ཡང་གསང་ལ་དམིགས་ཀྱི་གསལ་བ།

From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-007
Wylie title yang gsang la dmigs kyi gsal ba DKR-KABUM-05-CA-007.pdf
Location dil mgo mkhyen brtse bka' 'bum
Volume 5, Text 7, Pages 45 (Folios 1a1 to 1b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Yang gsang la dmigs kyi gsal ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 45. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle སྒོས་བཀའ་སོ་སོའི་མངོན་རྟོགས་བསྒྱུར་སོ་ (sgos bka' so so'i mngon rtogs bsgyur so)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity yang gsang
[edit]
༄༅། ཡང་གསང་ལ་དམིགས་ཀྱི་གསལ་བས། རྒྱུ་ཡིག་དམར་པོ་གདན་སྟེང་བབས་པ་ལས། །པདྨ་དབང་ཆེན་ཞལ་གསུམ་ཕྱག་དྲུག་དམར། །གཡས་དཀར་གཡོན་ལྗང་དབུས་དམར་ཁྲོ་ཞིང་གཏུམ། །སྤྱན་བགྲད་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་དམར་སེར་འབར། །དབུ་གཙུག་རྟ་མགོ་ལྗང་ཁུ་སྒྲ་དབྱངས་སྒྲོགས། །གཡས་སུ་པདྨ་ལྕགས་ཀྱུ་ཞགས་པ་འཛིན། །གཡོན་དུ་ཐོད་ཁྲག་བེ་ཅོན་རལ་གྲི་བསྣམས། །དཔལ་དང་དུར་ཁྲོད་ཆས་ཀྱི་རྣམ་པར་བརྒྱན། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲད། །པདྨ་གར་དབང་སྔོན་པོ་གཡས་ཙིཏྟ། །གཡོན་པ་ཐོད་པ་འཛིན་པས་ཡབ་ལ་འཁྱུད། །ཤར་དུ་རྡོ་རྗེ་དབང་ཆེན་སྐུ་མདོག་དཀར། །གཡས་པ་རྡོ་རྗེ་གཡོན་པ་དབྱུག་ཐོ་འཛིན། །ལྷོ་རུ་རིན་ཆེན་དབང་ཆེན་སྐུ་མདོག་སྔོ། །གཡས་པ་རིན་ཆེན་གཡོན་པ་ལྕགས་ཀྱུ་འཛིན། །ནུབ་ཏུ་པདྨ་དབང་ཆེན་སྐུ་མདོག་དམར། །གཡས་པ་པདྨ་གཡོན་པ་ཞགས་པ་འཛིན། །བྱང་དུ་ལས་རབ་དབང་ཆེན་སྐུ་མདོག་ལྗང༌། །གཡས་པ་རལ་གྲི་གཡོན་པ་རྩེ་གསུམ་འཛིན། །བཞི་ཀའང་གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་འགྱིངས། །དུར་ཁྲོད་རུས་པའི་ཆས་ཀྱིས་རྣམ་པར་བརྒྱན། །སྒོ་མ་བཞི་ཡང་དཀར་སེར་དམར་ལྗང་མདོག །གཡས་པ་རང་རང་རྟགས་ཀྱི་ཕྱག་མཚན་དང༌། །གཡོན་པ་གློ་སྙིང་འཛིན་ཅིང་ཁྲོ་མོའི་ཚུལ། །དུར་ཁྲོད་ཆས་བརྒྱན་ཀུན་ཀྱང་ཡེ་ཤེས་ཀྱི། །མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས།། །།

Footnotes

Other Information