རིགས་གསུམ་རྒྱ་ཅན་ལས། ཕྱག་རྡོར་དྲེགས་འདུལ་བདུད་སྡེ་ཕྱེར་འཐག་གི་སྒྲུབ་ཐབས་དབང་བསྐུར་དང་བཅས་པའི་ཡི་གེ་མཐུ་སྟོབས་རྡོ་རྗེའི་གོ་ཆ།

From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-034
Wylie title rigs gsum rgya can las/ phyag rdor dregs 'dul bdud sde phyer 'thag gi sgrub thabs dbang bskur dang bcas pa'i yi ge mthu stobs rdo rje'i go cha DKR-KABUM-05-CA-034.pdf
Location dil mgo mkhyen brtse bka' 'bum
Volume 5, Text 34, Pages 234-239 (Folios 1a to 6a2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Rigs gsum rgya can las phyag rdor dregs 'dul bdud sde phyer 'thag gi sgrub thabs dbang bskur dang bcas pa'i yi ge mthu stobs rdo rje'i go cha. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 234-239. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle རིགས་གསུམ་རྒྱ་ཅན་ (rigs gsum rgya can)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity phyag na rdo rje
Colophon

།བདེ་ཆེན་འགྱུརྃ་མེདྃ་གསང་བའི་བདག་པོ་ཡི། །སྐུ་གསུང་ཐུགས་སུ་དབྱེར་མེད་སྒྲུབ་པའི་ཐབས། །ཐེགྃ་མཆོྃག་བསྟནྃ་པའིྃ་གཞུང་བཞིན་ཕྲིན་ལས་དང༌། །སྨིན་བྱེད་རྒྱལྃ་མཚྃན་སྐལ་བཟང་བཙས་སུ་སྤེལ། །དཔལ་ཕྱག་ན་རྡོ་རྗེའི་དྲེགས་པ་ཀུན་འདུལ་བདུད་སྡེ་མཐར་བྱེད་ཀྱི་སྒྲུབ་ཐབས་དང་དབང་གི་ལེའུ་ཚན་ནོ།

/bde chen 'gyura~M meda~M gsang ba'i bdag po yi/_/sku gsung thugs su dbyer med sgrub pa'i thabs/_/thega~M mcho~Mg bstana~M pa'i~M gzhung bzhin phrin las dang*/_/smin byed rgyala~M mtsha~Mn skal bzang btsas su spel/_/dpal phyag na rdo rje'i dregs pa kun 'dul bdud sde mthar byed kyi sgrub thabs dang dbang gi le'u tshan no/

[edit]
༄༅། རིགས་གསུམ་རྒྱ་ཅན་ལས། ཕྱག་རྡོར་དྲེགས་འདུལ་བདུད་སྡེ་ཕྱེར་འཐག་གི་སྒྲུབ་ཐབས་དབང་བསྐུར་དང་བཅས་པའི་ཡི་གེ་མཐུ་སྟོབས་རྡོ་རྗེའི་གོ་ཆ་བཞུགས།


༄༅། །མཐར་བྱེད་སྟོབས་བཅུའི་ཡེ་ཤེས་རྩེ་བརྒྱ་པས། །ཡིད་སྲུབ་གྲོང་ཁྱེར་འཇོམས་པའི་དེ་མ་ཐག །ཡེ་ཤེས་རྒྱལ་ཐབས་མཆོག་སྦྱོར་བླ་མ་རྗེར། །གུས་བཏུད་གསང་བའི་བདག་པོའི་སྒྲུབ་དབང་སྤེལ། །དེ་ལ་འདིར་ཕྱག་ན་རྡོ་རྗེ་བདུད་སྡེ་ཕྱེར་འཐག་གི་དབང་བསྐུར་ལ། སྒྲུབ་པའི་གནས་ཡིད་དང་མཐུན་པར་གཞུང་མཐུན་གྱི་རྟེན་བཀྲམ་པའི་དབང་གི་ལས་ཐོར་སྟ་གོན། དངོས་གཞི། རིགས་དབང་ལྔ་བཅས་གསུངས་པ་སྦྱར་ན་བཀའ་བརྒྱད་རིག་འཛིན་ཞལ་ལུང་གི་དབང་ཆོག་ལྟར་བྱ་དགོས། སྐབས་འདིར་དབང་གི་གཞི་སྤྱི་ལྟར་བཀོད་པ་ལ། མདུན་སྟེགས་དཀྱིལ་འཁོར་རས་བྲིས་བཀྲམ་པའི་སྟེང་རྣམ་བུམ་བཅུད་ལྡན། སྡེ་བརྒྱད་སྲོག་ཡིག །གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ་རྣམས། སྨན་རཀ་གཏོར་མ་ཉེར་སྤྱོད་ཀྱིས་བསྐོར། དཀར་བགེགས། ཚོགས། ཆད་བརྟན། ཆོས་སྐྱོང་གཏོར་མ། ལས་བུམ་སོགས་ཉེར་བསྡོག་བྱས་ཏེ། སྔོན་འགྲོ་སྐྱབས་སེམས་ནས་བརྩམས། དངོས་གཞིའི་ལྷ་བསྐྱེད་བར་བཀའ་བརྒྱད་རིག་འཛིན་ཞལ་ལུང་གི་ལས་བྱང་སྔོན་འགྲོ་དངོས་གཞིའི་སྤྱི་ཆིངས་ལྟར་བཏང་ལ། བརྟེན་པ་ལྷ་བསྐྱེད་ནི། རྒྱུ་ཡིག་མཐིང་ནག་གདན་སྟེང་བབ་པ་ལས། །དྲེགས་འདུལ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་ཁྲོ་གཉེར་ཞལ་གདངས་མཆེ་བ་གཙིགས། །སྨིན་མ་སྨ་ར་ཨག་ཚོམ་མེ་ལྟར་འབར། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བརྫེས། །ཕྱག་གཉིས་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད། ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱང༌། །སྦྲུལ་དང་རུས་པ་རིན་ཆེན་རྒྱན་གྱིས་སྤྲས། །ཞིང་ཆེན་གླང་ལྤགས་སྟོད་གཡོག་སྟག་ཤམ་གསོལ། །ཐལ་ཆེན་རཀྟ་ཞག་གིས་སྐུ་ལ་བྱུག །ཞབས་གཉིས་གཡས་བསྐུམས་གཡོན་བརྐྱང་གར་དགུར་འགྱིངས། །པང་ན་དབྱིངས་ཕྱུག་ལྗང་དམར་གཡས་པ་ཡིས། །བྷན་དམར་བཟུང་ནས་ཡབ་ཀྱི་མགུལ་ནས་འཁྱུད། །གཡོན་པ་དྲིལ་འཛིན་རུས་པའི་རྒྱན་གྱིས་བརྒྱན། །ཞབས་གཉིས་འཁྲིལ་སྦྱོར་མེ་དཔུང་ཀློང་ན་བཞུགས། །ཐུགས་ཀར་ཉི་སྟེང་ཡེ་ཤེས་སེམས་དཔའི་ཚུལ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། །གཡས་དཀར་གཡོན་དམར་དབུས་མཐིང་སྤྱན་དགུ་བགྲད། །སྨིན་མ་སྨ་ར་ཨག་ཚོམ་དབུ་སྐྲ་སེར། །རིགས་ལྔའི་རང་བཞིན་ཐོད་སྐམ་ལྔ་ཡིས་སྤྲས། །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་རྐན་སྒྲ་རྡེབ། །གཡས་གསུམ་པདྨ་རལ་གྲི་གྲི་གུག་འཛིན། །གཡོན་གསུམ་ཐོད་པ་དྲིལ་བུ་ཞགས་པ་བསྣམས། །སྦྲུལ་དང་རུས་པ་རིན་ཆེན་ཐོད་རློན་ཕྲེང༌། །བྱུག་པའི་རྫས་གསུམ་སྟོད་གཡོགས་གླང་ལྤགས་ཞིང༌། །སྟག་ཤམ་གསོལ་ཞིང་ཞབས་བཞི་དོར་སྟབས་བཞུགས། །གསང་བའི་དབང་ཕྱུག་ལྗང་དམར་ཕྱག་གཉིས་ཀྱིས། །བྷནྡྷ་དྲིལ་འཛིན་ཡབ་ཀྱི་མགུལ་ནས་འཁྱུད། །གཏུམ་མོ་དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །ཡབ་ཡུམ་གཉིས་ལས་མེ་འབར་ཁྲོ་ཆུང་འཕྲོ། །དཔྲལ་བར་གཤིན་རྗེ་གཤེད་པོ་སྐུ་མདོག་སེར། །གཡས་པ་འཁོར་ལོ་གཡོན་པ་སྡིགས་མཛུབ་མཛད། །མགྲིན་པར་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར། །གཡས་པ་དབྱུགས་ཏོ་གཡོན་པ་ཞགས་པ་འཛིན། །དབུ་གཙུག་བྱ་ཁྱུང་ནག་མོ་རྡོ་རྗེའི་མཆུ། །རྭ་གདེངས་མཚོན་ཆའི་སྤུ་ལ་གཤོག་པ་མེ། །ཕྱོགས་བཞིའི་རྩིབས་ལ་ཕྱག་རྡོར་དཀར་སེར་དམར། །ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །རང་རྟགས་ཕྱག་མཚན་གཡོན་པ་སྡིགས་མཛུབ་མཛད། །སྒོ་བཞིར་ལྕགས་ཀྱུ་ཞགས་སྒྲོག་དྲིལ་བུ་མ། །ཀུན་ཀྱང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །ཞབས་གཉིས་དོར་སྟབས་མེ་དཔུང་ཀློང་ན་བཞུགས། ཞེས་པའི་མཚམས་དབང་བསྐུར། རྒྱས་བཏབ། སྤྱན་འདྲེན་ནས་བརྩམས་བསྟོད་པའི་བར་བཀའ་བརྒྱད་ཁྲོ་བོ་སྤྱི་ཡི་ལས་བྱང་ལྟར་ལ། བསྙེན་པ་ནི། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཡ་མཱནྟ་ཀ་ཧྱ་གྲཱྀ་ཝ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཨ་ཡ་མ་དུ་རུ་ཙ་ཤ་ན་ཧཱུྃ་ཕཊ། རྣམ་རྒྱལ་བུམ་པ་དང་ལས་བུམ་སྒྲུབ་པ་ནས་བརྩམས་རིག་པའི་མེ་ཏོག་དོར་བ་བཅས་གཤིན་རྗེ་ལྟར་ལ། སློབ་མ་བོས་ལ། ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། སྔོན་འགྲོའི་ལོ་རྒྱུས་ཀྱི་ཁྱད་པར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་འདུས་གསང་བ་བསམ་གྱིས་མི་ཁྱབ་པའི་མངའ་བདག་བཅོམ་ལྡན་འདས་གསང་བའི་བདག་པོ་ཞེས་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་འཕགས་པ་སློབ་པ་རྣམས་ལ་མི་སློབ་པའི་འབྲས་བུ་མངོན་དུ་མ་གྱུར་གྱི་བར་ལུས་དང་གྲིབ་བཞིན་འགྲོགས་ཏེ་བར་ཆད་སེལ་བ་དང་སྲུང་ཞིང་སྐྱོབ་པའི་སྨོན་ལམ་གྱི་མཐུ་གྲུབ་ལ་སངས་རྒྱས་ནས་ཀྱང་བདུད་བཏུལ་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ་བ་དང༌། གསང་རྒྱུད་རྒྱ་མཚོ་སྟོན་པར་གསོལ་ཞིང་བཀའ་ཡི་བསྡུ་བ་སོགས་ཀྱི་བདག་པོ་གྲུབ་པའི་མཐུ་སྟོབས་ནུས་པ་འགྲན་ཟླ་དང་བྲལ་བ་འདི་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་བསྟན་ཅིང༌། གངས་ཅན་བོད་ཀྱི་ཡུལ་དུ་སློབ་དཔོན་སངས་རྒྱས་གཉིས་པས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་མཐུན་རྐྱེན་ཅི་འདོད་འགྲུབ་པ་དང༌། མངའ་བདག་རྒྱལ་པོ་ཀླུ་ཡི་མཐོང་དུག་གིས་ཟིན་པ་ཡང་འདི་ཉིད་ཀྱི་སྒོ་ནས་ཚེགས་མེད་པར་གྲོལ་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་ཅན་ཉིད། སྙིགས་མའི་གདུལ་བྱ་ལ་དགོངས་ནས་གཏེར་ཁ་དུ་མར་སྦ་བར་མཛད་པ་ལས། སྐབས་སུ་བབ་པ་འདི་ནི་མངའ་བདག་ཆོས་ཀྱི་རྒྱལ་པོ་མི་སློབ་མངོན་དུ་གྱུར་ཀྱང་གངས་ཅན་གྱི་གདུལ་བྱའི་ཆེད་དུ་ཕྲིན་ལས་བསམ་མི་ཁྱབ་པའི་ཆོ་འཕྲུལ་ཀུན་མཁྱེན་རྒྱལ་བའི་དབང་པོ་མཆོག་ལ་ཟབ་མོ་དག་སྣང་གི་ཚུལ་དུ་བཀའ་བབ་པའི་ཕྱག་རྡོར་བདུད་སྡེ་ཕྱེར་འཐག་གི་དབང་བསྐུར་སྒྲུབ་པ་ལ་སློབ་དཔོན་གྱི་བགྱི་འོས་གྲུབ་ནས་སློབ་མའི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་གདབ་ནས་བརྩམས་གཤིན་རྗེ་ལྟར་ལ། བྱིན་འབེབས་ལྷ་བསྐྱེད་ནི། སྣོད་རྣམ་པར་དག་པ་དབང་སྟེགས་ལ་འཁོད་པ་ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་དྲེགས་པ་ཀུན་འདུལ་སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟར་གནག་པ་ཞལ་གཅིག་ཕྱག་གཉིས། ཞལ་གདངས་ལྗགས་བསྒྲིལ་མཆེ་བ་གཙིགས་པ་སོགས་ཁྲོ་གཏུམ་མི་ཟད་པའི་གཟུགས་ཅན། སྨིན་མ་དང་སྨ་ར་ཨག་ཚོམ་ལས་མེ་འབར་བ། དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བརྫེས་པ། ཐོད་སྐམ་གྱི་དབུ་རྒྱན་ཐོད་རློན་གྱི་དོ་ཤལ། སྦྲུལ་དང་རུས་པ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ཞིང་གླང་གི་སྟོད་གཡོགས་དང་སྟག་ཤམ་བཅས་ཞབས་གཉིས་བརྐྱང་བསྐུམ་གྱིས་ཀླུ་གདོན་གྱི་སྟེང་ན་འགྱིང་པས་ཡུམ་དབྱིངས་ཕྱུག་མ་དམར་མོ་ཁྲོ་མོའི་རྒྱན་ཆས་ཡོངས་སུ་རྫོགས་པ། ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྱུད་དེ་སྦྱོར་བའི་དཔྲལ་བར་ཨོཾ་སོགས་ནས་གཤིན་རྗེ་ལྟར་དང༌། དབང་དངོས་གཞིའི་གསོལ་འདེབས། ཧོ། བླ་མ་གསང་བའི་བདག་པོ་ལ། །དེང་ནས་བྱང་ཆུབ་མ་ཐོབ་བར། །སྙིང་ནས་གུས་པས་གསོལ་འདེབས་ན། །དངོས་གྲུབ་ཟབ་མོ་བསྩལ་དུ་གསོལ། །ལན་གསུམ་དང༌། སྡོམ་བཟུང་རྗེས་རྣལ་འབྱོར་ནང་གི་སེམས་བསྐྱེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཆོས་ཐམས་ཅད་སྤྲོས་པའི་མཐའ་དང་བྲལ་བ་དོན་དམ་སེམས་བསྐྱེད་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པ་ཅན་གསལ་བ་བརྟན་པའི་ཕྱིར་སློབ་དཔོན་གྱིས་ཕྱག་གི་རྡོ་རྗེ་སྙིང་གར་བཞག་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། ལན་གསུམ་བྱ། དཀྱིལ་འཁོར་མཐོང་བ་བསྟན་པ་ནས་བརྩམས་དངོས་གཞི་བུམ་དབང་དང་བུམ་དབང་རྫོགས་པའི་རྗེས་སུ་གསུང་དང་ཐུགས་ཀྱི་དབང་ཡང་དག་ལྟར་སྦྱར། མེ་དབང་ནི། སློབ་མ་རྣམས་ལུས་རྣམ་སྣང་ཆོས་བདུན་བཅས་ལ་རང་ཉིད་གསང་བའི་བདག་པོའི་སྐུ་སྣང་སྟོང་སྒྲིབ་གཡོགས་དང་བྲལ་བ་གསལ་བའི་སྐུ་དབུས་དྲང་པོར་རྩ་དབུ་མ་མཚན་ཉིད་བཞི་ལྡན་གཡས་གཡོན་རོ་རྐྱང་དང་བཅས་པ་ཁང་སྟོང་དུ་ཀ་བ་བཙུགས་པ་ལྟ་བུ། མར་སྣེ་རྩ་གསུམ་འདུས་མདོར་ཡུམ་བཛྲ་ཀྲོ་དྷི་ཤྭ་རིའི་བདག་ཉིད་རཾ་ཡིག་དམར་པོ་བདེ་དྲོད་ཀྱི་ཕུང་པོ་གསལ་ལ། རླུང་རོ་བསལ་ནས་བུམ་ཅན་བཟུང་དུ་བཅུག་ལ། སློབ་དཔོན་གྱིས། ཧཱུྃ། སྲིད་པ་གསུམ་ལས་རྒྱལ་བའི་ཕྱིར། །ལྟེ་བར་རཾ་གྱིས་བརྟེན་པར་བཟུང༌། ཞེས་ངོ་སྤྲོད། སློབ་མའི་ལྟེ་འོག་ཏུ་རཾ་ཡིག་བསྒོམ་དུ་བཅུག །རཾ་ལས་མེ་འབར་བས་ལུས་ཀྱི་ནང་ཐམས་ཅད་གང་ཕྱིར་ཐོན་ཏེ་སྲིད་གསུམ་ཐམས་ཅད་མེས་བསྲེགས་སྡིག་སྒྲིབ་ཕྱི་ནང་གི་གདོན་ཐམས་ཅད་གཞོབ་ཐུལ་ཀྱིས་སྦྱངས་འཇིག་རྟེན་གྱི་ཁམས་ཐམས་ཅད་མེས་གང་བའི་དབུས་རང་ཉིད་ཕྱག་རྡོར་དབུ་ཚངས་པའི་འཇིག་རྟེན་དུ་སླེབས་པ་ཤིན་ཏུ་ཆེ་བ་ཞིག་ཏུ་ཅུང་ཟད་མཉམ་པར་འཇོག །དེའི་རྗེས་སུ་བཟླས་ལུང་བཀའ་བརྒྱད་དབང་ལྟར་སྦྱིན་པར་གསུང༌། མཐའ་བརྟེན་དྲེགས་པའི་སྲོག་དབང་ནི། ཐོག་མར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨོཾཿ ཧེ་རུ་ཀ་དཔལ་ཆེ་བའི་མཆོག༔ ཨཱཿ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཧཱུྃཿ རིག་རྩལ་འགྲན་པའི་ཟླ་མེད་ཀྱིས། །སྡེ་བརྒྱད་དྲེགས་པའི་སྲོག་སྙིང་གི །ནུས་པ་གཏའ་རུ་འཛིན་པའི་དབང༌། །ཆེ་མཆོག་ཧེ་རུ་ཀ་ཡིས་སྩོལ། རྗེས་ཟློས་ལན་གསུམ་བྱ། མོས་གུས་དྲག་པོས་སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་རྗེ་བསྐུལ་བར་མོས་ལ། དེ་རྗེས་ཞབས་གཉིས་ས་ལ་བརྡབ་པར་བྱ། ཞེས་བསྐུལ་བས། སློབ་མ་ལྷར་གསལ་བའི་ཞབས་སར་བརྡབ་པའི་རྐྱེན་གྱིས་ས་གཞི་ཐམས་ཅད་ཤིག་ཤིག་ཡོཾ་ཡོཾ་མེར་མེར་གྱུར་པའི་ངང་ལ་བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་སྡེ་བརྒྱད་ཀྱི་ཚོགས་རྣམས་མདུན་དུ་རང་དབང་མེད་པར་བཀུག །སྲོག་ཡིག་རྣམས་ནར་གྱིས་དྲངས་སློབ་མའི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་སྲོག་ཡིག་རྣམས་ཐིམ་པར་བསམ་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ། ཡ་མཱནྟ་ཀ །ཧྱ་གྲཱྀ་ཝ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཨ་ཡ་མ་དུ་རུ་ཙ་ཤ་ན་ཧཱུྃ་ཕཊ༔ ཞེས་པའི་སྔགས་བརྗོད་བཞིན་སྡེ་བརྒྱད་ཀྱི་སྲོག་ཡིག་སློབ་མའི་ཞབས་འོག་ཏུ་བཞག །དེ་དག་གིས་བཀའ་སྲུང་སྡེ་བརྒྱད་མཆོད་ཅིང་བསྟོད་ལ་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པའི་སྲོག་དབང་སྦྱིན་པའོ། །གསང་དབང་ནས་བརྩམས་དབང་བཞི་ཡོངས་རྫོགས་གཤིན་རྗེ་ལྟར་མཐར་དབྱུང་བས་གྲུབ་པའོ། །སློབ་དཔོན་གྱིས་ཆོ་གའི་ལས་འཇུག་བསྡུ་བ་སོགས་སྤྱི་ལྟར་བྱའོ། །བདེ་ཆེན་འགྱུརྃ་མེདྃ་གསང་བའི་བདག་པོ་ཡི། །སྐུ་གསུང་ཐུགས་སུ་དབྱེར་མེད་སྒྲུབ་པའི་ཐབས། །ཐེགྃ་མཆོྃག་བསྟནྃ་པའིྃ་གཞུང་བཞིན་ཕྲིན་ལས་དང༌། །སྨིན་བྱེད་རྒྱལྃ་མཚྃན་སྐལ་བཟང་བཙས་སུ་སྤེལ། །དཔལ་ཕྱག་ན་རྡོ་རྗེའི་དྲེགས་པ་ཀུན་འདུལ་བདུད་སྡེ་མཐར་བྱེད་ཀྱི་སྒྲུབ་ཐབས་དང་དབང་གི་ལེའུ་ཚན་ནོ། །
[edit]

@#/_rigs gsum rgya can las/_phyag rdor dregs 'dul bdud sde phyer 'thag gi sgrub thabs dbang bskur dang bcas pa'i yi ge mthu stobs rdo rje'i go cha bzhugs/


@#/_/mthar byed stobs bcu'i ye shes rtse brgya pas/_/yid srub grong khyer 'joms pa'i de ma thag_/ye shes rgyal thabs mchog sbyor bla ma rjer/_/gus btud gsang ba'i bdag po'i sgrub dbang spel/_/de la 'dir phyag na rdo rje bdud sde phyer 'thag gi dbang bskur la/_sgrub pa'i gnas yid dang mthun par gzhung mthun gyi rten bkram pa'i dbang gi las thor sta gon/_dngos gzhi/_rigs dbang lnga bcas gsungs pa sbyar na bka' brgyad rig 'dzin zhal lung gi dbang chog ltar bya dgos/_skabs 'dir dbang gi gzhi spyi ltar bkod pa la/_mdun stegs dkyil 'khor ras bris bkram pa'i steng rnam bum bcud ldan/_sde brgyad srog yig_/gsang thod bdud rtsi/_rig tsaka_/shel rdo rnams/_sman raka gtor ma nyer spyod kyis bskor/_dkar bgegs/_tshogs/_chad brtan/_chos skyong gtor ma/_las bum sogs nyer bsdog byas te/_sngon 'gro skyabs sems nas brtsams/_dngos gzhi'i lha bskyed bar bka' brgyad rig 'dzin zhal lung gi las byang sngon 'gro dngos gzhi'i spyi chings ltar btang la/_brten pa lha bskyed ni/_rgyu yig mthing nag gdan steng bab pa las/_/dregs 'dul mthing nag zhal gcig phyag gnyis pa/_/spyan gsum khro gnyer zhal gdangs mche ba gtsigs/_/smin ma sma ra ag tshom me ltar 'bar/_/dbu skra kham nag ral pa gyen du brdzes/_/phyag gnyis rdor dril 'dzin pas yum la 'khyud/_thod skam dbu rgyan thod rlon do shal 'phyang*/_/sbrul dang rus pa rin chen rgyan gyis spras/_/zhing chen glang lpags stod g.yog stag sham gsol/_/thal chen rak+ta zhag gis sku la byug_/zhabs gnyis g.yas bskums g.yon brkyang gar dgur 'gyings/_/pang na dbyings phyug ljang dmar g.yas pa yis/_/b+han dmar bzung nas yab kyi mgul nas 'khyud/_/g.yon pa dril 'dzin rus pa'i rgyan gyis brgyan/_/zhabs gnyis 'khril sbyor me dpung klong na bzhugs/_/thugs kar nyi steng ye shes sems dpa'i tshul/_/mthing nag zhal gsum phyag drug zhabs bzhi pa/_/g.yas dkar g.yon dmar dbus mthing spyan dgu bgrad/_/smin ma sma ra ag tshom dbu skra ser/_/rigs lnga'i rang bzhin thod skam lnga yis spras/_/zhal gdangs ljags 'dril mche gtsigs rkan sgra rdeb/_/g.yas gsum pad+ma ral gri gri gug 'dzin/_/g.yon gsum thod pa dril bu zhags pa bsnams/_/sbrul dang rus pa rin chen thod rlon phreng*/_/byug pa'i rdzas gsum stod g.yogs glang lpags zhing*/_/stag sham gsol zhing zhabs bzhi dor stabs bzhugs/_/gsang ba'i dbang phyug ljang dmar phyag gnyis kyis/_/b+han+d+ha dril 'dzin yab kyi mgul nas 'khyud/_/gtum mo dur khrod chas brgyad sku la rdzogs/_/yab yum gnyis las me 'bar khro chung 'phro/_/dpral bar gshin rje gshed po sku mdog ser/_/g.yas pa 'khor lo g.yon pa sdigs mdzub mdzad/_/mgrin par khro bo rta mgrin sku mdog dmar/_/g.yas pa dbyugs to g.yon pa zhags pa 'dzin/_/dbu gtsug bya khyung nag mo rdo rje'i mchu/_/rwa gdengs mtshon cha'i spu la gshog pa me/_/phyogs bzhi'i rtsibs la phyag rdor dkar ser dmar/_/ljang gu zhal gcig phyag gnyis g.yas pa yis/_/rang rtags phyag mtshan g.yon pa sdigs mdzub mdzad/_/sgo bzhir lcags kyu zhags sgrog dril bu ma/_/kun kyang dur khrod chas kyis rnam par brgyan/_/zhabs gnyis dor stabs me dpung klong na bzhugs/_zhes pa'i mtshams dbang bskur/_rgyas btab/_spyan 'dren nas brtsams bstod pa'i bar bka' brgyad khro bo spyi yi las byang ltar la/_bsnyen pa ni/_oM badz+ra tsaN+Da ma hA ro Sha Na hU~M phaT/_ya mAn+ta ka h+ya gr-I wa g+ha ru Ta tsa le tsa le hU~M phaT/_a ya ma du ru tsa sha na hU~M phaT/_rnam rgyal bum pa dang las bum sgrub pa nas brtsams rig pa'i me tog dor ba bcas gshin rje ltar la/_slob ma bos la/_khrus bya/_bgegs bskrad/_srung 'khor bsgom/_sngon 'gro'i lo rgyus kyi khyad par/_de bzhin gshegs pa thams cad kyi mthu stobs gcig 'dus gsang ba bsam gyis mi khyab pa'i mnga' bdag bcom ldan 'das gsang ba'i bdag po zhes byang chub tu thugs bskyed pa'i 'phags pa slob pa rnams la mi slob pa'i 'bras bu mngon du ma gyur gyi bar lus dang grib bzhin 'grogs te bar chad sel ba dang srung zhing skyob pa'i smon lam gyi mthu grub la sangs rgyas nas kyang bdud btul ba dang chos kyi 'khor lo bskor ba bskul ba dang*/_gsang rgyud rgya mtsho ston par gsol zhing bka' yi bsdu ba sogs kyi bdag po grub pa'i mthu stobs nus pa 'gran zla dang bral ba 'di nyid kyi rgyud dang sgrub thabs bsam gyis mi khyab pa bstan cing*/_gangs can bod kyi yul du slob dpon sangs rgyas gnyis pas bsam yas lhun gyis grub pa'i gtsug lag khang bzhengs pa'i mthun rkyen ci 'dod 'grub pa dang*/_mnga' bdag rgyal po klu yi mthong dug gis zin pa yang 'di nyid kyi sgo nas tshegs med par grol ba sogs byin rlabs kyi tshan kha khyad par can nyid/_snyigs ma'i gdul bya la dgongs nas gter kha du mar sba bar mdzad pa las/_skabs su bab pa 'di ni mnga' bdag chos kyi rgyal po mi slob mngon du gyur kyang gangs can gyi gdul bya'i ched du phrin las bsam mi khyab pa'i cho 'phrul kun mkhyen rgyal ba'i dbang po mchog la zab mo dag snang gi tshul du bka' bab pa'i phyag rdor bdud sde phyer 'thag gi dbang bskur sgrub pa la slob dpon gyi bgyi 'os grub nas slob ma'i ngo skal du gyur pa dbang bskur zhu ba'i ched du maN+Dal phul/_gsol gdab nas brtsams gshin rje ltar la/_byin 'bebs lha bskyed ni/_snod rnam par dag pa dbang stegs la 'khod pa hU~M yig mthing nag yongs su gyur pa las bde bar gshegs pa thams cad kyi thugs rdo rje'i bdag nyid bcom ldan 'das dregs pa kun 'dul sku mdog mthing nag char sprin ltar gnag pa zhal gcig phyag gnyis/_zhal gdangs ljags bsgril mche ba gtsigs pa sogs khro gtum mi zad pa'i gzugs can/_smin ma dang sma ra ag tshom las me 'bar ba/_dbu skra kham nag ral pa gyen du brdzes pa/_thod skam gyi dbu rgyan thod rlon gyi do shal/_sbrul dang rus pa rin po che'i rgyan gyis spras pa zhing glang gi stod g.yogs dang stag sham bcas zhabs gnyis brkyang bskum gyis klu gdon gyi steng na 'gying pas yum dbyings phyug ma dmar mo khro mo'i rgyan chas yongs su rdzogs pa/_zhabs gnyis yab kyi rked la 'khyud de sbyor ba'i dpral bar oM sogs nas gshin rje ltar dang*/_dbang dngos gzhi'i gsol 'debs/_ho/_bla ma gsang ba'i bdag po la/_/deng nas byang chub ma thob bar/_/snying nas gus pas gsol 'debs na/_/dngos grub zab mo bstsal du gsol/_/lan gsum dang*/_sdom bzung rjes rnal 'byor nang gi sems bskyed/_sems can thams cad kyi don du sangs rgyas thob 'dod kyi bsam pa kun rdzob byang chub kyi sems bskyed zla ba'i dkyil 'khor gyi steng du/_chos thams cad spros pa'i mtha' dang bral ba don dam sems bskyed rdo rje dkar po rtse lnga pa'i rnam pa can gsal ba brtan pa'i phyir slob dpon gyis phyag gi rdo rje snying gar bzhag ste/_oM sarba yo ga tsit+ta u pa da ya mi/_lan gsum bya/_dkyil 'khor mthong ba bstan pa nas brtsams dngos gzhi bum dbang dang bum dbang rdzogs pa'i rjes su gsung dang thugs kyi dbang yang dag ltar sbyar/_me dbang ni/_slob ma rnams lus rnam snang chos bdun bcas la rang nyid gsang ba'i bdag po'i sku snang stong sgrib g.yogs dang bral ba gsal ba'i sku dbus drang por rtsa dbu ma mtshan nyid bzhi ldan g.yas g.yon ro rkyang dang bcas pa khang stong du ka ba btsugs pa lta bu/_mar sne rtsa gsum 'dus mdor yum badz+ra kro d+hi shwa ri'i bdag nyid raM yig dmar po bde drod kyi phung po gsal la/_rlung ro bsal nas bum can bzung du bcug la/_slob dpon gyis/_hU~M/_srid pa gsum las rgyal ba'i phyir/_/lte bar raM gyis brten par bzung*/_zhes ngo sprod/_slob ma'i lte 'og tu raM yig bsgom du bcug_/raM las me 'bar bas lus kyi nang thams cad gang phyir thon te srid gsum thams cad mes bsregs sdig sgrib phyi nang gi gdon thams cad gzhob thul kyis sbyangs 'jig rten gyi khams thams cad mes gang ba'i dbus rang nyid phyag rdor dbu tshangs pa'i 'jig rten du slebs pa shin tu che ba zhig tu cung zad mnyam par 'jog_/de'i rjes su bzlas lung bka' brgyad dbang ltar sbyin par gsung*/_mtha' brten dregs pa'i srog dbang ni/_thog mar gsol ba gdab pa 'di'i rjes zlos mdzod/_oMH_he ru ka dpal che ba'i mchog:_AH_rdo rje slob dpon dgongs su gsol:_hU~MH_rig rtsal 'gran pa'i zla med kyis/_/sde brgyad dregs pa'i srog snying gi_/nus pa gta' ru 'dzin pa'i dbang*/_/che mchog he ru ka yis stsol/_rjes zlos lan gsum bya/_mos gus drag pos slob dpon dang mdun bskyed dbyer med pa'i thugs rje bskul bar mos la/_de rjes zhabs gnyis sa la brdab par bya/_zhes bskul bas/_slob ma lhar gsal ba'i zhabs sar brdab pa'i rkyen gyis sa gzhi thams cad shig shig yoM yoM mer mer gyur pa'i ngang la bla ma dang mdun bskyed kyi thugs ka nas 'od zer 'phros te sde brgyad kyi tshogs rnams mdun du rang dbang med par bkug_/srog yig rnams nar gyis drangs slob ma'i zhal du zhugs/_thugs ka'i sngags phreng la srog yig rnams thim par bsam la/_oM badz+ra tsaN+Da ma hA ro Sha na hU~M phaT/_ya mAn+ta ka_/h+ya gr-I wa g+ha ru Ta tsa le tsa le hU~M phaT/_a ya ma du ru tsa sha na hU~M phaT:_zhes pa'i sngags brjod bzhin sde brgyad kyi srog yig slob ma'i zhabs 'og tu bzhag_/de dag gis bka' srung sde brgyad mchod cing bstod la las rab 'byams thogs med du 'grub pa'i srog dbang sbyin pa'o/_/gsang dbang nas brtsams dbang bzhi yongs rdzogs gshin rje ltar mthar dbyung bas grub pa'o/_/slob dpon gyis cho ga'i las 'jug bsdu ba sogs spyi ltar bya'o/_/bde chen 'gyura~M meda~M gsang ba'i bdag po yi/_/sku gsung thugs su dbyer med sgrub pa'i thabs/_/thega~M mcho~Mg bstana~M pa'i~M gzhung bzhin phrin las dang*/_/smin byed rgyala~M mtsha~Mn skal bzang btsas su spel/_/dpal phyag na rdo rje'i dregs pa kun 'dul bdud sde mthar byed kyi sgrub thabs dang dbang gi le'u tshan no/_/

Footnotes

Other Information