JKCL-KABUM-05-CA-017

From Khyentse Lineage - A Tsadra Foundation Project
Revision as of 14:31, 22 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-05-CA-017.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ca"., Text 17, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "CA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"CA" is not a number.</li></ul>

[edit]
ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་བརྒྱུད་པའི་གསོལ་འདེབས་བཞུགས། སྲིད་ཞིའི་ཁྱབ་བདག་ཀུན་བཟང་གདོད་མའི་མགོན། །རང་བྱུང་རིག་པ་སྐུར་སྨིན་རྡོ་རྗེ་སེམས། །རྩོལ་མེད་ཐེག་མཆོག་སྟོན་པ་དགའ་རབ་ལ། །གསོལ་བ་འདེབས་སོ་དགོངས་པས་བྱིན་གྱིས་རློབས། །ཨ་ཏིའི་མཛོད་འཛིན་འཇམ་དཔལ་བཤེས་གཉེན་ཞབས། །རིག་པ་རྩལ་གྱི་དབང་ཐོབ་ཤྲཱི་སིཾ་ཧ། །འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་བི་མ་ལར། །གསོལ་བ་འདེབས་སོ༴། གང་དེས་རྗེས་བཟུང་མི་སློབ་ལམ་མཐར་ཕྱིན། །འོད་གསལ་སྐུ་བརྙེས་ལྕེ་བཙུན་སེངྒེ་དབང་། །གསང་འཛིན་མཁའ་འགྲོ་དཔལ་གྱི་བློ་གྲོས་ལ། །གསོལ་བ་འདེབས་སོ༴། བི་མ་ཡབ་སྲས་ཡེ་ཤེས་སྒྱུ་མའི་གར། །ཁྱབ་བདག་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞབས། །པདྨ་གར་དབང་བློ་གྲོས་མཐའ་ཡས་ལ། །གསོལ་བ་འདེབས་སོ༴། ཀུན་བཟང་དགོངས་པའི་རྩལ་ཆེན་རབ་རྫོགས་ཤིང་། །འཁོར་ལོའི་མགོན་པོ་པདྨ་བི་ཛ་དང་། །རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ༴། རིམ་པ་དབང་གིས་སྨིན་གྲོལ་ཅིག་ཅར་རྫོགས། །སེམས་སྦྱོང་ཉམས་ལེན་སྲིད་ཞིའི་འཆིང་ལས་གྲོལ། །སྒྲིབ་དག་ཚོགས་རྫོགས་མོས་གུས་ཚད་དུ་ཕྱིན། །བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པར་ཤོག །སྒོ་གསུམ་འཁྲུལ་པའི་གཞི་རྩ་དྲུངས་ནས་གཅོད། །ཀ་དག་རང་སྣང་རིས་མེད་མངོན་དུ་གྱུར། །ལྷུན་གྲུབ་སྣང་བཞི་ཟད་སར་འཁྱོལ་ནས་ཀྱང་། །གཞོན་ནུ་བུམ་སྐུའི་དབྱིངས་སུ་བྱང་ཆུབ་ཤོག །ཟག་པ་རང་ཟད་འབྱུང་བ་རང་སར་དེང་། །དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས། །སེངྒེ་དབང་ཕྱུག་ཉིད་དང་མཉམ་གྱུར་ནས། །གྲོལ་བ་རྣམ་བཞིས་འཁོར་བ་དོང་སྤྲུག་ཤོག །ཅེས་པའང་བློ་གྲོས་མཐའ་ཡས་ཀྱིས་དབེན་པའི་གནས་སུ་སྦྱར་བ་དགེ་ལེགས་འཕེལ། །། །
[edit]

lce btsun chen po'i bi ma la'i zab tig gi brgyud pa'i gsol 'debs bzhugs/__srid zhi'i khyab bdag kun bzang gdod ma'i mgon/__/rang byung rig pa skur smin rdo rje sems/__/rtsol med theg mchog ston pa dga' rab la/__/gsol ba 'debs so dgongs pas byin gyis rlobs/__/a ti'i mdzod 'dzin 'jam dpal bshes gnyen zhabs/__/rig pa rtsal gyi dbang thob shrI siM ha/__/'pho chen rdo rje'i skur bzhengs bi ma lar/__/gsol ba 'debs so=/__gang des rjes bzung mi slob lam mthar phyin/__/'od gsal sku brnyes lce btsun seng+ge dbang /__/gsang 'dzin mkha' 'gro dpal gyi blo gros la/__/gsol ba 'debs so=/__bi ma yab sras ye shes sgyu ma'i gar/__/khyab bdag 'od gsal sprul pa'i rdo rje'i zhabs/__/pad+ma gar dbang blo gros mtha' yas la/__/gsol ba 'debs so=/__kun bzang dgongs pa'i rtsal chen rab rdzogs shing /__/'khor lo'i mgon po pad+ma bi dza dang /__/rab 'byams rtsa gsum rgyal ba'i dkyil 'khor la/__/gsol ba 'debs so=/__rim pa dbang gis smin grol cig car rdzogs/__/sems sbyong nyams len srid zhi'i 'ching las grol/__/sgrib dag tshogs rdzogs mos gus tshad du phyin/__/bla ma'i byin rlabs rgyud la 'jug par shog__/sgo gsum 'khrul pa'i gzhi rtsa drungs nas gcod/__/ka dag rang snang ris med mngon du gyur/__/lhun grub snang bzhi zad sar 'khyol nas kyang /__/gzhon nu bum sku'i dbyings su byang chub shog__/zag pa rang zad 'byung ba rang sar deng /__/dran pa rang grol zang thal 'od kyi lus/__/seng+ge dbang phyug nyid dang mnyam gyur nas/__/grol ba rnam bzhis 'khor ba dong sprug shog__/ces pa'ang blo gros mtha' yas kyis dben pa'i gnas su sbyar ba dge legs 'phel/__//__/

Footnotes

Other Information