JKCL-KABUM-03-GA-119

From Khyentse Lineage - A Tsadra Foundation Project
Revision as of 14:34, 22 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-03-GA-119.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ga"., Text 119, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "GA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"GA" is not a number.</li></ul>

[edit]
དཔལ་ས་སྐྱ་པ་ཕུན་ཕོའི་ཡབ་སྲས་གཉིས་ཀྱི་ཞབས་བརྟན་བཞུགས། ངག་དབང་ལྷ་རིགས་འཁོན་གྱི་སྲས་སུ་འཁྲུངས། །ཀུན་དགའི་བསྟན་པ་ཕྱོགས་བརྒྱར་སྤེལ་བའི་མགོན། །ཟླ་མེད་བསོད་ནམས་གྲུབ་མཆོག་དབང་པོ་ཉིད། །ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག །འཇམ་དབྱངས་མཁྱེན་པའི་གཟི་འོད་སྟོང་འཕྲོ་བས། །ལྷར་བཅས་འགྲོ་ཀུན་དགའ་བའི་གཙུག་གི་ནོར། །དབང་གི་རྒྱལ་པོ་བློ་གྲོས་མཐུ་སྟོབས་ཆེ། །བདུད་ཚོགས་འདུལ་བའི་རྡོ་རྗེ་ཞབས་བརྟན་གསོལ། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་ཕུལ་བའོ།། །། ༈ འཇམ་དབྱངས་བླ་མ་དགྱེས་པའི་ཐུགས་མངའ་བ། །མཁས་ཀུན་དགའ་བའི་ཕྲིན་ལས་བཟང་པོ་ཡི། །བརྩེ་ཆེན་སྙིང་པོའི་བསྟན་པའི་རིང་ལུགས་ནི། །ཉི་མ་བཞིན་དུ་གསལ་མཛད་ཞབས་བརྟན་གསོལ། །ཅེས་པའང་འདྲེན་པ་གང་ལས་ཆོས་ཀྱི་བདུད་རྩི་ནོས་པ་ཆོས་ཀྱི་བློ་གྲོས་པས་སོ།། །།
[edit]

dpal sa skya pa phun pho'i yab sras gnyis kyi zhabs brtan bzhugs/__ngag dbang lha rigs 'khon gyi sras su 'khrungs/____/kun dga'i bstan pa phyogs brgyar spel ba'i mgon/____/zla med bsod nams grub mchog dbang po nyid/____/zhabs pad brtan cing mdzad phrin rgyas gyur cig__/'jam dbyangs mkhyen pa'i gzi 'od stong 'phro bas/____/lhar bcas 'gro kun dga' ba'i gtsug gi nor/____/dbang gi rgyal po blo gros mthu stobs che/____/bdud tshogs 'dul ba'i rdo rje zhabs brtan gsol/____/ces pa'ang chos kyi blo gros pas phul ba'o//____//____!__'jam dbyangs bla ma dgyes pa'i thugs mnga' ba/____/mkhas kun dga' ba'i phrin las bzang po yi/____/brtse chen snying po'i bstan pa'i ring lugs ni/____/nyi ma bzhin du gsal mdzad zhabs brtan gsol/____/ces pa'ang 'dren pa gang las chos kyi bdud rtsi nos pa chos kyi blo gros pas so//____//_

Footnotes

Other Information