བདེ་གཤེགས་སོ་ལྔའི་མཆོད་ཆོག།

From Khyentse Lineage - A Tsadra Foundation Project
DKR-KABUM-04-NGA-017
Wylie title bde gshegs so lnga'i mchod chog DKR-KABUM-04-NGA-017.pdf
Location dil mgo mkhyen brtse bka' 'bum
Volume 4, Text 17, Pages 244-245 (Folios 1a1 to 2a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bde gshegs so lnga'i mchod chog. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: 244-245. Delhi: Shechen Publications, 1994.
Genre Offering Rituals - mchod sbyin  ·  Ritual and Liturgical Texts - cho ga phyag len
Colophon

།ཞེས་པའང་རང་ཉིད་རྒྱུན་གྱི་ཉམས་ལེན་དུ་ཉེར་མཁོའི་དབང་གིས་རྒྱལ་བའི་སྲས་ཀྱི་རྟགས་ཙམ་འཛིན་པ་བློ་གྲོས་དྲི་མེད་གཞན་ཕན་མཐའ་ཡས་པའི་སྡེའམ་བཀྲ་ཤིས་དཔལ་འབྱོར་གྱིས་དབེན་པའི་ལྗོངས་ཉམས་དགའ་རུ་གཅིག་པུར་གནས་འཆའ་བའི་ཚེ་བྲིས་པ་འགྲོ་ཀུན་རྫོགས་སྨིན་སྦྱངས་བ་རྒྱ་མཚོའི་ཕ་རོལ་དུ་སོན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

/zhes pa'ang rang nyid rgyun gyi nyams len du nyer mkho'i dbang gis rgyal ba'i sras kyi rtags tsam 'dzin pa blo gros dri med gzhan phan mtha' yas pa'i sde'am bkra shis dpal 'byor gyis dben pa'i ljongs nyams dga' ru gcig pur gnas 'cha' ba'i tshe bris pa 'gro kun rdzogs smin sbyangs ba rgya mtsho'i pha rol du son pa'i rgyur gyur cig_/sarba dA mang+ga laM//

[edit]
བདེ་གཤེགས་སོ་ལྔའི་མཆོད་ཆོག་བཞུགས། ན་མོ་གུ་རུ་བུདྡྷ་བྷོ་དྷི་སཏྭ་ཡེ། དེ་ཡང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་ནས་ཉེས་ལྟུང་བཤགས་སྦྱོང་གི་ཐབས་ལ་ཆེད་དུ་བསྔགས་པ་བཤགས་པའི་ཕུང་པོ་ཕྱག་འཚལ་བ། དགེ་བ་སྒྲུབ་པ། ཡི་རང༌། བསྐུལ་བ། གསོལ་གདབ་རྣམས་བསོད་ནམས་ཀྱི་ཕུང་པོ། བསྔོ་བའི་ཕུང་པོ་ཞེས། ཕུང་པོ་གསུམ་པའི་མདོ་ཞེས་འབྱུང་བ་ཁ་ཏོན་དུ་བཀླག་པའི་ཚེ་རྟེན་བསྐྱེད་འཇུག་བདེ་སྦྱར་བར་འདོད་པས། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་བཅས་སྤྱི་ལྟར་སྔོན་དུ་བཏང་སྟེ། ཨ། སྟོང་ཉིད་དབྱིངས་ལས་རྟེན་འབྱུང་སྒྱུ་མའི་འཕྲུལ། །མདུན་གྱི་ནམ་མཁར་ཀུན་བཟང་མཆོད་སྤྲིན་དབུས། །རིན་ཆེན་སེང་ཁྲི་པདྨ་ཟླ་བའི་སྟེང༌། །སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་སོགས། །སུམ་ཅུ་རྩ་ལྔའི་བདེ་བར་གཤེགས་པ་རྣམས། །དཀར་དམར་སེར་སྔོན་ལྗང་གུའི་སྐུ་མདོག་ཅན། །ཆོས་འཆད་མཉམ་གཞག་མཆོག་སྦྱིན་ས་གནོན་དང༌། །སྐྱབས་སྦྱིན་རྒྱ་ཅན་བདུན་ཕྲག་ལྔ་ཡི་འཁོར། །རྒྱལ་བའི་སྲས་དང་ཉན་རང་བཅོམ་ལྡན་འདས། །ཕྱོགས་དུས་རབ་འབྱམས་སྐྱབས་གནས་རྒྱ་མཚོའི་ཚོགས། །མངོན་སུམ་དགྱེས་པས་བཞུགས་པའི་སྤྱན་སྔ་རུ། །བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་པ། །དཔག་མེད་རྣམ་བཞིའི་ཕྱག་གིས་བཏུད་དང་བཅས། །སྒོ་གསུམ་ཉེས་པར་སྤྱོད་ཀུན་མཐོལ་བཤགས་ནས། །རྣམ་དཀར་དགེ་བའི་རྒྱུན་བཟང་ཡོངས་བསྔོས་ཕྱིར། །སྒོ་གསུམ་འཇུག་པ་གཅིག་པས་འདི་སྐད་གསོལ། །ཞེས་འབྱོར་ན་ལུས་ཀྱིས་ཕྱག་དངོས་སུ་འཚལ་བ་དང་ལྷན་ཅིག་པས་ངག་ཏུ་བརྗོད་བཞིན་པས་དད་པ་དང་འགྱོད་ཚངས་ཀྱི་བློ་སྟོབས་བསྐྱེད་པས་ལན་བདུན་དང་གསུམ་ལ་སོགས་པར་གྲངས་བསགས་མཐར། ཚོགས་ཞིང་ལྷ་རྣམས་བརྩེ་བས་རྗེས་དགོངས་ཏེ། །སྐུ་ལས་དཔག་ཡས་འོད་ཟེར་ཕྲེང་བ་སྤྲོས། །བདག་གཞན་འགྲོ་ལ་ཕོག་པས་ཐོག་མེད་ཀྱི། །སྡིག་ལྟུང་སྒྲིབ་བསལ་ཡེ་ཤེས་མངོན་དུ་གྱུར། །ཞེས་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། དེ་བཞིན་གཤེགས་པ་སྤྱིའི་གཟུངས་ཇི་ལྟར་རིགས་པ་བཟླས་མཐར། ཚོགས་ཞིང་འོད་ཀྱིས་འགྲོ་ཀུན་རྒྱུད་སྦྱངས་ནས། །དག་པའི་ཞིང་སོང་རང་ཉིད་རྟེན་ལ་ཐིམ། །རྒྱལ་བ་སྲས་བཅས་འོད་ཞུ་སྟོང་པར་ཡལ། །སྐྱེ་མེད་བསལ་བཞག་བྲལ་བའི་ངང་དུ་ཨ། །ཞེས་མ་བཅོས་འདུས་མ་བྱས་པ་དོན་གྱི་འགྱོད་ཚངས་ཆེན་པོའི་ངོ་བོར་བལྟ་ཞིང༌། སླར་ཡང་སྒྱུ་མ་ལྟ་བུའི་ཡིད་ཀྱིས་དགེ་བའི་རྩ་བ་རྣམས་བླ་མེད་བྱང་ཆུབ་ཏུ་བསྔོ་བའི་ཕྱིར་ཐེག་པ་ཆེན་པོའི་སྨོན་ལམ་སྤྱི་དང༌། ཐ་ནའང༌། བདེ་གཤེགས་སུམ་ཅུ་རྩ་ལྔའི་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཙེས་སྙིང་ཐག་པ་ནས་བརྗོད་ཅིང་ཐུན་མཚམས་སུའང་དྲན་ཤེས་དང་ལྡན་པས་ཆོས་སྤྱོད་ཀྱིས་དུས་འདའ་བ་ལ་བསླབ་པར་བྱའོ། །ཞེས་པའང་རང་ཉིད་རྒྱུན་གྱི་ཉམས་ལེན་དུ་ཉེར་མཁོའི་དབང་གིས་རྒྱལ་བའི་སྲས་ཀྱི་རྟགས་ཙམ་འཛིན་པ་བློ་གྲོས་དྲི་མེད་གཞན་ཕན་མཐའ་ཡས་པའི་སྡེའམ་བཀྲ་ཤིས་དཔལ་འབྱོར་གྱིས་དབེན་པའི་ལྗོངས་ཉམས་དགའ་རུ་གཅིག་པུར་གནས་འཆའ་བའི་ཚེ་བྲིས་པ་འགྲོ་ཀུན་རྫོགས་སྨིན་སྦྱངས་བ་རྒྱ་མཚོའི་ཕ་རོལ་དུ་སོན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།
[edit]

bde gshegs so lnga'i mchod chog bzhugs/_na mo gu ru bud+d+ha b+ho d+hi satwa ye/_de yang rgyal sras byang chub sems dpa'i lam nas nyes ltung bshags sbyong gi thabs la ched du bsngags pa bshags pa'i phung po phyag 'tshal ba/_dge ba sgrub pa/_yi rang*/_bskul ba/_gsol gdab rnams bsod nams kyi phung po/_bsngo ba'i phung po zhes/_phung po gsum pa'i mdo zhes 'byung ba kha ton du bklag pa'i tshe rten bskyed 'jug bde sbyar bar 'dod pas/_skyabs sems tshad med bzhi sgom pa bcas spyi ltar sngon du btang ste/_a/_stong nyid dbyings las rten 'byung sgyu ma'i 'phrul/_/mdun gyi nam mkhar kun bzang mchod sprin dbus/_/rin chen seng khri pad+ma zla ba'i steng*/_/ston pa mnyam med shAkya seng ge sogs/_/sum cu rtsa lnga'i bde bar gshegs pa rnams/_/dkar dmar ser sngon ljang gu'i sku mdog can/_/chos 'chad mnyam gzhag mchog sbyin sa gnon dang*/_/skyabs sbyin rgya can bdun phrag lnga yi 'khor/_/rgyal ba'i sras dang nyan rang bcom ldan 'das/_/phyogs dus rab 'byams skyabs gnas rgya mtsho'i tshogs/_/mngon sum dgyes pas bzhugs pa'i spyan snga ru/_/bdag gzhan mkha' khyab 'gro ba ma lus pa/_/dpag med rnam bzhi'i phyag gis btud dang bcas/_/sgo gsum nyes par spyod kun mthol bshags nas/_/rnam dkar dge ba'i rgyun bzang yongs bsngos phyir/_/sgo gsum 'jug pa gcig pas 'di skad gsol/_/zhes 'byor na lus kyis phyag dngos su 'tshal ba dang lhan cig pas ngag tu brjod bzhin pas dad pa dang 'gyod tshangs kyi blo stobs bskyed pas lan bdun dang gsum la sogs par grangs bsags mthar/_tshogs zhing lha rnams brtse bas rjes dgongs te/_/sku las dpag yas 'od zer phreng ba spros/_/bdag gzhan 'gro la phog pas thog med kyi/_/sdig ltung sgrib bsal ye shes mngon du gyur/_/zhes bsam la/_na maHsarba ta thA ga ta hr-i da ya a nu ga te/_oM ku ruM gi ni swA hA/_de bzhin gshegs pa spyi'i gzungs ji ltar rigs pa bzlas mthar/_tshogs zhing 'od kyis 'gro kun rgyud sbyangs nas/_/dag pa'i zhing song rang nyid rten la thim/_/rgyal ba sras bcas 'od zhu stong par yal/_/skye med bsal bzhag bral ba'i ngang du a/_/zhes ma bcos 'dus ma byas pa don gyi 'gyod tshangs chen po'i ngo bor blta zhing*/_slar yang sgyu ma lta bu'i yid kyis dge ba'i rtsa ba rnams bla med byang chub tu bsngo ba'i phyir theg pa chen po'i smon lam spyi dang*/_tha na'ang*/_bde gshegs sum cu rtsa lnga'i thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra bar/_/de 'dra kho nar bdag sogs 'gyur bar shog_/tses snying thag pa nas brjod cing thun mtshams su'ang dran shes dang ldan pas chos spyod kyis dus 'da' ba la bslab par bya'o/_/zhes pa'ang rang nyid rgyun gyi nyams len du nyer mkho'i dbang gis rgyal ba'i sras kyi rtags tsam 'dzin pa blo gros dri med gzhan phan mtha' yas pa'i sde'am bkra shis dpal 'byor gyis dben pa'i ljongs nyams dga' ru gcig pur gnas 'cha' ba'i tshe bris pa 'gro kun rdzogs smin sbyangs ba rgya mtsho'i pha rol du son pa'i rgyur gyur cig_/sarba dA mang+ga laM//

Footnotes

Other Information