སྡུད་པས་ཕྱི་འོད་ལྔའི་སྣང་བ། ནང་སྒྱུ་ལུས། གསང་བ་རླུང་སེམས་ཉམས་ཀྱི་འཕེལ་དང་བཅས་པ་ཟད་དེ་སྲིད་གསུམ་འཁོར་བར་གཡོ་ཞིང་འཁྲུལ་བའི་བག་ཆགས་ས་བོན་དང་བཅས་པ་ཟད་དེ་ལུས་འོད་གསལ། ངག་རང་བྱུང་ནཱ་ད། སེམས་ཆོས་སྐུའི་དབྱིངས་ལས་ནམ་ཡང་མི་འདའ་བ་ཆོས་ཟད་རྗེན་པ་སྟེ། དེ་དག་གི་སྐབས་སུ་མི་འགུལ་བ་གསུམ་ལ་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་བཟུང༌། ཐོབ་པ་གསུམ་གྱི་གཟེར་གདབ། གདེང་བཞིའི་གྲོལ་ཚད་དང་བཅས་པས་མཐར་བསྐྱལ་བས་རིག་པའི་ཀློང་དུ་སྐུ་གསུམ་གྱི་ཡོན་ཏན་ཡེ་ལྡན་དུ་ཡོད་པ་ཉིད་ལམ་སྣང་དུ་འཕེལ་ཅིང་ཟད་པས་མཐར་ཕྱིན་ཏེ་ཡེ་ཤེས་ཆེན་པོ་གཏིང་གསལ་འགགས་མེད་ཀྱི་མཁྱེན་ཆ་ནང་ནས་གསལ་བའི་ཤེས་རབ་རང་བྱུང་གི་སྒྲོན་མ་འཇམ་དཔལ་རྡོ་རྗེ་རྣོན་པོའི་དགོངས་པའི་རྩལ་ཤུགས་འབད་མེད་དུ་རྫོགས་ཏེ་གློ་བུར་འཁོར་བའི་འཁྲུལ་པ་ཆ་དང་བཅས་པའི་སྒྲིབ་གཉིས་ཀྱི་མུན་པ་སེལ་བའི་ས་ལ་སྦྱོར་བར་བྱེད་པ་སྟེ། རིག་པ་རང་ཤར་ལས། སངས་རྒྱས་རང་བྱུང་དགོངས་པ་འདི། །ལྟ་བ་རིག་པའི་ལྟ་བ་ལ། །མིག་གི་དབང་པོས་མ་ཡེངས་པར། །འཛིན་པའི་རྟོག་པ་མ་ཞུགས་པས། །རང་གི་ལྟ་བ་མཐོང་བ་ཡིན། །ཞེས་དང༌། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་དང༌། དོན་དམ་པའི་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་དང༌། རིན་ཆེན་སྒྲོན་མ་ལས། རྒྱངས་ཞགས་ཆུ་ཡི་སྒྲོན་མ་ཡིས། །གཟུགས་སོགས་ངོ་བོ་ཉིད་དུ་སྡུད། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །ཐེག་པ་རྣམས་ཀྱི་ཐེ་ཚོམ་གཅོད། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིས། །འཁོར་འདས་བསྲེ་བའི་མཚམས་སྦྱོར་བྱེད། །དག་པ་དབྱིངས་ཀྱི་སྒྲོན་མ་ཡིས། །རྣལ་འབྱོར་ཉམས་ཀྱི་བོགས་འདོན་བྱེད། །ཅེས་གསུངས་པ་ལྟར་རོ། །འདི་དང་རྗེས་སུ་འབྲེལ་བར་དབང་འབྲིང་བར་དོའི་གདམས་ངག་དང༌། ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་དབྱུང་བ་དང༌། སྐྱེ་བ་ལམ་ཁྱེར་གྱི་གདམས་པ་ཉམས་སུ་ལེན་པ་བཅས་འཆད་པར་འདོད་ན་ཐེག་པ་མཆོག་གི་ཁྲིད་རིམ་གཞན་ལས་འབྱུང་བ་ལྟར་ཤེས་པར་བྱ་བ་ཁོ་ནའོ། །དེ་ལྟར་འབད་པས་གཉིས་འཛིན་གྱི་བློ་ཡི་ངོ་ཁར་བཏགས་པའི་འཁོར་ཆོས་དང༌། དེའི་འགལ་ཟླ་མྱང་འདས་གཉིས་སུ་སྣང་བའི་ཞེན་རྟོག་ཐམས་ཅད་རང་སར་ཟད་ཅིང་སྟོངས་པས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཀློང་དུ་བཙན་ས་ཟིན་ཏེ་མཐའ་བྲལ་དོན་དམ་བདེན་པ་ཉག་གཅིག་རྣམ་གྲངས་མ་ཡིན་པའི་སྟོང་ཉིད་རྣམ་ཀུན་མཆོག་ལྡན་དུ་གྲོལ་བས་ཆོས་ཀུན་ཟད་སར་བསྐྱལ་བ་ཀ་དག་དང་ལྷུན་གྲུབ་ཀྱི་ལམ་ཞེས་གསུངས་པའོ། །མཐའ་ཡས་གདུལ་བྱའི་དབང་པོའི་རྗེས་འགྲོ་བའི། །རིམ་གཉིས་ཟུང་འཇུག་ཆེན་པོའི་གསེང་ལམ་ལས། །སྲིད་ཞིའི་གཡང་ས་བརྒལ་བའི་ཆོས་ཀྱི་དབྱིངས། །བདེ་ཆེན་རྡོ་རྗེ་རྣོན་པོའི་སར་རྩེན་མཛོད། །གསུམ་པ་སྦྱངས་འབྲས་ཡེ་ཤེས་ཀྱི་འཁོར་ལོ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི། སླར་ཡང་ཡེ་ཤེས་རང་སྣང་བས༔ སོགས་ནས། འབྲས་བུ་ཆེན་པོའོ༔ ཞེས་པའི་བར་ཏེ་མངོན་སུམ་གྱི་སྣང་བའི་འཕེལ་ཟད་པའི་ཚེ་ཐེག་པ་ཆེན་པོའི་ལམ་དུ་གྱུར་པས་ཉན་ཐོས་ཀྱི་ལྷག་མེད་མྱང་འདས་ལྟ་བུ་མ་ཡིན་པར་སྣང་ལ་རང་བཞིན་མེད་པའི་ཟང་ཐལ་འོད་ཀྱི་ལུས་འཆི་མེད་ཡེ་ཤེས་ཀྱི་སྐུ་འཇའ་ལུས་འཕོ་བ་ཆེན་པོའམ། ཟག་བཅས་སྒྱུ་མའི་རྟེན་དེ་ན་བུན་ནམ་མཁའ་ལ་དེངས་པ་ལྟར་ཡལ་ནས་ནང་གསལ་གདོད་མའི་ཐིག་ལེ་སྐུ་དང་ཡེ་ཤེས་རྒྱ་མཚོའི་འབྱུང་གནས་རིགས་ཀུན་ཁྱབ་བདག་འཇམ་དཔལ་གདོད་མའི་མགོན་པོའི་དབྱིངས་སུ་གཟུང་འཛིན་སེམས་དང་སེམས་བྱུང་གི་རྒྱུ་འབྲས་ཆེས་ཕྲ་བ་སྣང་གསུམ་འཕོ་བའི་བག་ཆགས་དང་བཅས་པ་དབྱིངས་སུ་ཉེ་བར་ཞི་བའི་ཤིན་ཏུ་ཕྲ་བའི་ཡེ་ཤེས་ལ། འཇམ་དཔལ་དྲི་མེད་གསང་རྒྱུད་ལས། རང་བཞིན་གྲུབ་པའི་དཀྱིལ་འཁོར་ནི། །ཆོས་ཉིད་སྐུ་ལས་མ་གཡོས་བཞིན། །ལོངས་སྤྱོད་རྫོགས་སྐུར་གནས་པའོ། །ཞེས་པ་ལྟར་དབྱིངས་སྤྲོས་པ་ཀུན་བྲལ་ལ་མཁྱེན་ཆ་འགགས་མེད་དུ་རང་བཞིན་གྱིས་གསལ་བས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་སངས་རྒྱས་པ་སྟེ། ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡིན་པས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་པའོ། །ཞེས་སོ། །ཆོས་ཉིད་དེའི་ངང་ལས་མ་གཡོས་པར་ཡེ་ཤེས་ཕྱིར་གསལ་གྱི་རང་སྣང་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་གནས་སྟོན་པ་འཁོར་ཆོས་དུས་ཀྱི་ངེས་པ་ལྔ་དང་ལྡན་ཅིང་ཁ་སྦྱོར་ཡན་ལག་བདུན་གྱི་མངའ་བདག་ཏུ་ལྷུན་གྱིས་གྲུབ་པའི་ཞི་བ་རིགས་ལྔ། ཁྲག་འཐུང་འབར་བའི་འཁོར་ལོའི་སྤྲིན་བསམ་གྱིས་མི་ཁྱབ་པར་བཀོད་པར་མཛད་དེ། སྒྱུ་འཕྲུལ་རྩ་རྒྱུད་ལས། དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་བརྙེས་པ་དང༌། །རྒྱ་ཆེན་གསུང་ལ་དོན་འབྱུང་བའང༌། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་སོ། །སྤྲུལ་གཞི་སྐུ་དེ་གཉིས་ལས་དམིགས་མེད་ཐུགས་རྗེའི་རང་རྩལ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཁའ་དང་མཉམ་པར་འབད་མེད་དུ་སྣང་བས་རང་བཞིན་དང༌། འགྲོ་འདུལ། སྣ་ཚོགས་སྤྲུལ་པ་གང་ལ་གང་འདུལ་དུ་སེམས་ཅན་སོ་སོའི་ཁམས་དབང་མོས་པའི་རྗེས་སུ་འགྲོ་བའི་རྣམ་ཐར་དང་མཛད་བ་རྒྱལ་བ་ཀུན་དང་རྣམ་དབྱེར་མེད་པའི་ཐུགས་བསྐྱེད་ཅན་འཇམ་དཔལ་གཞོན་ནུའི་གསང་བ་དང་གཉིས་སུ་མེད་པས་དོན་གཉིས་མཐར་ཕྱིན་པ་སྟེ། གསེར་འོད་དམ་པ་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། །ཞེས་སོ། །སྐུ་གསུམ་པོ་དེ་ཡང་ཡོན་ཏན་གྱི་ལྡོག་ཆས་དབྱེ་བ་ཙམ་ལས་ངོ་བོ་ཆོས་ཉིད་གཅིག་ལས་ཐ་མི་དད་ཅིང་དག་པ་གཉིས་ལྡན་རྣམ་པར་མི་རྟོག་པའི་ཡེ་ཤེས་འདུས་མ་བྱས་པར་ལྷུན་གྱིས་གྲུབ་པ་མི་འགྱུར་རྡོ་རྗེའི་སྐུ་ཞེས་བྱ་སྟེ། རང་ཤར་ལས། སྟོང་པ་ཡེ་ཤེས་སྙིང་པོ་ཅན། །མཐའ་ལ་མི་གནས་རྡོ་རྗེའི་སྐུ། །ཞེས་སོ། །དེའི་ཀློང་དུ་སྟོབས་བཅུ་མི་འཇིགས་བཞི་སོགས་སྤངས་རྟོགས་རྒྱ་མཚོ་ལྟ་བུས་མངོན་པར་མཛེས་པས་ཟག་མེད་འབྲས་ཆོས་ཉེར་ལྔའི་ཡོན་ཏན་ཐམས་ཅད་རྫོགས་པའི་བདག་ཉིད་དུ་བཞུགས་པ་མངོན་པར་བྱང་ཆུབ་པའི་སྐུ་སྟེ། ཡེ་ཤེས་དྲྭ་བ་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས་པས་ཆུབ་པ་ཉིད། །གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར། །མངོན་པར་བྱང་ཆུབ་སྐུར་བརྗོད་དོ། །ཞེས་སོ། །སྐུ་ལྔ་པོ་དེ་ལ་ཆོས་ཀྱི་དབྱིངས་དང༌། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་དང་ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ་པའི་མཛོད་ལ་དབང་ཐོབ་པས་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་སྲིད་ཞི་ཡོངས་ཀྱི་སྤྱི་དཔལ་དུ་སྣང་བས་དོན་གཉིས་ལྷུན་གྱིས་གྲུབ་པའི་ས་ལ་རྩེན་ཏེ་རྒྱལ་ཀུན་ཡེ་ཤེས་སེམས་དཔའི་ཚུལ་དུ་མངོན་པར་བྱང་ཆུབ་པ་འབྲས་བུ་མཐར་ཕྱིན་པའི་ས་ལ་གནས་པས་ན་འབྲས་བུ་ཡེ་ཤེས་ཀྱི་འཁོར་ལོ་ཞེས་གསུངས་སོ། །དེ་ཡང་སྤྱིར་རྒྱུད་སྡེ་ཆེན་པོའི་སྒྲུབ་བཀའ་བརྒྱད་ཀྱི་ཡ་གྱལ་འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དང་འབྲེལ་པའི་ཟླ་གསང་རྒྱུད་སྡེའི་གསང་བ་ཟབ་ཅིང་རྒྱ་ཆེ་བའི་རྩ་བ་ཡན་ལག་མན་ངག་གི་གཞུང་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། དེ་དག་ཀུན་གྱི་ཡང་ཟབ་སྙིང་པོའི་བཅུད་དུ་དྲིལ་བའི་གསེར་ཞུན་སླད་དང་བྲལ་བ་ལྟ་བུའི་མན་ངག་ཉིད། སྙིགས་མའི་དུས་སུའང་རྒྱལ་ཀུན་ཕྲིན་ལས་ཀྱི་སྣང་བས་སྔ་ན་མེད་པའི་གསང་མཛོད་ལ་ཅི་དགར་རྩེན་པའི་བཀའ་དྲིན་ཕ་མཐའ་ཡས་པའི་འབྱུང་གནས་ཅན་འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་བབས་ཆེན་པོ་བདུན་གྱི་དགའ་སྟོན་ལས་བྱོན་པ་ཉིད་རྒྱུ་མཚན་ཤེས་པའི་བློ་གྲོས་ཀྱིས་དང་པོ་སྔོན་འགྲོའི་ལམ་གྱི་གཞི་བཏིང༌། དངོས་གཞི་བསྐྱེད་བཟླས་ཀྱི་རྣལ་འབྱོར་ལམ་ངེས་རྫོགས་སམ་དུས་གྲངས་རྟགས་ཀྱི་བསྙེན་པ་མཐར་དབྱུང༌། དེ་དག་ཅི་རིགས་པར་རྩོལ་བཅས་དང་རྩོལ་མེད་ཀྱི་རྫོགས་པའི་རྣལ་འབྱོར་ཟབ་མོས་རང་རྒྱུད་རྡོ་རྗེའི་རྣལ་འབྱོར་མཆོག་གི་དབྱིངས་སུ་སྨིན་པར་བྱ་ཞིང༌། བསྟན་དང་འགྲོ་བ་ལ་ཕན་པ་དང་དགོས་པའི་ཕྱིར་རྗེས་འབྲེལ་ལས་ཀྱི་ཚོགས་ཀྱང་ཉམས་སུ་བླངས་བས་དོན་གཉིས་འབད་མེད་དུ་རྫོགས་པར་ནུས་པའི་ཟབ་ལམ་འདུས་གསལ་ངོ་མཚར་ཅན་དུ་སྣང་བས་སྙིང་གི་དཔལ་བེའུར་འཆང་བར་བྱ་དགོས་ཏེ། གཞུང་རྡོ་རྗེའི་ཚིག་རྐང་ལས། དང་པོ་རང་བྱུང་སྔགས་ཀྱི་རྒྱུད༔ ཟླ་གསང་བྱེ་བ་འབུམ་ཕྲག་ལས༔ སྙིང་པོའི་སྙིང་པོ་མདོ་ཙམ་ཞིག༔ འཇམ་དཔལ་བཟང་པོས་གནད་བསྡུས་ཏེ༔ བརྟུལ་ཞུགས་སྤྱོད་པའི་དབང་པོར་གཏད༔ བདག་ཉིད་བློ་ལྡན་མཆོག་སྲེད་ཀྱིས༔ འགའ་ཞིག་ས་ཡི་བཅུད་དུ་གཏམས༔ ལ་ལ་ཀློང་ལྔའི་སྒྲོམ་བུར་བསྩལ༔ སྙན་བརྒྱུད་འདི་ནི་སྐལ་ལྡན་ལ༔ དགོངས་པ་བྱིན་རླབས་ཚུལ་དུ་བཤད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་རྒྱུ་མཚན་ལོ་རྒྱུས་དང་བཅས་ཏེ་བརྩེ་བ་ཆེན་པོས་གདམས་པར་མཛད་པ་ལྟར་རོ། །རྒྱ་ཆེའི་ཚིག་གི་ཤུན་པ་རིང་དོར་ཏེ། །ཟབ་གནད་རྗེན་པར་འདོམས་པའི་གསང་བའི་དབྱིག །ཇི་ལྟར་དབུལ་པོའི་ཁྱིམ་གྱི་གཏེར་བཞིན་དུ། །མ་ཉམས་སུག་རྩེར་ཐོབ་འདི་སྐལ་བ་བཟང༌། །ལས་ཉོན་འཐོར་རླུང་གཡོ་བས་བསྡུས་པ་ཡི། །སྡུག་བསྔལ་སྤྲིན་ཕྲེང་སྙིགས་མའི་སྐྱིན་ཐང་ཅན། །ཉིན་བཞིན་ཐོག་ཏུ་ལྷུང་བའི་གནས་སེམས་ཚེ། །རྩེ་གཅིག་ཉམས་སུ་ལེན་པ་འདུན་མའི་རྩེ། །དེ་ཕྱིར་མི་སྨྲ་གཅིག་པུར་དབེན་པའི་ལྗོངས། ཏིང་འཛིན་བདུད་རྩིའི་བཅུད་ལ་རོལ་པ་ཡིས། །ཉམ་ཆུང་སྦས་པའི་དཀའ་ཐུབ་ལྷུར་ལེན་པས། །ནགས་མཐོང་བས་མཐར་སྙོགས་པའི་དུས་བབས་ཀྱང༌། །ཟོལ་མེད་དམ་པའི་གསུང་མཆིད་ལྷ་ཡི་རྔས། །དད་བརྒྱའི་སུམ་རྩེན་ཁྱེའུ་བསྐུལ་བའི་མཐུས། །རིག་འཛིན་བརྒྱུད་པའི་གསུང་གི་དགའ་ཚལ་ནས། །རྣམ་བཤད་རིན་ཆེན་རྒྱུད་མང་ཅུང་ཟད་འཁྲོལ། །འདི་ན་ཟློས་དང་མ་འབྲེལ་འཁྲུལ་བའི་ཚིག །གསང་བ་འཆལ་བའི་ནོངས་པའི་ཚོགས་ཇི་སྙེད། །ཆོས་བདག་མཁའ་འགྲོ་རྣམ་དཔྱོད་མངའ་བའི་མདུན། འཆགས་སོ་ཉེས་བཤགས་རྙོགས་པ་བགྲུང་བར་བསྐུལ། །རབ་དཀར་དགེ་བའི་འོད་སྟོང་དྲྭ་བ་ཡིས། །ཐུབ་བསྟན་བསིལ་ལྡན་ལྷུན་པོར་ལེགས་འཁྱུད་མཐུས། །ལུང་རྟོགས་ཆུ་གཏེར་འཛད་པ་མེད་པའི་རྒྱུན། །འཇིག་རྟེན་གསུམ་གྱི་ཁྱོན་དུ་བརྡལ་གྱུར་ཅིག །ཁྱད་པར་སྙིགས་སྤྱོད་རྨོངས་པའི་ཚང་ཚིང་ཀུན། །འཇམ་དཔལ་ཡེ་ཤེས་ཕྱག་རྒྱས་ལེགས་བཅད་དེ། །ཕན་བདེའི་འཛུམ་ཞལ་ངོམ་པའི་དགའ་སྟོན་གྱིས། །འགྲོ་ཀུན་ནམ་མཁའ་སྲིད་དུ་སྐྱོང་བར་སྨོན། །བདག་ཀྱང་ཆོས་བཟང་རིག་པའི་བཅུད་ལེན་གྱིས། །སྙིང་ལ་སིམ་པ་བསྐྱེད་པས་ངོམས་མིན་པར། །རང་བྱུང་བྲག་རིའི་ཁང་བཟང་ཉམས་དགའི་ནང༌། །ཚེ་ཡི་ཕ་མཐའ་གཏུགས་པ་ཉིད་གྱུར་ཅིག །རྒྱལ་ཀུན་ཡེ་ཤེས་གཅིག་ཏུ་འཁྱིལ་བ་མེ་ཏོག་ཐོད་ཅན་གཞོན་ནུའི་སྐུ། །ཐམས་ཅད་མཐར་བྱེད་འབར་བའི་ཚུལ་སྣང་སྲིད་ཞི་ཟ་བའི་དུས་ཀྱི་སྒྲས། །མི་མཐུན་བདུད་བཞིའི་གཡུལ་ངོ་ཀུན་བཅོམ་མཁྱེན་བརྩེའི་སྣང་བས་རྟག་ཁྱབ་པའི། །བཀྲ་ཤིས་མི་ཟད་རྟག་པའི་རྒྱལ་རྔས་ཕྱོགས་དུས་ཀུན་ཏུ་སྙན་གྱུར་ཅིག །ཅེས་པའང་རྒྱལ་ཀུན་ཡེ་ཤེས་ཕུང་པོ་འཇམ་མགོན་རྡོ་རྗེ་རྣོན་པོ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོའི་བརྫུ་ལ་ཞུགས་པའི་བཀའ་བབས་བདུན་གྱི་ཤིང་རྟ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྲིན་ལས་ཀྱི་རང་གཟུགས་བཀའ་དྲིན་མཉམ་མེད་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག་ནས་སྨིན་བྱེད་དང་གཏེར་གཞུང་རྡོ་རྗེའི་ཚིག་རྐང་གི་བཤད་བཀའི་ཁྲིད་རིམ་ཟབ་མོས་རྗེས་སུ་བཟུང་ཞིང༌། སྙན་བརྒྱུད་ཀྱི་སྐོར་འདི་རྣམས་ལ་རྣམ་བཤད་རེ་འབྲི་བར་འོས་པའི་བཀའ་ལུང་གུར་གུམ་གཞོན་ནུའི་ཕྲེང་བ་ཚངས་པའི་གནས་སུ་བཅིངས་པ་ལ། སླད་ནས་ལུང་རྟོགས་མཁྱེན་བརྩེའི་བདག་ཉིད་གཅེན་སངས་རྒྱས་མཉན་པ་མཆོག་སྤྲུལ་དབྱངས་ཅན་དགའ་བའི་གོ་ཆ་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་པའི་ལྷ་རྫས་ཀྱི་སྐྱེས་དང་བཅས་ཏེ་ཐུགས་དམ་ཉམས་བཞེས་ཀྱི་གསལ་འདེབས་སུ་གསུང་གིས་བསྐུལ་བ་བཞིན། འཇམ་དཔལ་ཁྲོས་པའི་དུག་ཆུ་ཅུང་ཟད་སྙིང་ལ་འཁྱིལ་བར་རློམས་པའི་རྙིང་སྔགས་ཧྲུལ་པོ་འཇམ་དཔལ་དགའ་བའི་བཤེས་གཉེན་ཚངས་སྲས་དགྱེས་པའི་རྡོ་རྗེའམ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མི་ཕམ་རྣམ་པར་རྒྱལ་བའི་གཟིམས་སྤྱིལ་བཀྲ་ཤིས་དཔལ་འབར་གླིང་དུ་བྲིས་པ་འདིས་ཀྱང་འགྲོ་ཀུན་སྲིད་ཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་གོ་འཕང་དཀའ་བ་མེད་པར་བགྲོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་ཤྲཱི་ཡནྟུ། ཨོཾ་སྭ་སྟི། ཀུན་མཁྱེན་ཀུན་ལ་གཟིགས་པའི་སྤྱན་མངའ་བ། །བློ་མཆོག་སྨྲ་བའི་སེང་གེ་འཛུམ་པའི་ཞལ། །ཟླ་བྲལ་པད་དཀར་ལྟ་བུའི་སྤྲུལ་བའི་སྐུ། །རབ་གསལ་ཟླ་བ་གསར་པས་མཆོག་འདི་བྱིན། ༡ །ལེགས་པར་བཤད་པའི་འདབ་བརྒྱ་བཞད་པ་ན། །འཇམ་དཔལ་དཔའ་བོ་དྲག་པོར་ཁྲོས་པའི་སྐུས། །ང་ཡི་སྙན་བརྒྱུད་གནད་ཀྱི་ཏི་ལ་ཀར། །ཟབ་དོན་འགྲེལ་བའི་སྙིང་པོ་སྟོན་ཅིག་ཅེས། ༢ །ལྷག་པའི་ལྷ་ཡི་གསུང་གི་སྐྱ་རེངས་ཀྱིས། །འདྲེན་པས་ཟིལ་གནོན་གྲུབ་པའི་ཞལ་གསུང་གི །ཉིན་བྱེད་འོད་སྟོང་ལྡན་འདི་མཁའ་ལ་ཤར། །སྲིད་པའི་མུན་སྨག་དུས་གཅིག་གསལ་བར་བྱས། ༣ །རྟོག་གེའི་རིག་པའི་རླུང་གིས་མ་བསྐྱོད་ཅིང༌། །སྣ་ཚོགས་བསྡུས་པའི་ཁ་ཟེགས་མ་ཡིན་པ། །སྔ་འགྱུར་རིག་འཛིན་གྲུབ་པའི་གསུང་སྒྲོས་འདི། །རྡོ་རྗེ་ནོར་བུའི་ཕྲེང་བ་བཞིན་དུ་མཛེས། ༤ །དེ་ཕྱིར་གཅིག་ལས་དུ་མར་འཆར་བའི་འཕྲུལ། །ཡ་མཱནྟ་ཀར་མོས་བློ་ཐོབ་པ་ཡི། །མཆོག་སྤྲུལ་ཨོ་རྒྱན་འཇིགས་མེད་ཅེས་བགྱི་བའི། །དད་བློས་བསྐྲུན་པའི་བསམ་སྦྱོར་ཟླ་ཞུན་ལས། ༥ །ལེགས་པར་ཐོབ་པའི་དགེ་ཚོགས་རིན་ཆེན་རྡུལ། །ལྷུན་པོར་སྤུངས་པས་བསྟན་ལ་འཚེ་བ་ཡི། །ལྷ་མིན་ཀླ་ཀློའི་དཔུང་ཚོགས་ཀུན་བཅོམ་སྟེ། །ཐུབ་བསྟན་རྣམ་རྒྱལ་བ་གམ་བརྟན་གྱུར་ཅིག ༦ །ཐུབ་བསྟན་ཆོས་ཀྱི་ཉིན་མོར་བྱེད་པ་ཡང༌། །བློ་གྲོས་སྤོབས་པའི་མཐུ་རྩལ་རབ་རྒྱས་ཏེ། །འཇམ་དཔལ་རྡོ་རྗེའི་སྐུ་མཆོག་བརྙེས་པ་དང༌། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག ༧ །ཅེས་པའི་སྤར་བྱང་སྨོན་ཚིག་འདི་ཡང་རྣམ་དཀར་བྱེད་པོ་རྨུགས་སངས་མཆོག་སྤྲུལ་ཉིད་ཀྱི་གསུང་ངོར་ཆོས་ཀྱི་བློ་གྲོས་པས་སྨོན་པ་སྲིད་གསུམ་དགྲ་ལས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
[edit]

@#/_/snyan brgyud 'jam dpal gshin rje'i thugs tig gi_/rnam bshad snying por dril ba zil gnon grub pa'i dgongs gsal zhes bya ba bzhugs so/ @#/_/gu ru ya mA ri/_rdul bral 'od gsal ye shes gar gyis rab 'byams rgyal ba'i rnam thar 'dzin/_/rang byung brtse bas srid 'di gnas par mkha' khyab 'gro la snying rjes 'khyud/_/zung 'jug gzhon nu'i gzugs can nyid kyang thams cad mthar byed he ru ka_/deng 'dir bla ma mchog gi rol pas byang chub bar du rjes 'dzin mdzod/_/snying rjes rab myos mthu stobs be con gyis/_/tshe 'chi srog gi gnad la dbang thob pas/_/zla gsang tan+t+ra'i chu klung bye ba'i gter/_/blo ldan mchog sred rgyal ba gnyis pas skyongs/_/mkhye~Mn gnyis spyan gyis chos kun de nyid gzigs/_/brtse~M chen snang bas yongs rdzogs bstan 'gro'i gnyen/_/mkhas grub dba~Mng po~M rgyal kun skyed pa'i yab/_/pad+ma 'od gsal mdo sngags gling pa rgyal/_/rdo rje'i tshig gi gzhom med gsang ba'i gnad/_/'phags min blo yi yul las 'das na yang*/_/bla ma'i bka' dang zol med lhag bsam gyis/_/grub pa'i man ngag bzhin du 'dir gsal bya/_/de yang sras bcas rgyal ba kun gyi zag med rnam thar rgya mtsho'i 'byung gnas chos kyi dbyings shin tu rnam par dag par nges pa don gyi 'jam dpal ye shes sems dpa'i ngo bor gnyis su med par mngon par byang chub pa'i dgongs pa las nam yang mi g.yo bas/_phyogs dus kyi khyon na gang 'dul sgyu ma'i rol pas mkha' khyab kyi 'gro kun sgrol ba'i bdag nyid chen po rgyal sras thu bo mkhyen pa'i bdag po nyid rtsod ldan snyigs ma'i dus 'dir 'jigs bral gyi slob dpon pad+ma 'od gsal mdo sngags gling pa gang gi dag chen ye shes kyi snang char dpal chen grub pa'i rig 'dzin brgyad dang mtsho skyes pad+ma'i 'phrul mtshan brgyad rnam dbyer med pas rgyud lung man ngag gi snyan brgyud zab cing gsang ba'i gnad tig du ma bstsal ba'i bye brag rgyud ma hA yo ga la ngo mtshar sgrub sde brgyad las ye shes lha yi sgrub bka' lnga yi thog ma sku rdo rje 'jam dpal gshin rje gshed kyi rdo rje'i gsang ba zab mo'i thugs kyi ti la ka don gyi dbyings rgya che yang tshig gi sbyor ba ches nyung ngu'i tshul gyis snyan brgyud rmad du byung ba'i dgongs gnad cung zad bshad pa la gnyis/_sngon 'gro snod rung du bya ba dang*/_dngos gzhi 'khor lo bzhi'i grub mtha' dbyings su bskyal ba'o/_dang po la'ang gsum/_nges 'byung gis blo bcos pa/_skyabs sems kyis gzhi 'ding ba/_bla ma'i byin rlabs kyis ye shes 'bebs pa'o/_/dang po ni/_gter gzhung rtsa ba las/_mchog gi ye shes lam byed pa:_'jam dpal don gyi snying po ni:_nges 'byung drag pos rang rgyud sbyangs:_zhes pa ste thog mar gter chen bla mas mdzad pa'i sngon 'gro'i ngag 'don snying po'i rnal 'byor ltar thun gyi sngon 'gros rgyud sbyangs pa'i rjes su chos la 'jug pa'i rgyu lha bas lhag pa'i mi yi lus ngo bo dal ba brgyad la khyad chos 'byor pa bcu tshang ba'i bdag nyid ni sngon bsags dkar po'i las kyi nus pas rten khyad par can da lta mngon sum du rnyed/_da res 'di'i steng nas don dang ldan par ma byas na phyis nas ngan 'gro kha brgyud de chos kyi sgra tsam yang thos pa dang bsgrub par dka'/_rgyu mtshan des na mi lus rin po che thob pa 'di thengs gcig kho na yin pas cis kyang chos 'ba' zhig bsgrub par bya dgos/_theg pa che chung bstan pa yongs rdzogs kyi snod du rung ba'i lus da res tsam zhig la thob pa 'di dbul pos nor bu rnyed pa ltar 'phral dang yun du don che bas myur du chos la ma 'bad na/_phyi snod nang bcud/_bde skyid dpal 'byor/_mchog dman 'bring gsum gang la bsams kyang sos ka'i sprin ltar skad cig gcig kyang mi brtan pa 'pho zhing 'gyur ba mngon sum tshad mas grub pas na/_rang re spyir 'dus byas kyi mtshan nyid/_sgos snyigs ma'i 'gro ba la/_rkyen ngan dang bar chad mang*/_tshe dang bsod nams kyi bsags pa ches nyung bas gang la'ang yid brtan dang bral ba srin mo'i gling lta bu 'dir nyi ma gcig gi thog mtha' la'ang bde bar gnas pa dka' bas na don dang ldan nges chos la brtson dgos snyam du chos la 'jug pa'i rkyen mi rtag pa'i 'du shes kyis ma bskul na 'chi bas gtugs te 'jig rten phyi mar chas pa'i tshe/_las dkar nag gi 'bras bu mtho ris dang ngan song gi gnas su 'phen pa las rang la rang dbang mi 'du/_da lta bsags pa'i dge sdig phra mo yang phyi ma'i dus su 'bras bu mi zad pa rgya chen po bskyed/_'khor ba'i sems can ni blo rgyud thar pa dang ngang gis 'dzol bas dngos dang brgyud nas las ngan sdig pa tshabs po che tshegs med par bsags/_thog ma med pa nas bsags pa'i rnam smin gyi khur po khyer ba mi shes pa de'i steng du da dung sdig pa stobs chen byed pa la bag mi tsha/_da ste bsam mno zhig btang na 'khor ba'i bde sdug las snang thams cad ni las las byung zhing las kyis sprul pas chos la 'jug pa'i 'bras bu dran shes kyis rgyud bsdams nas dge sdig blang dor ma nor bar brtson dgos/_de ltar dge ba 'ba' zhig sgrub pa yang nges 'byung gi blo dang sems bskyed kyis 'phen pas ma zin na srid pa mtho dman thams cad zag bcas kun nyon gyi rgya las ma 'das pas sdug bsngal 'ba' zhig pa'i rang bzhin la sbyor/_zag bcas kyi rnam dkar phra mos mtho ris tsam thob pas bde ba ltar snang yang tshe 'di'i bde ba'i phyir las byas tshad srid pa'i sa bon tu bskrun pas 'gyur ba'i sdug bsngal las ma 'das/_khams gong mar bsam gzugs kyi ting 'dzin grub kyang rtsa ba rul ba'i sdong po ltar kun gzhi'i khams las bag chags kyi nus pas nam zhig phyir ldog pas khyab pa 'du byed kyi sdug bsngal gyi rang bzhin tu 'dug phyir/_ngan song gi gnas ris rnams ni sdug bsngal nyis brtsegs kyi zug rngus gcan gzan gyi mche ba na gnas pa'i sbal pa ltar gyur pas ji ltar bsams kyang chos byas pa'ang srid pa las grol ba'i nges 'byung gi rtsis ma zin na phan pa ci yod snyam pas thar lam bcos min la blo 'jug pa'i rgyu srid pa'i sdug bsngal la bsams pa ste thun mong gi sngon 'gro blo ldog rnam pa bzhi po rnams re re bzhin thun du bcad de myong ba thon pa dang*/_rgyud las su rung nas kyang dngos gzhi'i lam gang nyams su len dgos pa thams cad kyi thog mar blo 'khul nges su rnal 'byor du bya bas 'bad dgos so/_/gnyis pa ni/_'khor ba'i gnas las thar 'dod kyi blo yod kyang skyabs gnas khyad par can la ma bsten na rang nyid nyon mongs kyis bcings/_las kyis mnar/_sdug bsngal gyi zug rngus non pa zungs zad pa'i nad pa ltar gyur pas thar pa'i stobs zad pa la/_rgyab brten bslu ba med pa'i skyabs ni rang nyid srid pa'i sdug kun las grol zhing*/_spangs rtogs phun sum tshogs pas gsang gsum mdzes pa thar pa'i gnas su bzhugs te sems can kun la brtse ba'i bdag nyid dkon mchog gsum las gzhan ma mchis pas de la skyabs su bcol dgos phyir/_spyir rgyu 'bras kyi theg pa che chung gi skyabs 'gro'i rnam bzhag du ma yod kyang*/_skabs 'dir gsang sngags rdo rje theg pa'i lugs kyi skyabs 'gro ltar nyams su len dgos pa/_rang gi mdun gyi nam mkhar mchod sprin rgya mtsho'i dbus su pad nyi dregs pa ma he nyi zla'i gdan la bla ma 'jam dpal khrag 'thung chen po mchog gsum kun 'dus gcig chog nor bu'i lugs ltar gsal bas rang gzhan sems can kun gyi sgo gsum 'jug pa gcig pas byang chub bar du skyabs su 'gro ba ni theg pa spyi'i lam gyi 'jug sgo dang*/_de nyid dpang po'i tshul gyis 'gro kun pha ma'i rang bzhin gyi sems can rnams rmongs shing 'khrul nas rang gis rang la phan par bsam bzhin gnod pa sgrub pa la snying rje'i yid kyis de thams cad srid zhi'i mtha' las 'das pa'i 'jam dpal khrag 'thung chen po'i go 'phang la 'god phyir rim gnyis kyi lam la brtson par bya snyam pa theg pa chen po'i lam gyi rtsa ba byang chub mchog tu sems bskyed pa dag ci rigs nyams su blangs mthar skyabs yul rang la bstim zhing de kho na nyid kyi ngang du mnyam par bzhag pas lam gyi gzhi tshugs par bya'o/__/gsum pa ni/_skyabs sems bla ma'i byin rlabs dbab:_ces pa ltar gong bzhin skyabs sems sngon du 'gro bas ka dag gi dbyings las lhun grub ye shes kyi snang cha snod bcud dag pa'i zhing gi dbus su rtsa ba'i bla ma zhi ba 'jam dpal dbyangs yab yum gyi thugs kar ye shes sems dpa' drag po phyag rgya zil gnon zhal gcig phyag gnyis 'khor lo dang be con 'dzin cing yum dang bcas pa yab yum gnyis ka dur khrod kyi rgyan chas yongs rdzogs skyabs gnas kun 'dus su gsal la sdig ltung sbyang zhing tshogs gnyis bsag pa'i sgo rmad du byung ba yan lag bdun gyi rnal 'byor spyi dang*/_bye brag lus phyag dngos su 'tshal ba dang*/_rnam pa phyi nang gsang ba'i maN+Dal yongs su rdzogs pa la/_ngo bo rang gi lus longs spyod dus gsum gyi dge ba'i bdag nyid/_byed las skyabs yul la zag med kyi bde ba bskyed pa'i rang bzhin du dmigs te maN+Dal ci nus su 'bul ba mthun rkyen tshogs bsags dang*/_bla ma zhi khro'i sku las babs pa'i bdud rtsis nad gdon sdig sgrib thams cad rnag dud sol khu'i rnam par ba spu'i bu ga nas phyir thon te sbyangs bas lhag med du dag par bsams te rtsa sngags bzla zhing*/_sdig ltung la 'gyod sdom brtan po bskyed pas 'gal rkyen sbyang pa dang*/_skyabs gnas kun 'dus bla ma la blo gtad gcig chog gi nges shes dang*/_bka' drin sangs rgyas kun las lhag pa'i ngang tshul rjes su dran pas bzod med kyi mos gus rtsal du bton nas blo gtad ling bskyur gyis gsol ba phur tshugs su 'debs pa bla ma'i rnal 'byor rnams gnad gcig dril gyi myong rtags thon nges su nyams len bya zhing*/_rjes thun gsham du dbang bzhi len pa'i dmigs gnad dang sbyar ba kun rdzob dang*/_thugs yid bsre zhing mnyam bzhag don dam gyi rnal 'byor zung du chud pa bcas thun min nang gi sngon 'gro ste zhib par gzhung rtsa ba'i ngag 'don gter chen bla ma'i gsung ltar shes par bya'o/_/gnyis pa la gnyis/_'khor lo bzhi'i gnad spyir bstan pa dang*/_so so'i don rgyas par bshad pa'o/_/dang po ni/_snod du gyur nas rnal 'byor ni:_'khor lo rnam pa bzhi yin te:_zhes pa ltar mdo sngags thun mong gi sngon 'gro'i rim pas blo rgyud legs par sbyangs nas lam gyi yon tan yongs su rdzogs pa'i thun mong dang thun min gyi rnal 'byor bsgom pa'i snod rung gi rgyud zhi dul du gyur pa'i tshe lam zab 'di nyid kyi thun mong ma yin pa'i dgongs gnad 'khor lo rnam pa bzhi ru gsungs te/_gshin rje 'dus pa rtsa ba'i rgyud las/_gnas srid sprul bas yongs su gcod:_ces pa ltar 'khor lo bzhi spyi'i don bshad pa la/_zla gsang nag po'i rgyud las/_de la 'khor lo zhes grags pa/_/ngo bo nges tshig rnam grangs so/_/zhes gsungs pa ltar bzhi las/_dang po ni/_de yang 'khor lo ni lte ba la brten pa'i 'phrul 'khor gyis skad cig tsam yang mi gnas par rnam pa gzhan du 'gyur te 'khor zhing*/_shing rta dang zo chu rdza mkhan gyi 'phrul 'khor sogs thams gang la bskor kyang de'i byed las can du snang ba ltar gzhi lam 'bras bu sna tshogs pa'i rang bzhin can du 'gyur zhing skabs de dag tu srid zhi'i rnam pa cir yang snang ba ste/_de nyid las/_ngo bo spyi yi mtshan nyid ni/_/rnam pa gzhan du 'gyur zhing 'gro/_/so so rang gi mtshan nyid ni/_/gang la btab pa de ltar snang*/_/zhes so/_/gnyis ba nges tshig ni/_lte ba dang mu khyud kun nas zlum zhing*/_'khor los bsgyur ba'i rgyal po sogs kyi dpung tshogs yan lag bzhi'i sna 'dren pa dang*/_mtshon cha'i 'khor lo'i rtsibs kyis thams cad gcod pa dang*/_bar ma chad du 'khor ba ltar 'khor lo bzhi rang rang gi skabs su nus pa ma rdzogs bar rgyun mi chad du 'khor zhing*/_snang ba de dag gi gzhi'am rtsa bar gyur pas sna 'dren pa dang*/_rang rang gi mi mthun pa'i phyogs gcod par byed pas te/_snga ma las/_nges pa'i tshig kyang de bzhin te/_/rnam par 'gyur zhing 'gro ba dang*/_/lte ba 'khor zhing rtse mos gcod/_/ces so/_/gsum pa rnam grangs kyang gzhi dang*/_gzhi snang*/_lam/_'bras bu'i dbye bas bzhir gsungs te/_de las/_thugs rje sprul pa'i 'khor lo dang*/_/las dang srid pa'i 'khor lo dang*/_/'jig rten phan gnod byed pa ni/_/bya ba sgrub pa'i 'khor lo'o/_/zhes pa ltar bzhi las/_dang po sbyang gzhi gnas pa'i 'khor lo ni/_'jam dpal sgyu 'phrul drwa ba'i rgyud phyi ma las/_'jam dpal ye shes rdo rje rdzogs/_/sgyu 'phrul drwa ba'i 'khor lo 'di/_/mya ngan 'das dang 'khor ba la/_/mi gnas rdo rje rtse mo ste/_/bsam tshul sgrub pa med pa yi/_/dbyings nyid bzhag na yongs su gnas/_/zhes pa ltar ngo bo spros pa'i mtha' brgyad las 'das pa'i rnam thar sgo gsum gyi bdag nyid ka dag dang*/_rang bzhin 'od gsal bde gshegs snying po sku dang ye shes rgya mtsho'i 'byung gnas su lhun gyis grub pa'i tshul gnyis zung du 'jug pa'i ye shes chen po 'khor 'das kun la khyab pa'i bdag nyid mkha' khyab nam mkha'i rdo rje ru 'pho 'gyur spros pa kun bral gyi bdag nyid 'dus ma byas su ye nas gnas pa ni srid zhi thams cad kyi 'byung gnas su gyur pas gnas pa gzhi yi 'khor lo zhes bya ba ste/_dpal zla gsang nag po'i rgyud las/_snang srid ye nas mya ngan 'das/_/spros bral mi 'gyur gdod nas dag_/dag pa nyid na thams cad gsal/_/shes bya shes byed ngang gis stong*/_/chu zla'i dkyil 'khor bzhin du gsal/_/'di na yid bzhin rin po che/_/thams cad re ba rdzogs byed pa'o/_/zhes so/_/chos nyid de'i rang rtsal 'gags med du shar ba la rang snang du ngom shes pa gzung ba'i yul dang 'dzin pa'i sems su zhen pa'i bag chags kyis rig pa'i rang zhal bsgribs te 'khrul pa a 'thas su shar nas/_phyi khams gsum/_nang sgo gsum/_gsang ba rtsa thig rlung gi srid pa gsum du grub nas skye shi bde sdug gi gshed pos las nyon 'khrul pa'i sdug bsngal sna tshogs su bskyed pas gnas lugs kyi yon tan mngon du mi snang ba'i sgrib pa la sbyang bya srid pa'i 'khor lo zhes bya ba ste/_ya mAn+ta ka'i rtsa rgyud las/_srid pa'i 'khor lo zhes bya ba:_kun gyi lto bar gnas pa ste:_gnas 'jig pa yi mkhar lta bu:_dbang gal gnad bcud rdzogs pa ste:_zhes so/_/de lta bu'i 'khrul pa de lam bsgoms stobs kyis sbyangs nas chos nyid ngo bo'i gnas tshul mngon du gyur na nyi ma sprin las grol ba ltar 'khrul snang dbyings su dag cing*/_gzhi la bzhugs pa'i yon tan mngon du byed pa la tshegs med pa'i gnad kyis/_phyi bskyed rim dbyibs kyi rnal 'byor gyis gzung yul/_nad rlung sngags gtum mo'i lam gyis 'dzin rtog_/gsang ba mngon sum ye shes lam byed kyis snang gsum 'pho ba'i bag chags cha dang bcas pa sbyong pa'i lam la 'dul thabs sprul pa'i 'khor lo ste/_he badz+ra las/_bskyed pa'i rim pa'i rnal 'byor gyis/_/brtul zhugs can gyis spros pa bsgom/_/spros pa rmi lam ltar bsgoms na/_/spros pa nyid kyis spros med byed/_/ces pa ltar ro/_/lam de dag gis glo bur gyi dri ma cha dang bcas pa yongs su dag nas gzhi'i gnas lugs ji bzhin pa mngon gyur du shar te sku dang ye shes 'du 'bral med pa sangs rgyas kun gyi gsang ba la tshul bzhin spyod pas nges pa don gyi 'jam dpal gdod ma'i mgon po'i sku dang ye shes lnga yi khyab bdag gi go 'phang mngon du byed pa 'bras bu ye shes kyi 'khor lo zhes bya ste/_'jam dpal sgyu 'phrul drwa ba rtsa ba'i rgyud las/_mchog gi dang po sku gsum 'chang*/_/sangs rgyas sku lnga'i bdag nyid can/_/khyab bdag ye shes lnga yi bdag__/sangs rgyas lnga bdag cod pan can/_/zhes gsungs so/_/gnyis pa la bzhi/_sbyang gzhi gnas pa'i 'khor lo lta bas gtan la 'bebs/_sbyang bya srid pa'i 'khor lo bsam pas sgro 'dogs bcad/_sbyong byed sprul pa'i 'khor lo dbang bzhi'i rnal 'byor bsgom pas nyams su len/_sbyangs 'bras ye shes kyi 'khor lo 'bras bu mngon du byed pa'i tshul bstan pa'o/_/dang po ni/_rang bzhin 'od gsal byang chub sems:_sogs nas/_khyab par bzhugs:_zhes pa ste gdod nas 'pho 'gyur med pa'i chos rnams kun gyi gnas lugs 'dus ma byas pa ni 'khor 'das kun la snyoms par brdal bas gnyis su med pa'i rang bzhin 'od gsal byang chub kyi sems zhes bya ba ste/_snying po rab tu bstan pa'i mdo las/_thog ma med pa'i dus kyi dbyings/_/chos rnams kun gyi gnas yin te/_'di yod pas na 'gro kun dang*/_/mya ngan 'das pa thob pa yin/_/zhes so/_de lta bu'i gnas lugs kyi ngo bo la stong pa'i chas gzhal na dngos po dang mtshan ma/_yod med rtag chad/_bcings grol 'khor 'das sogs gnyis chos gang gi'ang phyogs su ma lhung ba'i mtha' brgyad spros pa kun las 'das pa'i bdag nyid de/_de'i ngang du las nyon sgrib pa'i zug rngu'i 'ching ba thams cad nye bar zhi zhing 'jam pa'i bdag nyid rtag chad 'gro 'ong sogs spros pa'i mtha' thams cad nye bar zhi ba'i ngo bo stong nyid rnam kun mchog ldan gyi gshis lugs la/_gnyis chos kyi blos brtags pa'i dngos po'i 'dzin rtog thams cad bral ba'i mtshan ma med pa'i chos dbyings kun tu khyab pa'i bdag nyid gcig gis gzhi lam 'bras bu'i chos thams cad bsdus pa la/_sgrib pa sbyang bya dang yon tan 'thob par bya ba'i re dogs kyi mdud pa thams cad las 'das pa'i phyir 'bras bu gsar thob kyi smon pa med pa'i tshul te rnam thar sgo gsum dang gzod nas 'du 'bral med pa'i zhi ba'i dbyings dam pa mthar thug ste/_sdud pa las/_gang tshe 'dus byas 'dus ma byas dang dkar nag chos/_/shes rab rnam par bshig nas rdul tsam mi gnas tshe/_/'jig rten dag na shes rab pha rol phyin grangs 'gro/_/nam mkha' gang la'ang cung zad mi gnas de dang 'dra/_/zhes dang*/_rtsa ba shes rab las/_stong pa nyid kyi mtshan nyid ni/_/dmigs pa med par rnam dben nyid/_/mtshan ma med pas zhi nyid de/_/gsum pa'i mtshan nyid sdug bsngal dang*/_gti mug ces ni bshad phyir ro/_/zhes dang*/_gsang snying las/_gcig dang du ma bral ba yi/_/mtha' dang dbus med de bzhin nyid/_/sangs rgyas kyis kyang mi gzigs te/_/rang byung ye shes gnas med snang*/_/zhes dang*/_mu tig phreng ba las/_rang bzhin gnas pa'i ngo bo la/_/sangs rgyas med cing sems can med/_/ma rig med cing 'khrul pa med/_/sems med yid kyang yod ma yin/_/zhes sogs gsungs pa'i stong pa nyid kyi rang bzhin de'ang mya ngan 'das mdo las/_ngas shes rab kyi pha rol tu phyin par chos thams cad stong pa nyid du bstan pa ni/_nyan thos dang rang sangs rgyas dang theg pa la gsar du zhugs pa'i byang chub sems dpa' rnams dang*/_gzhan mu stegs can rnams kyis dngos po la mngon par zhen pa/_bdag tu lta ba can 'du shes kyi 'dzin pas bcings pa rnams la phan gdags pa'i phyir gsungs kyi/_de kho na nyid du na chos thams cad rang bzhin gyis 'od gsal ba ste/_de bzhin nyid kyi don lhun gyis grub pa'i ngo bo nyid du rig par bya'o/_/zhes pa ltar ci yang med pa'i phyang chad phyi rol rgyang 'phen pa sogs kyi chad lta lta bu ma yin pa ngo bo 'od gsal gyi 'char cha dang ldan pa ste/_rig pa rang shar gyi rgyud las/_chos sku kha dog ma 'dres 'jam/_/dkyil 'khor 'du 'bral med phyir dpal/_/zhes gsungs pa ltar 'khor ba'i bag chags rgyu 'bras dang bcas pa rang ngo'i rang rtsal las gzhan du ma dmigs shing*/_myang 'das kyi sku dang ye shes zag med chos khams rgya mtsho'i yon tan dang ngo bo la rtag tu 'du 'bral med pas sangs rgyas kun gyi gsang ba zab mo rang byung lhun grub tu rdzogs pa ste/_klong drug pa las/_snying po thams cad bcud bsdus pa'i/_/dri ma med cing rang sar dag_/sangs rgyas rnams kyi gsang chen du/_/rang bzhin gyi ni cha la bzhugs/_/zhes dang*/_'phags pa klu'i dbang po'i zhal nas/_de bzhin gshegs pa'i rang bzhin gang*/_/'gro ba 'di yi rang bzhin yin/_/zhes pa ltar chos nyid kyi gshis 'od gsal lhun gyis grub pas spangs rtogs rgya mtsho'i dpal kun ye rdzogs gzhi 'bras gnyis su med pa'i bdag nyid kyis 'khor 'das kun la phyogs lhung med pas khyab par brdal ba ste/_chos dbyings bstod pa las/_sa yi dkyil na gnas pa'i chu/_/dri ma med par gnas pa ltar/_/nyon mongs nang na ye shes kyang*/_/de bzhin dri ma med par gnas/_/zhes so/_des na stong gsal gnyis su med pa rang bzhin kun khyab kyi ye shes zung 'jug sgyu 'phrul drwa ba'i 'khor lo ni so so rang rig pa'i ye shes rnam par dag pa'i spyod yul 'ba' zhig las 'khrul pa'i blos dpyad pas shin tu rtog par dka' ba'i bdag nyid don dam 'phags pa'i bden pa nyag gcig gi rang bzhin te/_dgongs pa nges 'grel las/_so so rang rig mtshan nyid spyod yul de/_/brjod du med cing tha snyad yongs chad pa/_/rtsod dang bral ba don dam chos nyid de/_/de ni rtog ge kun las 'das mtshan nyid/_/ces dang*/_rgya cher rol pa las/_zab zhi spros bral 'od gsal 'dus ma byas/_/bdud rtsi lta bu'i chos shig bdag gis brnyes/_/su la bstan kyang shes par mi 'gyur bas/_/mi smra nags 'dabs nyid du gnas par bya/_/zhes dang*/_mngon rtogs rgyan las/_tshu rol pha rol mtha' la min/_/de dag bar na mi gnas pa/_/dus rnams mnyam pa nyid ces bya/_/shes rab pha rol phyin par 'dod/_/ces dang*/_kye rdo rje las/_e yi cha byad bzang po gang*/_/dbus su waM gyis rnam par brgyan/_/bde ba thams cad kyi ni gnas/_/sangs rgyas rin chen za ma tog_/ces dang*/_kun tu bzang po che ba rang la gnas pa'i rgyud las/_rtag med chad med bde ba che/_'gyur med rtsol med rang byung gnas/_/nga med bdag med phyogs ris med/_/ces dang*/_rig pa rang shar las/_zab cing rgya che 'jam dpal nyid kyi ming*/_/gting dpag dka' 'o 'jam dpal chos kyi mchog_/ces pa ltar sangs rgyas kun gyi ye shes kyi sku gcig pu dus gsum 'pho 'gyur las 'das pa'i bdag nyid de/_kun gzigs rong zom pa chen pos/_byang chub sems kyi rdo rje ni/_sangs rgyas kun gyi bdag nyid yin/_zhes gsungs pa la de ni nges pa don gyi 'jam dpal ye shes sems dpa' zhes kyang bya ste/_bstod pa glur blang gi rdo rje'i rgyud las/_bcom ldan 'das kyi ye shes sku/_/gtsug tor chen po tshig gi bdag_/ye shes sku ste rang byung ba/_/'jam dpal ye shes sems dpa' yi/_/ming ni yang dag brjod pa'i mchog_/don zab don ni rgya che zhing*/_/zhes dang*/_'jam dpal grub pa'i slob dpon chen po a dzi tas/_rang sems ka dag mtha' dbus bral bas 'jam/_/lhun grub 'gags med kun tu gsal bas dpal/_/rig stong dbyer med chen por ye gnas pa/_spobs pa'i gter chen brgyad kyi 'byung gnas yin/_/zhes pa ltar zab zhi spros bral chos dbyings kun tu khyab pa'i sangs rgyas kun gyi thugs dpal be'u'i dbyings su gzungs dang mngon shes blo gros spobs pa ting nge 'dzin sogs zag med kyi chos rnams rgya mtsho lta bu dang 'du 'bral med pas dus gsum dus med srid zhi mnyam nyid chen po ru bzhugs shing*/_nam mkha'i mtha' dang sems can gyi srid dang mnyam pa'i rnam thar mdzad pa bsam mi khyab par de snyed du ston pa ste/_gnas lugs de nyid las sgrib dang bcas pa'i skabs su gzhi yi sgrar brjod pas rgyu 'bras theg pa'i bstan bya thams cad kyi mthar thug pa ste/_shes rab kyi pha rol tu phyin pa sdud pa las/_'di ni chos gter mchog dang chos mdzod dam pa yin/_sangs rgyas rigs yin 'gro ba'i bde dang skyid pa'i mdzod/_/'das dang ma byon phyogs bcu'i 'jig rten mgon po rnams/_/de dag 'di las 'khrungs kyang chos dbyings zad mi 'gyur/_/zhes dang*/_kun gzigs mi pham rnam par rgyal ba'i dgongs klong las byon pa'i gnas lugs yangs pa chen po'i rgyud las/_mthar thug gi gnas lugs 'di sems kyi dkyil 'khor rang bzhin gyis 'od gsal ba gsang sngags kyi de kho na nyid yin pas 'di'i gnad la 'dris shing goms par byas na/_'jam dpal ye shes sems dpa' dang gnyis su med pa gdod ma'i dbyings su 'bras bu'i gtan srid zin par 'gyur bas na/_brgyad khri bzhi stong chos kyi sgo nas brjod kyang*/_mthar thug brjod du med par la bzla ba/_theg pa dang grub mtha' rgya mtsho lta bur zhugs kyang mthar thug blang dor med pa'i zad pa/_dngos grub dang phrin las bskal pa rgya mtshor bsgrubs kyang mthar thug grub bsal med pa'i lhan skyes chos sku/_thams cad de'i rang bzhin/_ye nas babs kyi gnas pa/_shes pas chog pa/_shes nas slar mi ldog pa/_bya ba thams cad dus gcig la zin pa/_dngos grub thams cad gzhi gcig gis thob pa/_thams cad ye nas rdzogs pas rdzogs pa chen po/_rgyud dang lung dang man ngag thams cad dus gcig tu rig pa rtsal gyis dbang gis thob pa e ma ho/_zhes gsungs pa ltar don gyi gnad 'di ni thos bsam gyi dpyad pa dang bla ma'i man ngag zab mo'i bsgoms stobs kyis tshul bzhin rtogs par bya ba'i gnad gcig pu sras bcas rgyal ba'i dgongs nyams gcig shes kun grol gyi zab don mthar thug pa ste/_kun tu bzang po che ba rang gnas kyi rgyud las/_don dam bden pa ma shes shing*/_/rang byung ye shes ma shar na/_/dug tu ma song gang yang med/_/dgras kyang mi gnod gang yang med/_/bde ba chen po'i don rtogs shing*/_/byang chub sems kyi sgo phye na/_/'bras bu ma thob gcig kyang med/_/sangs rgyas min pa gcig kyang med/_/ces gsungs pa'i gnad shes pas rab mngon sum gyi myong ba/_'bring thos bsam gyi nges shes zab mo/_tha na'ang mos shing dad pa tsam ni lam gyi rkang rdo med du mi rung bas gzhi gnas pa'i 'khor lo zhes thog ma nyid du lta bas gtan la dbab pa'i yul du dwangs dad rtogs pa'i dgos pa khyad par bcas gsungs pa ste/_rgyal tshab ma pham pas/_blo ldan rgyal ba'i yul de la mos pa/_/sangs rgyas yon tan tshogs kyi snod gyur te/_bsam med yon tan tshogs la mngon dga' bas/_/sems can kun gyi bsod nams zil gyi gnon/_/zhes gsungs so/__/ka dag zug rngu 'jam pa'i de bzhin nyid/_/'od gsal lhun grub rang byung rig pa'i dpal/_zung 'jug srid zhi'i khyab bdag ye shes sku/_/mtshungs med dus gsum rgyal ba'i dgongs pa'i mthil/_/zhes ngo mtshar ba'i gnas la ched du brjod pa'o/_/gnyis pa sbyang bya srid pa'i 'khor lo bsam pas sgro 'dogs bcad tshul la gnyis/_rgyu thog ma'i 'khrul tshul dang*/_'bras bu sbyang bya dngos bshad pa'o/_/dang po ni/_de nyid ma rtogs gzung 'dzin gyi:_srid pa'i 'khor lo sna tshogs pa:_zhes pa ste sbyang gzhi bde gshegs snying po'i dbyings su 'khrul pa'i dri mas rdul tsam ma gos pa/_skyon ye dag_/yon tan lhun rdzogs su gnas pa ste/_gshin rje gshed dmar po'i rgyud las/_'di la bsal bya ci yang med/_/bzhag par bya ba cung zad med/_/yang dag nyid la yang dag blta/_/yang dag mthong na rnam par grol/_/zhes pa ltar ngo bo la 'khrul pa med kyang nang gsal shin tu phra ba'i ye shes kyi cha phyir gsal du g.yos te/_gzhi'i gnas lugs kyi ngo bo ma 'gyur yang gzhi snang rigs pa'i gdangs phyir mched pa ste/_bkra shis mdzes ldan las/_kye ma nga la 'khrul pa med kyang nga'i rtsal las 'khrul pa byung ste/_gzhi mi 'gyur ba las rang bzhin ma 'gags par shar nas thugs rje ma nges pa las ma rig pa rang byung ste dper na nam mkha' la sprin yang dag par yod pa ma yin te glo bur du sprin byung ba dang 'dra bar/_gzhi la ma rig pa yod pa cang ma yin te thugs rje ltar shar ba las ma rig pa byung ste/_gzhi lhun grub kyi gnas lugs zhes bya ba chags so/__/de yang ma nges pa'i snang ba chen po zhig tu gnas so/_/zhes pa ltar/_rig pa'i snying po ngo bo sku/_rang bzhin gsung*/_thugs rje rig pa'i bdag nyid can gyi lhun grub kyi gdangs phyir gsal du shar ba'i tshe rang snang yin par ngo ma shes shing 'khrul pa mched rung gi cha lung ma bstan pa ni rgyu bdag nyid gcig pa'i ma rig pa dang*/_de las 'khrul pa'i bag chags kyi nus pa smin te rang snang rang rtsal du ngom shes shing*/_dpyod byed kyi shes pa phra mo ldang bas 'khor bar phyir ldog pa'i mgo rtsom pa lhan cig skyes pa'i ma rig pa dang*/_gzhi snang la yul phyi rol dang*/_yul can nang rang sems gnyis su 'dzin pa'i blos zhen cing rtog pa kun brtags kyi ma rig pa ste/_de gsum tshogs pa'i tshe gzung 'dzin gyi snang ba ches rags pa'ang ma mched/_'khrul pa'i rgyu rkyen gyi nus pa ni tshogs pa'i tshe gzhi khyim ltar gnas pa zhes 'khrul pa'i rgyu yi rkyen dang*/_de las kyang snang pa cher mched pas gzhi snang gi yul bzang ngan la chags sdang gi sems kyis dgag sgrub kyi rtog dpyod zhugs pas 'khrul pa phyi ma rnams kyi 'byung gnas su gyur pa bdag po'i rkyen/_rkyen snga ma de gnyis kyis yul dang yul can gnyis su 'dzin te yul dbang shes gsum gyi rig pa dang*/_tshor ba bde sdug gi 'bras bu byung ste de rnams la dmigs pa'i zhen rtog skyes pa dmigs pa'i rkyen/_de dag dus gcig tu tshogs pa mtshungs pa de ma thag pa'i rkyen te de bzhi tshogs pa'i byed las kyis glo bur du 'khrul pa'i snang ba mched pa ste/_rgyud las/_e ma ho bde gshegs snying po las/_/rang gi rnam rtog las kyis sprul/_sna tshogs lus dang longs spyod dang*/_/gnas dang sdug bsngal so sor snang*/_/zhes so/_/rgyu de dag gis 'bras bu srid pa'i gnas lus longs spyod sna tshogs su shar zhing*/_bde sdug bar ma'i snang ba ma nges pa la longs spyod par nang sems kyi bag chags kyi rtog ba'i rang gzugs su snang ba ste/_pad+mo rnam par rol pa'i mdo las/_lha'i bu pad+mo rnam par rol pas 'jam dpal la smras pa/_'jam dpal phyi rol gyi yul 'di dag byed pa pos byas pa'am/_ji ltar blta bar bgyi/_'jam dpal gyis smras pa/_lha'i bu phyi rol gyi yul 'di rnams ni byed pa pos byas pa ma yin te sems sam rtog pa'i bag chags kyis snang ba yin no/_/zhes so/_/de ltar srid pa'i snang ba sna tshogs pa gang dang ci shar yang rags pa dpes mtshon na yul de dang de'o snyam pas ngos zin pa ni gzung rtog dang*/_slar yang de la bzang ngan dang chags sdang gi dpyad pa zhugs shing dgag sgrub tu zhen pa ni 'dzin pa'i rtog pa ste/_rnam rtog de gnyis kyi byed pas srid pa'i 'khor lo mi zad pa bskyed pa'i tshul yang*/_gsang snying las/_rnam rtog bdag tu 'dzin pa yis/_/nan gyis mkha' la mdud pa 'dor/_/zhes pa ltar phyi rol gyi snang ba phyi nang gang du'ang bden par grub pa med bzhin der 'dzin gyi 'khrul sems glo bur du shar ba'i rang gzugs te gzung 'dzin du zhen pa'i blor ma brtags nyams dga' ba tsam du bden dngos su yod par zhen kyang rgyu rkyen rten 'byung gi rol pa tsam zhig gi snod bcud las nyon bde sdug gi rang bzhin sna tshogs pa snang ba las dngos su zhen snang ltar grub par yod pa ma yin te/_ting 'dzin rgyal po las/_me long ngos sam 'bru mar snod dag tu/_/bud med kha bzhin brgyan pas bltas pa na/_/don du bzhin gyi dkyil 'khor dngos mthong yang*/_/yod pa ma yin med pa'ang ma yin ltar/_/chos rnams thams cad de bzhin shes par gyis/_/zhes pa ltar la/_des na snang yul snod bcud sogs sgyu ma dang chu zla lta bu'i snang tsam ma 'gags pa rgyu rkyen tshogs pa'i byed las tsam zhig las shar ba'i dbang gis 'khrul pa kho na'i rten byed pa'i nges gzung ci yang med de/_gzung 'dzin las grol ba'i 'phags pa rnams la snod bcud sgyu ma'i snang cha ma 'gags pa yod cing*/_sangs rgyas kyi ji snyed mkhyen pa'i yul du 'khor ba'i 'khrul snang gzigs te thugs rje g.yos pas byin rlabs 'jug pa'i tshul snang ba sogs snang du rung ba dang*/_snang yul de la gzung 'dzin gyis dgag sgrub 'khrul rtog gi zhen snang thams cad sems su 'dus shing*/_rtsa ba de las 'khor ba'i 'khrul pa thams cad byung bas gzung 'dzin gyi rtsa ba dbyings su chod pas srid pa'i bag chags rang dag la 'gro ba ste/_mu tig phreng ba las/_sems ni bag chags kun gyi sa/_/lus can rnams kyi dri ma yin/_/gzung ba yul la 'dzin pa sems/_/de phyir 'khor ba'i chos nyid do/_/sems dang bral na sangs rgyas pa/_/lus can kun gyi dri ma zad/_/ces so/_/gnyis pa ni/_rtsa dang rlung dang byang chub sems:_kun gzhi ye shes cir yang snang :_zhes pa ste/_de yang zla gsang las/_de yi 'dzin rtog dbang gis ni/_/'jig rten gsum po rim gyis chags/_/zhes pa ltar gnyis snang de'i rgyu las bskyed pa'i 'bras bu phyi snod kyi srid pa sa 'og sa steng sa bla'i 'jig rten nam mkha'i dbyings su 'byung lnga'i steng du ri gling rgya mtsho nyi zla gza' skar lha'i grong khyer dang bcas pa'i dag dang ma dag sna tshogs ma nges bsam gyis mi khyab par mnar med nas srid rtse'i bar gyi them skas bkram pa lta bu'i gnas dang*/_nang sra gsher dro g.yo go 'byed pa'i rgyu 'byung gi dwangs ma las rags pa gdos bcas/_phra ba yid lus/_ches phra ba kun gzhi'i steng du gnas pa'i bag chags tsam gyi lus gsum gyi snang ba'i lus ngag yid kyi rten gnas pa rtsa/_g.yo ba rlung*/_bkod pa byang chub kyi sems gsum phra rags kyi tshul du 'gro ba rigs drug gi lus su grub pas kun nyon zag bcas sdug bsngal la longs spyod pa'i rten du snang ba'i lus dang*/_de la gnas pa'i shes pa ngo bo blang dor la _rmongs shing gti mug pa'i ma rig pa la/_rnam pa snang yul gang dang yang ma 'brel pa'i rtog med lung ma bstan gyi bdag nyid ni bag chags thams cad kyi sa bon bzhag pa'i rten gyi kun gzhi dang*/_de las snga ma dang mi mtshungs pa'i gsal rig gi cha dang ldan la/_yul gang dang yang ma 'brel ba'i 'khrul rtog mched ma rag ni kun gzhi'i rnam shes/_yul lnga 'dzin pa'i dbang po sgo lnga'i rnam shes rtog med dang yid shes/_ngar 'dzin tu rloms sems pa'i nyon yid bcas rnam shes tshogs brgyad kyi gnas don lus kyi snang ba gsum rten dang brten pa bcas pa'i khams gsum 'khor ba'i grong khyer chen po bkod pa'i tshul yang*/_rgyud bla ma las/_sa ni chu la chu rlung la/_/rlung ni mkha' la rab tu gnas/_/mkha' ni rlung dang chu dag dang*/_/sa yi khams la gnas ma yin/_/de bzhin phung po khams dbang rnams/_/las dang nyon mongs dag la brten/_/las dang nyon mongs tshul bzhin min/_/yid la byed la rtag tu gnas/_/tshul bzhin ma yin yid byed ni/_/sems kyi dag pa la rab gnas/_/sems kyi rang bzhin chos rnams ni/_/thams cad la yang gnas ma yin/_/zhes dang*/_sgyu 'phrul drwa ba rtsa ba'i rgyud las/_ji snyed 'jig rten 'khrul pa'i chos/_/ma rig rtog pa'i gzung 'dzin gyis/_/phyi nang rten 'brel gnyis su 'khor/_/mi mthun bde sdug myong bar 'gyur/_/zhes dang*/_zla gsang las/_las dang srid pa'i 'khor lo ni/_/las kyi 'phen pas srid par 'khor/_/phyi nang rten 'brel 'jig rten bskyed/_/nyon mongs las dang sdug bsngal gyi/_/rnam pa gsum dang 'khor zhing 'gro/_/zhes so/_/'khrul pa'i rtsa ba de dag la bden par zhen cing sdug bsngal dang nyon mongs kyi gzhan dbang du gyur pas khams gsum 'jig rten drug gi gnas ris mtha' klas par 'khyams pa'i yid can rnams ni/_rang la yod pa'i gnas lugs kyi bzhugs tshul ni cha tsam yang ma rtogs pas shi ba gshin po'i ro dang 'dra bar 'khrul pa sel zhing yon tan mngon gyur du brtas pa'i don byed mi nus par lkog gyur du gnas pas phan gnod bral zhing*/_da lta mngon gyur du snang ba'i gnyis snang gi zhen 'dzin ches cher rags pas dbang bsgyur te ma dag srid pa'i gnas su skye shi bde sdug gi snang ba bar ma chad pas mnar zhing gdung bar byed pa ste/_dkon mchog tA la las/_de bzhin gshegs pa rtag tu skye med chos/_/chos rnams thams cad bde bar gshegs dang 'dra/_/byis pa'i blo can mtshan mar 'dzin pas na/_/'jig rten dag na med pa'i chos la spyod/_/ces dang*/_ting 'dzin rgyal po las/_rtog can dag gis yod dang med ces brtags/_/de ltar dpyod pas sdug bsngal zhi mi 'gyur/_/zhes dang*/_gzhan yang mdo las/_sred srid ma rig dbang gis skye bo rnams/_/mi dang lha dang ngan song rnam gsum po/_/'gro ba lnga po dag tu mi mkhas 'khor/_/dper na rdza mkhan 'khor lo 'khor ba bzhin/_/zhes sogs gsungs pa ltar la/_/'on kyang 'khrul pa zhes su btags pa'ang dpyad na thog ma'i gzhi la'ang mi gnas/_mthar gzhi'i gnas lugs mngon gyur gyi tshe'ang med bzhin snang bas glo bur gyi sprin dang 'dra bas sgrib pa'i tshul bla ma'i man ngag dang ldan pas don gnad ji bzhin du rtogs na mya ngan las 'das pa 'bras bu'i yon tan kyang gzhan du tshol byar ma dmigs te/_chos dbyings bstod pa las/_gang zhig 'khor ba'i rgyur gyur pa/_/de nyid sbyangs par byas pa las/_/dag pa de nyid mya ngan 'das/_/chos kyi sku yang de nyid do/_/zhes gsungs la/_der ma zad gsang sngags rdo rje theg pa'i lam nas gzhi'i gnas lugs don dam gyi bden pa'i ngo kha tsam zhig ma yin pa 'khrul snang kun rdzob kyi snang ba rnams kyang snang grags rig pa rdo rje gsum gyi 'khor lor gdod nas rdzogs pas snang srid phyag rgya chen po 'jam dpal ye shes kyi 'khor lo las gzhan du ma dmigs pa'i gnas tshul ji bzhin du rtogs na sdug bsngal kun gyi bdag nyid spang bya dang 'khrul pa'i rang bzhin can du ma gsungs te/_'jam dpal dri med gsang rgyud las/_gzugs snang sgra grags sems rtog kun/_/gshed po gtso 'khor sku gsung thugs/_/kun rdzob dkyil 'khor thabs su blta/_/don dam rang bzhin med par blta/_/zhes dang*/_gsang ba 'dus pa las/_mdor na phung po lnga rnams ni/_/sangs rgyas lngar ni rab tu grags/_/rdo rje'i skye mched rnams nyid ni/_/byang chub sems dpa'i dkyil 'khor mchog_/ces dang*/_bsdus rgyud las/_sems can rnams ni sangs rgyas yin te sangs rgyas chen po gzhan 'dir 'jig rten khams na yod ma yin/_/zhes gsungs la/_mdor na chos nyid cir yang ma yin pa las cir yang 'char ba zung 'jug mnyam pa chen po'i gnad kyis 'od gsal bde gshegs snying po'i bzhugs tshul rang ngo ma shes pa las 'khrul pa dang*/_ngo shes pa las grol ba zhes brdar btags pa las gnyis su ma dmigs te/_rnal 'byor ma'i rgyud kun tu spyod pa las/_'gro ba 'di kun sangs rgyas lnga'i bdag nyid/_/gar mkhan dag dang ri mo bzang ltar snang*/_/gang du bde chen zhes bya gcig pu nyid/_/gcig pu'i nyams ni du ma'i gar mdzad do/_/zhes dang*/_rgyud gzhan las kyang*/_nyon mongs ye shes dbyer mi phyed/_/ma shes pa la khams gsum ste/_/de shes pa la sku gsum klong*/_/ye nas yin pas btsal mi dgos/_/zhes sogs gsungs pa ltar don gyi gnas lugs sgra ji bzhin pa mngon du gyur pa dag la ni snang ba'ang de bzhin dag pa ye shes kyi rol pa 'ba' zhig tu 'char ba ste/_dpal sa skya pa chen po'i dbang bzhi'i ngo sprod las/_rang byung ye shes skyes pa la/_/rtogs pa kun kyang ye shes su/_ngo bo nyid kyis 'char ba yin/_/zhes dang*/_rnal 'byor dbang phyug bzhad pa rdo rjes/_de ltar gnas pa'i rnal 'byor pas/_/rnam shes ma mthong ye shes mthong*/_/zhes gsungs pas na/_gnas lugs yang dag pa mngon sum rtogs pas rje bos 'bangs la dbang bsgyur ba ltar 'khrul snang rgyu dang bcas pa ye shes kyi dbyings su dbang bsgyur cing*/_de'i byed las kyis kun nyon srid pa'i 'khor lo ming med du gcod cing sgrib pa thams cad rnam par dag pas sdug bsngal dang kun 'byung gi gshed du khros pa ltar ston pa ste sbyangs 'bras mthar thug gi zag med kyi yon tan kyang rgyu rkyen gyis gsar du bskrun pa ma yin te/_'khor lo sdom pa las/_rang bzhin lhun gyis grub pa la/_/rgyu dang rkyen gyis bskyed pa 'khrul/_/zhes dang*/_klu sgrub kyis/_las dang nyon mongs rnam rtog las/_/de dag spros las spros pa ni/_/stong pa nyid kyis 'gag par 'gyur/_/zhes so/_/de ltar sbyang gzhi bde gshegs snying po rang la ye nas gnas pa dang*/_sbyang bya srid pa'i bag chags rgyu dang bcas pas snga ma'i gnas lugs bsgribs pa la/_sbyong byed bskyed rdzogs rdzogs pa chen po'i lam gyi rim pa zab mo'i thabs la gnad du bsnun pas 'khrul pa ming med du dag nas/_sbyangs 'bras sku bzhi ye shes lnga ldan don gnyis lhun rdzogs kyi dpal la spyod nus pa'i phyir mda' 'phen pa la 'ben ngos zin dgos pa ltar thog ma'i gzhi yi bzhugs tshul dang*/_de ma rtog pa las 'khrul tshul nyid bsam byung gi shes rab zab mos sgro 'dogs bcad pa mchog tu gces pa'o/_/thog med srid rtsa'i zug rngu 'byin pa'i sman/_/'jam dpal kun byed rgyal po'i bdud rtsi'i zhal/_mngon sum 'byed phyir 'khrul snang sprin rgya'i sbubs/_/'byed pa'i man ngag rlung shugs da skyed cig_/gsum pa 'dul thabs sprul pa'i 'khor lo sgom pas nyams su len tshul la gnyis/_rgyu dbang gis smin tshul/_'bras bu lam byed bzhi'i rnal 'byor ro/_/dang po ni/_dbang bskur byed na snod ldan pa'i:_slob ma sogs nas/_smin byed dbang gi snying po'o:_zhes pa ste kun gzhi rgyu rgyud kyi lta ba'i gnas lugs yang dag pa gtan la phebs ma phebs kyi skyon dang yon tan legs par shes pa'i rjes su/_lam thabs rgyud kyi bskyed rdzogs zung 'jug dang bcas pa la bslab dgos shing*/_de'i thog ma nyid du rim pa dbang gi cho ga sngon du ma song bar lam nyams su len mi rung ste/_zla gsang las/_dbang bskur gnang ba ma thob par/_/gang zhig sngags la 'jug byed cing*/_/nyan cing sgrub pa byed pa rnams/_/'bras bu med cing brlag par 'gyur/_/zhes dang*/_dbang thob pa las don du bskyed rdzogs rdzogs pa chen po'i lam yongs su rdzogs pa la spyod nus pa'i gdeng thob pa dang*/_gzhan don du las bzhi'i phrin las 'bad med du sgrub pas bstan 'gro'i don rlabs po che rung ba ste/_snga ma las/_dbang bskur gnang ba thob gyur cing*/_/rim pa yan lag rdzogs pa yis/_/las rnams ma lus 'grub par 'gyur/_/zhes gsungs la/_dbang de la'ang rgyud dang man ngag gi nges pas dbye bsdu'i rnam grangs mang du gsungs kyang*/_sangs rgyas mdud pa las/_ji ltar gsungs kyang rnam pa bzhi/_/bum pa'i dbang dang gsang ba'i dbang*/_/shes rab ye shes dbang mchog dang*/_/de bzhin bzhi pa'i dbang du gsungs/_/zhes pa ltar sems can rnams las nyon gyi gzhi rten lus yin cing*/_lus skyed byed rtsa yi sgrib pa thog mar sbyang dgos pas/_de dang rnam pa mthun pa'i bla ma sku rdo rjes bum pa'i dbang thog mar bskur te/_gzhi 'bras lto sbyar ba'i bskyed rim dbyibs kyi lam bsgoms pas/_'bras bu sku rdo rje sprul sku mngon du byed pa dang*/_rtsa de la g.yo byed kyi rlung brten cing rlung des ngag sgrib bskyed pa sbyang phyir bla ma gsung rdo rje srog rtsol dag pa gsang dbang bskur bas/_rlung lam du byed pa sngags kyi rnal 'byor gnad du bsnun te/_gsung rdo rje longs sku mngon du byed pa dang*/_rtsa khams su rlung gis khrid pa'i thig le 'pho 'dzag gi sgrib pa'i gnyen por/_thugs rdo rjes thig le bde chen du smin phyir sher dbang bskur zhing*/_rang lus thabs ldan dang gzhan lus gsang rtsa'i gnad la bsnun pa'i mthus/_thugs rdo rje chos sku bde ba chen po'i gnas lugs rtogs par byed pa dang*/_de dag gi sgrib pa'i lhag ma ches phra ba snang gsum 'pho ba'i bag chags sbyang phyir/_ye shes rdo rje ngo bo nyid skus bzhi pa don dam gyi dbang bskur nas/_ka dag dang lhun grub kyi snang ba lam byed rtsol med zung 'jug gi rnal 'byor gyis/_mthar thug sku gsum dbyer med pa'i go 'phang mngon du thob pa'i dbang gis dbang rnam grangs bzhir mdzad pa ste/_'dir yang spyi'i khog snga ma ltar la bum dbang gi rjes 'brel sku gsung thugs yon tan phrin las kyi nus pa rdzogs pa'i dbang dang*/_mtha' rten bka' srung ma gshin dregs pa'i srog dbang dang*/_bkra shis tshe yi dbang bcas khyad par gyi chos su mdzad pa ste/_de ltar skur ba po slob dpon gyi mtshan nyid kyang rgyud las/_shes rab yangs pas chos rnams ston/_/lta ba yangs pas phyogs dang bral/_/spyod pa ma 'gags thabs su spyod/_/sgom pa sran che 'gyur ba med/_/dam tshig gang yang ma nyams pa/_/de ni dbang nod slob dpon no/_/zhes dang*/_dbang bskur ba'i yul slob ma'i mtshan nyid kyang*/_sku gsung thugs kyi sras byed pa/_/ser sna med pa'i yon gyis bslu/_/'khu ldog med pa'i rnal 'byor pa/_/de la dbang rnams rdzogs par bskur/_/zhes gsungs la/_de lta bu'i snod dang bcud thams cad tshogs pas kun rdzob brda yi dbang gis don dam chos nyid kyi dbang gi nus pa rgyud la sad pa'i mthus rdo rje'i rnal 'byor la rdzogs par spyod pa'i skal bzang du sbyor ba ste/_sangs rgyas kun gyi bdag nyid che/_/rgyal ba kun gyi byin gyis brlabs/_/dbang bskur gnang ba thob pas so/_/zhes pa ltar spyi'i gnad de bzhin khong du chud pas ji ltar bskur pa'i las 'grigs dngos ni drag sngags rgya mtsho'i shing rta kun mkhyen 'jig rten mig gcig 'jam mgon gu Na sA ra'i gsung phyag rgya gsang ba'i bcud 'dus ltar shes bar bya ba kho na'o/_/yon tan khyad par dang ldan pa'i dbang de'i srog rgyud la 'dzin pa dam tshig 'ba' zhig la rag las pas/_thun mong khyad par rtsa ba yan lag gi dam tshig rnam par dag pa kho na 'bad par bya dgos pa ste/_zla gsang thig le las/_sngags kyi dngos grub don 'dod pas/_dam tshig srung la brtson par bya/_/gzhan du byas na sngags mkhan gyis/_/sngags la sogs pas don mi 'grub/_/ces pa ltar ro/__/gnyis pa la bzhi/_'khrul snang sbyong byed dbyibs kyi rnal 'byor/_kun brtags kyi zhen pa sbyong byed sngags kyi thabs/_nyon mongs kyi rtsa ba gsang rtsa'i gnad/_chos kun zad sar bskyal ba ka dag dang lhun grub kyi lam khyer ro/_/dang po la gnyis/_mdor bstan pa dang*/_rgyas par bshad pa'o/_/dang po ni/_'dul thabs sprul pa'i 'khor lo ni:_snang ba sbyangs sogs nas/_phyag rgyar sgom:_zhes pa ste rgyu 'bras kyi theg pa gnyis 'khrul rgyu 'khor ba'i bag chags sbyangs shing*/_bral 'bras mthar thug gi yon tan mngon du byed pa la gnad gcig kyang*/_sbyong byed lam gyi man ngag la thabs dang lta ba rgya che chung gi khyad par shin tu che ba ste/_he ru ka galpo las/_mtshan nyid rgyu yis theg pa yis/_/sems can sangs rgyas rgyu ru shes/_/'bras bu rdo rje theg pa yis/_/sems nyid sangs rgyas nyid du sgom/_/zhes pa ltar mdo las don dam mtha' brgyad las 'das pa'i de bzhin nyid skye 'gag dang bral ba dang kun rdzob sgyu ma ltar blta ba dang mi mtshungs pa kun rdzob bden pa'i snang cha snod bcud phung khams skye mched kyi chos rnams thams cad ye nas rnam par dag pa rang bzhin lhun gyis grub pa gdan gsum lha yi dkyil 'khor du da lta nas ma bcos ma bsgyur ba lhag pa'i kun rdzob kyi bden pa dang*/_de thams cad kyi gnas lugs bsam gyis mi khyab pa rang bzhin 'od gsal gyi ye shes dag pa gnyis ldan dang 'du 'bral med pa lhag pa'i don dam bden pa ste/_bden pa gnyis ka rnam pa lha ru dag cing rang bzhin dbyer med du mnyam pa'i dkyil 'khor chen po'i dgongs pa ni mthar thug gi rtogs bya'i lta ba zab mo ste/_kun mkhyen chos rjes/_nges pa'i snying po bden pa dbyer med de/_/sangs rgyas kun gyi gsang ba'i mdzod khang yin/_/zhes dang*/_gshin rje'i rtsa rgyud las/_'dod khams gzugs khams gzugs med khams:_lha klu mi yi srid pa dang :_'dod chags zhe sdang gti mug gsum:_dbang po lus ngag yid gsum dang :_thig le gnas dang longs spyod gsum:_rtag chad dbu ma mtha' dang bcas:_skye 'jig gnas pa rang rig gzhi:_ma lus sku gsum 'dul zhing rdzogs:_rang gis dbang bsgyur spyod pas na:_gal dbang rdzogs pa'i spyod pa'o/_zhes so/_rgyu mtshan de'i dbang gis spang bya 'khor ba'i gnas tshul dang mthun pa'i sangs rgyas kyi ye shes rnam pa thams cad pa nyid lha dang gzhal yas rten brten pa'i spro bsdu'i rnam pa gang 'dul sgyu ma'i rol pa cir yang 'bad med lhun grub tu snang ba ltar bsgoms te lam du byas pas 'bras bu sku dang ye shes kyi gnas tshul sgra ji bzhin mngon gyur du dag pa gdul bya'i don mdzad pa ste/_rdo rje snying 'grel las/_rnam rtog bag chags kyis bcings la/_/thog mar rtog pa'i cho ga bstan/_/zhes pa ltar lha sku zhal phyag spros pa can dbyibs dang kha dog gi rnam par rol pa 'jam dpal zil gnon khrag 'thung 'bar ba'i rje btsan gyi sku bskyed pa phyag rgya'i rnal 'byor 'dul thabs sprul pa'i 'khor lo zhes gsungs pa'o/_/gnyis pa la gnyis/_sgrub pa'i thabs dang*/_man ngag nges pa'o/_/dang po ni/_aH_rang bzhin gdod nas mnyam pa nyid:_skye ba med pa'i sogs nas/_'khor 'das yongs rdzogs chen por gsal:_zhes pa ste de yang zla gsang rgyud sde'i shing rta gcig pu kun mkhyen zil gnon dgyes pa rtsal gyis/_snying po don gyi srung ba las/_a+ye a+ye a+ye zhes rigs gsum brjod/_/chos sku khyab brdal chen po las/_/a+ye gnyis longs spyod rdzogs pa'i sku/_/kun tu snang la ma 'gag par/_/rol pa chen po'i rang bzhin las/_/a+ye gsum sprul pa'i cho 'phrul las/_/zhes gsungs pa ltar/_gzhi ltar na stong pa snang ba zung 'jug gsum/_lam ting 'dzin gsum/_'bras bu sku gsum sogs lhun gyis grub par mtshon pa'o/_/des na e nyid ni gnas lugs kyi don te yod med sogs mtha' kun gyi stong pa'i chos dbyings snang srid kyi chos kun gyi 'byung gnas su gyur pa'o/_/de'i rang bzhin ji lta bu zhe na gdod nas ma skyes pas stong pa dang*/_ma 'gags pa'i gsal ba dbyer med pa'i ngang tshul du rang bzhin gyis gnas pa ste/_gdod nas rnam par dag pa bde chen byang chub sems kyi dkyil 'khor thig le nyag gcig ces bya'o/_/'dus byas 'dus ma byas kyi chos thams cad de'i ngang du rdzogs shing 'ub chub par rtog pa na/_ma hA yo ga man chad ltar rgyu rkyen las lha bsgom pa dang*/_a nu ltar sngags brjod pa tsam la'ang mi ltos par/_lhun gyis grub pa'i rol pa chen po'i sku ru shar ba'i tshul gyis rten dang brten pa gsal 'debs pa'o/_/zhes gshin rje'i bsnyen yig gi lhan thabs dngos grub sgo 'byed du gsungs pa ltar 'dir yang gzhal yas khang lhun grub/_lha lkog bzhengs/_sngags thug phrad du bgrangs pa rang bzhin lhun gyis grub pa spros med a ti yo ga'i ma hA'i bskyed tshul ltar byas te/_shes rab kyi pha rol phyin pa las/_a zhes bya ba ni chos thams cad kyi sgo'o/_/zhes dang*/_mtshan brjod las/_a ni yig 'bru kun gyi mchog_/don chen yi ge dam pa yin/_/khong nas 'byung ba skye ba med/_/tshig tu brjod pa spangs pa ste/_/brjod pa kun gyi rgyu yi mchog_/ces pa ltar snang srid 'khor 'das kyi chos gnyis 'dzin rnam par rtog pa'i cha thams cad a zhes chos nyid skye med mtshon pa'i yi ge brjod pa'i sgra gdangs kyi dbyings rnam kun mchog ldan gyi stong nyid skye 'gag gnas dmigs 'gro 'ong dang bral ba'i ngang du thim pa las/_ye shes kyi mkhyen cha 'gags med du gsal ba'i rang byung skye ba'i cho 'phrul rnam pa thams cad pa'i gzugs brnyan du slar shar ba gnyis/_zung 'jug mnyam pa chen po blo 'das 'od gsal bsam gyis mi khyab pa don gyi gnas lugs mngon sum du rtogs pa ni snod bcud brtan g.yo 'khor 'das thams cad 'dus pa'i stong srog thig le nyag gcig ste/_a yig de nyid e zhes bsgyur bas e ka ni gcig pu ste 'khor 'das thams cad stong nyid gcig gi cho 'phrul 'gags med kyi rang rtsal las/_ji ltar snang yang rang bzhin skye med kyi mkha' las ma 'das pas chos nyid de'i rnam rol gang 'dul rol pa'i cho 'phrul rdo rje'i srung 'khor yangs shing rgya che ba'i dbus su phyi 'byung lnga/_nang rang lus kyi sra gsher dro g.yo bu ga'i khams/_de kho na nyid sems kyi rang bzhin gsal stong zung 'jug sgyu 'phrul drwa ba'i 'khor lo rnam par dag pa dbyings kyi yum chen lnga'i mkha' klong mtshon pa'i nam mkha' gru gsum/_rlung dkyil rgya gram/_me dkyil gru gsum/_rak+ta'i mtsho zlum po/_sha chen gyi sa dkyil gru bzhi/_keng rus kyi ri rab bang rim bzhi ldan rnams brtsegs mar gnas pa'i steng pad+ma nyi ma sna tshogs rdo rje'i lte bar nam mkha' dang mnyam pa'i 'jam dpal khrag 'thung rol pa'i dur khrod chen po'i gzhal yas khang gru bzhi sgo bzhi rta bab brgyad ldan/_rin po che dang thod pa skam rlon rnying pa'i rtsig pa rim gsum gyi steng nas thod pa'i dbyibs can gyi pha gu 'phyar thabs su gnas pa la/_sbrul gyi chun por brgyus pa'i thod phreng gi drwa ba drwa phyed/_rgyu ma'i lda ldi/_tsit+ta'i pho long*/_ro ras kyi mda' yab/_rus chen gyi mchod rten mi mgo'i tog can bsgrigs pa'i pu shu/_'dod snam la mchod pa'i lha mo gar byed pa/_nang du zhing chen gyi ka ba/_lha brgyad kyi gdung ma/_nyi zla'i ka gzhu/_klu brgyad kyi phyam/_rgyu skar gyi dral ma/_ba dan gyi ka rgyan/_bdud rtsi lngas thog zhal byas pa/_zhing gi sgo 'gegs/_sprul gyi sgo yi skyes bu/_khyung gi ya phub/_chu srin gyi ma thems/_gnam lcags kyi khog gzer btab pa/_dbus kyi gtsang khang phyur bu'i rtser rdo rje'i tog gis spras pa sogs mdor na drag po'i gzhal med khang chen po'i tshad dang mtshan nyid brda don bkod pa rgyan chas thams cad kun yongs su rdzogs pas 'jigs shing rngams pa skye g.ya' bas khor yug kun tu khyab par brdal ba/_mtha' skor du dur khrod chen po brgyad kyis bskor ba'i gzhal yas khang gi dbus su gru gsum e yi da lar klu mthong ba'i dug can sbrul 'bum/_gnyan rwa yi dug can lcong mo khri/_sa bdag mche ba'i dug can sbal nag po stong ste dug gsum rang gnad kyi khri dregs pa sde brgyad dang bcas ba'i steng phyogs skyong bcu mgo bo rang rang gi phyogs su bstan cing rkang pa nang du bsnol ba'i steng rU tra pho mo byi chings su bsnol ba'i gdan la ma he bzhi dang*/_glang rgod bzhi ste brgyad kyis brdzis pa'i gnya' bar pad+ma nyi zla'i gdan la a yig nam mkhar gnas pa babs pa skad cig dran rdzogs kyis yongs su gyur pa las mtha' brgyad spros bral gyi dbyings stong pa'i ngo bo 'gags med rang byung gi phyag rgya rtags kyi he ru ka 'khor 'das thams cad zil gnon 'jam dpal khros pa gshin rje gshed chen po thugs chos sku'i klong las mi 'gyur ba'i sku mdog mthing nag dug chen ha la'i mdog can/_zhal gsum g.yas zhal dkar la bzhad pas klu/_g.yon zhal dmar la gshe bas gnyan/_dbus zhal mthing la rngams pas sa bdag dang dgra bgegs thams cad chem chem du gsol ba/_rgyu drug dbyings su sgrol ba'i ye shes drug gi phyag g.yas gsum gyi 'khor lo ral gri rdo rje/_g.yon pas be con gtun shing sdigs mdzub ste dang po gnyis kyis yum la 'khyud cing lhag ma rnams thad kar brkyangs te 'dzin pa/_zhabs bzhi dor stabs kyis rU tra pho mo byi chings su bsnol ba'i dpyi dang sog phrag tu brdzis pa'i sku yi ba spu las rdo rje'i tshwa tshwa dang*/_bu ga dgu nas thog dang me'i 'tshub ma 'phro zhing dpal dang dur khrod kyi chas rnams yongs su rdzogs pa/_dbu la bdud srin btsan rgyal mu stegs kyi mgo lnga'i thod skam la rigs lnga khro bo yab yum gyis brgyan pa/_dregs pa'i snying dang klu bdud kyi mgo phreng gi do shal tshar gsum sogs khro bo'i chas kun yongs su rdzogs pa'i bdag nyid bde ba chen po ye shes rig pa'i sku can la/_dbyings de bzhin nyid gzod nas skye med skye ba'i cho 'phrul rang byung lhun grub kyi dmigs med thugs rje'i rang rtsal srid rtsa'i nyon mongs dug gsum gyi gshed du ye nas khros pa'i shes rab yum gyi phyag rgya be ta li chen mo/_dmigs rtog mtshan ma'i 'du byed las 'das pa'i brdar sku mdog mthing nag_/thod skam gyi phreng ba'i do shal dang dbu rgyan/_gzig sham sogs khro mo'i chas kun yongs su rdzogs shing*/_phyag g.yas gri gug dang bcas pas yab kyi mgul nas 'khyud cing*/_g.yon pas thod pa khrag gis gang ba'i dbus su snying gis mtshan pa yab kyi zhal g.yas su stob pa/_zhabs g.yas yab kyi sked du 'khril zhing g.yon pa brkyangs te bde stong mnyam par sbyor ba'i bdag nyid can gyi yab he ru ka'i thugs kar me long ye shes kyi bdag nyid ya ma rA dza sku mdog smug nag_/g.yas 'khor lo rtsibs bcu dang g.yon tsit+ta 'dzin pa nyi gdan la rol pa/_de'i thugs kar mnyam nyid ye shes kyi ngo bo phyag rdor dregs pa kun 'dul ljang nag rdo rje dang snying phreng bsnams shing zla ba'i gdan la bzhugs pa/_de'i thugs kar bya grub ye shes 'khor 'das kun gyi tshe srog 'chang ba 'jigs byed chen po rus sbal ser po dug khrag gi thig le can yan lag la mchod rten gyi ri mo dang*/_sder mo lcags kyu can/_nyi zla'i mig bgrad cing khros pa'i zhal thur du blta ba pad gdan gyi steng na gnas pa dang*/_gtso bo'i spyi gtsug tu sor rtog ye shes kyi bdag nyid nam mkha' lding dkar po sbrul za ba dang*/_phrag gong gnyis su khyung smug nag gnyis lding ba/_sog khar stag mo ro zan rngams pa gnyis/_nu ma'i steng du seng ge ral pa sprugs pa/_sta zur g.yas g.yon du dug sbrul 'khyil zhing*/_spyi gtsug tu hU~M mdzad/_ltag par rnam rgyal/_dpung g.yas gshin rje/_mgrin par rta mgrin/_dpung g.yon bdud rtsi 'khyil pa bcas zhal nang bstan srung ba'i las mdzad pa/_brla g.yas dbyug sngon/_g.yon du gzhan gyis mi thub pa/_lte bar mi g.yo/_dpyi gnyis kyi bar du khams gsum rnam rgyal/_gsang gnas stobs chen lnga ljang nag zhal phyir bstan byad bshig gi las mdzad pa/_kun kyang 'khor lo dang sdigs mdzub can/_snying dbus su gtsug tor 'khor los bsgyur ba zhi ba'i chas can ser po 'khor lo dang pad+ma bsnams pa/_mgul nas zhabs kyi long bu'i bar khro chung nyi rdul ltar 'khrigs pa sogs rgyan gyi lha dang*/_thugs tsit+ta rin po che gru gsum gyi dbus su zil gnon yab yum rgyan lha dang bcas/_rtsa bar zla gam gsum la sprul pa gsum/_snying gi rtsa bzhi'i mdun rtsar ya ma rA dzaH_g.yas myos byed 'bar ba/_rgyab Ar+Ya dmar po/_g.yon ral pa tshar dgu yum dang bcas pa/_de'i phyi rim du mun bdud yab yum/_lte bar 'chi bdag bcu gnyis/_lto ba khrag khyams 'obs srung bcu drug sogs dang*/_lag g.yas kyi mthil la dkar po snying 'byin/_g.yon mthil mgon po nag po/_rkang g.yas kyi mthil la yab rje nag po/_g.yon mthil du sku mchog dmar po ste phyi nang gi gtso bo'i sku'i rgyan gyi tshul du bzhugs pa dang*/_ye shes kyi rol rtsal las sprul pa'i dkyil 'khor gyi lha tshogs ma lus pa kun kyang rnam rol gtso 'khor sprul pa sna tshogs su de bzhin du snang ba las/_dgongs klong la bzang ngan ma mchis pa nyi ma dang 'od zer bzhin du shar zhing*/_de ltar shar ba'i dus nyid nas dag mnyam bden pa dbyer med lhag pa'i chos sku chen po'i ye shes nyid gang 'dul sgyu ma'i bkod pa rang byung rang shar gyi snang stong gnyis med mkha' khyab nam mkha'i rdo rje'i bdag nyid khrag 'thung rol pa chen po 'jam dpal gshin rje gshed kyi dkyil 'khor du 'char ba 'khor 'das yongs rdzogs ma spangs lhun grub kyi bkod pa lhun rdzogs chen po'i bdag nyid du gsal gdab par bya'o/_/de ltar 'khor rnams las byang las dngos su ma bstan pa shugs kyis gsal ba bzhin 'dir yang mtshan tsam las phyag mtshan sogs zhib par yi ges 'jigs te ma spros la/_shes par 'dod na gzhan du blta bar bya'o/_/gnyis pa man ngag gi nges pa la gsum/_rnam pa gsal ba/_rnam dag dran pa/_nga rgyal brtan pa'o/_/dang po ni/_gzung 'dzin dregs pa'i gshin rje yi:_gshed po sems nyid 'od gsal ba:_rol pa 'gags med lha sku shar:_de nyid sgrub pa'i rnal 'byor ni:_zhes pa ste ma dag gzhan dbang gi kun brtags 'khrul pa'i blo yi snang ngor shar ba'i snod bcud rten brten pa'i kun rdzob kyi snang ba 'di dag kun sdug bsngal bden pa'i bdag nyid spang bya'i rang bzhin las nyon skye shi'i 'khrul 'khor chen po mi zad pa bskyed pa'i kun 'byung 'khor ba'i chos kyis ye nas rnam par dag pa 'byung lnga yum lnga/_phung lnga rigs lnga sogs lhag pa'i kun rdzob dang*/_zab gsal gnyis med lhag pa'i don dam ste bden gnyis dag mnyam chen po'i don gyi gnas lugs mi snang bar bsgribs te 'khor ba'i 'khor lo gzung 'dzin rang rgyud la zhen pas dug gsum tha mal du spyod pa'i khams gsum gyi ma gshin dregs pa'i rU tra sde dang bcas pa bsgral ba'i gshed du snying rjes bzhengs pa'i 'jam dpal ya mAn+ta ka'i dkyil 'khor chen po'i gsang ba gsum gyi rnam rol las gzhan du ma dmigs pa'i bdag nyid gdan gsum lha'i 'khor lo chen po'i gnas tshul dang mthun pa'i bskyed rim dbyibs kyi rnal 'byor la gnad du bsnun pas/_snod bcud kyi snang ba thams cad gdod nas dag mnyam ye shes kyi ngo bo mngon du gyur nas lhag pa'i chos sku chen po'i klong du rdzogs te/_'khor ba dang mya ngan 'das pa'i stong srog nas zin pas snang srid phyag rgyas zil gyis gnon pa'i 'jam dpal ya mAn+taka'i ye shes kyi sku mngon du byed pa'i bskyed rim snang srid gzhir bzhengs mchog gi dngos grub kyi nye rgyur 'gyur ba'i gnad zab mo ste/_yid bzhin rin po che'i mdzod las/_rnal 'byor chen po chos kun mnyam pa'i ngang*/_/dbu ma chen po ro mnyam dag pa las/_/khyad par phung po khams dang skye mched kun/_/dkyil 'khor gcig tu shes pas rnam bsgoms te/_/gang yang thabs mchog rgyal po'i grogs su bsgyur/_/bskyed rdzogs zung 'jug bden pa dbyer med nyid/_/bsgoms pas tshe 'dir dngos grub thob par bzhed/_/ces dang*/_sgyu 'phrul drwa ba las/_dkyil 'khor ldan pa'i dkyil 'khor gyis/_/dkyil 'khor la ni dkyil 'khor bsgom/_/zhes gsungs la/_snying po'i gnad don de ltar shes pas tha mal gyi snang zhen rags pa sbyang ba'i phyir gong du bstan pa'i las kyi byang bus 'jam dpal ya mA n+ta ka'i dkyil 'khor gyi snod bcud spyi la sems ci nus su 'dzin cing*/_de la goms pa brtan pa'i tshe tha mal gyi 'dzin rtog phra ba nas sbyang phyir dbus zhal gyi spyan dbus ma nas bzung zhal phyag phyag mtshan sogs sku'i rnam pa/_rgyan cha phra mo'i bar re re nas sems 'dzin gyis rim can du gsal btab/_bying rgod kyi skyon bsal ba sogs bsam gtan gyi gegs sel bogs 'don pa'i man ngag rnams tshogs par byas te/_dang po gtso bo yab yum/_rgyan dang go cha'i lha rnams dang*/_de nas 'khor dang bka' sdod gzhal yas khang bcas mtha' nas dbus/_dbus nas mtha' sogs thabs sna tshogs dang ldan pa'i sgo nas nyams su blang bas/_gsal brtan gyi tshad brgyad dang ldan par 'gyur te/_spyan gyi dkar nag tshun chad ma 'dres par gsal nus pas sa le/_de la lhag mthong rig pa'i gsal cha'i ngar dang ldan pas sang nge*/_ba spu'i khung bu dang dbu skra'i nyag ma tsam yang thams cad mkhyen pa'i ye shes kyis zin pa las tha mal gyi bzhin lag lta bu ma yin pas lhag ge_/rjes dpag gi blos rgyas 'debs tsam ma yin par yid ngor mngon sum bzhin du 'char bas lhang nge ba ste gsal ba'i tshad bzhi dang*/_le lo dang bying rgod sogs skyon gyis mi g.yo/_mi gsal ba'i mog po dang rab rib sogs su mi 'gyur/_ji tsam du mnyam par bzhag kyang rnam rtog phra mos kyang mi brdzi/_sku mdog ma nges pas lha gtso 'khor byon bzhugs bzhengs nyal sogs ji ltar bsgoms kyang ting nge 'dzin gyi rtsal 'byong bas de bzhin gsal thebs pas cir yang bsgyur du btub pa ste brtan pa'i tshad bzhi bcas mthar phyin gyi bar bslab pa ste/_de ltar bsgoms pa'i dgos pa yang pad+ma'i lam rim chen po las/_tha mal gyi zhen pa sbyang ba la/_rnam pa gsal bar bsgoms pas thun mong gi yon tan thams cad 'byung ste/_gdan che la brtan pas tshe ring*/_zhabs bgrad khams che bas sdod tshugs/_sku lang tsho rgyas shing yid du 'ong ba bsgoms pas nad nyung khams bzang*/_phyag mtshan gsal bas bsam pa 'grub/_rgyan tshang bas 'byor ba brtan/_zhal dang mche ba sku mdog gsal bar bsgoms pas thams cad bka' la nyan cing snang ba dbang du 'dus pa'i rten 'brel lo/_/des na gtso 'khor sku mdog zhal phyag thams cad ma lus shing gsal bar bsgoms pas bar chad gang gis kyang mi tshugs shing thun mong gi yon tan thams cad 'byung*/_gsal ba gang yang med na yon tan gang yang mi 'byung ngo*/__/zhes gsungs pa ltar bslab pas tha mal snang zhen gyi bag chags rgyu 'bras dang bcas pa ye shes kyi rol pa ru 'char ba'i thabs bla na med pa'o/_/spyir gong du smos pa ltar gzhung 'di'i dngos bstan spros med a ti'i ma hA'i bskyed rim ltar gzhal yas khang lha dang bcas pa skad cig dran rdzogs su bsgom pa las rim gyis pa'i bskyed tshul ltar rten brten pa re re nas mi dgos kyang dang po'i las can gyis lha gtso 'khor dang*/_gzhal yas khang gi bzhugs tshul gyi go don tsam nges na legs par sems te cung zad spros te bshad pa'ang 'gal ba med par shes par bya'o/_/gnyis pa ni/_stong nyid ma skyes rang bzhin la sogs nas/_rang la rdzogs:_zhes pa ste/_sdig pa snying 'dzing gi rgyud las/_snang stong gnyis med ye shes sgyu ma'i sku/_/rtag chad mtha' las 'das pa'i ye shes nyid/_/kho na nyid du gnyug ma rdo rje'i sku/_/phyag rgya chen po zil gyis gnon par gnas/_/zhes pa ltar rnam par mi rtog pa'i sangs rgyas kyi ye shes srid zhi kun khyab chen po la/_kha mig rna ba la sogs dbang po dang gdos bcas kyi lus su grub pa cung zad kyang med de/_ye shes snang ba rgyan gyi mdo las/_gang gi chos rnams ma skyes pa/_nam mkha' 'dra bar mthong ba dang*/_/ma bcings pa dang ma grol ba/_/de yi shes rab bla na med/_/ces dang*/_he ru ka 'dus pa'i rgyud las/_ma bcos mi gnas dmigs dang bral/_/bsam dpyod yod 'dzin rtog las 'das/_/cir yang 'du shes mi 'jug pa/_/de bzhin nyid kyi ting 'dzin bsgom/_/zhes pa ltar yin kyang*/_snyan brgyud yang phur zab tig las/_rdo rje'i rang bzhin stong pa ste:_gzhon nu ye shes sgyu ma'i sku:_zung 'jug shin tu rnam dag pa:_chos sku'i yon tan thams cad nyid:_gzugs kyi rnam pa shar ba nyid:_ces pa ltar sgyu 'phrul rtsa rgyud las/_a ni stong dang mi stong gi_/dbu ma'ang dmigs su yod ma yin/_/thams cad ming tsam sangs rgyas kun/_/yi ge phreng ba nyid la gnas/_/zhes gsungs pa'i don bzhin rang bzhin skye ba med pa ka dag stong pa nyid kyi gnas lugs kyi don mtshon par byed pa'i yi ge a nyid/_gdangs ma 'gags pa'i cho 'phrul sna tshogs pa stong pa nyid las shar ba ltar a yi gdangs er shar ba ni 'jam dpal drag po'i sa bon te/_de yang e zhes dbyibs gru gsum chos 'byung du snang ba'ang rnam thar sgo gsum dbyings kyi dkyil 'khor du mtshon pas snang srid kun kyang bde stong yum gyi mkha' klong las mi 'da' ba'i don dang*/_'byung ba nam mkha'i sa bon du rang gyur pas snang srid kyi dngos po thams cad nam mkha'i ngang du tshud kyang nam mkha' ni dngos po gang gi'ang phyogs su ma lhung zhing*/_nam mkha' nyid dngos med stong rkyang kho na min pa go 'byed pas thams cad la khyab pa ltar chos sku skye med kyi dbyings su 'khor 'das thams cad kyang tshud pa la gnas lugs ni de gnyis gang gi phyogs su'ang ma lhung zhing*/_thams cad de las mi g.yo/_des ma khyab pa'ang med pa bzhin gdul bya'i snang ngor rtog bral bde ba chen po 'od gsal lhun grub kyi gzugs sku zhal phyag gi rnam par bzhengs pa la 'gal 'dur mi gnas te/_nyang gter bka' brgyad rtsa sgrub las/_de ltar sems kyi ngo bo de:_ma rtog 'khrul pa 'khor ba yin:_de shes rtogs pa mya ngan 'das:_lha sku sems kyi rang rtsal te:_dngos por bzung na 'khrul pa'i phyir:_lha yang sems nyid chos skur gsal:_zhes pa ltar snang stong dbyer med mkha' khyab nam mkha'i rdo rje'i ye shes kyi sku zag med 'bras bu'i chos khams kyi spangs rtog zab mo'i gsang ba rjes su mtshon pa'i phyag rgyar bzhengs pa ste/_de yang sku 'bar khro rngams pa'i cha lugs su bstan kyang thugs chos nyid rtog bral gyi dbyings las 'gyur ba med pa'i brdar gtso bo'i sku mdog mthing ga_/gti mug gnas dag chos sku spros bral gyi ye shes rnam par mi rtog pa rang gi ngo bo dmigs bsam mtha' brgyad las 'das pa'i stong pa nyid mtshon pas dbus zhal sngon po/_'dod chags gnas dag longs sku 'gags med kyi rang rtsal bde chen kha sbyor bdun gyi sgyu 'phrul cir yang 'phro bzhin mtshan ma'i 'du byed kyi rtog pa'i snang ba thams cad dang bral ba mtshon pa'i g.yon zhal dmar po/_/zhe sdang gnas dag sku gnyis zung 'jug gi gshis la spang gnyen mtha' dag las 'das pa'i srid zhi kun khyab kyi thugs rje sprul pa'i rol gar dmigs gtad kyi smon pa med pa gang 'dul du snang ba'i mtshon byed g.yas zhal dkar po ste rnam thar sgo gsum mtshon pa'i dbu gsum/_srid pa gsum gyi bla mar gyur pas gsang gsum che btsan 'gran bral gyi rtags su dbu skra kham nag gyen du 'khyil ba/_sa dgu'i rtog pa dbyings su 'joms shing ye shes klong dgu'i gzigs pa rnam par dag pas spyan dgu sdang mig phyogs bcur gzir ba/_skye bzhi'i bag chags dbyings su gcod pa'i brdar mche ba bzhi gtsigs pa/_dug lnga ye shes lnga'i rgyan du rdzogs pas thod skam rigs lnga'i dbu rgyan/_pha rol tu phyin pa drug gis gdul bya'i don rgyun mi chad pa'i brdar phyag drug_/sangs rgyas kun gyi zab cing rgya che ba'i gsang ba zab mo'i chos kyi mdzod la dbang bsgyur pa'i brdar g.yas kyi dang pos gnam lcags 'bar ba'i 'khor lo/_gdul dka'i sems can kun gyi las nyon sdug bsngal gyi 'ching ba dran pa tsam gyis gcod pa'i brdar gnyis pas ral gri/_ye shes lnga ldan gyis srid zhi'i mtha' las 'das pa'i brdar gsum pas rdo rje dang*/_khams gsum tshe 'chi'i srog la dbang bsgyur ba'i 'jig rten dregs pa'i gshin rje yongs kyi rje btsan du gyur pa'i brdar g.yon gyi dang pos be con/_chos nyid stong pa'i dbyings su chos can mtshan ma'i rtog pa rdul du 'thag ba'i brdar gnyis pas gtun shing*/_dug gsum rang rgyud du spyod pa'i gdug pa can thams cad 'dul ba'i brdar gsum pas sdig mdzub mdzad pa/_mtshan gyi bka' rtags tsam gyis ye shes 'jig rten kun gyi stong srog la mnga' dbang bsgyur ba'i brdar rdo rje rin po che'i gshog pa la sogs pa'i dpal gyi chas brgyad dang*/_rnam thar brgyad kyi yon tan yongs su rdzogs shing tshogs brgyad gnas su dag pa'i dur khrod brgyad kyi dpa' bo DA ki dbang du 'dus pa'i rtags su glang chen gyi ko rlon gyi phyi gos sogs dur khrod kyi chas brjid par spras pa/_tshad med pa bzhis nam mkha' srid du sems can gyi don mdzad pa la rgyal dang rgyal sras kun gyi rnam thar las rmad du byung ba'i brdar zhabs bzhi brkyang bskum du bgrad pa/_stong nyid shes rab kyi dbyings las 'phags bzhi bskyed pa'i brdar yum be ta li mthing skya/_spros kun dbyings su gcod pa'i g.yas pas gri gug dang*/_rgyud drug skye med du bsgral zhing gdul dka' thugs kyis mi 'dor ba'i g.yon pas b+han+d+ha snying gis spras pa 'dzin pa/_snang srid bde stong gi rgyan du bzhes pas lang tshos sgeg cing rgyan thams cad kyis spras pa gnyis ka sgeg pa dpa' ba sogs gar gyi nyams dgu dang khro bo'i chas thams cad don rtags kyi tshul gzhan las 'byung ba ltar dang*/_'dod chags gnas dag spyi bo'i bya khyung*/_phrag dog dag pa'i phrag gong khyung gnyis/_gti mug dag pa'i sog khar stag mo/_nga rgyal dag pa'i nu steng seng ge_/zhe sdang dag pa'i sta zur du dug sbrul bcas dang*/_ma dag 'khor ba'i skabs su lus ngag yid gsum dang*/_dag pa myang 'das kyi sku gsung thugs kyi gsang ba gsum gyi rol pa sprul pa gsum/_'khor ba'i phung po lnga gnas su dag cing ye shes lngas gdul bya 'dul ba dang 'byung lnga dag ste spang bya'i bdud bzhi dbyings su bcom zhing 'dul bzhi'i phrin las bsam mi khyab pa'i rtags su gshed chen bzhi/_yul dbang rnam shes tshogs brgyad rtog pa ye shes kyi klong du rol pa'i mon bdud brgyad/_rten 'brel bcu gnyis dag pa'i bden don 'pho ba yan lag bcu gnyis mngon du gyur ba'i gshed chen bcu gnyis/_las bzhir dbang 'byor sgo ba bzhi sogs gang 'dul der snang gi don rtags yongs su rdzogs shing*/_de thams cad kyang thugs chos dbyings ye shes chos can thams cad la khyab kyang phyogs lhung med pa snod bcud kun gyi rten gzhi nam mkha' lta bu chos dbyings ye shes/_chus dri ma thams cad 'khrud cing dwangs bsil rnyogs pa med pa bzhin me long ye shes 'bad rtsol med pa chos can thams cad mkhyen pas mkhyen cha dri med du gsal ba dang*/_sa yis bzang ngan blang dor med pa'i 'degs pa bzhin mnyam nyid ye shes kyis srid zhi dbyer med du mkhyen pa/_me yis dngos snang phra rags thams cad snang zhing gsal bar byed pa ltar so sor rtog pa'i ye shes kyis srid zhi kun la mkhyen pa gnyis ldan gyis khyab pa/_rlung ni kun la khyab cing thogs med du yud tsam gyis rgyu ba ltar bya ba grub pa'i ye shes kyis gdul bya'i yul kun la rtag khyab lhun grub kyi phrin las zab mo thogs med du g.yo bas don mdzad pa ste/_de ltar 'byung ba lnga dang rjes su mthun pa'i rnam pa thams cad mkhyen pa'i ye shes kyi phung po gcig tu 'dus pa'i mkhyen rab kyi dbang phyug nges pa don gyi 'jam dpal gzhon nu nyid 'khor 'das brtan g.yo kun gyi srog tu bzhugs pa ste/_mtshan brjod las/_sangs rgyas kun gyi snying po che/_/sprul pa'i 'khor lo sna tshogs 'chang*/_/dngos po kun gyi rang bzhin mchog_/skye med chos de sna tshogs don/_/chos kun ngo bo nyid 'chang ba/_/zhes dang*/_thams cad mkhyen pa shAn+ta pu ris/_khams kyi rang bzhin bde gshegs snying po nyid/_/thog ma'i mgon po ye shes skur bzhugs kyang*/_/phra rags rdul gyi chos nyid las 'das shing*/_/sa bcu'i dbang phyug gis kyang mthong mi nus/_/dus gsum rgyal ba kho na'i rang bzhin no/_/zhes pa ltar la/_gnas lugs de'i don mngon du gyur pas skyes bu'i snying la mdas zin pa ltar srid zhi'i chos kun la 'dod dgur rang dbang bsgyur ba ste/_bka' brgyad gsang rdzogs las/_yongs rdzogs dpal gyi srog 'phrog thabs/_/gcig shes pas ni kun grol lo/_/zhes pa ltar yin la/_chos nyid de kho na'i ngor gzhi lam 'bras bu'i yon tan thams cad dbyer med gcig tu tshang la ma 'dres lhun gyis grub pas rdzogs pa ste/_bka' brgyad bde gshegs 'dus pa las/_mdor na rgyud ces bya ba'i don:_dngos po'i gnas lugs gzhi yin te:_gzhi las gzhan pa'i 'bras bu med:_'bras bu'i tshul las 'das pa yi:_lam gyi dgos pa ga la mchis:_de bas rgyud dang 'bras bu dang:_lam zhes grags pa gdags pa tsam:_zhes pa'i don bzhin yin pa'i gnad kyis da lta bskyed rim gyi sems 'dzin la yang gzhi 'bras gnyis med kyi dag pa dran pas rgyas 'debs nyid med du mi rung ba sngags bla med kyi rnal 'byor thams cad las gsungs shing*/_de dag kyang rnam rtog gi lhan pa 'debs pa'i spro bsdu kho na tsam ma yin par chos nyid kyi lta bas zin dgos te/_dgyes pa rdo rje'i rtsa rgyud las/_lha nyid rang la rang nyid lha/_/rang dang lhan cig skyes pa la/_/spyan 'dren bzhugs gsol 'dir mi dgos/_/sems nyid bla ma lha ru gnas/_/zhes gsungs pas dgongs pa mi 'gyur ba'i gzer ni bskyed rim gyi mdo 'gag zab mo mthar thug par gsungs shing de ltar dag dran dang*/_dgongs pa'i gzer zung 'brel du nyams su blangs pas 'khor chos thams cad lhar dag_/lha snang ye shes su dag_/ye shes mngon du gyur pas bskyed rim mchog gi dngos grub kyi nye rgyur 'gyur ba ste/_kun gzigs 'jam dpal dgyes pas/_de lta bu'i lta ba zab mo'i gdeng gis zin pa'i bskyed rim rnams kyang lhun grub snang stong zab mo'i bskyed rim zhes rdzogs rim dang ro gcig tu 'gyur ro/_/zhes gsungs so/_/gsum pa ni/_yul gsum gyad du gyur pa dang :_zhes pa ste de ltar gzhi 'bras gnyis su med pa'i lha sgom pa de yang rang nyid skyon dang bcas shing lha ma yin pa zhig la dag snang lam byed kyis lha yin par rgyas 'debs tsam yang ma yin/_lhar 'gyur rung gi bag chags tsam rang rgyud du yod pa sad byed kyis lam du bsgyur ba lta bu gang yang min par 'bras bu'i yon tan mngon gyur gyi bcom ldan 'das ya mAn+ta ka dang*/_sgrib bcas rang gi gnyug ma'i rdo rje gsum gyi ngo bo la da lta'i dus nyid nas spang blang gnyis su ma dmigs te/_rmad byung las/_ye nas lhun mnyam dkyil 'khor la/_/yin par shes nas bsgom pa la/_/tha dad blo yi rim pa yis/_/spyan 'dren gshegs gsol 'dir mi dgos/_/zhes so/_/ye shes de'i rang rtsal las shar ba'i snang srid phung khams skye mched kyi chos thams cad kyang lha'i phyag rgya las nam du'ang mi 'da' bas bral smin 'bras bu'i spang rtogs la dbang bsgyur ba'i srid zhi'i spyi dpal 'jigs mdzad he ru ka dngos nyid nga'o snyam pa'i nga rgyal gyi nges shes shugs drag po rgyud la bskyed pa ste 'khrul pa'i rtsa ba ngar 'dzin gyi rtog pa nyid ched du mi spong bar lam du byas pas ye shes dag pa'i nga rgyal du bsgyur ba yin la/_de ltar gsal brtan dag pa dran pa dang bcas pa'i lam nges rdzogs mthar phyin pa'i rnal 'byor la brtson pa dang*/_dang po 'khrul rtog gis ting 'dzin dkrugs pa ngos zin pa g.yo ba'i nyams ri gzar gyi 'bab chu lta bu/_snga ma las rnam rtog zhi gnas kyis mgo non pas ngal sos shing ting 'dzin res gsal res mi gsal ba thob pa'i nyams rong khung gi chu lta bu/_de las kyang rnam rtog rnams thang chad de ting nge 'dzin la brtan pa cung zad thob pa goms pa'i nyams mi rgan po'i spyod pa lta bu/_rnam rtog gis cung zad bskyod kyang ting 'dzin la rang bzhin gyis nus pa thob pa brtan pa'i nyams mtsho chung bsil bus bskyod pa lta bu/_bying rgod gang gis kyang bskyod du med pas ting 'dzin la rang dbang thob pa mthar phyin gyi nyams rgya mtsho rlabs dang bral ba lta bu ste nyams lnga mthar son gyi bar goms pas/_rang gi yid ngor rten dang brten pa'i dkyil 'khor mngon sum ma 'dres gsal rdzogs kyis bkod pa ltar gsal nus pa dang po/_de ltar yang yang sbyangs pas rang gi dbang po'i spyod yul du lha yi 'khor lo yongs rdzogs su gsal ba gnyis pa dang*/_de las kyang goms pa cher brtas te rlung sems kyi dwangs ma lha skur smin pas phyi rol gzhan gyi snang ngor yang rang lus lha'i sku ru mngon sum du ston nus pa gsum pa lus kyi yul du gsal ba ste/_de ltar mthar phyin pas yul gsum gyad du gyur pa zhes bskyed rim la brtan pa mchog tu thob pas rnam smin rig 'dzin gyi sa la sbyor nus pa'o/__/de ni da lta 'khrul pa'i skabs su phyi nang snod bcud sdug kun gyi snang ba ma dag pa'i zhen 'dzin gyi gnyen por dag pa ye shes kyi gzigs pa don gyi bzhugs tshul dang mthun par lam du byed pa'i skyed rim la brtson pa'i tshul bstan pas snang ba'i zhen pa sbyong byed ces gsungs pa'o/_/gnyis pa kun brtags kyi zhen pa sbyong byed sngags kyi thabs bshad pa la gnyis/_phyi rags pa ngag bzlas/_nang rlung rdo rje'i bzlas pa'o/_/dang po la'ang gsum/_zhi bar bsnyen pa/_khro bo sgrub pa/_las la sbyar ba'o/_/dang po ni/_lha sku'i ting 'dzin brtan pa na:_thugs kar 'jam dpal sogs nas/_'bum phrag drug:_ces pa ste de yang snga ma bskyed rim la brtson pa'i skabs su lha'i gsal snang gi ting nge 'dzin gyis skyo ba'i tshe'am/_bogs 'byin thugs dam bskul phyir bsnyen pa'i rnal 'byor la 'jug pa ste/_de yang lam 'di nyid kyi bsnyen sgrub byed pa'i gang zag gis rten gnas dus dang yo byad cho ga ste phun sum tshogs pa lngas sgrub pa'i gzhi bzung ba dang bcas te/_thog mar nyin kha shas la thun mong dang khyad par gyi sngon 'gros rgyud sngar ma sbyangs pa yin na skyabs sems maN+Dal phyag dang bla ma'i rnal 'byor rnams grangs 'bum phrag bsags pa sogs spyi ltar dang*/_rgyud 'byongs zin gyis kyang gsal 'debs kyi tshul du nan tan bsgoms rjes/_dkar phyogs kyi 'phel tshes 'phrod sbyor bzang po'i dgong thun nas bsnyen pa'i dbu 'dzin pa la/_sgrub gtor sogs spyi bye brag gi phyag len rnams 'jam dpal drag po gter byon gang ltar byas kyang 'gal ba med mod las byang ye shes gsang ba'i 'khor lo'i dgongs pa ltar/_chos kyi rgyal po o rgyan gter bdag gling pa'i gter byon gshin rje dregs pa 'joms byed kyi gzhung ltar tshogs par byas rjes/_brgyud 'debs skyabs sems tshogs bsags kyi rjes mtshams lha'i nga rgyal gyis gzhi bgegs kyi gtor ma gzhung ltar byin gyis brlabs/_oM badz+ra A kar+Sha ya dzaHsa dkar phyogs kyi mgron bkug la/_a kA ros bsngos te/_mchod sbyin gyi gtor ma 'dod pa'i yon tan lnga dang ldan pa 'di nyid phyogs skyong sde brgyad yul lha gzhi bdag gi tshogs dang bcas pa rnams la 'bul lo/_/'jam dpal gshin rje'i gshed bsnyen cing sgrub pa'i 'gal rkyen sol/_mthun rkyen sgrubs shig_/ces dkar gtor phyi rol du mchod/_slar yang bgegs gtor mgron bkug pa sogs gzhung ltar byas rjes bgegs bskrad zin pa dang*/_rgyal tho la mchod gtor 'bul zhing phrin las bcol/_brtan bzhugs bya/_las byang gi srung 'khor nas bzung bsnyen dmigs kyi bar spyi ltar la/_bsnyen pa'i thog mar las mthun gyi bgrang phreng byin rlabs kyang byas mthar/_bsnyen dmigs dngos la gtso bo'i thugs klong 'jigs byed chen po'i thugs kar pad zla'i gdan la ye shes sems dpa' 'jam dpal zhi ba sku mdog dmar ser phyag g.yas pas ral gri/_g.yon pas ut+pal mtheb srin gyis bzung ba'i steng shes rab kyi pha rol tu phyin pa'i glegs bam gyis mtshan pa/_longs spyod rdzogs sku'i chas can zhabs rdo rje'i skyil krung gis 'od zer gyi klong na bzhugs pa'i thugs tsit+ta rin po che'i gur phub pa lta bu'i dbus su nyi ma'i dkyil 'khor gyi steng hU~M yig mthing gsal nam mkha'i mdog can kha dog gsal 'tsher 'bar ba'i hU~M gi nA da las rtsa sngags 'bru drug pa'i phreng ba mar me gcig las gnyis mched kyi tshul du rang sgra dang bcas te thon pa ye shes sems dpa'i dbu'i gtsug tor nas thon phyag rdor dang ya ma rA dza bcas pa'i dbu gtsug nas phar 'phros/_gtso bo'i sku yi nang thams cad sngags kyi phreng bas shigs se khengs/_de'i byed las kyis gsal stong bde chen rnam par mi rtog pa'i ye shes rgyud la skyes/_de las 'od zer dpag med 'phros pas rgyal ba sras dang bcas pa la mnyes mchod phul te mkhyen brtse nus pa'i byin rlabs thams cad 'od zer gyi rnam par bsdus te thim pas snga ma las kyang 'od cher 'bar bas khyab te yid can rnams kyi sgrib gnyis bsal zhing snod bcud rnam par dag pa 'jam dpal rdo rje rnon po'i go 'phang la bkod/_tshur 'dus pas rang rgyud kyi kun rmongs mi shes pa'i ma rig gtso bor gyur pa'i las nyon mtha' dag sbyangs shing*/_mchog thun gyi dngos grub spyi dang khyad par mkhyen gnyis kyi snang ba rab tu rgyas par byas mthar/_slar sngags phreng rnams ye shes sems dpa'i thugs ka nas zhugs te hU~M gi zhabs kyu la 'dus par bsams te/_oM wA gI shwa ri mU~M zhes pa'i rtsa sngags nyid ting 'dzin gyi rtsi dang ma bral bas bzlas par bya'o/_/de yang bzla bya'i sngags kyi don ni/_thog mar zhi ba la/_oM wA gI shwa ri mU~M/_/zhes pa ste oM ni sku lnga ye shes lnga yi khyab bdag 'jam dpal rdo rje'i thugs ye shes kyi gsang ba zab mo sems dpa' gzhon nu'i tshul du bstan pa dang*/_wA gI zhes pa ngag ste 'khor 'das brtan g.yo'i sgra dbyangs thams cad kyi dpyid dpal/_sangs rgyas kun gyi gsung rnam pa thams cad pa'i bdag nyid ngag gi lha ni smra ba'i seng ge nyid las gzhan du ma dmigs pa dang*/_i shwa ra zhes pa dbang phyug ste snang stong sgyu 'phrul drwa ba'i mkha' khyab nam mkha'i rdo rje'i ye shes kyi sku gcig la phyogs dus rgyal ba'i sku dang zhing gi bkod pa bsam mi khyab pa 'dzin zhing ston pa'i byed bo'am dbang phyug ste/_de ltar sku gsung thugs kyi yon tan thams cad rnam pa tha dad pa ltar ston kyang ngo bo zab gsal gnyis su med pa'i ye shes kyi rang bzhin gcig nyid du mar shar ba tsam las ma mchis pas thugs srog ye shes kyi sa bon mU~M zhes ston pa ste/_mdor na mtshan dang sku yi bkod pa rgya mtsho lta bus 'jam dpal dbyangs kyi lha sngags rnam rol bsam mi khyab pa ston pa thams cad bsdu na sku gsung thugs ye shes rdo rje'i bdag nyid las ma 'das pas de'i yon tan rdzogs par ston pa'i rig pa'i gsang sngags su 'di nyid gsungs pas na/_'jam dpal zhi ba'i sngags thams cad kyi rgyal po ru gyur pa skabs 'dir bzla bya'i sngags su bstan pa'o/_/de la spyir zla gsang nag po shan pa spu gri'i rgyud las/_de nas 'jam dpal 'jigs byed des/_/zhi ba mnyam nyid sngon 'gro bshad/_/ces pa ltar yi dam drag po'i rigs dag la zhi ba'i bsnyen pa sngon du song bas dge zhing shis pa dang*/_khyad par ma gshin phur gsum sogs drag sngags kyi skor rnams lta dgongs ting 'dzin dman pas thog ma nas bsgrubs na bar chad dang 'khu ldog mang zhing che bas thog mar zhi ba'i bsnyen pa tshad du 'khyol bas bsgrub pa man ngag gi gnad yin pa dang*/_'dir ni zhi sgrub logs su mi dgos pa yi dam gyi gzhung gcig la brten nas zhi khro sbrag sgrub tu gsungs pas bya sla zhing zab khyad dang ldan pa'o/_/gnyis pa ni/_bzlas te khro bor sgrub pa ni:_sogs nas/_nus pa rdzogs:_zhes pa ste zhi bsnyen gyi tshad rdzogs pa dang khro bo'i bsnyen pa'i sgrub pa la 'jug dgos pas de'i dmigs pa ni/_sngar ltar 'jam dpal zhi ba'i thugs kar nyi steng hU~M gi mtha' bskor du e ka he dun sogs khro bo'i rig sngags kyi phreng ba shin tu phra ba 'od zer lnga ldan 'phro zhing rang mdog mthing zhun gyis bris pa lta bu g.yas su 'khor ba las rang 'dra'i sku dang sngags phreng 'khor lo dang be con sogs phyag mtshan dang*/_'bar ba'i me lce'i phreng ba/_'od zer lnga ldan dang bcas pa mu med du spros te 'jig rten gyi khams thams cad la khyab par 'phros/_rtsa gsum rgyal ba rab 'byams la mnyes mchod phul/_de dag gi mkhyen brtse nus pa'i mthu dbang byin rlabs 'od zer gyi rnam par bsdus/_slar ma dag pa'i 'jig rten rnams su 'phros/_khams gsum sems can thams cad kyi las sgrib sbyangs nas bde chen he ru ka'i sa la bkod/_zhi rgyas dbang drag gi phrin las rab 'byams dpag tu med pa bsgrubs/_brtan g.yo'i bcud kyi dwangs ma thams cad 'od kha dog lnga ldan gyi rnam par bsdus nas mtsho la char babs pa bzhin sngags phreng la thim pas 'khor 'das kyi yon tan 'dus pa'i dbyig tu gyur pa dang*/_gtso 'khor thams cad kyi zhal dang brtan g.yo'i dngos po kun kyang lha sngags gnyis med rang byung gsang ba chen po'i sgra gdangs su 'u ru ru bung ba tshang zhig pa ltar grags stong dbyer med du sgrogs pas mchog thun gyi dngos grub myur du 'grub par mos te/_e ka he dun ya ma snying khrag ra ma tsa ya:_zhes pa nyid chu bo'i rgyun ltar bzla ba ste/_'di la sgrub pa'i skabs su gzhung gzhan bzhin bzlas pa'i mgor dzapa khang phyes te bdag mdun gyi zhal dang sku yi dbyibs brgyud pa'i do li'i bzlas pa byas kyang rung bar sems shing*/_de yang spyir sngags kun chos nyid ma bcos rnal ma brjod pa thams cad dang bral ba'i don brjod pa kun gyi srog tu zhugs pas thabs dang shes rab gnyis med du 'brel ba'i yi ge 'khor lo'i sprin chen po ru shar bas lha sngags gnyis su med pa'i 'khor lo grub pa bzhi ldan gyi tshul du rang shar ba ste/_sngags kyi yig 'bru thams cad brjod bya'i rnam pa ru shar yang shar ba'i dus nyid nas rang bzhin skye med stong pa'i dbyings su ma g.yos par gnas pa srog chos nyid ngo bo nyid kyis grub pa/_sngags rang rang gis dang po lha'i thugs dam bskul ba dang*/_bar du lha dang gnyis med du sgrub pa/_mthar lha sngags gcig 'dres kyi thun mong min pa'i grub pa gang zhig bsgrub par bya ba rten 'brel gyi nus pas bslu med du sgrub nus pa mtshan nyid chos can rang bzhin gyis grub pa/_sangs rgyas kyi ye shes gdul bya'i don du gang 'dul sngags kyi rol pa 'bad med lhun grub tu bstan pas rnam pa byin gyi rlabs kyis grub pa/_mchog thun gyi dngos grub sgrub pa'i nus pa sngags de dag la nor bu'i mchog bzhin yod pas byed las nus pa'i mthus grub pa ste/_de ltar grub pa bzhi ldan gyi sngags de yang las dang po ba'i dus su lha nyid sngags kyi rnam par rol pas dngos grub sgrub pa'i thabs su snang ba la brten nas bzlas pas/_mthar sngags nyid lha'i rol pa ru shar te zhal bstan pa sog dngos grub la sbyor bas lha sngags gnyis su med pa'i gnad 'di shes par bya dgos te/_ji skad du/_kun kyang chos nyid ma bcos pa'i/_/ma 'gags rang snang rol pa'i rtsal/_/chos kun snying por gyur pa yi/_/'jam dpal gzhon nu yin par bshad/_/ces gsungs la/_/bye brag tu skabs su bab pa'i bzla bya'i sngags kyi don yang kun mkhyen gnyis pa'i dgongs gter gshin rje 'chi bdag zil gnon las/_e ni phyag rgya zil gnon te:_ka ni tshe bdag nag por rdzogs:_ma ni ya ma ra tsa ste:_ma ni rdo rje khros ma'o:_he ni bya khyung rgyal po ste:_dun ni las kyi 'chi bdag go:_snying ni khyung mo rnam gnyis te:_khrag ni dregs pa 'joms byed do:_ra ni zhe sdang sbrul nag ste:_ya ni bdud mo khrag ral can:_tsa ni srog bdag rus sbal rngams:_ya ni srog bdag las gshin tshogs:_mi 'gyur rtsa ba'i snying por bshad:_ces lha sngags sbyar te gsungs pa ltar de thams cad kyi srog gi yang snying gcig tu dril nas bzlas pas dngos grub khyad par can 'thob par byed nus la/_de yang skabs 'di'i rtsa sngags ni 'jigs bral gyi slob dpon chen po a dzi tas/_de nas sku yi sngags drag po sngags kyi 'bru bcu gnyis pa de ni zhal gyi dmod pa drag po mngon du phyung ba gsang chen rigs gcig tu dril ba'i sngags thams cad kyi rtsa ba yin te kun gyi mgo la bgrang bar bya'o/_/zhes gsungs pa ltar gshin rje'i drag sngags thams cad kyi rtsa ba/_lha sngags kun 'dus pa'i bdag nyid lta bu yin zhing*/_bsnyen pa'i tshad kyang zla gsang las/_tshang zhing rdzogs pa'i grangs bsnyen la/_/'khor zhing phyin pa dus bsnyen yin/_/mthong ngam thos sam nyams su len/_mtshan ma'i bsnyen pa rdzogs pa dang*/_/zhes pa ltar dus grangs mtshan ma'i bsnyen pa gsum las/_dang po ni zla ba drug gi khyon la gsum zhi bsnyen/_gsum drag bsnyen bzlas pa'am/_gnyis pa zhi bsnyen 'bum phrag drug dang*/_khro bsnyen 'bum phrag bcu drug ces gzhung gi dngos bstan dang*/_rtsod dus la de las bzhi 'gyur sogs spyi ltar dang*/_gsum pa ni lhas zhal mthong ba dang*/_lung bstan pa/_rtogs pa'i gdeng tshad rnyed pa sogs thun mong dang thun min gyi rtags kyi rim pa rnams dngos nyams rmi lam du rdzogs kyi bar nyams su len pa'o/_/bsnyen sgrub kyi skabs su spyi dang bye brag gi spang blang rnams spyi ltar shes pas nyams su len pa mchog tu gces la/_bsnyen pa gsum po gang rung tshad du 'khyol ba'i tshe/_mtshams grol rgyu'i snga nyid nas mchod gtor rnying pa gso zhing gsar pa yang bshams/_mdun gyi gtor ma sogs sgrub rten rnams kyang lha dang dbyer med du gsal zhing spro bsdus dmigs pa gtso bo de la gzir te/_rtsa sngags la kA ya wAka tsit+ta sid+d+hi pha la hU~M zhes btags pa ci nus su bzla/_grol rgyu'i tho rangs kyi thun la las byang rgyas par btang zhing chos skyong spyi sgos kyi gtor 'bul/_skong bshags/_tshogs mchod/_chad brtan rnams las gzhung ltar grub pa'i rjes su sgrub gtor lhar gsal la/_mchod bstod gzhung ltar dang*/_yig brgya mang du bzlas mthar/_hoH_'jam dpal dpa' bo he ru ka sogs dngos grub bskul bas lha yi gnas gsum las 'phros pa'i 'od zer rang la thim pas sku gsung thugs kyi dngos grub bstsal cing*/_mthar 'od du zhu nas rang la thim par bsams te gtor ma gnas gsum du bzhag cing*/_gtor rdzas kyang rol la/_rjes kyi las rim mthar dbyung zhing*/_srung zlog bsad pa'i las kyis mtha' bsdu ba dang*/_mtshams las grol ba sogs gsang ba spyi'i 'gros ltar shes par bya'o/_/gsum pa ni/_srung dang bzlog sogs nas/_'bum phrag kun gyi snying po'o:_zhes dang*/_las kyi sbyor sde sna tshogs sogs nas/_bcud len 'grub:_ces pa'i bar te de yang las kyi tshogs rab 'byams thams cad bsdu na bzhir 'du bas skabs 'dir yang*/_pu ri dkar po la brten pa'i sdig sgrib bar chad zhi ba/_bum pa la brten pa'i byabs khrus dang*/_tshe'i bcud kyi rdzas la brten pa'i tshe bsod rgyas pa'i sgrub pa/_mtshan ldan b+han+d+ha la brten pa'i dbang sdud dang*/_drag po la'ang 'khor lo la brten pa'i srung ba/_gtor ma la brten pa'i zlog pa/_nyams pa kha sbyor dbye ba'i cho gas bsad pa dang*/_stobs chen yongs rdzogs kyi mchod rten gyis mnan bsregs kyi las rim bcas gter gzhung rtsa ba'i dngos bstan dang rig 'dzin brgyud pa'i phyag bzhes ya ma bral bas nyams su blang bar bya dgos so/_/gnyis pa ni/_rlung lam rdo rje'i bzlas par sbyang :_zhes pa ste de yang smin gter gshin rje dregs pa 'joms byed kyi las gzhung las/_dang po rlung la bslab bya ste:_rngubs pa oM la gnas pa AH_'byin pa hU~M la sbyar te bya:_zhes gsungs pa ltar rlung 'byin 'jug gnas gsum rdo rje'i yi ge 'bru gsum gyi rang bzhin du gnas pa lam du khyer ba ste/_lus gnad chos bdun dang ldan pas rang nyid 'jam dpal ya mAn+ta ka yab yum snang stong sgrib g.yogs dang bral ba'i sku can ye shes sems dpa' bcas sngar ltar gsal te thog mar rlung ro sum phrugs su bsal rjes sna bug gnyis nas rlung phyir 'byin pa'i tshe thugs ka'i hU~M gi nA da las 'jam dpal zhi ba'i rtsa sngags kyi phreng ba dmar ser bde ba chen po'i rang bzhin can nar gyis byung ba dang*/_sna bug g.yas nas phar song phyi rol sor bcu drug gi nam mkha' la kyi li li g.yas su 'khor te gnas pa hU~M gi rang bzhin dang*/_slar oM gyi rang bzhin du nang du rngubs pa dang bstun sngags phreng oM nas bzung nar gyis sna bug g.yon nas byung nang du zhugs te hU~M la thim pas snying ga'i sa bon 'od lhag par 'bar ba lha yi rang bzhin du bsams la sngags phreng gi 'od kyis lus kyi nang khengs par dmigs te yang yang sbyangs shing*/_de'i tshe sngags de las las bzhi dang bstun pa'i 'od zer dang sngags sgra bcas skabs thob sbyor zhing*/_'od kyi 'phro 'dus srid zhi'i dwangs bcud bsdu ba sogs kyang rung la/_de ltar yang yang goms pa dang bum can dang sbrags nas nyams su len par bya dgos so/_/de ni zhi ba la gtso bor sbyar ba bzhin khro bo'i rtsa sngags la'ang de bzhin sbyar te nyams su blang ngo*/_/de lta bu'i ngag bzlas dang rdo rje'i bzlas pa de gnyis kyang res mos su nyams len byas pas rdor bzlas kyis zhi gnas kyang ngang gi 'grub par byed cing*/_gzhan yang tshe ring zhing nad nyung rlung sems dbang du 'du ba sogs yon tan tshad med par gsungs la/_des skyo na ngag bzlas byas pas lha'i thugs dam bskul zhing dngos grub la myur du sbyor bas de gnyis ka res mos su nyams su blang bas las rlung ye shes kyi rlung du bsgyur cing mi brjed pa'i gzungs dang blo gros sogs yon tan du ma 'grub cing*/_der ma zad las kyi tshogs rab 'byams sgrub pa'i rtsa ba'ang yin par kun mkhyen bla ma 'jam dpal dgyes pas gsungs so/_/de yang rim lnga las/_sems can kun gyi srog gyur pa/_rlung zhes bya bas las kun byed/_/'di ni rnam shes bzhon pa ste/_/lnga yi bdag nyid bcu yang yin/_/zhes pa ltar phyi rol gyi yul la rnam shes gzung 'dzin du zhen pas g.yo ba'i rta srid pa las kyi rlung 'di kho nas byed cing*/_las rlung stobs ji tsam che bzhin 'khrul pa'i rnam rtog gi bag chags kyi 'gyur ba rags shing*/_'khor ba'i bag chags skyed sdud kyi rtsa ba las rlung yin la/_las kyi rlung de thabs kyis lam du byas pas rnam rtog kyang rang bzhin gyis mgo non te rnam shes g.yo bar mi nus shing ye shes kyi rlung gis spyan dang mngon shes dwangs ma'i sku sogs 'grub par byed pas myang 'das kyi yon tan 'dzin pa las rlung de nyid gnyen pos sbyangs nas ye shes kyi rlung du bsgyur ba'i thabs zab mo sngar bstan pa 'di yis 'khrul rtog las rlung dang bcas pa rnam par dag pa'i bdag nyid gsung rdo rjer sgrub pa'i man ngag tu nges pa'i phyir kun brtags kyi zhen pa sbyangs pa sngags kyi thabs zhes gsungs pa'o/_/gsum pa nyon mongs lam du byed pa gsang rtsa'i gnad bshad pa la gnyis/_rlung dang gtum mo'i man ngag dang*/_/gsang rtsa'i gnad dngos bshad pa'o/_/dang po ni/_kha sbyor bum pa srog rtsol btsud:_sogs nas/_ka dag ngang du bzhag:_ces pa'i bar te gong du'ang bshad pa ltar thog mar rlung las su rung bar bya phyir rdo rje'i bzlas pa lta bu'i sbyor ba bzhi ldan gyi bum can la gnad du bsnun pas bum can 'byong ba'i gzhi bting ste lus kyi dbus su gnas pa'i rtsa gtso mo gsum dang*/_'khor lo lnga/_de dag la gnas pa'i khams dkar dmar/_rlung dang bcas pa la lam du byed pas bsgoms pa ste/_sgyu 'phrul rgya mtsho las/_'khor lo gsum gnyis srog shing gsum/_me rlung 'gro ba nam mkha'i ba/_/bzho bas steng du rnam par grags/_/zhes pa ltar lus gnad rnam snang gi chos bdun dang ldan pas rang nyid 'jam dpal phyag rgya zil gnon he ru ka chen po yum dang bcas pa'i sku snang stong sgrib g.yogs dang bral ba bar snang gi 'ja' tshon lta bur gsal ba'i lus dbus drang por mtshan nyid bzhi dang ldan pa'i dbu ma ste/_saM b+hu Ti las/_rtsa yi mdzes spyi las byung ba/_de ni rdul bral rab tu grags/_/dag pa'i shel gyi 'od dang mnyam/_/zhes so/_/de'i g.yas g.yon du ro ma dkar po dang rkyang ma dmar po ste rtsa de gsum phyi ru sgo gsum dang*/_nang du dug gsum/_gsang ba sku gsung thugs kyi rten byed pa'i bdag nyid can te ro rkyang gi mar sna gnyis dbu ma'i nang du tshud cing yar sne sna bug g.yas g.yon gnyis su rna ltag nas gug ste zug pa dang*/_dbu ma ni mar sna lte 'og dang yar sna tshangs pa'i bug par zug cing de las gyes pa'i 'khor lo rnam pa lnga dang ldan pa ste/_sgyu 'phrul rgyas pa las/_ro ma rkyang ma kun 'dar ma/_/'khor lo so so'i dkyil dag na/_ka ba'i tshul du gnas pa la/_/yal ga'i 'dab ma grangs las 'das/_/zhes so/_/de ltar gnas pa'i dbu ma'i mar sna rtsa gsum 'dus mdo ru gzhir gnas kyi gtum mo shes rab stong pa'i bdag nyid a shad dmar po mtshan nyid bzhi ldan dang*/_yar sne bde chen thabs kyi bdag nyid ha~M yig dkar po mgo bo thur bstan tu gnas par bsgoms te/_rlung ro sum phrugs su bsal ba'i rjes sna bug gnyis nas rlung nang du rngubs pa'i rkyen gyis lte ba'i me sbar te/_rim gyis 'khor lo bzhir brgyud spyi bo'i ha~M la reg_/de las byang chub sems kyi rgyun byung me yi gsos byas/_de las kyang cher 'bar ha~M las bdud rtsi ches cher g.yos shing dwangs ma dkar dmar gcig tu 'dres pa'i rgyun gyis ni/_zla gsang shan pa spu gri las/_spyi bo tshangs pa'i bu ga na/_/me yi dbang po drod 'phrog gnas/_/mid pa gre ba'i rgya lam na/_/khrag gi sdig pa khrag 'thung gnas/_/lus kyi gzhi rten lte ba na/_/rlung gi sdom nag dbug 'phrog gnas/_/tsit+ta srog gi ga'u na/_dug gi mi bo srog gcod gnas/_/de dag rang byung gshed chen te/_/nang gi gshed chen bzhi yin te/_/khams gsum sems can srog len yin/_/zhes pa ltar gnas bzhi'i 'khor lo bzhir gnas pa'i gshed chen bzhi dang*/_/gzhan yang snying rtsa zur gsum e yi da lar 'jam dpal ya mAn+ta ka_tsit+ta'i rtsa ba zlum po'i zla gam gsum du sprul pa gsum/_de las gyes pa'i mdun rgyab g.yas g.yon gyi rtsa las bzhi'i dbyibs can gyi gshed bzhi yab yum/_slar yang rtsa bzhi po gnyis gnyis su gyes pa'i 'dab ma la mon bdud yab yum brgyad de snying ga chos kyi 'khor lo dang*/_lte bar 'pho ba bcu gnyis kyi rtsa 'chi bdag bcu gnyis/_lto bar 'obs srung dang sha za kiM kang ma mo'i rtsa dang*/_yan lag bzhi'i rtsa chen sgo ba bzhi'i bdag nyid de mdor na lus la gnas pa'i ye shes dang 'jig rten gyi gshin rje ma lus pa'i rtsa gnas thams cad du khyab/_de dag na gnas pa'i dwangs ma rnams nyams pa gsos pas bde stong gi nyams rtsal lhag par rgyas/_ma dag pa'i rtsa rlung thig le'i snyigs ma thams cad bsregs shing*/_ye shes kyi rtsa rlung thig le rnam par rgyas pa'i byed las kyi bde gsal rnam par mi rtog pa lhan cig skyes pa don gyi ye shes zab mo mngon du gyur par mos te/_rlung kha sbyor gyis thub thang du 'dzin pas lte bar bskyil cing*/_mthar sangs kyis 'bud pa ste de ltar yang yang sbyangs pas rtsa yi mdud pa nyi shu rtsa gcig grol bas sa bcu lam lnga'i spangs rtogs rgyud la skye/_las rlung gi rgyu ba dbyings su 'ching bas rtsa khams yi ge 'khor lo'i sprin du dag_/thig le bde chen du smin pas mchog tu mi 'gyur ba'i ye shes kyang mngon du byed par 'gyur ba ste/_nges brjod rtse mo las/_ro ma rkyang ma kun 'dar ma/_/mdud pa 'khor ba'i 'khrul snang ste/_/grol bas ye shes mya ngan 'da'/_/zhes gsungs so/_/de'i tshe bde chen gyi nyams khyad par can skyes pa dang bde ba la zhen pa'i mtha' 'gog pa'i phyir nyams de ka'i ngang dmigs bsam zhen 'dzin dang bral ba'i ka dag stong pa'i dbyings su mnyam par bzhag pas bde stong gnyis med don gyi ye shes chen po mngon du 'gyur bar byed de/_bram ze chen pos/_rlung dang 'gyur ba rtsal chen srog rtsar chud nas/_/tha mal shes pa ngang gis 'gag par 'gyur/_/zhes dang*/_mnyam sbyor las/_gsang ba mchog gi dgyes pa na/_/thams cad bdag nyid rtag tu bzhugs/_/sangs rgyas kun dngos sems dpa' ni/_/ rdo rje sems dpa' bde ba'i mchog__/ces pa ltar ro/_/gnyis pa ni/_snang zhen las su rung ba ni:_sogs nas/_mnyam pa nyid du bzhag:_ces pa ste de ltar rang lus thabs ldan gyi lam la 'bad pa gnad du chud pas lus kyi rtsa drang*/_rlung byang*/_thig le gnas su tshud de tshogs drug gi snang ba bzang ngan thams cad bde chen rnam par mi rtog pa'i ye shes gcig gi bdag nyid du lam du khyer nus shing*/_srid pa'i bag chags kun gyi rtsa ba 'dzag bde'i zhen pa bde chen gyi lam du slong ba'i gzhan lus kyi rnal 'byor la sbyor ba ste/_rgyud las/_ma chags pa la chags pa dang*/_chags pa nyid nas chags pa med/_/de ni tshangs mchog rgyal po ste/_/shin tu chags pa chen po yin/_/zhes dang*/_kyai rdo rje las/_dngos grub mtshan nyid mi phyed pa/_/phyag rgya'i rnal 'byor pa yis 'grub/_/ces pa ltar pad+ma can dang*/_glang chen ma/_dung can/_ri dwags can/_ri mo can te rigs kyi yum lnga mchog gi mtshan nyid yongs su rdzogs shing bde ba'i rten du rung ba dag btsal zhing dngos grub kyi grogs su bsten par bya dgos pa'ang*/_'jam dpal zhal lung las/_gsal zhing rab dga' mkha' mnyam pa/_/gzhan du rig par mi 'gyur bas/_/sgyu ma kun las khyad par du/_bud med sgyu ma khyad par 'phags/_/zhes dang*/_dbang rnam par bkod pa las/_sbyor bar byas na dngos grub rab/_/bsten pas dngos grub 'bring du'o/__/bsam pas 'grub pa tha ma'o/_/mthong bas gsum ka'i grogs su bsten/_/zhes so/_/de ltar grogs su 'os pa de yang thog mar thun mong dang*/_thun min gyi chos bshad cing nyams su blang du gzhug pas rgyud sbyangs te rim gnyis kyi gdeng rnal 'byor pa rang dang mnyam pa'am/_cung zad dman pa tsam gyi gnas thob kyi bar 'bad par bya dgos te/_sgrol ma rnal 'byor ma las/_dang por 'dus pa byas nas ni/_/rdo rje cho ga rab tu sgrub/_/de bzhin gshegs pa'i btsun mo'i mchog_/dam tshig chen por byin gyis brlab/_/ces so/_de nas rang nyid 'jam dpal bde ba chen po yab he ru ka phyag rgya zil gnon dang*/_rig ma shes rab stong pa'i bdag nyid gsang ba'i yum mchog za byed be ta li gsal ba'i yab kyi gsang ba rdo rje rtse lnga bu ga hU~M gis mtshan pa dang*/_yum mkha' pad+ma 'dab bzhi es mtshan pa gsal bas/_mnyam sbyor gyi bde chen lhan cig skyes pa mngon du byed pa'i 'du shes gsum dang ldan pas phan tshun sbyor te gsang gnas gnyis sprad de bsrubs pas rang lus kyi skabs su bshad pa ltar 'bar 'dzag gi ting 'dzin dang*/_khyad par yum mkha' ru bde chen gyi rtsa mchog kA ka mU kha'i rtse mo yab kyi rdo rje'i bug par sprad de sbyor bas bde chen gyi nyams skyes pa'i rang ngo la bltas pas skye 'gag gnas dmigs dang bral ba'i stong nyid ngos bzung ste de kas bde ba la rgyas btab pas bde la zhen pa med/_stong la der 'dzin dang bral ba'i zung 'jug rnam par mi rtog pa'i ye shes lhan skyes phyag rgya chen po'i don ngos zin pa'i ngang du mnyam par bzhag pa ste/_'khor lo sdom pa gsang ba bsam mi khyab pa'i rgyud kyi rgyal po las/_rtag chad skye 'gag la sogs pa'i/_mtha' spangs sems nyid rang rig cing*/_gdod nas spros bral bde ba nyid/_/de don bsam gyis mi khyab nges/_/zhes so/_/de ltar bde chen rgyud la 'dren pa'i gnad la mkhas pas kun rtog srid rtsa'i 'dzag bde ma yin pa'i dag pa'i rtsa gnas rnams su rgyu ba'i ye shes kyi rlung zin/_rlung des drangs pa'i dwangs ma'i thig le 'pho med du 'ching bar nus/_de'i dbang gis mchog tu mi 'gyur ba'i bde ba chen po'i ye shes dngos su nyams su myangs te/_rgyu 'dzag bde las rlung gis g.yos pa las 'bras bu rten 'brel yan lag bcu gnyis dang bcas pa skad cig gis gnas su dag ste dwangs ma'i rlung dang gtum mo gtsug tor ye shes kyi 'khor lor 'ching bas snang gsum 'pho ba'i bag chags ches phra pa'ang bde stong bsam mi khyab pa'i ye shes kyi rdo rjes bcom ste sgrib gnyis nyon mongs kyi 'ching ba las grol ba'i lhan skyes 'pho med phyag rgya chen po'i go 'phang mngon du byed pa ste/_brtag gnyis las/_der ni thog ma dbus mtha' med/_/srid med mya ngan 'das pa med/_/bdag med gzhan yang med pa nyid/_/'di ni mchog tu bde chen nyid/_/ces dang*/_dus 'khor las/_'gyur med dag gis bskyed cing 'gyur pa nyams par gyur pa mchog gi dbang po dag dang ldan pa ni/_/rnam pa kun ldan thig le mtha' dag rgyal ba'i bdag po sna tshogs sgyu ma 'dzin pa 'di la'o/_/zhes dang*/_ji skad du/_rang bzhin rnam dag la goms pa/_/gnyis med don ni dam pa gang*/_/ma skyes pa dang mi 'jig pa/_/de ni phyag rgya chen po yin/_/zhes so/__/der ma zad las rgya dngos su bsten pa'i nus pa ma thob kyang bskyed rim gyi skabs su lha yab yum gyi gsal snang gis yid rig la rjes chags kyis snyoms par zhugs pas zhu bde'i nyams myong rgyud la drangs te lus sems bde bar shar ba'i ngang las lha sku'i rnam pa gsal zhing*/_de ga'i ngang 'dzin pas ma bslad par chos nyid mnyam pa dang bsre ba'i lta bas rgyas thebs na dkyil 'khor thams cad chos sku mnyam nyid kyi rol ba ru 'char bas bogs 'byin gyi thabs rmad du byung ba ste/_sgyu 'phrul me long las/_thabs dang shes rab gnyis med pa'i/_/thig le zag med skyes pa'i dus/_/bsam med lhan cig skyes pa'i tshe/_/bde ba chen po'i dus su 'dod/_/ces dang*/_rin chen drwa ba'i mdzod las/_snang srid rnam dag rang bzhin dkyil 'khor na/_/rang byung ma bcos rdo rje snying po'i sku/_/dus gsum 'gyur ba med par rtag par bzhugs/_/bde ba chen po bde ba rtag spyod pa/_/zhes dang*/_he badz+ra las/_rtag tu rang bzhin bde ba can/_/'jig rten khams ni gang du yang*/_/sangs rgyas gzhan du rnyed mi 'gyur/_/sems ni rdzogs pa'i sangs rgyas nyid/_/ces pa ltar lam du khyer bas kyang mchog tu zab pa rig 'dzin brgyud pa'i man ngag zla med pa'o/___/de ltar sbyangs pas mdo lam nas nyon mongs dgra ru blta bas spang ba dang*/_nyon mongs thabs kyis lam du bsgyur ba tsam ma yin par nyon mongs nyid ye shes su gnas pa'i don shes pas ched du spang mi dgos par nyon mongs nyid la brten nas nyon mongs kyi 'ching las grol ba'i gseng lam du bstan pas nyon mongs lam du byed pa gsang rtsa'i gnad ces gsungs so/__/bzhi pa chos kun zad sar bskyal ba ka dag dang lhun grub kyi lam khyer la gsum/_sngon 'gro 'khrul gzhi rtsad gcod/_dngos gzhi 'khrul pa rang grol/_rjes 'khrul snang ye shes su 'char ba'i thabs bshad pa'o/__/dang po la gnyis/_sngon 'gro spyir bshad pa dang*/_sems sbyong gi gnad bye brag tu bstan pa'o/__/dang po ni/_'di ltar 'khrul snang 'khor ba'i bag chags thams cad kyi gzhi dang rtsa bar gyur pa ni sgo gsum ste/_de dag kyang gcig la gcig rten dang brten pa'i tshul du gnas pas shin tu rnal 'byor rdzogs pa chen po mngon sum ye shes lam du byed pa'i skabs su'ang nyams len gyi dngos gzhi rtsol med rang byung gi dgongs pa nyid yin kyang de'i rten du gyur pa lus ngag gnyis kyang dang po'i skabs su gnad kyis gcun pa mchog tu gces par gsungs te/_de'i rgyu mtshan yang lus grong khyer dang 'dra/_de la gnas pa'i rtsa lam srang dang 'dra/_der rgyu ba'i rlung dang thig le sems rnams skyes bu dang 'dra bas de dag gzung 'dzin 'khrul pa'i rten du rgyu ba'i ma dag pa'i rtsa gnas kyi srang lam rnams dgag ste ye shes kyi snang ba 'char ba'i sgo 'byed par byed pa'i phyir sgo gsum ru shan du dbye ba dang*/_lus ngag yid gsum sbyang ba rnal du dbab pa'i tshul bcas nyams su len dgos pas theg rtse'i lam gyi khrid rim gzhan las 'byung ba ltar thog mar nyams su len pa gal che'o/__/gnyis pa ni/_don gyi gshed po sgrub pa sogs nas/_ngang du bzhag:_ces pa ste sgo gsum las kyang sems ni dge sdig kun gyi byed pa por gyur pas thog mar sems kyi gnas lugs gtan la dbab pa'i gnad ma shes na rgyal po dbang du ma 'dus na yul khams 'bangs su mi khol ba ltar don gyi yin lugs ngo mi 'phrod pas de nyid shes par bya ba yang*/_'jam dpal mtshan brjod las/_rnam par shes pa'i chos nyid 'das/_/ye shes gnyis med tshul 'chang ba/_/rnam par rtog med lhun gyis grub/_/dus gsum sangs rgyas las byed pa/_/sangs rgyas thog ma tha ma med/_/ces gsungs pa'i don sngar yang smos pa ltar thog ma'i spyi gzhi bde gshegs snying po srid zhi kun khyab chen po'i tshul du rang la gnas kyang*/_glo bur 'khrul pa'i sprin gyis don gyi yin lugs bsgribs te 'ching ba la rang la bzhugs pa'i chos nyid mngon du byas pas 'khor ba'i rgyu 'bras kyi gshed po ltar snang ba'i yon tan mngon sum du byed cing 'khor ba'i 'khrul snang rang sar dag pa'i lam gyi gtso bor rang bzhin rdzogs pa chen po'i gnas lugs ltar bshad pa la/_'di ltar phyogs dus kyi mu dang mnyam pa'i 'khrul snang srid pa'i 'khor lo mi zad pa snang ba'i rgyu ni las dkar nag mi g.yo ba gsum las byung zhing*/_las kyang rgyu nyon mongs dug gsum dang 'dres ma 'dres kyis bskyed pa'i rten 'brel gyi snang ba med bzhin rgyu rkyen gyis bkod pa yin la/_rgyu rkyen 'bras bu dang bcas pa yang rang sems yul la g.yo ba gzung 'dzin du zhen nas yid du 'ong ba la chags pa/_mi 'ong ba la sdang ba/_bar ma la gti mug gis zhen cing 'khrul pa'i sems 'di yin la/_sems de nyid dang po gang las byung*/_bar du gang na gnas/_tha mar gang du 'gro/_de la byung sa byung mkhan/_'gro sa 'gro mkhan/_gnas sa gnas mkhan ji ltar 'dug zhib tu dpyad pas thog mar byung ba'i gnas dang*/_byung rgyu'i gnas gnyis su grub pa med pa chos nyid stong pa las mi 'da' ste byung rgyu'i sems nyid la dbyibs kha dog sogs yod dang med/_yod na dngos po zhig las mi 'da' bas sems gdos bcas su grub dgos phyir sa rdo ri brag gi dngos po bzhin sems la 'di zhes byar 'dug gam blta/_de dag ci yang smra rgyu mi 'dug snyam na dngos med du thal la/_sems dngos med yin phan chad snang rig gi don byed mi nus te ri bong gi rwas sa brko ba dang*/_nam mkha'i ut+palar dri snom pa sogs mi rung ba bzhin la/_des na dngos dang dngos med thams cad las 'das pa'i bdag nyid du phu thag chod kyi bar dpyad pas gnas skabs skye 'gag gnas pa ltar snang yang don la skye 'gag gnas dmigs dang bral bar mthong ba ste/_gdan bzhi las/_dngos dang dngos med rnam par bral/_/dag dang ma dag rab tu spang*/_/dngos po gnyis ni rab spangs pas/_/gnyis med chos zhes bya ba ste/_/zhes so/__/tshul des mtshon nas gnas sa gnas mkhan/_'gro sa 'gro mkhan gang la dpyad kyang skye 'gag gnas dmigs thams cad las 'das pa snga ma ltar don mthong gi bar dpyad bas gong ltar 'khrul pa ltar snang gi rdzun phug brdibs te ye shes kyi yin lugs rtogs pa ste/_rdo rje snying 'grel las/_ji ltar bum pa zhig gyur kyang*/_/nam mkha' la ni 'jig pa med/_/de bzhin sems ni zhig gyur kyang*/_/ye shes la ni 'jig pa med/_/ces so/__/de ltar mthong pa'i tshe gshis kyi don dam gnyis chos mtha' dag dang bral bar rtogs pa ste/_gsang snying las/_gcig dang du ma bral ba yi/_/mtha' dang dbus med de bzhin nyid/_/sangs rgyas kyis kyang mi gzigs te/_/rang byung ye shes gnas med snang*/_/zhes dang*/_rdo rje sems dpa' nam mkha' dang mnyam pa'i rgyud las/_sems nyid rang byung rdo rje la/_/ma skyes pas na 'jig pa med/_/'du 'bral mkha' ltar dag pa yi/_/byang chub tshul 'di bstan pa'o/_/zhes so/_/'o na 'khor 'das kyi chos thams cad 'di'i ngang las skye 'gag gnas pa ltar ji ltar snang zhen/_rig pa rang shar las/_'jam dpal ngang las yang dag bde ba skyes/_/'jam dpal nyid la zad cing stong pa med/_/ces pa ltar nyi ma nam mkha' las ma g.yos par 'od sa gzhir bab pa las sprin dang na bun byung ste sgrib byed du shar yang nyi ma rang gi ngo bo'i 'od zer la bri gang dang bral bas gnas pa ltar chos nyid smra bsam brjod med rnam kun mchog ldan gyi stong pa las cha tsam ma g.yos par rang rtsal cir yang 'phro ba la nga bdag tu zhen pas 'khrul kyang don gyi gnas lugs mi g.yo bar gnas pa ste/_klong chen rab 'byams rgyal po'i rgyud las/_'khor 'das kun la dbang bsgyur kyang*/_/mnyam pa'i don las g.yos pa med/_/thams cad kun tu bzang por gcig_/ces so/__/gzhi'i gnas lugs de'i ngang du rgyu 'bras rten 'brel kun rdzob kyi chos thams cad rgyun chad pas gzung 'dzin du zhen pa so skye'i blos bsam gyis mi khyab pa ste/_kun tu bzang po che ba rang la gnas pa'i rgyud las/_rtag med chad med bde ba che/_/'gyur med rtsol med rang byung gnas/_/nga med bdag med phyogs ris med/_/ces dang*/_rdzogs chen nam mkha' dang mnyam pa'i rgyud las/_rang byung chos sku rtogs gyur na/_/bya ba'i las rnams mi dgos te/_/nor bu rin chen rnyed pa 'dra/_/mdzad pa phrin las rang las byung*/_/zhes gsungs/_des na chos nyid des 'khor 'das snang srid thams cad la khyab kyang gang gi'ang phyogs su ma lhung zhing mnyam par gnas pa/_de don mngon du gyur na skyes bu'i snying la mdas zin pa ltar thams cad rang gis rang dbang du bsgyur nus pa rgyal pos 'bangs la bka' rtags kyi phyag rgyas btab pa bzhin nam yang 'da' ba med pas phyag rgya chen po zhes yongs su grags pa ste/_zla gsang shan pa spu gri'i rgyud las/_mkha' klong rnam par dag pa snod/_/rang rig rang la shar ba bcud/_/snod bcud lha yi dkyil 'khor ni/_chos nyid mnyam las ma g.yos par/_/srid gsum skad cig dbang du 'dus/_/zhes gsungs pa'i don mngon du gyur pa'i tshe glo bur gyi 'khrul snang mkha' la sprin ltar dengs nas gzhi'i gnas lugs mngon du rtogs te grol bar zhes bya ba ste/_/gsang ba rin po che'i rgyud las/_tshogs bdun kun gzhi'i rnam shes su/_/thim pas kun gzhi dbyings su dag_/de tshe gdod ma'i lhan cig skyes/_/stong gsal rang byung ye shes so/_/de nyid rnal 'byor pas shes bya/_/zhes so/__/gnyis pa dngos gzhi 'khrul pa rang sar grol ba ka dag gi lam gnad bshad pa ni/_/'khor ba rnam par rtog pa ste:_sogs nas/_de la bya:_zhes gsungs pa ste thog ma med pa'i dus nas goms shing 'khrul pa'i 'khor ba zhes bya ba 'di'i rtsa ba chod na gzung 'dzin gyi rnam par rtog pa'i blo skad cig ma'i phreng ba rgyun mthud pa tsam las gzhan du ma dmigs te/_slob dpon phyogs kyi glang pos/_rnam par rtog las ma gtogs pa/_/'khor ba zhes bya gang yang med/_/rnam rtog de dang bral bas na/_/khyod ni rab tu mya ngan 'das/_/zhes so/__/des na phyi rol yul du gyur pa tshogs drug gi snang ba thams cad kyang nang rang sems kyi 'dzin pas phan gnod kyi yul du blos rang mtshan par zhen cing sgro btags pa kho na ma gtogs rang ngos nas phan gnod kyi yul du bden par grub pa rdul tsam yang ma mchis shing*/_de der 'dzin mkhan gyi blo yang rnam par dpyad na dus gsum kun tu ma grub pas mdor na kun rdzob 'khrul pa'i snang ba thams cad ji ltar dpyad kyang mthar thug skye ba med pa'i bdag nyid las nam yang ma 'das te/_rgyal sras zhi ba lhas/_'gro ba 'di dag thams cad ni/_/rtag tu ma skyes mi 'gag nyid/_/'gro ba rmi lam lta bu ste/_/rnam par dpyad na chu shing 'dra/_/zhes dang*/_'jug pa las/_'di na ji ltar sad bzhin ji srid du/_ma sad de srid de la gsum po yod/_/sad par gyur na gsum char yod min ltar/_/gti mug gnyid sad las de de bzhin no/_/zhes dang*/_dpal ldan a ti shas/_kun rdzob ji ltar gnas pa 'di/_/rig pas dpyad na 'ga' mi rnyed/_/ma rnyed pa de don dam ste/_/ye nas gnas pa'i chos nyid do/_/zhes so/__/de ltar yang yang brtags pas kun rdzob 'khrul pa'i dngos po'i rdzun phug brdibs ste de kho na nyid kyi skye ba med pa'i stong pa mngon du gyur pa la don dam pa'i bden pa zhes bya ste/_bden gnyis las/_skye la sogs pa bkag pa yang*/_/yang dag pa dang mthun nyid bzhed/_/skye med spros kun zhi ba la/_/ye nas gnas pa'i chos nyid do/_/zhes dang*/_shes rab kyi pha rol phyin pa las/_/gzugs rnams mi mthong tshor ba dag kyang mi mthong zhing*/_/'du shes mthong ba med la sems pa mi mthong zhing*/_/gang la rnam par shes dang sems yid mthong med pa/_/'di ni chos mthong yin zhes de bzhin gshegs pas gsungs/_/zhes so/__/snang stong de gnyis kyang 'gal 'dur mi gnas pas zung 'jug mnyam pa nyid kyi don zhes bya ba ste/_lang+kar gshegs pa las/_yod min med min yod med min/_/de ltar 'jig rten nam mthong na/_/de tshe sems kyang rnam ldog ste/_/bdag med pa yang rtogs par 'gyur/_/zhes dang*/_'phags pa klus/_snang ba dang ni stong pa dag_/so so'i char ni shes gyur te/_/gang du yang dag 'dres gyur pa/_/zung du 'jug par de bshad do/_/zhes gsungs/_de lta bu'i rnam par rtog pa kun las 'das pa'i stong nyid mngon du gyur pa ni mya ngan las 'das pa'i lam mthar thug pa ste/_ji skad du/_rnam rtog ma rig chen po ste/_/'khor ba'i rgya mtshor ltung byed yin/_/rtog med ting 'dzin la gnas na/_/mkha' bzhin dri ma med par 'gyur/_/zhes so/__/chos nyid de'i gnas lugs mngon du bya ba'i phyir rtsol med rdzogs pa chen po'i skabs su rang sems ma bcos rnal ma'i gshis lugs spang blang bsgyur bkod dang bral bar bab kyis bskyangs bas yod med rtag chad kun bral gyi chos nyid gsal dwangs rgyun chad med pa dmigs gtad mtshan 'dzin las 'das pa'i ye shes mngon du gyur te 'khrul snang sems kyi khang bu bshig pa las rang byung rig pa'i gnas lugs ma bcos pa mngon du gyur pas sems dang ye shes shan 'byed pa'i gdams pa lta ba ri bo cog bzhag ces gsungs te/_rig pa rang shar las/_sangs rgyas kun gyi sa bon ni/_/sems med rig ces kun tu grags/_/zhes dang*/_bsdus pa'i rgyud las/_sems ni dag na mi de yang ni rgyal ba'i dbang po 'gyur te rgyal ba gzhan gyis ci zhig bya/_/zhes so/__/de ka'i ngang du rnal ma ma bcos gshis kyi gnas lugs su bab kyis klod pas bsgom par bya ba'i dmigs gtad kyi mtshan 'dzin kun las 'das shing*/_yengs su'ang med pa'i rang bzhin bab kyi bsam gtan la mnyam par 'jog pas goms su 'jug pa ni sgom pa rgya mtsho cog bzhag ste/_rdzogs chen lta ba ye shes gting rdzogs kyi rgyud las/_ye nas gnas pa'i rang byung snying po 'di/_/rgyu las ma byung rkyen gyis ma skyes pas/_/rtsol ba gang yang ma byas chos sku ru/_/rang byung ye shes yin par yid kyang ches/_/zhes so/__/de ltar yang dag rig pa'i don la mnyam par bzhag pa'i tshe phyi yul lnga'i snang ba/_nang gzung 'dzin gyi rtog pa gang dang ji ltar shar yang ched du 'bad pas mi dgag_/rtsol bas sgrub pa'ang ma yin bcos bsgyur spang blang dang bral ba'i ngang du glod pas phan gnod kun las 'das shing*/_ma bcos zang thal chen po'i rgyan du 'char bas na spyod pa snang ba cog bzhag ces gsungs te/_sangs rgyas mnyam sbyor las/_chos dbyings mnyam dang mi mnyam pa'i/_nam mkha' dbyings kyi mtha' klas pa'i/_/dngos po thams cad de yin te/_/nam mkha' kun gyi skabs na dpal/_/zhes so/__/chos nyid de'i goms pa klong du gyur te rig stong dgongs pa'i rtsal shugs yongs su rdzogs pas snang srid kun kyang ma bcos chos sku'i rang bzhin las rdul tsam yang 'da' ba med pa 'od gsal thig le nyag gcig tu zlum pa'i mthus/_gzung 'dzin dang 'khor 'das spang blang gi gnyis chos thams cad rgyun chad pa'i blo bral gdod ma'i mgon po'i go 'phang ma btsal rang las rnyed pas ka dag don gyi dgongs pa gding du khel ba 'bras bu rig pa cog bzhag gi don te/_'jam dpal sgyu 'phrul drwa ba rtsa ba'i rgyud las/_gzugs med gzugs bzang dam pa ste/_/sna tshogs gzugs can yid las skyes/_/gzugs rnams thams cad snang ba'i dpal/_/gzugs brnyan ma lus 'chang ba po/_/zhes dang*/_sgyu 'phrul me long las/_bdag gzhan chos rnams ma lus pa/_/lhan cig skyes pa'i ye shes te/_/dngos po ma yin dngos med min/_/bdag gzhan gnyis ka gnyis med min/_/zhes so/__/de ltar lta sgom spyod 'bras kyi rnam pa bzhir phyes kyang dbye gzhi rig stong lhun mnyam chen po'i dgongs pa nyag gcig las tha dad du cang ma mchis te/_rig pa rang shar gyi rgyud las/_'jam dpal ye shes sprul pa nyid/_/gang ltar bltas pa de ltar snang*/_/'jam dpal dngos po'i chos las 'das/_/yang dag 'jam dpal ye shes nyid/_/ces so/__/des na mdo rgyud thams cad kyi bstan bya'i mthar thug chos nyid 'di kho na yin cing bgrang yas theg pa'i sgo 'phar bsam mi khyab pa kun kyang 'di nyid rtogs pa'i thabs 'ba' zhig tu gsungs pas na mtha' bral dbu ma chen po/_lhan skyes phyag rgya chen po/_gnyug ma sems kyi rdo rje/_chos nyid de bzhin nyid/_zab gsal bsam gyis mi khyab pa/_bde gshegs snying po/_rang bzhin rdzogs pa chen po sogs mtshan gyi rnam pa du mas bstan par mdzad cing*/_de lta bu'i gnas lugs de'i don rtogs pa tsam gyis gzung 'dzin srid pa'i 'khrul 'khor skad cig la 'jig ste sku gsum don gyi sa la btsan sa zin par byed pas bdud bzhi dbyings su bcom/_gsang ba'i dgra gsum sod/_sku dang ye shes rgya mtsho'i 'byung gnas chos dbyings rnam par mi rtog pa'i bdag nyid dpal he ru ka phyag rgya zil gnon gyi go 'phang mngon du byed pa ste/_'jam dpal dri med gsang rgyud las/_gshin rje gshed po'i gtso 'khor de/_/rang byung ye shes rol pa'i sku/_/longs spyod rang la rdzogs pa'i rgyan/_/yon tan thams cad 'byung ba'i gter/_/rang bzhin lhun gyis rdzogs pa'i sku/_/rdzogs pa chen po'i rnal 'byor blta/_/zhes dang*/_gsang chen chos kyi 'byung gnas 'jigs bral a dzi tas/_'di don gang gis rig pa des/_/srid gsum za ba gshin rje'i tshogs/_/ma lus dbyings su za ba yi/_/ya mAn+ta ka'i don mthong yin/_/zhes so/__/des na 'di ni sangs rgyas kun gyi gsang ba mi zad pa'i mdzod chen por gdod nas grub pas nges pa don gyi 'jam dpal gzhon nu'ang yin te/_ji skad du/_nyi ma'i snang bas khyab pa'i nam mkha' bzhin/_/stong gsal 'dus ma byas pa'i rig pa 'di/_/chos la chos kyi snying por gyur pa yi/_/'jam dpal gzhon nu snying po nyid ces gsungs/_/zhes so/__/gsum pa rjes 'khrul snang ye shes su 'char ba lhun grub kyi gseng lam bshad pa la gnyis/_nyams len gyi chings dang*/_lam gyi rnam bzhag bstan pa'o/__/dang po ni/_lus gnad byed bcings sogs nas/_tshul 'dir 'grub:_ces pa ste de yang snying dbus gzhon nu bum pa'i sbubs su bzhugs pa'i 'od gsal rin po che'i gsang ba'i mdzod thabs kyis gcun te mngon sum dbang po'i spyod yul du snang ba lam du bya ba'i phyir/_dang po lus mi g.yo ba chos sku seng ge'i bzhugs stangs/_longs sku glang chen gyi bzhugs stangs/_sprul sku drang srong gi bzhugs stangs gsum gang rung dang ldan pas 'byung ba rang sar dag_/g.yo byed kyi rlung zin/_drod bskyed cing 'byung bzhi cha snyoms/_mthar thug sku gsum du grol bar byed la/_de'i ngang nas gtsug tor rnam par blta ba/_mda' mkhan snyug ma bsrang ba/_drang srong bsam gtan la gnas pa lta bu ste sku gsum gyi gzigs stangs gang rung byas pas dbyings rig gi snang ba tshad la phebs shing*/_dngos 'dzin 'khrul snang ye shes su 'char ba'i dgos pa dang ldan pa yin la/_lta stangs de gtad pa'i yul nam mkha' slad byed kyi rkyen gsum dang bral ba'i tshe nyi ma/_zla ba/_mar me rnams la rten byas te mig dang rig pa yul snang gsum dbyer med pas ka dag gi rang ngo las mi yengs par blta zhing*/_de'i tshe rlung rab tu dal bas dang po'i dus su 'jam rlung cung zad bzung zhing*/_goms pa'i tshe rtsol ba lhod de gnad du gcun pas nam mkha' sprin bral gyi dbus su dbyings rnam dag gi sgron ma 'od gdangs kha dog lnga ldan dang mthing ga khyab pa chen po zung 'brel phyi nang gi dbyings kyi snang ba dang*/_dbyings snang de'i steng du 'od zer kha dog lnga ldan gyi thig le mu khyud can ko mog chu la rdo bor ba'i rnam pa lta bu thig le stong pa'i sgron ma dang*/_shes rab rang byung gi sgron ma rig gdangs rdo rje lu gu rgyud shel gyi skud pa bsgrengs ba lta bu rnams rim can du 'char ba la dbyings kyi ra ba thig le dang*/_de'i nang du rdo rje'i lug rgyud gzhan du mi 'gro bar btsud de goms su 'jug dgos la/_de dag kyang phyi'i snang ba dang*/_nang gi rig pa ya ma bral ba'i dbyings rig zung 'jug gi lam la gnad du bsnun pas snang bzhi'i rtags snang rnams rdzogs te 'jam dpal ye shes dpa' snang stong sgyu ma'i sku mchog mngon du 'thob par byed do/__/gnyis pa ni/_gsang ba'i lam nas ye shes gdangs:_sogs nas:_sdud cing zad:_ces pa ste de ltar snang ba de dag kyang nang rig pa'i klong du ye nas gnas pa'i 'od gsal lhun grub kyi snang cha ma 'gags pa'i rang gdangs gang*/_man shel nyi ma dang 'phrad pas 'ja' zer phyir mngon pa ltar sgo yul rlung rig gi gnad kyis gcun pas phyir shar ba nyid/_snying nas mig tu 'brel ba'i rang byung gsang ba chen po'i rtsa ka ti shel gyi sbu gu can gyi gdangs phyir 'phos pa bzhin du byas pas nang du rig pa'i rtsal rdzogs che chung la brten pa'i phyi snang ba'ang rim gyis 'phel ba'i mthus dbyings snang res snang res mi snang ba'i 'gul 'phrigs can thog mar mngon pa nas thig le sum sbrel du shar ba tshun chad chos nyid mngon sum gyi snang ba dang*/_de ltar yang yang goms pas 'ja' 'od thig le rtag tu mngon zhing*/_'od lnga'i snang ba ches gsal bas gyen 'greng rtsibs shar sogs za 'og gi ber khyim bkram pa lta bu'i ches mched cing*/_dbyings rig smin mtshams nas bral te snang ba dang*/_thig le zlum skor gyi lte bar pad 'dab bzhis brgyan pa'i snang ba dang*/_rig pa'ang sha ra Na dal gyis 'gro ba tsam du 'char ba ni nyams gong 'phel dang*/_snang yul thams cad 'od lngas khyab cing thig le mu khyud lnga ldan mtha' dbus tshom bur 'brel ba'i nang du sku gtsug tor dang*/_dbu phyed sku/_sku rkyang*/_mchog gi sprul sku/_longs sku/_tshom bu lnga ldan/_yab yum 'khril sbyor sogs kyi 'jam dpal sku rigs gcig dang*/_rigs lnga la sogs pa zhi ba dang khro bor snang ba thams cad longs sku'i zhing khams tshad la phebs te khams gsum thams cad khyab par gang bar snang zhing*/_rig pa'ang bung ba bcud la 'khor ba lta bu'i dal brel dang*/_zhi khro'i lha yi sku ru smin pas rig pa tshad phebs kyi snang ba dang*/_snang ba thams cad kyi 'phel rdzogs te kun kyang nang dbyings su sdud pas phyi 'od lnga'i snang ba/_nang sgyu lus/_gsang ba rlung sems nyams kyi 'phel dang bcas pa zad de srid gsum 'khor bar g.yo zhing 'khrul ba'i bag chags sa bon dang bcas pa zad de lus 'od gsal/_ngag rang byung nA da/_sems chos sku'i dbyings las nam yang mi 'da' ba chos zad rjen pa ste/_de dag gi skabs su mi 'gul ba gsum la gzhi bca'/_sdod pa gsum gyis tshad bzung*/_thob pa gsum gyi gzer gdab/_gdeng bzhi'i grol tshad dang bcas pas mthar bskyal bas rig pa'i klong du sku gsum gyi yon tan ye ldan du yod pa nyid lam snang du 'phel cing zad pas mthar phyin te ye shes chen po gting gsal 'gags med kyi mkhyen cha nang nas gsal ba'i shes rab rang byung gi sgron ma 'jam dpal rdo rje rnon po'i dgongs pa'i rtsal shugs 'bad med du rdzogs te glo bur 'khor ba'i 'khrul pa cha dang bcas pa'i sgrib gnyis kyi mun pa sel ba'i sa la sbyor bar byed pa ste/_rig pa rang shar las/_sangs rgyas rang byung dgongs pa 'di/_/lta ba rig pa'i lta ba la/_/mig gi dbang pos ma yengs par/_/'dzin pa'i rtog pa ma zhugs pas/_/rang gi lta ba mthong ba yin/_/zhes dang*/_ye shes mig gcig dri ma med/_/ye shes lus can de bzhin gshegs/_/zhes dang*/_don dam pa'i 'jam dpal gyi mtshan yang dag par brjod pa las/_/nam mkha' las byung rang byung ba/_/shes rab ye shes me bo che/_/'od chen rnam par snang bar byed/_/ye shes snang ba lam me ba/_/zhes dang*/_rin chen sgron ma las/_rgyangs zhags chu yi sgron ma yis/_/gzugs sogs ngo bo nyid du sdud/_/shes rab rang byung sgron ma yis/_/theg pa rnams kyi the tshom gcod/_/thig le stong pa'i sgron ma yis/_/'khor 'das bsre ba'i mtshams sbyor byed/_/dag pa dbyings kyi sgron ma yis/_/rnal 'byor nyams kyi bogs 'don byed/_/ces gsungs pa ltar ro/__/'di dang rjes su 'brel bar dbang 'bring bar do'i gdams ngag dang*/_tha ma rang bzhin sprul pa'i zhing du dbugs dbyung ba dang*/_skye ba lam khyer gyi gdams pa nyams su len pa bcas 'chad par 'dod na theg pa mchog gi khrid rim gzhan las 'byung ba ltar shes par bya ba kho na'o/__/de ltar 'bad pas gnyis 'dzin gyi blo yi ngo khar btags pa'i 'khor chos dang*/_de'i 'gal zla myang 'das gnyis su snang ba'i zhen rtog thams cad rang sar zad cing stongs pas chos nyid bsam gyis mi khyab pa'i klong du btsan sa zin te mtha' bral don dam bden pa nyag gcig rnam grangs ma yin pa'i stong nyid rnam kun mchog ldan du grol bas chos kun zad sar bskyal ba ka dag dang lhun grub kyi lam zhes gsungs pa'o/__/mtha' yas gdul bya'i dbang po'i rjes 'gro ba'i/_/rim gnyis zung 'jug chen po'i gseng lam las/_/srid zhi'i g.yang sa brgal ba'i chos kyi dbyings/_/bde chen rdo rje rnon po'i sar rtsen mdzod/_/gsum pa sbyangs 'bras ye shes kyi 'khor lo 'bras bu mngon du byed pa'i tshul ni/_slar yang ye shes rang snang bas:_sogs nas/_'bras bu chen po'o:_zhes pa'i bar te mngon sum gyi snang ba'i 'phel zad pa'i tshe theg pa chen po'i lam du gyur pas nyan thos kyi lhag med myang 'das lta bu ma yin par snang la rang bzhin med pa'i zang thal 'od kyi lus 'chi med ye shes kyi sku 'ja' lus 'pho ba chen po'am/_zag bcas sgyu ma'i rten de na bun nam mkha' la dengs pa ltar yal nas nang gsal gdod ma'i thig le sku dang ye shes rgya mtsho'i 'byung gnas rigs kun khyab bdag 'jam dpal gdod ma'i mgon po'i dbyings su gzung 'dzin sems dang sems byung gi rgyu 'bras ches phra ba snang gsum 'pho ba'i bag chags dang bcas pa dbyings su nye bar zhi ba'i shin tu phra ba'i ye shes la/_'jam dpal dri med gsang rgyud las/_rang bzhin grub pa'i dkyil 'khor ni/_/chos nyid sku las ma g.yos bzhin/_/longs spyod rdzogs skur gnas pa'o/_/zhes pa ltar dbyings spros pa kun bral la mkhyen cha 'gags med du rang bzhin gyis gsal bas sku gsum lhun gyis grub pa'i bdag nyid du sangs rgyas pa ste/_thal 'gyur las/_de yang sems nyid smin pa'i tshe/_/chos kyi sku la gzhi gnas te/_/ka nas dag pas dri ma zad/_/ngo bo yin pas 'khrul pa med/_/'char byed ma 'gags lhun grub pa'o/_/zhes so/__/chos nyid de'i ngang las ma g.yos par ye shes phyir gsal gyi rang snang longs spyod rdzogs pa'i dkyil 'khor gnas ston pa 'khor chos dus kyi nges pa lnga dang ldan cing kha sbyor yan lag bdun gyi mnga' bdag tu lhun gyis grub pa'i zhi ba rigs lnga/_khrag 'thung 'bar ba'i 'khor lo'i sprin bsam gyis mi khyab par bkod par mdzad de/_sgyu 'phrul rtsa rgyud las/_dkyil 'khor ma lus bsam yas kun/_/mthong nas nye bar brnyes pa dang*/_/rgya chen gsung la don 'byung ba'ang*/_/mthun pa'i ye shes rang snang ba'o/_/zhes so/__/sprul gzhi sku de gnyis las dmigs med thugs rje'i rang rtsal rtag khyab lhun gyis grub pa'i phrin las mkha' dang mnyam par 'bad med du snang bas rang bzhin dang*/_'gro 'dul/_sna tshogs sprul pa gang la gang 'dul du sems can so so'i khams dbang mos pa'i rjes su 'gro ba'i rnam thar dang mdzad ba rgyal ba kun dang rnam dbyer med pa'i thugs bskyed can 'jam dpal gzhon nu'i gsang ba dang gnyis su med pas don gnyis mthar phyin pa ste/_gser 'od dam pa las/_sangs rgyas bcom ldan bsam mi khyab/_/de bzhin gshegs pa rtag pa'i sku/_/sems can rnams la phan pa'i phyir/_/bkod pa rnam pa sna tshogs ston/_/zhes so/_/sku gsum po de yang yon tan gyi ldog chas dbye ba tsam las ngo bo chos nyid gcig las tha mi dad cing dag pa gnyis ldan rnam par mi rtog pa'i ye shes 'dus ma byas par lhun gyis grub pa mi 'gyur rdo rje'i sku zhes bya ste/_rang shar las/_stong pa ye shes snying po can/_/mtha' la mi gnas rdo rje'i sku/_/zhes so/_/de'i klong du stobs bcu mi 'jigs bzhi sogs spangs rtogs rgya mtsho lta bus mngon par mdzes pas zag med 'bras chos nyer lnga'i yon tan thams cad rdzogs pa'i bdag nyid du bzhugs pa mngon par byang chub pa'i sku ste/_ye shes drwa ba las/_dri ma bral phyir byang ba ste/_/yon tan rgyas pas chub pa nyid/_/gnyis med 'dres phyir zung 'jug phyir/_/mngon par byang chub skur brjod do/_/zhes so/_/sku lnga po de la chos kyi dbyings dang*/_me long lta bu la sogs pa'i ye shes dang yon tan phrin las bsam mi khyab pa'i mdzod la dbang thob pas gsang ba mi zad rgyan gyi 'khor lo'i bdag nyid du srid zhi yongs kyi spyi dpal du snang bas don gnyis lhun gyis grub pa'i sa la rtsen te rgyal kun ye shes sems dpa'i tshul du mngon par byang chub pa 'bras bu mthar phyin pa'i sa la gnas pas na 'bras bu ye shes kyi 'khor lo zhes gsungs so/__/de yang spyir rgyud sde chen po'i sgrub bka' brgyad kyi ya gyal 'jam dpal sku yi dkyil 'khor dang 'brel pa'i zla gsang rgyud sde'i gsang ba zab cing rgya che ba'i rtsa ba yan lag man ngag gi gzhung bsam gyis mi khyab pa zhig bzhugs pa las/_de dag kun gyi yang zab snying po'i bcud du dril ba'i gser zhun slad dang bral ba lta bu'i man ngag nyid/_snyigs ma'i dus su'ang rgyal kun phrin las kyi snang bas snga na med pa'i gsang mdzod la ci dgar rtsen pa'i bka' drin pha mtha' yas pa'i 'byung gnas can 'jam pa'i dbyangs dngos mkhyen brtse'i dbang po pad+ma 'od gsal mdo sngags gling pa'i bka' babs chen po bdun gyi dga' ston las byon pa nyid rgyu mtshan shes pa'i blo gros kyis dang po sngon 'gro'i lam gyi gzhi bting*/_dngos gzhi bskyed bzlas kyi rnal 'byor lam nges rdzogs sam dus grangs rtags kyi bsnyen pa mthar dbyung*/_de dag ci rigs par rtsol bcas dang rtsol med kyi rdzogs pa'i rnal 'byor zab mos rang rgyud rdo rje'i rnal 'byor mchog gi dbyings su smin par bya zhing*/_bstan dang 'gro ba la phan pa dang dgos pa'i phyir rjes 'brel las kyi tshogs kyang nyams su blangs bas don gnyis 'bad med du rdzogs par nus pa'i zab lam 'dus gsal ngo mtshar can du snang bas snying gi dpal be'ur 'chang bar bya dgos te/_gzhung rdo rje'i tshig rkang las/_dang po rang byung sngags kyi rgyud:_zla gsang bye ba 'bum phrag las:_snying po'i snying po mdo tsam zhig:_'jam dpal bzang pos gnad bsdus te:_brtul zhugs spyod pa'i dbang por gtad:_bdag nyid blo ldan mchog sred kyis:_'ga' zhig sa yi bcud du gtams:_la la klong lnga'i sgrom bur bstsal:_snyan brgyud 'di ni skal ldan la:_dgongs pa byin rlabs tshul du bshad:_sa ma ya:_rgya rgya rgya:_gu h+ya:_zhes rgyu mtshan lo rgyus dang bcas te brtse ba chen pos gdams par mdzad pa ltar ro/__/rgya che'i tshig gi shun pa ring dor te/_/zab gnad rjen par 'doms pa'i gsang ba'i dbyig_/ji ltar dbul po'i khyim gyi gter bzhin du/_/ma nyams sug rtser thob 'di skal ba bzang*/_/las nyon 'thor rlung g.yo bas bsdus pa yi/_/sdug bsngal sprin phreng snyigs ma'i skyin thang can/_/nyin bzhin thog tu lhung ba'i gnas sems tshe/_/rtse gcig nyams su len pa 'dun ma'i rtse/_/de phyir mi smra gcig pur dben pa'i ljongs/_ting 'dzin bdud rtsi'i bcud la rol pa yis/_/nyam chung sbas pa'i dka' thub lhur len pas/_/nags mthong bas mthar snyogs pa'i dus babs kyang*/_/zol med dam pa'i gsung mchid lha yi rngas/_/dad brgya'i sum rtsen khye'u bskul ba'i mthus/_/rig 'dzin brgyud pa'i gsung gi dga' tshal nas/_/rnam bshad rin chen rgyud mang cung zad 'khrol/_/'di na zlos dang ma 'brel 'khrul ba'i tshig_/gsang ba 'chal ba'i nongs pa'i tshogs ji snyed/_/chos bdag mkha' 'gro rnam dpyod mnga' ba'i mdun/_'chags so nyes bshags rnyogs pa bgrung bar bskul/_/rab dkar dge ba'i 'od stong drwa ba yis/_/thub bstan bsil ldan lhun por legs 'khyud mthus/_/lung rtogs chu gter 'dzad pa med pa'i rgyun/_/'jig rten gsum gyi khyon du brdal gyur cig_/khyad par snyigs spyod rmongs pa'i tshang tshing kun/_/'jam dpal ye shes phyag rgyas legs bcad de/_/phan bde'i 'dzum zhal ngom pa'i dga' ston gyis/_/'gro kun nam mkha' srid du skyong bar smon/_/bdag kyang chos bzang rig pa'i bcud len gyis/_/snying la sim pa bskyed pas ngoms min par/_/rang byung brag ri'i khang bzang nyams dga'i nang*/_/tshe yi pha mtha' gtugs pa nyid gyur cig_/rgyal kun ye shes gcig tu 'khyil ba me tog thod can gzhon nu'i sku/_/thams cad mthar byed 'bar ba'i tshul snang srid zhi za ba'i dus kyi sgras/_/mi mthun bdud bzhi'i g.yul ngo kun bcom mkhyen brtse'i snang bas rtag khyab pa'i/_/bkra shis mi zad rtag pa'i rgyal rngas phyogs dus kun tu snyan gyur cig_/ces pa'ang rgyal kun ye shes phung po 'jam mgon rdo rje rnon po 'jigs bral gyi slob dpon chen po'i brdzu la zhugs pa'i bka' babs bdun gyi shing rta pad+ma 'od gsal mdo sngags gling pa'i phrin las kyi rang gzugs bka' drin mnyam med 'jam dbyangs chos kyi blo gros mchog nas smin byed dang gter gzhung rdo rje'i tshig rkang gi bshad bka'i khrid rim zab mos rjes su bzung zhing*/_snyan brgyud kyi skor 'di rnams la rnam bshad re 'bri bar 'os pa'i bka' lung gur gum gzhon nu'i phreng ba tshangs pa'i gnas su bcings pa la/_slad nas lung rtogs mkhyen brtse'i bdag nyid gcen sangs rgyas mnyan pa mchog sprul dbyangs can dga' ba'i go cha nas khams gsum chos kyi rgyal por mnga' gsol pa'i lha rdzas kyi skyes dang bcas te thugs dam nyams bzhes kyi gsal 'debs su gsung gis bskul ba bzhin/_'jam dpal khros pa'i dug chu cung zad snying la 'khyil bar rloms pa'i rnying sngags hrul po 'jam dpal dga' ba'i bshes gnyen tshangs sras dgyes pa'i rdo rje'am 'gyur med theg mchog bstan pa'i rgyal mtshan gyis kun mkhyen chos kyi rgyal po mi pham rnam par rgyal ba'i gzims spyil bkra shis dpal 'bar gling du bris pa 'dis kyang 'gro kun srid zhi'i g.yul las rnam par rgyal ba'i 'jam dpal phyag rgya zil gyis gnon pa'i go 'phang dka' ba med par bgrod pa'i rgyur gyur cig__/sarba dA mang+ga laM shrI yan+tu/__oM swa sti/_kun mkhyen kun la gzigs pa'i spyan mnga' ba/_/blo mchog smra ba'i seng ge 'dzum pa'i zhal/_/zla bral pad dkar lta bu'i sprul ba'i sku/_/rab gsal zla ba gsar pas mchog 'di byin/_1_/legs par bshad pa'i 'dab brgya bzhad pa na/_/'jam dpal dpa' bo drag por khros pa'i skus/_/nga yi snyan brgyud gnad kyi ti la kar/_/zab don 'grel ba'i snying po ston cig ces/_2_/lhag pa'i lha yi gsung gi skya rengs kyis/_/'dren pas zil gnon grub pa'i zhal gsung gi_/nyin byed 'od stong ldan 'di mkha' la shar/_/srid pa'i mun smag dus gcig gsal bar byas/_3_/rtog ge'i rig pa'i rlung gis ma bskyod cing*/_/sna tshogs bsdus pa'i kha zegs ma yin pa/_/snga 'gyur rig 'dzin grub pa'i gsung sgros 'di/_/rdo rje nor bu'i phreng ba bzhin du mdzes/_4_/de phyir gcig las du mar 'char ba'i 'phrul/_/ya mAn+ta kar mos blo thob pa yi/_/mchog sprul o rgyan 'jigs med ces bgyi ba'i/_/dad blos bskrun pa'i bsam sbyor zla zhun las/_5_/legs par thob pa'i dge tshogs rin chen rdul/_/lhun por spungs pas bstan la 'tshe ba yi/_/lha min kla klo'i dpung tshogs kun bcom ste/_/thub bstan rnam rgyal ba gam brtan gyur cig_6_/thub bstan chos kyi nyin mor byed pa yang*/_/blo gros spobs pa'i mthu rtsal rab rgyas te/_/'jam dpal rdo rje'i sku mchog brnyes pa dang*/_/don gnyis lhun gyis grub pa'i bkra shis shog_7_/ces pa'i spar byang smon tshig 'di yang rnam dkar byed po rmugs sangs mchog sprul nyid kyi gsung ngor chos kyi blo gros pas smon pa srid gsum dgra las rnam par rgyal bar gyur cig__/sarba dA mang+ga laM//_//

Footnotes

Other Information