རྫོགས་ཆེན་སྡེ་གསུམ་བཀའ་གཏེར་སྲུང་མ་སྤྱིའི་གསོལ་མཆོད་ཕྱོགས་སྡུས་ཕྲིན་ལས་བདུད་རྩིའི་ཉིང་ཁུ།

From Khyentse Lineage - A Tsadra Foundation Project
Wylie title rdzogs chen sde gsum bka' gter srung ma spyi'i gsol mchod phyogs sdus phrin las bdud rtsi'i nying khu DKR-KABUM-11-DA-002.pdf
Location dil mgo mkhyen brtse bka' 'bum
Volume 11, Text 2, Pages 17-18 (Folios 1a1 to 2a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Rdzogs chen sde gsum bka' gter srung ma spyi'i gsol mchod phyogs sdus phrin las bdud rtsi'i nying khu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 17-18. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (dam chos rdzogs pa chen po sde gsum)
Deity gter srung
Colophon

།ཅེས་པའང་ལྕགས་བྱ་ཁྲུམ་ཟླའི་ཚེས་ལ་ཆོས་འདི་འཆད་ཉན་བགྱིས་པའི་སྐབས་རྟེན་མཆོག་འགྱུར་མེད་གླིང་གི་ཡོངས་འཛིན་དགེ་སློང་སྤོང་བ་པ་ངག་དབང་སྦྱིན་པ་བློ་ལྡན་ནས་རྟེན་བཅས་ཆེད་དུ་བསྐུལ་ངོར་ཐེག་མཆོག་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་དད་མོས་ཀྱི་གཡར་དམ་འཆང་བ་འོད་གསལ་སྣ་ཚོགས་རང་གྲོལ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་བྲིས་པ་འདིས་ཀྱང་ཀུན་བཟང་ཐུགས་ཀྱི་བསྟན་པ་ནམ་མཁའ་ཇི་སྲིད་བར་རྒྱས་ཤིང་བརྟན་པར་གྱུར་ཅིག། །།

/ces pa'ang lcags bya khrum zla'i tshes la chos 'di 'chad nyan bgyis pa'i skabs rten mchog 'gyur med gling gi yongs 'dzin dge slong spong ba pa ngag dbang sbyin pa blo ldan nas rten bcas ched du bskul ngor theg mchog rdo rje snying po'i ring lugs la dad mos kyi g.yar dam 'chang ba 'od gsal sna tshogs rang grol bkra shis dpal 'byor du 'bod pas bris pa 'dis kyang kun bzang thugs kyi bstan pa nam mkha' ji srid bar rgyas shing brtan par gyur cig/_//

[edit]
༄༅། །རྫོགས་ཆེན་སྡེ་གསུམ་བཀའ་གཏེར་སྲུང་མ་སྤྱིའི་གསོལ་མཆོད་ཕྱོགས་སྡུས་ཕྲིན་ལས་བདུད་རྩིའི་ཉིང་ཁུ་བཞུགས་སོ།། ན་མོ་གུ་ར་ཝེ། སྣོད་བཟང་པོར་མོ་རྒྱུད་སྤྱི་གཏོར་འཁོར་དྲུག་དམར་གཏོར་ར་མགོས་མཚན་པ་བཅས་བཤམས། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་གཏེར་སྲུང་མ་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཨོཾ་ཤྲཱི་བཛྲ་དྷརྨ་པ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཨོཾ་ཤྲཱི་བཛྲ་དྷརྨ་པ་ལ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ། ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་གཏེར་སྲུང་མ་འཁོར་དང་བཅས་པ་རྣམས་ལ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུང་སོགས་ཀྱི་ཕྲིན་ལས་བཅོལ། ཧཱུྃ་ཧྲཱིཿ རྒྱུད་གསུམ་བླ་མའི་ཐུགས་ཀྱི་བཅུད། །ཐུན་མོང་མཆོག་གི་དངོས་གྲུབ་གཏེར། །རྨད་བྱུང་ཕྲིན་ལས་ཌཱ་ཀིའི་སྲོག །ཐེག་དགུའི་རྩེ་རྒྱལ་རྫོགས་པ་ཆེ། །སེམས་ཀློང་མན་ངག་སྡེ་གསུམ་གྱི། །ཕྱི་ནང་གསང་བ་བླ་མེད་པའི། །བཀའ་ཡི་སྲུང་མ་མཐུ་བོ་ཆེ། །འབར་མ་མེ་ཡི་གདོང་ཅན་དང༌། །ཆུ་སྲིན་སེང་གེའི་གདོང་ཅན་ཀུན། །རྡོ་རྗེ་གཤོག་རྒོད་མཆེད་ལྔ་དང༌། །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས། །ལྷ་བཙན་ཀླུ་ཡི་དགེ་བསྙེན་གསུམ། །འཁོར་དང་བཅས་པ་ཐམས་ཅད་ལ། །ཆེ་བའི་ཡོན་ཏན་དྲན་པས་བསྟོད། །དགྱེས་བསྐང་རྟེན་དང་སྒྲུབ་པའི་རྫས། །དངོས་འབྱོར་ཏིང་འཛིན་ཆོ་འཕྲུལ་ལས། །ཐུགས་ལ་གང་བཞེད་འཆར་བ་ཡི། །བསམ་མི་ཁྱབ་པའི་མཛོད་དུ་འབུལ། །ཐུགས་དམ་བསྐོང་ཞིང་ཉམས་ཆགས་བཤགས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །རྩེ་གཅིག་བསྙེན་ཅིང་སྒྲུབ་ལགས་ན། །ཕ་ཡི་བུ་བཞིན་ལེགས་སྲུང་སྟེ། །ལུས་དང་གྲིབ་ལྟར་མི་འབྲལ་བས། །ཟབ་ལམ་ཐེག་རྩེའི་བསྟན་པ་སྤེལ། །བསྟན་འཛིན་སྐྱེས་བུའི་སྡོང་གྲོགས་མཛོད། །འཇིག་རྟེན་ཕན་བདེའི་དཔལ་ཡོན་བསྐྱེད། །ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་གྱི། །མི་མཐུན་འགལ་རྐྱེན་ཐམས་ཅད་སོལ། །ཚེ་དཔལ་ཉམས་རྟོགས་ཕྲིན་ལས་སྒྲུབ། །སྣང་སྲིད་འདོད་དགུ་དབང་དུ་བསྡུས། །དགྲ་བགེགས་བར་ཆད་ཐམས་ཅད་སྒྲོལ། །དོན་གཉིས་ཡིད་བཞིན་ལྷུན་གྱིས་གྲུབ། །ཁྱད་པར་འཕགས་བོད་སློབ་དཔོན་གྱིས། དབང་གི་ཆུ་བོ་བཞི་ལ་སོགས། །རིག་འཛིན་ལོ་པཎ་ཐམས་ཅད་དང༌། །སྤྲུལ་པའི་གཏེར་ཆེན་རྣམ་གསུམ་གྱི། །བཀའ་དང་དམ་ལས་མ་འདའ་བར། །གང་བཅོལ་ཕྲིན་ལས་སྒྲུབ་པ་དང༌། །བཀྲ་ཤིས་དགེ་ལེགས་སྣང་བ་ཡིས། །ས་གསུམ་ཀུན་ཏུ་ཁྱབ་པར་མཛོད། །ཅེས་དང་ནོངས་བཤགས་གཤེགས་བསྡུ་སོགས་སྤྱི་ལྟར་བྱའོ། །ཅེས་པའང་ལྕགས་བྱ་ཁྲུམ་ཟླའི་ཚེས་ལ་ཆོས་འདི་འཆད་ཉན་བགྱིས་པའི་སྐབས་རྟེན་མཆོག་འགྱུར་མེད་གླིང་གི་ཡོངས་འཛིན་དགེ་སློང་སྤོང་བ་པ་ངག་དབང་སྦྱིན་པ་བློ་ལྡན་ནས་རྟེན་བཅས་ཆེད་དུ་བསྐུལ་ངོར་ཐེག་མཆོག་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་དད་མོས་ཀྱི་གཡར་དམ་འཆང་བ་འོད་གསལ་སྣ་ཚོགས་རང་གྲོལ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་བྲིས་པ་འདིས་ཀྱང་ཀུན་བཟང་ཐུགས་ཀྱི་བསྟན་པ་ནམ་མཁའ་ཇི་སྲིད་བར་རྒྱས་ཤིང་བརྟན་པར་གྱུར་ཅིག། །། །།
[edit]

@#/__/rdzogs chen sde gsum bka' gter srung ma spyi'i gsol mchod phyogs sdus phrin las bdud rtsi'i nying khu bzhugs so//__na mo gu ra we/_snod bzang por mo rgyud spyi gtor 'khor drug dmar gtor ra mgos mtshan pa bcas bshams/__raM yaM khaM/_rnam dag chos dbyings ngang nyid las/_/rang byung mchod pa'i phung po ni/_/kun bzang mchod pa'i sprin lta bu/_/dpag yas nam mkha' gang bar gyur/__/oM sarba pU dza me g+ha sa ma ye AHhU~M gis byin gyis brlabs/__rang yi dam du gsal ba'i thugs ka nas 'od zer 'phros pas zab chos rdzogs pa chen po sde gsum gyi bka' gter srung ma 'khor dang bcas pa badz+ra sa ma ya dzaH_dzaHhU~M baM hoH_sa ma ya tiSh+Tha lhan/_oM shrI badz+ra d+harma pa la sa pa ri wA ra ar+g+haM nas shap+ta rU pa shab+da gan+d+he rA sa spar+she pra tIts+tsha swA hA/_ma hA pany+tsa a mr-i ta khA hi/_ma hA rak+ta khA hi/_oM shrI badz+ra d+harma pa la sa pa ri wA ra i dam ba liM ta kha kha khA hi/_lan gsum/_zab chos rdzogs pa chen po sde gsum gyi bka' gter srung ma 'khor dang bcas pa rnams la mchod sbyin gyi gtor ma rgya chen po 'di bzhes la/_sangs rgyas kyi bstan pa srung sogs kyi phrin las bcol/_hU~M hrIH_rgyud gsum bla ma'i thugs kyi bcud/_/thun mong mchog gi dngos grub gter/_/rmad byung phrin las DA ki'i srog_/theg dgu'i rtse rgyal rdzogs pa che/_/sems klong man ngag sde gsum gyi/_/phyi nang gsang ba bla med pa'i/_/bka' yi srung ma mthu bo che/_/'bar ma me yi gdong can dang*/_/chu srin seng ge'i gdong can kun/_/rdo rje gshog rgod mched lnga dang*/_/dam can skyes bu rdo rje legs/_/lha btsan klu yi dge bsnyen gsum/_/'khor dang bcas pa thams cad la/_/che ba'i yon tan dran pas bstod/_/dgyes bskang rten dang sgrub pa'i rdzas/_/dngos 'byor ting 'dzin cho 'phrul las/_/thugs la gang bzhed 'char ba yi/_/bsam mi khyab pa'i mdzod du 'bul/_/thugs dam bskong zhing nyams chags bshags/_/bdag cag rnal 'byor sgrub pa pos/_/rtse gcig bsnyen cing sgrub lags na/_/pha yi bu bzhin legs srung ste/_/lus dang grib ltar mi 'bral bas/_/zab lam theg rtse'i bstan pa spel/_/bstan 'dzin skyes bu'i sdong grogs mdzod/_/'jig rten phan bde'i dpal yon bskyed/_/tshul bzhin sgrub pa'i rnal 'byor gyi/_/mi mthun 'gal rkyen thams cad sol/_/tshe dpal nyams rtogs phrin las sgrub/_/snang srid 'dod dgu dbang du bsdus/_/dgra bgegs bar chad thams cad sgrol/_/don gnyis yid bzhin lhun gyis grub/_/khyad par 'phags bod slob dpon gyis/_dbang gi chu bo bzhi la sogs/_/rig 'dzin lo paN thams cad dang*/_/sprul pa'i gter chen rnam gsum gyi/_/bka' dang dam las ma 'da' bar/_/gang bcol phrin las sgrub pa dang*/_/bkra shis dge legs snang ba yis/_/sa gsum kun tu khyab par mdzod/_/ces dang nongs bshags gshegs bsdu sogs spyi ltar bya'o/_/ces pa'ang lcags bya khrum zla'i tshes la chos 'di 'chad nyan bgyis pa'i skabs rten mchog 'gyur med gling gi yongs 'dzin dge slong spong ba pa ngag dbang sbyin pa blo ldan nas rten bcas ched du bskul ngor theg mchog rdo rje snying po'i ring lugs la dad mos kyi g.yar dam 'chang ba 'od gsal sna tshogs rang grol bkra shis dpal 'byor du 'bod pas bris pa 'dis kyang kun bzang thugs kyi bstan pa nam mkha' ji srid bar rgyas shing brtan par gyur cig/_//_//

Footnotes

Other Information