འདུས་པ་མདོའི་སྤྲོས་བཅས་ཚོགས་སྒྲུབ་ཀྱི་ཁོག་དབུབ་འཇུག་བདེར་བཀོད་པ་རིན་ཆེན་འོད་ཀྱི་སྣང་བའི་མཛེས་རྒྱན།
Wylie title | 'dus pa mdo'i spros bcas tshogs sgrub kyi khog dbub 'jug bder bkod pa rin chen 'od kyi snang ba'i mdzes rgyan | |
---|---|---|
Location | dil mgo mkhyen brtse bka' 'bum Volume 4, Text 19, Pages 247-319 (Folios 1a to 73a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. 'dus pa mdo'i spros bcas tshogs sgrub kyi khog dbub 'jug bder bkod pa rin chen 'od kyi snang ba'i mdzes rgyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: 247-319. Delhi: Shechen Publications, 1994. | |
Genre | Structural Arrangement for Ritual Practice - sgrub khog | |
Colophon |
།ཅེས་པའང་རྗེ་བཙུན་བླ་མ་དམ་པ་ཞི་བར་གཤེགས་པ་རྣམས་ཀྱི་ཟབ་དགོངས་འོད་གསལ་གྱི་དབྱིངས་སུ་རྫོགས་ཤིང༌། ད་ལྟ་ཞལ་བཞུགས་པ་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང༌། སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་རིང་ལུགས་གཙོ་བོར་གྱུར་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང༌། ཚེ་འདིའི་ཕ་མ་འབྲེལ་ཐོག་གི་གཙོས་བྱས་མཁའ་ཁྱབ་ཀྱི་ཡིད་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་རིན་པོ་ཆེར་དབུགས་འབྱིན་པའི་ཕྱིར། ཛམ་བུའི་གླིང་ན་ཉེ་བའི་ཚནྡྷོ་ཞེས་ཡོངས་སུ་གྲགས་ཤིང༌། སྔོན་གྱི་རབས་སུ་མེས་པོ་མཁན་སློབ་ཆོས་གསུམ་གྱིས་གངས་ཅན་གདུལ་བྱར་ཐུགས་བསྐྱེད་གོ་ཆ་ཐོག་མར་བཞེངས་པའི་རེ་ཁཱ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ཉེ་ལོགས། སྭ་ཡཾ་བྷུ་དང༌། སྟག་མོ་ལུས་སྦྱིན། ཡང་ལེ་ཤོད་དང༌། ཨ་སུ་རའི་སྒྲུབ་པའི་གནས་ཆེན་དུ་མའི་མཛེས་པའི་སའི་ཐིག་ལེ། དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གཉིས་པའི་གཙུག་ལག་ཁང་འདུ་བགྱིས་ཏེ། ཐེག་པ་རིམ་དགུའི་ཆོས་མཛོད་ཆེན་པོ་འདིའི་སྒྲུབ་ཆེན་ལོ་བསྟར་རྒྱུན་འཛུགས་ཀྱི་ལེགས་བྱས་ཀྱི་རྩོལ་བ་བགྱིས་པའི་སྐབས། འཇིག་རྟེན་མིག་གཅིག་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིའི་ལེགས་བཤད་དབང་དང་སྒྲུབ་ཆེན་གྱི་ཁོག་དབུབ་རིན་ཆེན་སྣང་བ་ལས། སྒྲུབ་ཆེན་དཀྱུས་མའི་ངག་འདོན་ཁོལ་དུ་ཕྱུང་བ་རང་འདྲའི་བློ་དམན་འཇུག་པ་བདེ་བར་མཐོང་ནས་མཁས་ཤིང་གྲུབ་པ་བརྙེས་པའི་ངེས་པ་དོན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ་འགྱུར་མེད་པདྨ་རྣམ་པར་རྒྱལ་བའི་སྡེ་དང༌། ཀུན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཡབ་སྲས་ཟུང་གིས་རྒྱུད་ལུང་མན་ངག་གི་གསང་མཛོད་ཆེན་པོའི་ཕ་ཕོགས་བུ་ལ་བསྩལ་བའི་སྐལ་བཟང་མཆོག་ཏུ་དགེ་བའི་རྙིང་བཙུན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པའི་མིང་རིན་ཆེན་མྱུ་གུ་རྩལ་ཞེས་འབོད་པས། ཐུན་མོང་གི་ལོ་བགྲང་བྱ་བཅུ་ཕྲག་བདུན་ལ་གསུམ་གྱིས་ལྷག་པའི་ཚེ། ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་མངའ་རིས་དགེ་བར་སྐྱོང་པ་སྨན་ཤིང་གི་ཚལ་དུ་གནས་པའི་སྐབས་སྤེལ་བ་ཡི་གེའི་མཐུན་སྦྱོར་བློ་གསལ་དད་བརྩོན་རྨད་བྱུང་འགྱུར་མེད་ཀུན་དགའ་བཀྲ་ཤིས་སྤྲུལ་སྐུའི་མཚན་ཅན་གྱིས་མཛད་པ་འདིས་ཀྱང་ལྔ་བརྒྱའི་ཐ་མ་བསྟན་པ་ཡོངས་རྫོགས་ཀྱི་རིང་ལུགས་འདིས་མཚོན་པའི་བཤད་སྒྲུབ་ལས་གསུམ་གྱིས་ཐུབ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུ་ཁོ་ནར་འགྱུར་ཞིང༌། མཁའ་ཁྱབ་ཡིད་ཅན་མཆོག་གསུམ་རིན་པོ་ཆེའི་སྣང་བ་དང་མི་འབྲལ་བར་ཕན་བདེའི་དཔལ་ལ་ཅི་དགར་སྤྱོད་པའི་སྐལ་བཟང་གི་ཉེར་འཚོར་གྱུར་ཅིག། | |
/ces pa'ang rje btsun bla ma dam pa zhi bar gshegs pa rnams kyi zab dgongs 'od gsal gyi dbyings su rdzogs shing*/_da lta zhal bzhugs pa rnams zhabs pad brtan cing phrin las rgyas pa dang*/_snga 'gyur 'od gsal rdo rje snying po'i ring lugs gtso bor gyur pa'i bstan pa rin po che phyogs dus kun tu dar zhing rgyas pa dang*/_tshe 'di'i pha ma 'brel thog gi gtsos byas mkha' khyab kyi yid can thams cad dpal rdo rje sems dpa'i go 'phang rin po cher dbugs 'byin pa'i phyir/_dzam bu'i gling na nye ba'i tshan+d+ho zhes yongs su grags shing*/_sngon gyi rabs su mes po mkhan slob chos gsum gyis gangs can gdul byar thugs bskyed go cha thog mar bzhengs pa'i re khA mchod rten chen po bya rung kha shor gyi nye logs/_swa yaM b+hu dang*/_stag mo lus sbyin/_yang le shod dang*/_a su ra'i sgrub pa'i gnas chen du ma'i mdzes pa'i sa'i thig le/_dpal zhe chen bstan gnyis dar rgyas gling gnyis pa'i gtsug lag khang 'du bgyis te/_theg pa rim dgu'i chos mdzod chen po 'di'i sgrub chen lo bstar rgyun 'dzugs kyi legs byas kyi rtsol ba bgyis pa'i skabs/_'jig rten mig gcig smin gling lo chen d+harma shrI'i legs bshad dbang dang sgrub chen gyi khog dbub rin chen snang ba las/_sgrub chen dkyus ma'i ngag 'don khol du phyung ba rang 'dra'i blo dman 'jug pa bde bar mthong nas mkhas shing grub pa brnyes pa'i nges pa don gyi rdo rje slob dpon chen po 'gyur med pad+ma rnam par rgyal ba'i sde dang*/_kun gzigs 'jam dbyangs chos kyi blo gros yab sras zung gis rgyud lung man ngag gi gsang mdzod chen po'i pha phogs bu la bstsal ba'i skal bzang mchog tu dge ba'i rnying btsun 'gyur med theg mchog bstan pa'i rgyal mtshan dkyil 'khor chen po 'dir zhugs pa'i ming rin chen myu gu rtsal zhes 'bod pas/_thun mong gi lo bgrang bya bcu phrag bdun la gsum gyis lhag pa'i tshe/_lho 'brug chos kyi rgyal po'i mnga' ris dge bar skyong pa sman shing gi tshal du gnas pa'i skabs spel ba yi ge'i mthun sbyor blo gsal dad brtson rmad byung 'gyur med kun dga' bkra shis sprul sku'i mtshan can gyis mdzad pa 'dis kyang lnga brgya'i tha ma bstan pa yongs rdzogs kyi ring lugs 'dis mtshon pa'i bshad sgrub las gsum gyis thub pa'i bstan pa rin po che dar zhing rgyas la yun ring du gnas pa'i rgyu kho nar 'gyur zhing*/_mkha' khyab yid can mchog gsum rin po che'i snang ba dang mi 'bral bar phan bde'i dpal la ci dgar spyod pa'i skal bzang gi nyer 'tshor gyur cig/_ |